TTDL-ZABTER-07-JA-021: Difference between revisions
From Dudjom Wiki
TTDL-ZABTER-07-JA-021
No edit summary |
No edit summary |
||
| Line 7: | Line 7: | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|authortib=བདུད་འཇོམས་གླིང་པ་ | |authortib=བདུད་འཇོམས་གླིང་པ་ | ||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004. | ||
|sourcerevealer=bdud 'joms gling pa | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|terma=Yes | |||
|deity=mkha' 'gro gsang ba ye shes | |||
|cycle=thugs sgrub ye shes nyi ma | |||
|cycletib=ཐུགས་སྒྲུབ་ཡེ་ཤེས་ཉི་མ་ | |||
|parentcycle=zab gsang mkha' 'gro'i snying thig | |||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|versonotes=bdud 'joms mkha' 'gro gsang ye | |||
|language=Tibetan | |language=Tibetan | ||
| | |volnumtib=༧ | ||
|volyigtib=ཇ | |||
|volumenumber=07 | |volumenumber=07 | ||
|volumeLetter=JA | |volumeLetter=JA | ||
| Line 18: | Line 28: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༠༠༠༠བརྡ་ཡིག༢༨༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ མཁའ་འགྲོའི་བསྐུལ་བ་རྣལ་འབྱོར་དཔུང་འབོད༔ | {{TibP|༠༠༠༠བརྡ་ཡིག༢༨༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ མཁའ་འགྲོའི་བསྐུལ་བ་རྣལ་འབྱོར་དཔུང་འབོད༔ སྟོང་གསུམ་གཡོ་བྱེད་བཞུགས་སོ༔ | ||
སྟོང་གསུམ་གཡོ་བྱེད་བཞུགས་སོ༔ | |||
༠༠༠༠བརྡ་ཡིག༢༨༦ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ བདག་འདྲ་འཇིག་བྱེད་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ མཁའ་འགྲོའི་དཔུང་བསྐུལ་སྟོང་གསུམ་གཡོ་བྱེད་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྐྱེམས་ཕུད་སྐྱེམས་བྲན་དམར་གཏོར་རཀྟས་བྲན༔ དགྲ་བགེགས་ཤ་ཁྲག་རུས་པའི་ཕུང་པོར་དམིགས༔ སྣང་སྲིད་ཐམས་ཅད་མ་མོ་མཁའ་འགྲོའི་དལ༔ ཁམས་གསུམ་སྲིད་པའི་ཁམས་རྣམས་མ་ལུས་པ༔ མ་དང་མཁའ་འགྲོས་ན་བུན་འཐིབ་བཞིན་ཁེངས༔ དགྲ་བགེགས་ཤ་ཁྲག་ཕུང་པོ་ལ་རོལ་ཞིང་༔ གང་བཅོལ་ལས་ཀུན་ཐོགས་མེད་བསྒྲུབ་བཞེད་བསམ༔ བཤུག་པ་རྔ་ཆེན་ཐོད་རྔ་རྐང་གླིང་དང་༔ གཡང་གཞིས་གཡབ་ཅིང་དད་དང་གདུང་བ་ཡིས༔ མ་དང་མཁའ་འགྲོའི་དྲག་བསྐུལ་འདི་བརྗོད་བྱ༔ ཧཱུྃ་ཧྲཱིཿང་ནི་ཡེ་སངས་རྒྱས་པ་ཀུན་བཟང་མོ༔ ང་ནི་འཁོར་འདས་ཡོངས་ཀྱི་བདག་མོ་ཆེ༔ ང་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ ང་ནི་ཆོས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ང་ནི་རྒྱལ་ཡུམ་གསང་བ་ཡེ་ཤེས་མ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་བདེ་ཆེན་རྒྱལ་མོ་སྟེ༔ ང་ནི་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོ་ཀུན་གྱི་སྤྱི་རྗེ་མོ༔ ང་ནི་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་མ་ལུས་ཐམས་ཅད་ང་ཡི་དབང་༔ ཧཱུྃ་ཧཱུྃ་ཧཱུྃ་ཛཿགསོན་ཅིག་གཤེགས་ཤིག་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དམ་ལ་འདུས༔ ལོངས་སྐུ་གསང་བ་ཡེ་ཤེས་དམ་ལ་འདུས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་དམ་ལ་འདུས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་དམ༴ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་དམ༴ནུབ་ཕྱོགས་པདྨ་མཁའ་འགྲོ་དམ༴བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་དམ༴ཡེ་ཤེས་མཁའ་འགྲོ་མ་ལུས་དམ༴སྒོ་མ་ལྕགས་ཀྱུ་དཀར་མོ་ལ་སོགས་པའི༔ ཞི་བའི་མཁའ་འགྲོ་མ་ཚོགས་དམ༴སྒོ་མ་ཞགས་པ་སེར་མོ་ལ་སོགས་པའི༔ རྒྱས་པའི་མཁའ་འགྲོ་མ་ཚོགས་དམ༴སྒོ་མ་ལྕགས་སྒྲོག་དམར་མོ་ལ་སོགས་པའི༔ དབང་གི་མཁའ་འགྲོ་མ་ཚོགས་དམ༴སྒོ་མ་དྲིལ་བུ་མ་ལ་སོགས་པ་ཡི༔ དྲག་པོའི་མཁའ་འགྲོ་མ་ཚོགས་དམ༴དུར་ཁྲོད་མཁའ་འགྲོ་མ་ཚོགས་དམ༴སྣང་སྲིད་མ་མོ་དམ་ཅན་དམ༴ཤ་ཟ་མཁའ་འགྲོ་མ་ཚོགས་དམ༴མཁའ་འགྲོ་ཤུགས་འགྲོ་མ་ཚོགས༴འཇིག་རྟེན་མཁའ་འགྲོ་མ་ཚོགས་དམ༴ལས་བྱེད་མཁའ་འགྲོ་མ་ཚོགས་དམ༴དབང་ཕྱུག་ཉི་ཤུ་རྩ་བརྒྱད་དམ་ལ་འདུས༔ ཧཱུྃ་ཛཿརྣལ་འབྱོར་བདག་གི་དད་པའི་ཤུགས་ཀྱིས་བསྐུལ༔ བརྩེ་བའི་ཐུགས་ཀྱིས་བདག་ལ་མི་དགོངས་ན༔ ཐུགས་བསྐྱེད་རྣམ་པར་དག་པ་གང་ན་བཞུགས༔ ཐུགས་བསྐྱེད་མངའ་བ་དུས་འདིར་མཆིས་རེ་རན༔ རྣལ་འབྱོར་བདག་གིས་གུས་ཤིང་གདུང་བས་བསྐུལ༔ མ་ཚོགས་རྒྱ་མཚོའི་ཐུགས་རྗེས་མི་གཟིགས་ན༔ འགྲོ་བ་གང་འདུལ་མཛད་ཕྲིན་གང་ན་བཞུགས༔ འགྲོ་བའི་མོས་ངོར་སྟོན་པའི་སྟོབས་མངའ་ན༔ དེང་འདིར་གདུལ་དཀའ་འདུལ་བའི་དུས་ལ་བབ༔ རྣལ་འབྱོར་བདག་གི་དམ་ཚིག་གཉན་གྱིས་བསྐུལ༔ དམ་ཚིག་འདི་ལ་ད་ལྟ་མི་དགོངས་ན༔ དམ་ཚིག་གཉན་པོའི་བདེན་པ་གང་ན་བཞུགས༔ དམ་ཚིག་འདི་ལ་བདེན་པའི་སྟོབས་མངའ་ན༔ རྣལ་འབྱོར་བརྣག་པའི་ལས་ཀྱང་འགྲུབ་རེ་རན༔ བདག་གི་ཡེ་ཤེས་མཁའ་འགྲོ་བསྒྲུབ་བསྒྲུབས་ནས༔ སྒྲུབ་ལ་བར་ཆད་དགྲ་བགེགས་བྱུང་བ་འདི༔ ད་ལྟ་ཉིད་དུ་སྟོབས་ཀྱིས་མི་བསྒྲལ་ན༔ ལེགས་ཉེས་ཤན་འབྱེད་གཟུ་དཔང་གང་ན་བཞུགས༔ ལེགས་ཉེས་ཤན་འབྱེད་བདེན་ཚིག་མཆིས་གྱུར་ན༔ དམ་ཉམས་དགྲ་བགེགས་འདི་ཉིད་གསོད་རེ་རན༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྒྲུབ་པའི་བུར༔ ད་ལྟ་ཉིད་དུ་ཐུགས་རྗེ་མི་གཟིགས་ན༔ མ་དང་མཁའ་འགྲོ་རྒྱ་མཚོ་མེད་དམ་ཅི༔ མ་དང་མཁའ་འགྲོ་རྒྱ་མཚོ་མཆིས་གྱུར་ན༔ སྒྲུབ་པོ་བདག་ལ་ཐུགས་རྗེས་ཅིས་མི་དགོངས༔ བདག་ཉིད་སྒྲུབ་པའི་སྒོར་ཞུགས་རྩེ་གཅིག་ཏུ༔ མ་དང་མཁའ་འགྲོ་རྟག་ཏུ་བསྒྲུབ་བསྒྲུབས་ཀྱང་༔ དངོས་གྲུབ་གྲུབ་པའི་རྟགས་མཚན་མི་འབྱུང་ན༔ མ་དང་མཁའ་འགྲོའི་ནུས་སྟོབས་གང་ན་བཞུགས༔ རྣལ་འབྱོར་བདག་གི་དུས་ལ་བབ་པ་ཡི༔ དོན་ཆེན་འགགས་ལ་ཐུག་པའི་གནད་བསྐུལ་འདི༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་མི་འབྱུང་ན༔ མ་དང་མཁའ་འགྲོའི་མཐུ་རྩལ་གང་ན་བཞུགས༔ རྣལ་འབྱོར་བདག་གི་སྲོག་ལ་བབས་ཉེ་བའི༔ གལ་ཆེན་ནག་ལ་ཐུག་པའི་དཔུང་བསྐུལ་འདིར༔ མ་དང་མཁའ་འགྲོས་དཔུང་གྲོགས་མི་བྱེད་ན༔ ཐུགས་རྗེས་བརྩེ་དགོངས་བྱམས་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་དམ་ལ་བབས་ཉེ་བས༔ རེ་ས་གཞན་མ་མཆིས་པའི་དུས་འདི་ལ༔ མ་དང་མཁའ་འགྲོའི་དཔུང་ཚོགས་མི་བྱོན་ན༔ དམ་ཚིག་ཐུགས་རྗེའི་ནུས་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་དཀོར་ལ་བབས་ཉེ་བས༔ སྐྱབས་མཆོག་ལྷ་ལ་སྐྱབས་སུ་མཆིས་དུས་འདིར༔ ཕ་རོལ་དཔུང་ཚོགས་སྟོབས་ཀྱིས་མི་བསྒྲལ་ན༔ སྐྱབས་ཡུལ་ལྷ་ཡི་སྐྱོབ་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་སྒྲུབ་ལ་བར་ཆོད་པའི༔ དམ་ཉམས་དགྲ་བོ་བདུད་བགེགས་སྒྲོལ་རེ་རན༔ བཀའ་ལོག་བསྟན་བཤིག་དམ་ཉམས་གཤེ་སྐུར་མཁན༔ མ་ཉེས་ཁ་ཡོགས་གླེང་འདེབས་ཇག་ཆོམ་རྐུན༔ བསམ་པ་གནག་ལ་སྦྱོར་བ་རྩུབ་པ་དང་༔ བདག་གི་ལུས་སྲོག་དཀོར་ལ་ཟ་རྔམ་པའི༔ དམ་ཉམས་དགྲ་བགེགས་གནོད་བྱེད་མ་ལུས་པ༔ ལོ་དང་ཟླ་བར་བཞག་པའི་ལོང་མེད་པས༔ ད་ལྟ་ཉིད་དུ་བསད་ཅིང་ཤུལ་མེད་ཐོང༔ རྣམ་ཤེས་རྣམ་སྨིན་ལས་རྗེས་མ་བཏང་བར༔ མནར་མེད་བྱ་རྩོལ་བསམ་བྲལ་ཀློང་དུ་སོད༔ དུས་ལ་བབ་བོ་བཛྲ་ས་མ་ཡ༔ ད་གཟིགས་ད་དགོངས་ད་བྱོན་ཐུགས་དམ་ཅན༔ བདག་ཉིད་དོན་ཆེན་འགགས་ལ་མ་ཐུག་ན༔ མ་དང་མཁའ་འགྲོའི་ཐུགས་དམ་ཅི་ལ་བསྐུལ༔ རྣལ་འབྱོར་བདག་གི་ལུས་ལ་མ་བབས་ན༔ མི་རུང་ངན་ཚིག་དམོད་པ་ཅི་ལ་བོར༔ བདག་གི་རིན་ཆེན་སྲོག་ལ་མ་བབས་ན༔ གཏན་གྱི་མགོན་ལ་འོ་དོད་ཅི་ལ་འབོད༔ བདག་གི་བསྙེན་སྒྲུབ་བརླག་ལ་མ་ཆས་ན༔ ཡེ་ཤེས་མཁའ་འགྲོའི་ཐུགས་དམ་ཅི་ལ་བསྐུལ༔ བདག་གི་དགེ་འབྲས་འཇོམས་པར་མ་ཆས་ན༔ ཕུང་བརླག་དྲག་པོའི་ལས་ལ་ཅི་ཕྱིར་འབད༔ བདག་གི་གཅེས་བསྲེལ་ནོར་ལ་མ་བབས་ན༔ དེ་རིང་དཔུང་རོགས་དམག་འབོད་ཅི་ལ་བྱེད༔ བདག་གི་འཁོར་ཚོགས་གྲོགས་ལ་མ་བབས་ན༔ དེ་རིང་མ་དང་མཁའ་འགྲོ་ཅི་ལ་བསྐུལ༔ བདག་ཉིད་ཕུང་བརླག་རྒོལ་བས་མ་ཟིན་ན༔ ཡི་དམ་ལྷ་ལ་ཞེ་ཁྲེལ་ཅི་ལ་འདོགས༔ བྱོན་ཅིག་དགོངས་ཤིག་གསོན་ཅིག་ཡི་དམ་ལྷ༔ མཐུ་རྩལ་རྫུ་འཕྲུལ་བྱུང་བའི་དུས་ལ་བབས༔ ད་ལྟ་ཉིད་དུ་མཐུ་རྩལ་མི་བྱུང་ན༔ བདག་གིས་བསྙེན་སྒྲུབ་ལས་ལ་འབད་དོན་གང་༔ འདི་ལྟར་རྩེ་གཅིག་བསྙེན་བསྒྲུབ་མཆོད་བསྟོད་ན༔ འཁྲུལ་པ་ཉིང་འཁྲུལ་བགེགས་རིགས་གདོན་གྱིས་ཀྱང་༔ ཕ་བས་བརྩེ་ཞིང་མ་བས་གདུང་སེམས་ཆེ༔ རྩེ་གཅིག་སྒྲུབ་ཅིང་ཡང་ཡང་བསྙེན་གྱུར་ན༔ དུག་ལྔའི་སྟོབས་བཙན་གདོང་དམར་སྲིན་པོས་ཀྱང་༔ ཕ་ལྟར་བྱམས་ཤིང་མ་ལྟར་བརྩེ་བས་སྐྱོངས༔ མ་ཟད་ལངྐ་ཤོད་ཀྱི་སྲིན་མོས་ཀྱང་༔ བརྩེ་གདུང་རྨངས་པོའི་བུ་སྡུག་ལས་ཀྱང་ཆེ༔ བསྟན་འགྲོའི་དོན་ལ་མཉམ་པར་དགོངས་བརྩེ་ན༔ རྣལ་འབྱོར་བདག་གི་དཔུང་ལ་བྱོན་རེ་རན༔ སངས་རྒྱས་བསྟན་པ་གཉན་ལ་དགྲ་དར་བས༔ བསྟན་བཤིག་ལག་དམར་བསྒྲལ་བའི་དུས་ལ་བབ༔ དམ་ཆོས་རྒྱུད་སྡེའི་འོ་མཚོ་ནུབ་ཉེ་བས༔ དམ་ཉམས་བཀའ་ལོག་བསྒྲལ་བའི་དུས་ལ་བབ༔ དགེ་འདུན་རྒྱལ་བའི་བརྒྱུད་འཛིན་སྡུག་ཏ་རེ༔ དམ་ཉམས་བདུད་ཀྱི་ཕོ་ཉ་ད་ལྟ་སོད༔ སྐྱེ་འགྲོའི་བདེ་སྐྱིད་གཡུལ་འགྱེད་མཚོན་གྱིས་བསྣུབས༔ གཡུལ་འགྱེད་མཚོན་འཁྲུགས་ཁ་དཔོན་ད་ལྟ་སོད༔ མདོ་སྔགས་བསྟན་ལ་དམ་ཉམས་ལྟ་ལོག་རྒོལ༔ ཆོས་ཁྲིམས་བཤིགས་པའི་ལྟ་ལོག་གྲུབ་མཐའ་ནི༔ འཛིན་མི་དེར་ཕྱོགས་དེར་འཁོར་ཆོས་ལོག་བཅས༔ མ་འགྱངས་ད་ལྟ་ཉིད་དུ་སྟོབས་ཀྱིས་སྒྲོལ༔ བསྟན་འཛིན་སྐྱེས་བུ་བསྟན་པའི་ཁུར་འཛིན་ལ༔ ཉམས་སད་བྱེད་ཅིང་དམའ་ལ་འཕེན་རྩོལ་དང་༔ སྐུ་སྲོག་ལ་བསྡོ་གཤེ་སྐུར་ལོག་ལྟ་བའི༔ དམ་སྲི་རྒྱལ་འགོང་བདུད་བགེགས་ནག་ཕྱོགས་རིགས༔ དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ༔ ད་ལྟ་ཉིད་དུ་བཀའ་ཡི་ཆད་པ་ཐོབས༔ སྲོག་གི་མར་མེ་དབང་པོའི་མེ་བཀྲ་བསྣུབ༔ དུས་ལ་བབ་པོ་བཛྲ་ས་མ་ཡ༔ ཧོཿབརྒྱུད་གསུམ་རིག་འཛིན་བླ་མ་དུས་ལ་བབ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དུས་ལ་བབ༔ མ་ཚོགས་ཡེ་ཤེས་མཁའ་འགྲོའི་དུས་ལ་བབ༔ དམ་ཚིག་ཤ་ཟ་ཤུགས་འགྲོ་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོའི་དུས་ལ་བབ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་དུས་ལ་བབ༔ བརྣག་པའི་དགྲ་ལ་དྲག་པོའི་ཕྲིན་ལས་མཛོད༔ རྒོལ་འཇབ་བགེགས་ཀྱི་དཔུང་ཚོགས་སྟོབས་ཀྱིས་སྒྲོལ༔ ཧཱུྃ་ཛཿཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་དཀྱིལ་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ཆོས་སྐུའི་ཀློང་དུ་ཆོས་སྐུའི་མཁའ་འགྲོའི་གཙོ༔ རྒྱལ་ཀུན་བསྐྱེད་ཡུམ་ཀུན་ཏུ་བཟང་མོ་ཉིད༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྤྲུལ་པ་གར་བསྒྱུར་ཕྲིན་ལས་དུས་ལ་བབ༔ སྐྱེ་མེད་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་བརྗིད་དྲག་པོའི་སྐུར་བཞེངས་ཤིག༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཧཱུྃ་ཛཿདམར་ནག་འབར་བ་ཟླ་གམ་དབང་གི་དལ༔ འགགས་མེད་རོལ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྐུའི་མཁའ་འགྲོའི་གཙོ༔ ལས་ཀྱི་དབང་མོ་གསང་བ་ཡེ་ཤེས་མ༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཞི་ཉིད་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱི་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྐུ་ཡི་བཀོད་པ་རབ་འབྱམས་ངོམས་པ་ཡིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་རབ་བཀྲ་མཛོད༔ ལོངས་སྐུའི་མཁའ་འགྲོའི་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་བྱེད་དུས་ལ་བབ༔ ཁྱེད་ཀྱི་མཐུ་སྟོབས་གར་བསྒྱུར་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ བདེ་ཆེན་པདྨ་འོད་འཁྱིལ་གཞལ་ཡས་ནས༔ སྤྲུལ་པའི་སྐུར་སྟོན་སྤྲུལ་སྐུའི་མཁའ་འགྲོའི་གཙོ༔ བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྤྲུལ་སྐུའི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་མཛད་དུས་ལ་བབ༔ ཁྱེད་ཀྱི་མཐུ་རྩལ་སྟོབས་ཀྱི་ཤུགས་བྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན༴བདག་གི་ཡིད་ལ་བརྣག་པའི༴མྱུར་དུ་ཁུག་ལ་བསྒྲལ་བའི༴ཤར་ཕྱོགས་གཏུམ་དྲག་རྔམས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཞིང་༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་མ༔ རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་འབུམ་དང་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི༴དུས་མཐའི་བདུད་བགེགས༴བདག་གི་ཡིད་ལ༴མྱུར་དུ་ཁུག་ལ་བསྒྲལ་བའི༴ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཞིང་༔ ང་རྒྱལ་ཚུལ་གྱིས་ང་རྒྱལ༴རིན་ཆེན་མཁའ་འགྲོ་མཁའ་འགྲོ་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས༴འདོད་ཆགས་ཚུལ་གྱིས་འདོད་ཆགས༴པདྨ་མཁའ་འགྲོ་མཁའ་འགྲོ་འབུམ༴བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ མི་བཟད༴ཕྲག་དོག་ཚུལ་གྱིས་ཕྲག་དོག༴ལས་ཀྱི་མཁའ་འགྲོ་མཁའ་འགྲོ༴བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴དཀར་གསལ་ཟླུམ་ལ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད༴ཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་འབུམ་སྡེ་དང་བཅས་པ༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴སེར་གསལ་གྲུ་བཞི་གདེངས་པའི་དུར་ཁྲོད་ནས༔ མི་བཟད༴རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴དམར་ནག་ཟླ་གམ་གདེངས་པའི་དུར་ཁྲོད་ནས༔ མི་བཟད༴དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ལྗང་ནག་གྲུ་གསུམ་འབར་བའི་དུར་ཁྲོད་ནས༔ མི་བཟད༴དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿསྨུག་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ སྔགས་སྲུང་གཙོ་མོ་ཨེ་ཀ་ཛ་ཊཱི་མ༔ བསྐལ་བའི་ཞིང་གི་རྡུལ་སྙེད་འཁོར་དང་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿབྱང་ཤར་མུ་ལེ་གཏིང་གི་ཁྲག་མཚོ་རུ༔ དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ཆེ༔ ཁྱེད་ཀྱི་འཁོར་ཚོགས་མ་མོ་མཁའ་འགྲོའི་སྡེ༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿདཀྱིལ་འཁོར་ཀུན་གྱི་མཐའ་འཛིན་ཕྲིན་ལས་བསྒྲུབ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿཧེ་ཆེན་དྷ་ནའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿསྔོན་ཚེ་རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས༔ བཀའ་དང་དམ་ལ་གནས་པའི་བསྟན་སྲུང་ཚོགས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་བྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ གསོན་ཅིག་དགོངས་ཤིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་ནི་མ་ཉེས་མ་ཡོའོ༔ དམ་ཉམས་དགྲ་བགེགས་ལོག་འདྲེན་འདིར་རྣམས་ཀྱིས༔ བདག་ལ་དོ་བསྡོས་ཕོད་བཙུགས་ཡ་བཟུང་ཞིང་༔ ཚེ་ལ་རྐུ་ཞིང་སྲོག་ལ་འཐབ་པ་དང་༔ དཀོར་ལ་རྔམས་ཤིང་བསྒྲུབ་ལ་བར་ཆད་བརྩམ༔ མ་ཉེས་འདུག་ཀྱང་འདུག་པའི་དབང་མེད་བྱས༔ བྲོས་ཀྱང་འདས་བྱུང་གབ་ཀྱང་དེར་སླེབ་བྱུང་༔ ལན་ཆགས་འཇལ་ཀྱང་འཕྲོག་བཅོམ་བྱེད་དུ་ཆས༔ ཞི་བ་བྱས་ཀྱང་དྲག་པོའི་ལས་བཙུགས་བྱུང་༔ བདེན་པར་སྨྲས་ཀྱང་རྫུན་གྱིས་ཟོབ་བཅུག་བྱས༔ ལེགས་པར་བསྒྲུབས་ཀྱང་ཉེས་པས་སྔོན་རྒྱུག་བྱས༔ དེ་ལྟར་བདག་ལ་སྡང་བའི་དགྲ་བགེགས་འདིས༔ ཚེ་རབས་ཐོག་མ་མེད་པའི་དུས་དག་ནས༔ ད་ལྟའི་བར་དུ་སྡུག་བསྔལ་མྱོང་དུ་བཅུག༔ ལོག་ལམ་མི་དགེའི་ཉེས་ལམ་འདི་ཡིས་བསྟན༔ ལེགས་ལམ་དགེ་བའི་ལས་ཀྱང་འདིས་འཕྲོག་བསྒྲིབས༔ བདེན་པའི་ཚིག་ཀྱང་འདི་ཡིས་རྫུན་དུ་གཟད༔ དགེ་བའི་ལས་ཀྱང་འདི་ཡིས་མི་དགེར་བསྒྱུར༔ བདེ་བའི་འབྲས་བུ་འདི་ཡིས་སྡུག་ལ་བཙོངས༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨད༔ སྐྱེ་འགྲོའི་བདེ་བཅོམ་བསྟན་པའི་ཆོས་ཁྲིམས་བཤིགས༔ ཉེས་ཅན་འདི་ལ་བཀའ་ཡིས་ཆད་པ་ཆོད༔ རི་བོའི་རྩེ་ཁོངས་རྒྱ་མཚོའི་ཁ་གཏིང་དང་༔ ཉི་ཟླའི་གོ་བ་སྤྲིན་ཀློང་བྲག་རིའི་ནང་༔ དཀོན་མཆོག་སྐྱབས་ཞབས་སྔགས་པའི་སྲུང་འཁོར་སོགས༔ གང་ན་ཡོད་ཀྱང་མ་བཏང་མ་ཤོར་བར༔ གཟུགས་བྱང་རཱུ་པ་འདི་ལ་མྱུར་དུ་ཁུག༔ བསྐུལ་ལོ་བསྐུལ་ལོ་མ་དང་མཁའ་འགྲོ་རྣམས༔ དད་གུས་གདུང་བས་མ་དང་མཁའ་འགྲོ་བསྐུལ༔ རེ་སའི་སྐྱབས་གནས་མ་དང་མཁའ་འགྲོར་འབོད༔ མ་གཡེལ་མ་གཡེལ་ཐུགས་རྗེའི་སྟོབས་རྩལ་ཅན༔ ཁྱེད་ཅག་ཐུགས་དམ་གཉན་པོའི་དུས་ལ་བབ༔ བསྟན་སྲུང་རྒྱ་མཚོ་དམ་ཚིག་གཉན་གྱིས་བསྐུལ༔ ཕྲིན་ལས་སྒྲུབས་ཤིག་བཛྲ་ས་མ་ཡ༔ ཨོཾ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཧྲཱིཿམ་ཧ་རི་ནི་ས་བཛྲ་ས་མ་ཡ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿདགྲ་བགེགས་ཆེ་གེ་མོ་དང་༔ གནོད་བྱེད་སརྦ་ཁུག་ཛ་མཱ་ར་ཡ་རྦད་རྦད་བྷྱོ་ནན་ཛ་ཁུག་སྟྭཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གལ་ཆེན་དགྲ་བགེགས་བྱུང་བའི་ཚེ༔ མཁའ་འགྲོའི་དྲག་བསྐུལ་འདི་ལ་བརྩོན༔ ལྟ་བའི་གདིང་གིས་བསྐུལ་བ་ན༔ རི་རབ་གླིང་བཞི་ཡིན་ཡང་བརླག༔ གང་རུང་བ་ལ་མི་བྱའོ༔ ས་མ་ཡ༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མཁའ་འགྲོའི་དྲག་བསྐུལ་ཟབ་མོ་འདི།།གར་དབང་བདུད་འཇོམས་གླིང་པ་ངས།།མ་འགགས་འོད་གསལ་ཆེན་པོའི་ངང་།།པདྨའི་གསང་གཏེར་སྒོ་ཕྱེས་བཏོན།།འབྲོས་ཕུག་མཁའ་འགྲོའི་འདུ་ར་རུ།།ཞལ་བཤུས་དག་ཕབ་ཡི་གེ་པ།།ཕུན་ཚོགས་བཀྲ་ཤིས་ཞེས་བྱའོ།།དགེ་བས་བསྟན་དགྲའི་དཔུང་གཞོམ་ཤོག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།ཤུ་བྷཾ།།།།}} | ༠༠༠༠བརྡ་ཡིག༢༨༦ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ བདག་འདྲ་འཇིག་བྱེད་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ མཁའ་འགྲོའི་དཔུང་བསྐུལ་སྟོང་གསུམ་གཡོ་བྱེད་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྐྱེམས་ཕུད་སྐྱེམས་བྲན་དམར་གཏོར་རཀྟས་བྲན༔ དགྲ་བགེགས་ཤ་ཁྲག་རུས་པའི་ཕུང་པོར་དམིགས༔ སྣང་སྲིད་ཐམས་ཅད་མ་མོ་མཁའ་འགྲོའི་དལ༔ ཁམས་གསུམ་སྲིད་པའི་ཁམས་རྣམས་མ་ལུས་པ༔ མ་དང་མཁའ་འགྲོས་ན་བུན་འཐིབ་བཞིན་ཁེངས༔ དགྲ་བགེགས་ཤ་ཁྲག་ཕུང་པོ་ལ་རོལ་ཞིང་༔ གང་བཅོལ་ལས་ཀུན་ཐོགས་མེད་བསྒྲུབ་བཞེད་བསམ༔ བཤུག་པ་རྔ་ཆེན་ཐོད་རྔ་རྐང་གླིང་དང་༔ གཡང་གཞིས་གཡབ་ཅིང་དད་དང་གདུང་བ་ཡིས༔ མ་དང་མཁའ་འགྲོའི་དྲག་བསྐུལ་འདི་བརྗོད་བྱ༔ ཧཱུྃ་ཧྲཱིཿང་ནི་ཡེ་སངས་རྒྱས་པ་ཀུན་བཟང་མོ༔ ང་ནི་འཁོར་འདས་ཡོངས་ཀྱི་བདག་མོ་ཆེ༔ ང་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ ང་ནི་ཆོས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ང་ནི་རྒྱལ་ཡུམ་གསང་བ་ཡེ་ཤེས་མ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་བདེ་ཆེན་རྒྱལ་མོ་སྟེ༔ ང་ནི་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོ་ཀུན་གྱི་སྤྱི་རྗེ་མོ༔ ང་ནི་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་མ་ལུས་ཐམས་ཅད་ང་ཡི་དབང་༔ ཧཱུྃ་ཧཱུྃ་ཧཱུྃ་ཛཿགསོན་ཅིག་གཤེགས་ཤིག་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དམ་ལ་འདུས༔ ལོངས་སྐུ་གསང་བ་ཡེ་ཤེས་དམ་ལ་འདུས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་དམ་ལ་འདུས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་དམ༴ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་དམ༴ནུབ་ཕྱོགས་པདྨ་མཁའ་འགྲོ་དམ༴བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་དམ༴ཡེ་ཤེས་མཁའ་འགྲོ་མ་ལུས་དམ༴སྒོ་མ་ལྕགས་ཀྱུ་དཀར་མོ་ལ་སོགས་པའི༔ ཞི་བའི་མཁའ་འགྲོ་མ་ཚོགས་དམ༴སྒོ་མ་ཞགས་པ་སེར་མོ་ལ་སོགས་པའི༔ རྒྱས་པའི་མཁའ་འགྲོ་མ་ཚོགས་དམ༴སྒོ་མ་ལྕགས་སྒྲོག་དམར་མོ་ལ་སོགས་པའི༔ དབང་གི་མཁའ་འགྲོ་མ་ཚོགས་དམ༴སྒོ་མ་དྲིལ་བུ་མ་ལ་སོགས་པ་ཡི༔ དྲག་པོའི་མཁའ་འགྲོ་མ་ཚོགས་དམ༴དུར་ཁྲོད་མཁའ་འགྲོ་མ་ཚོགས་དམ༴སྣང་སྲིད་མ་མོ་དམ་ཅན་དམ༴ཤ་ཟ་མཁའ་འགྲོ་མ་ཚོགས་དམ༴མཁའ་འགྲོ་ཤུགས་འགྲོ་མ་ཚོགས༴འཇིག་རྟེན་མཁའ་འགྲོ་མ་ཚོགས་དམ༴ལས་བྱེད་མཁའ་འགྲོ་མ་ཚོགས་དམ༴དབང་ཕྱུག་ཉི་ཤུ་རྩ་བརྒྱད་དམ་ལ་འདུས༔ ཧཱུྃ་ཛཿརྣལ་འབྱོར་བདག་གི་དད་པའི་ཤུགས་ཀྱིས་བསྐུལ༔ བརྩེ་བའི་ཐུགས་ཀྱིས་བདག་ལ་མི་དགོངས་ན༔ ཐུགས་བསྐྱེད་རྣམ་པར་དག་པ་གང་ན་བཞུགས༔ ཐུགས་བསྐྱེད་མངའ་བ་དུས་འདིར་མཆིས་རེ་རན༔ རྣལ་འབྱོར་བདག་གིས་གུས་ཤིང་གདུང་བས་བསྐུལ༔ མ་ཚོགས་རྒྱ་མཚོའི་ཐུགས་རྗེས་མི་གཟིགས་ན༔ འགྲོ་བ་གང་འདུལ་མཛད་ཕྲིན་གང་ན་བཞུགས༔ འགྲོ་བའི་མོས་ངོར་སྟོན་པའི་སྟོབས་མངའ་ན༔ དེང་འདིར་གདུལ་དཀའ་འདུལ་བའི་དུས་ལ་བབ༔ རྣལ་འབྱོར་བདག་གི་དམ་ཚིག་གཉན་གྱིས་བསྐུལ༔ དམ་ཚིག་འདི་ལ་ད་ལྟ་མི་དགོངས་ན༔ དམ་ཚིག་གཉན་པོའི་བདེན་པ་གང་ན་བཞུགས༔ དམ་ཚིག་འདི་ལ་བདེན་པའི་སྟོབས་མངའ་ན༔ རྣལ་འབྱོར་བརྣག་པའི་ལས་ཀྱང་འགྲུབ་རེ་རན༔ བདག་གི་ཡེ་ཤེས་མཁའ་འགྲོ་བསྒྲུབ་བསྒྲུབས་ནས༔ སྒྲུབ་ལ་བར་ཆད་དགྲ་བགེགས་བྱུང་བ་འདི༔ ད་ལྟ་ཉིད་དུ་སྟོབས་ཀྱིས་མི་བསྒྲལ་ན༔ ལེགས་ཉེས་ཤན་འབྱེད་གཟུ་དཔང་གང་ན་བཞུགས༔ ལེགས་ཉེས་ཤན་འབྱེད་བདེན་ཚིག་མཆིས་གྱུར་ན༔ དམ་ཉམས་དགྲ་བགེགས་འདི་ཉིད་གསོད་རེ་རན༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྒྲུབ་པའི་བུར༔ ད་ལྟ་ཉིད་དུ་ཐུགས་རྗེ་མི་གཟིགས་ན༔ མ་དང་མཁའ་འགྲོ་རྒྱ་མཚོ་མེད་དམ་ཅི༔ མ་དང་མཁའ་འགྲོ་རྒྱ་མཚོ་མཆིས་གྱུར་ན༔ སྒྲུབ་པོ་བདག་ལ་ཐུགས་རྗེས་ཅིས་མི་དགོངས༔ བདག་ཉིད་སྒྲུབ་པའི་སྒོར་ཞུགས་རྩེ་གཅིག་ཏུ༔ མ་དང་མཁའ་འགྲོ་རྟག་ཏུ་བསྒྲུབ་བསྒྲུབས་ཀྱང་༔ དངོས་གྲུབ་གྲུབ་པའི་རྟགས་མཚན་མི་འབྱུང་ན༔ མ་དང་མཁའ་འགྲོའི་ནུས་སྟོབས་གང་ན་བཞུགས༔ རྣལ་འབྱོར་བདག་གི་དུས་ལ་བབ་པ་ཡི༔ དོན་ཆེན་འགགས་ལ་ཐུག་པའི་གནད་བསྐུལ་འདི༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་མི་འབྱུང་ན༔ མ་དང་མཁའ་འགྲོའི་མཐུ་རྩལ་གང་ན་བཞུགས༔ རྣལ་འབྱོར་བདག་གི་སྲོག་ལ་བབས་ཉེ་བའི༔ གལ་ཆེན་ནག་ལ་ཐུག་པའི་དཔུང་བསྐུལ་འདིར༔ མ་དང་མཁའ་འགྲོས་དཔུང་གྲོགས་མི་བྱེད་ན༔ ཐུགས་རྗེས་བརྩེ་དགོངས་བྱམས་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་དམ་ལ་བབས་ཉེ་བས༔ རེ་ས་གཞན་མ་མཆིས་པའི་དུས་འདི་ལ༔ མ་དང་མཁའ་འགྲོའི་དཔུང་ཚོགས་མི་བྱོན་ན༔ དམ་ཚིག་ཐུགས་རྗེའི་ནུས་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་དཀོར་ལ་བབས་ཉེ་བས༔ སྐྱབས་མཆོག་ལྷ་ལ་སྐྱབས་སུ་མཆིས་དུས་འདིར༔ ཕ་རོལ་དཔུང་ཚོགས་སྟོབས་ཀྱིས་མི་བསྒྲལ་ན༔ སྐྱབས་ཡུལ་ལྷ་ཡི་སྐྱོབ་པ་གང་ན་བཞུགས༔ རྣལ་འབྱོར་བདག་གི་སྒྲུབ་ལ་བར་ཆོད་པའི༔ དམ་ཉམས་དགྲ་བོ་བདུད་བགེགས་སྒྲོལ་རེ་རན༔ བཀའ་ལོག་བསྟན་བཤིག་དམ་ཉམས་གཤེ་སྐུར་མཁན༔ མ་ཉེས་ཁ་ཡོགས་གླེང་འདེབས་ཇག་ཆོམ་རྐུན༔ བསམ་པ་གནག་ལ་སྦྱོར་བ་རྩུབ་པ་དང་༔ བདག་གི་ལུས་སྲོག་དཀོར་ལ་ཟ་རྔམ་པའི༔ དམ་ཉམས་དགྲ་བགེགས་གནོད་བྱེད་མ་ལུས་པ༔ ལོ་དང་ཟླ་བར་བཞག་པའི་ལོང་མེད་པས༔ ད་ལྟ་ཉིད་དུ་བསད་ཅིང་ཤུལ་མེད་ཐོང༔ རྣམ་ཤེས་རྣམ་སྨིན་ལས་རྗེས་མ་བཏང་བར༔ མནར་མེད་བྱ་རྩོལ་བསམ་བྲལ་ཀློང་དུ་སོད༔ དུས་ལ་བབ་བོ་བཛྲ་ས་མ་ཡ༔ ད་གཟིགས་ད་དགོངས་ད་བྱོན་ཐུགས་དམ་ཅན༔ བདག་ཉིད་དོན་ཆེན་འགགས་ལ་མ་ཐུག་ན༔ མ་དང་མཁའ་འགྲོའི་ཐུགས་དམ་ཅི་ལ་བསྐུལ༔ རྣལ་འབྱོར་བདག་གི་ལུས་ལ་མ་བབས་ན༔ མི་རུང་ངན་ཚིག་དམོད་པ་ཅི་ལ་བོར༔ བདག་གི་རིན་ཆེན་སྲོག་ལ་མ་བབས་ན༔ གཏན་གྱི་མགོན་ལ་འོ་དོད་ཅི་ལ་འབོད༔ བདག་གི་བསྙེན་སྒྲུབ་བརླག་ལ་མ་ཆས་ན༔ ཡེ་ཤེས་མཁའ་འགྲོའི་ཐུགས་དམ་ཅི་ལ་བསྐུལ༔ བདག་གི་དགེ་འབྲས་འཇོམས་པར་མ་ཆས་ན༔ ཕུང་བརླག་དྲག་པོའི་ལས་ལ་ཅི་ཕྱིར་འབད༔ བདག་གི་གཅེས་བསྲེལ་ནོར་ལ་མ་བབས་ན༔ དེ་རིང་དཔུང་རོགས་དམག་འབོད་ཅི་ལ་བྱེད༔ བདག་གི་འཁོར་ཚོགས་གྲོགས་ལ་མ་བབས་ན༔ དེ་རིང་མ་དང་མཁའ་འགྲོ་ཅི་ལ་བསྐུལ༔ བདག་ཉིད་ཕུང་བརླག་རྒོལ་བས་མ་ཟིན་ན༔ ཡི་དམ་ལྷ་ལ་ཞེ་ཁྲེལ་ཅི་ལ་འདོགས༔ བྱོན་ཅིག་དགོངས་ཤིག་གསོན་ཅིག་ཡི་དམ་ལྷ༔ མཐུ་རྩལ་རྫུ་འཕྲུལ་བྱུང་བའི་དུས་ལ་བབས༔ ད་ལྟ་ཉིད་དུ་མཐུ་རྩལ་མི་བྱུང་ན༔ བདག་གིས་བསྙེན་སྒྲུབ་ལས་ལ་འབད་དོན་གང་༔ འདི་ལྟར་རྩེ་གཅིག་བསྙེན་བསྒྲུབ་མཆོད་བསྟོད་ན༔ འཁྲུལ་པ་ཉིང་འཁྲུལ་བགེགས་རིགས་གདོན་གྱིས་ཀྱང་༔ ཕ་བས་བརྩེ་ཞིང་མ་བས་གདུང་སེམས་ཆེ༔ རྩེ་གཅིག་སྒྲུབ་ཅིང་ཡང་ཡང་བསྙེན་གྱུར་ན༔ དུག་ལྔའི་སྟོབས་བཙན་གདོང་དམར་སྲིན་པོས་ཀྱང་༔ ཕ་ལྟར་བྱམས་ཤིང་མ་ལྟར་བརྩེ་བས་སྐྱོངས༔ མ་ཟད་ལངྐ་ཤོད་ཀྱི་སྲིན་མོས་ཀྱང་༔ བརྩེ་གདུང་རྨངས་པོའི་བུ་སྡུག་ལས་ཀྱང་ཆེ༔ བསྟན་འགྲོའི་དོན་ལ་མཉམ་པར་དགོངས་བརྩེ་ན༔ རྣལ་འབྱོར་བདག་གི་དཔུང་ལ་བྱོན་རེ་རན༔ སངས་རྒྱས་བསྟན་པ་གཉན་ལ་དགྲ་དར་བས༔ བསྟན་བཤིག་ལག་དམར་བསྒྲལ་བའི་དུས་ལ་བབ༔ དམ་ཆོས་རྒྱུད་སྡེའི་འོ་མཚོ་ནུབ་ཉེ་བས༔ དམ་ཉམས་བཀའ་ལོག་བསྒྲལ་བའི་དུས་ལ་བབ༔ དགེ་འདུན་རྒྱལ་བའི་བརྒྱུད་འཛིན་སྡུག་ཏ་རེ༔ དམ་ཉམས་བདུད་ཀྱི་ཕོ་ཉ་ད་ལྟ་སོད༔ སྐྱེ་འགྲོའི་བདེ་སྐྱིད་གཡུལ་འགྱེད་མཚོན་གྱིས་བསྣུབས༔ གཡུལ་འགྱེད་མཚོན་འཁྲུགས་ཁ་དཔོན་ད་ལྟ་སོད༔ མདོ་སྔགས་བསྟན་ལ་དམ་ཉམས་ལྟ་ལོག་རྒོལ༔ ཆོས་ཁྲིམས་བཤིགས་པའི་ལྟ་ལོག་གྲུབ་མཐའ་ནི༔ འཛིན་མི་དེར་ཕྱོགས་དེར་འཁོར་ཆོས་ལོག་བཅས༔ མ་འགྱངས་ད་ལྟ་ཉིད་དུ་སྟོབས་ཀྱིས་སྒྲོལ༔ བསྟན་འཛིན་སྐྱེས་བུ་བསྟན་པའི་ཁུར་འཛིན་ལ༔ ཉམས་སད་བྱེད་ཅིང་དམའ་ལ་འཕེན་རྩོལ་དང་༔ སྐུ་སྲོག་ལ་བསྡོ་གཤེ་སྐུར་ལོག་ལྟ་བའི༔ དམ་སྲི་རྒྱལ་འགོང་བདུད་བགེགས་ནག་ཕྱོགས་རིགས༔ དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ༔ ད་ལྟ་ཉིད་དུ་བཀའ་ཡི་ཆད་པ་ཐོབས༔ སྲོག་གི་མར་མེ་དབང་པོའི་མེ་བཀྲ་བསྣུབ༔ དུས་ལ་བབ་པོ་བཛྲ་ས་མ་ཡ༔ ཧོཿབརྒྱུད་གསུམ་རིག་འཛིན་བླ་མ་དུས་ལ་བབ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དུས་ལ་བབ༔ མ་ཚོགས་ཡེ་ཤེས་མཁའ་འགྲོའི་དུས་ལ་བབ༔ དམ་ཚིག་ཤ་ཟ་ཤུགས་འགྲོ་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོའི་དུས་ལ་བབ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་དུས་ལ་བབ༔ བརྣག་པའི་དགྲ་ལ་དྲག་པོའི་ཕྲིན་ལས་མཛོད༔ རྒོལ་འཇབ་བགེགས་ཀྱི་དཔུང་ཚོགས་སྟོབས་ཀྱིས་སྒྲོལ༔ ཧཱུྃ་ཛཿཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་དཀྱིལ་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ཆོས་སྐུའི་ཀློང་དུ་ཆོས་སྐུའི་མཁའ་འགྲོའི་གཙོ༔ རྒྱལ་ཀུན་བསྐྱེད་ཡུམ་ཀུན་ཏུ་བཟང་མོ་ཉིད༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྤྲུལ་པ་གར་བསྒྱུར་ཕྲིན་ལས་དུས་ལ་བབ༔ སྐྱེ་མེད་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་བརྗིད་དྲག་པོའི་སྐུར་བཞེངས་ཤིག༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཧཱུྃ་ཛཿདམར་ནག་འབར་བ་ཟླ་གམ་དབང་གི་དལ༔ འགགས་མེད་རོལ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྐུའི་མཁའ་འགྲོའི་གཙོ༔ ལས་ཀྱི་དབང་མོ་གསང་བ་ཡེ་ཤེས་མ༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཞི་ཉིད་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱི་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྐུ་ཡི་བཀོད་པ་རབ་འབྱམས་ངོམས་པ་ཡིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་རབ་བཀྲ་མཛོད༔ ལོངས་སྐུའི་མཁའ་འགྲོའི་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་བྱེད་དུས་ལ་བབ༔ ཁྱེད་ཀྱི་མཐུ་སྟོབས་གར་བསྒྱུར་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ བདེ་ཆེན་པདྨ་འོད་འཁྱིལ་གཞལ་ཡས་ནས༔ སྤྲུལ་པའི་སྐུར་སྟོན་སྤྲུལ་སྐུའི་མཁའ་འགྲོའི་གཙོ༔ བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྤྲུལ་སྐུའི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་མཛད་དུས་ལ་བབ༔ ཁྱེད་ཀྱི་མཐུ་རྩལ་སྟོབས་ཀྱི་ཤུགས་བྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན༴བདག་གི་ཡིད་ལ་བརྣག་པའི༴མྱུར་དུ་ཁུག་ལ་བསྒྲལ་བའི༴ཤར་ཕྱོགས་གཏུམ་དྲག་རྔམས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཞིང་༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་མ༔ རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་འབུམ་དང་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི༴དུས་མཐའི་བདུད་བགེགས༴བདག་གི་ཡིད་ལ༴མྱུར་དུ་ཁུག་ལ་བསྒྲལ་བའི༴ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཞིང་༔ ང་རྒྱལ་ཚུལ་གྱིས་ང་རྒྱལ༴རིན་ཆེན་མཁའ་འགྲོ་མཁའ་འགྲོ་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས༴འདོད་ཆགས་ཚུལ་གྱིས་འདོད་ཆགས༴པདྨ་མཁའ་འགྲོ་མཁའ་འགྲོ་འབུམ༴བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ མི་བཟད༴ཕྲག་དོག་ཚུལ་གྱིས་ཕྲག་དོག༴ལས་ཀྱི་མཁའ་འགྲོ་མཁའ་འགྲོ༴བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴དཀར་གསལ་ཟླུམ་ལ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད༴ཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་འབུམ་སྡེ་དང་བཅས་པ༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴སེར་གསལ་གྲུ་བཞི་གདེངས་པའི་དུར་ཁྲོད་ནས༔ མི་བཟད༴རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴དམར་ནག་ཟླ་གམ་གདེངས་པའི་དུར་ཁྲོད་ནས༔ མི་བཟད༴དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ལྗང་ནག་གྲུ་གསུམ་འབར་བའི་དུར་ཁྲོད་ནས༔ མི་བཟད༴དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿསྨུག་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ སྔགས་སྲུང་གཙོ་མོ་ཨེ་ཀ་ཛ་ཊཱི་མ༔ བསྐལ་བའི་ཞིང་གི་རྡུལ་སྙེད་འཁོར་དང་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿབྱང་ཤར་མུ་ལེ་གཏིང་གི་ཁྲག་མཚོ་རུ༔ དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ཆེ༔ ཁྱེད་ཀྱི་འཁོར་ཚོགས་མ་མོ་མཁའ་འགྲོའི་སྡེ༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿདཀྱིལ་འཁོར་ཀུན་གྱི་མཐའ་འཛིན་ཕྲིན་ལས་བསྒྲུབ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿཧེ་ཆེན་དྷ་ནའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ༴ཁྱེད་ཅག༴དུས་མཐའི༴བདག་གི༴མྱུར་དུ༴ཧཱུྃ་ཛཿསྔོན་ཚེ་རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱིས༔ བཀའ་དང་དམ་ལ་གནས་པའི་བསྟན་སྲུང་ཚོགས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་བྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ གསོན་ཅིག་དགོངས་ཤིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་ནི་མ་ཉེས་མ་ཡོའོ༔ དམ་ཉམས་དགྲ་བགེགས་ལོག་འདྲེན་འདིར་རྣམས་ཀྱིས༔ བདག་ལ་དོ་བསྡོས་ཕོད་བཙུགས་ཡ་བཟུང་ཞིང་༔ ཚེ་ལ་རྐུ་ཞིང་སྲོག་ལ་འཐབ་པ་དང་༔ དཀོར་ལ་རྔམས་ཤིང་བསྒྲུབ་ལ་བར་ཆད་བརྩམ༔ མ་ཉེས་འདུག་ཀྱང་འདུག་པའི་དབང་མེད་བྱས༔ བྲོས་ཀྱང་འདས་བྱུང་གབ་ཀྱང་དེར་སླེབ་བྱུང་༔ ལན་ཆགས་འཇལ་ཀྱང་འཕྲོག་བཅོམ་བྱེད་དུ་ཆས༔ ཞི་བ་བྱས་ཀྱང་དྲག་པོའི་ལས་བཙུགས་བྱུང་༔ བདེན་པར་སྨྲས་ཀྱང་རྫུན་གྱིས་ཟོབ་བཅུག་བྱས༔ ལེགས་པར་བསྒྲུབས་ཀྱང་ཉེས་པས་སྔོན་རྒྱུག་བྱས༔ དེ་ལྟར་བདག་ལ་སྡང་བའི་དགྲ་བགེགས་འདིས༔ ཚེ་རབས་ཐོག་མ་མེད་པའི་དུས་དག་ནས༔ ད་ལྟའི་བར་དུ་སྡུག་བསྔལ་མྱོང་དུ་བཅུག༔ ལོག་ལམ་མི་དགེའི་ཉེས་ལམ་འདི་ཡིས་བསྟན༔ ལེགས་ལམ་དགེ་བའི་ལས་ཀྱང་འདིས་འཕྲོག་བསྒྲིབས༔ བདེན་པའི་ཚིག་ཀྱང་འདི་ཡིས་རྫུན་དུ་གཟད༔ དགེ་བའི་ལས་ཀྱང་འདི་ཡིས་མི་དགེར་བསྒྱུར༔ བདེ་བའི་འབྲས་བུ་འདི་ཡིས་སྡུག་ལ་བཙོངས༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨད༔ སྐྱེ་འགྲོའི་བདེ་བཅོམ་བསྟན་པའི་ཆོས་ཁྲིམས་བཤིགས༔ ཉེས་ཅན་འདི་ལ་བཀའ་ཡིས་ཆད་པ་ཆོད༔ རི་བོའི་རྩེ་ཁོངས་རྒྱ་མཚོའི་ཁ་གཏིང་དང་༔ ཉི་ཟླའི་གོ་བ་སྤྲིན་ཀློང་བྲག་རིའི་ནང་༔ དཀོན་མཆོག་སྐྱབས་ཞབས་སྔགས་པའི་སྲུང་འཁོར་སོགས༔ གང་ན་ཡོད་ཀྱང་མ་བཏང་མ་ཤོར་བར༔ གཟུགས་བྱང་རཱུ་པ་འདི་ལ་མྱུར་དུ་ཁུག༔ བསྐུལ་ལོ་བསྐུལ་ལོ་མ་དང་མཁའ་འགྲོ་རྣམས༔ དད་གུས་གདུང་བས་མ་དང་མཁའ་འགྲོ་བསྐུལ༔ རེ་སའི་སྐྱབས་གནས་མ་དང་མཁའ་འགྲོར་འབོད༔ མ་གཡེལ་མ་གཡེལ་ཐུགས་རྗེའི་སྟོབས་རྩལ་ཅན༔ ཁྱེད་ཅག་ཐུགས་དམ་གཉན་པོའི་དུས་ལ་བབ༔ བསྟན་སྲུང་རྒྱ་མཚོ་དམ་ཚིག་གཉན་གྱིས་བསྐུལ༔ ཕྲིན་ལས་སྒྲུབས་ཤིག་བཛྲ་ས་མ་ཡ༔ ཨོཾ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཧྲཱིཿམ་ཧ་རི་ནི་ས་བཛྲ་ས་མ་ཡ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿདགྲ་བགེགས་ཆེ་གེ་མོ་དང་༔ གནོད་བྱེད་སརྦ་ཁུག་ཛ་མཱ་ར་ཡ་རྦད་རྦད་བྷྱོ་ནན་ཛ་ཁུག་སྟྭཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གལ་ཆེན་དགྲ་བགེགས་བྱུང་བའི་ཚེ༔ མཁའ་འགྲོའི་དྲག་བསྐུལ་འདི་ལ་བརྩོན༔ ལྟ་བའི་གདིང་གིས་བསྐུལ་བ་ན༔ རི་རབ་གླིང་བཞི་ཡིན་ཡང་བརླག༔ གང་རུང་བ་ལ་མི་བྱའོ༔ ས་མ་ཡ༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མཁའ་འགྲོའི་དྲག་བསྐུལ་ཟབ་མོ་འདི།།གར་དབང་བདུད་འཇོམས་གླིང་པ་ངས།།མ་འགགས་འོད་གསལ་ཆེན་པོའི་ངང་།།པདྨའི་གསང་གཏེར་སྒོ་ཕྱེས་བཏོན།།འབྲོས་ཕུག་མཁའ་འགྲོའི་འདུ་ར་རུ།།ཞལ་བཤུས་དག་ཕབ་ཡི་གེ་པ།།ཕུན་ཚོགས་བཀྲ་ཤིས་ཞེས་བྱའོ།།དགེ་བས་བསྟན་དགྲའི་དཔུང་གཞོམ་ཤོག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།ཤུ་བྷཾ།།།།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 09:24, 11 August 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 7, Text 21, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Verso: bdud 'joms mkha' 'gro gsang ye | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | ||
| Cycle | ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | mkha' 'gro gsang ba ye shes | |