TTDL-ZABTER-07-JA-043: Difference between revisions

From Dudjom Wiki
TTDL-ZABTER-07-JA-043
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=rdo rje phag mo
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms mkha' 'gro phag mo
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཇ
|volumenumber=07
|volumenumber=07
|volumeLetter=JA
|volumeLetter=JA

Revision as of 09:34, 11 August 2024

Wylie title TTDL-ZABTER-07-JA-043.pdf
Location bdud 'joms gling pa zab gter
Volume 7, Text 43, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms mkha' 'gro phag mo
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phag mo
[edit]
༠༠༠༠༠བརྡ་ཡིག༥༥༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་ཕག་མོ་རིགས་ལྔའི་བསྐུལ་བྱང་དགྲ་བགེགས་ཀུན་སྒྲོལ་བཞུགས༔ ༠༠༠༠༠བརྡ་ཡིག༥༥༥རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ༠༠༠༠༠བརྡ་ཡིག༥༥༥མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ དགྲ་བགེགས་གདུག་པ་ཀུན་སྒྲོལ་ཕྱིར༔ དྲག་བསྐུལ་འདི་ལ་བརྩོན་པར་བྱ༔ ཀྱཻ༔ བསྐུལ་ལོ་བསྐུལ་ལོ་ཡེ་ཤེས་མཁའ་འགྲོ་མ༔ བཞེངས་ཤིག་བཞེངས་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་སྐུ་ཡེ་ཤེས་མཁའ་འགྲོས་ནམ་མཁའ་གང་༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོས་བར་སྣང་གང་༔ སྤྲུལ་སྐུ་འབུམ་ཕྲག་མཁའ་འགྲོས་ས་གཞི་གང་༔ ཡེ་ཤེས་མཁའ་འགྲོ་འཇིག་རྟེན་མཁའ་འགྲོ་དང་༔ དམ་ཚིག་ཤ་ཟ་མཁའ་འགྲོ་ཤུགས་འགྲོའི་ཚོགས༔ དྲག་ཁྲོས་གཏུམ་རྔམས་ཚུལ་དུ་སྐུར་བཞེངས་ལ༔ ཕྱི་ནང་གསང་བའི་བར་ཆད་རྐྱེན་ངན་དང་༔ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་བགེགས་རྣམས༔ སོད་ཅིག་ཐུལ་ཅིག་གཞོམ་ཞིང་བརླག་མཛོད་ལ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ བསྟན་འགྲོ་བདེ་ལ་འགོད་པའི་ཕྲིན་ལས་མཛོད༔ དེ་ལྟར་དྲག་བསྐུལ་དམོད་བཅོལ་གྱིས༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་པ་སེམས་ཉིད་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།༠༠༠༠བརྡ་ཡིག༥༥༦ཚོགས་ཀྱི་དངོས་གྲུབ་རོལ་བ་ལ༔ གཙང་རྨེའི་གཉིས་འཛིན་བྲལ་བ་ཡི༔ ཟག་མེད་བདེ་ཆེན་བཅུད་ལ་རོལ༔ ཨ་ལ་ལ་སྟེ་བདེ་བ་ཆེ༔ ཛྙཱ་ན་པཉྩ་སིདྡྷི་ཧོཿའཇམ་དཔལ་སྨྲ་སེང་ལས་སོ།།