TTDL-ZABTER-07-JA-056: Difference between revisions

From Dudjom Wiki
TTDL-ZABTER-07-JA-056
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=ye shes mtsho rgyal
|cycle=mkha' 'gro gsang ba'i gab thig
|cycletib=མཁའ་འགྲོ་གསང་བའི་གབ་ཐིག་
|versonotes=bdud 'joms mkha' 'gro mtsho rgyal
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཇ
|volumenumber=07
|volumenumber=07
|volumeLetter=JA
|volumeLetter=JA

Revision as of 09:45, 11 August 2024

Wylie title TTDL-ZABTER-07-JA-056.pdf
Location bdud 'joms gling pa zab gter
Volume 7, Text 56, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms mkha' 'gro mtsho rgyal
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མཁའ་འགྲོ་གསང་བའི་གབ་ཐིག་ (mkha' 'gro gsang ba'i gab thig)
Deity ye shes mtsho rgyal
[edit]
༠༠༠༠༠བརྡ་ཡིག༦༢༩མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡེ་ཤེས་མཁའ་འགྲོའི་མེ་མཆོད་འདོད་འཇོའི་དཔལ་ཕྲེང་ཞེས་བྱ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༦༢༩ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཁའ་འགྲོ་བསྒྲུབ་པའི་རྣལ་འབྱོར་གྱིས༔ བསྙེན་བསྒྲུབ་ཚད་ཐེམ་རྫོགས་པའི་མཐར༔ ཁ་བསྐང་མེ་མཆོད་འདིར་བརྩོན་བྱ༔ ལག་ཏུ་ལེན་པའི་རིམ་པ་ལ༔ འབྲུ་སྣ་ཟས་སྣ་འབྱོར་ཚོགས་བསགས༔ དྲི་བཟང་ཆུ་ཡིས་སྦགས་བྱས་ཏེ༔ བཟང་དྲུག་སྨན་གྱི་སྦོད་དང་བསྲེ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ བྱང་སེམས་དཀར་དམར་དང་བཅས་པ༔ མཆོད་པའི་རྫས་སུ་བཤམས་བྱས་ཏེ༔ བརྐོ་ཐབ་བམ་ནི་བརྩིགས་ཐབ་ལ༔ ལས་མཐུན་ཤིང་ནི་འབུད་ཤིང་སྟེ༔ དཀར་ཕྱོགས་སྐྱོང་ལ་དཀར་མཆོད་དང་༔ བགེགས་ལ་ལན་ཆགས་འབྲས་ཆན་དང་༔ བསྐྲད་དང་རྡོ་རྗེའི་སྲུང་འཁོར་མཐར༔ དང་པོ་བསྲེག་རྫས་བྱིན་གྱིས་བརླབ་པ་ལ༔ སརྦ་དྷརྨ་ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ་ཨཱཿམཆོད་རྫས་ཡོ་བྱད་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མཆོད་པའི་རྫས་དང་སྣོད་བཅུད་འབྱུང་བའི་ངོ་བོ་རྣམས་ཚུར་འདུས་པ་ལས་བྱུང་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་མ་ཚང་བ་མེད་པ་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ མཐར་ཨོཾ་ཨཱཿཧཱུྃ་ལན་གསུམ༔ ཨོཾ་སྭ་བྷཱ་ཝ་སོགས༔ མེ་ཐབ་མི་དམིགས་པ་སྟོང་པའི་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ལས་གཞུང་ལས༔ ཨཱཿགཟུང་དང་འཛིན་པས་སོགས༔ རྟེན་དང་བརྟེན་པ་བསྐྱེད་ཅིང་དབྱིངས་ནས་སྤྱན་དྲངས་ལ་བསྟིམ༔ དེ་ནས་བྱོན་སྐྱེམས་འབུལ་བ་ལ༔ རྩ་སྔགས་མཐར༔ ཨ་མྲྀ་ཏ་ཁཱ་ཧི༔ ལན་བདུན་ནམ་ཉེར་གཅིག་གིས་ཕུལ༔ མཐར་བཞུགས་སུ་གསོལ་ཞིང་ཕྱི་ནང་གསང་བ་ཁྱད་པར་གྱི་མཆོད་པ་རྣམས་ཚང་བར་འབུལ༔ མཐར་བསྟོད་པ་བྱ༔ དེ་ནས་བསྲེག་རྫས་འབུལ་བ་ལ༔ ཧོཿམ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་འབུལ་བ་འདི་དག་བཞེས་ནས་བདག་ཅག་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་ཏེ་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་བག་ཆགས་དག་ནས་སྐུ་གཉིས་མངོན་དུ་གྱུར་པའི་དངོས་གྲུབ་དམ་པ་སྩལ་དུ་གསོལ༔ རྩ་སྔགས་མཐར༔ སརྦ་ག་ཎ་པཱུ་ཛ་ཧོཿལས་བཞིའི་ཤམ་བུ་གང་རུང་དང་བཅས་པས་བསྲེག་རྫས་རྣམས་ཕུལ་ཞིང་དམིགས་པའི་ལྡེ་ཁ་བསྒྱུར་རོ༔ ཅི་མང་བརྗོད་མཐར༔ གོང་བཞིན་ཕྱི་ནང་གསང་མཆོད་འབུལ་མཐར་བསྟོད་པ་བྱ༔ ཁ་བསྐང་བཤགས་པ་བྱ་ཞིང་དངོས་གྲུབ་བླངས༔ གཤེགས་སྐྱེམས་འབུལ་བ་བྱོན་སྐྱེམས་ལྟར་རོ༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་ངང་ལས་ལྷུན་གྲུབ་རྩལ༔ རོལ་པ་ཆེན་པོའི་ཡེ་ཤེས་ལྷ༔ སྤྲོས་མཐའ་བྲལ་བའི་དབྱིངས་སུ་གཤེགས༔ བྱིན་རླབས་ཡེ་ཤེས་མེ་དཔུང་གིས༔ སྦྱིན་སྲེག་ཟ་བའི་གདོན་བསྲེག་གྱུར༔ རཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ མཐར་ནི་བསྔོ་སྨོན་རྒྱ་ཡིས་གདབ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ གནད་དེས་ལྷག་ཆད་ཁ་བསྐང་དང་༔ ཚོགས་གཉིས་རྫོགས་ཤིང་ཕྲིན་ལས་འགྲུབ༔ ཁ་ཙམ་ཚིག་ཙམ་མ་ཡིན་པར༔ བསྐྱེད་དང་དམིགས་པའི་གནད་ལྡན་མཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་དགུའི་བར་དུ་བཀའ་རྒྱས་བཏབ་མཐར་སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་ནོར་བུའོ།།དགེའོ།།དགེའོ།།དགེའོ།།