TTDL-ZABTER-08-NYA-055: Difference between revisions

From Dudjom Wiki
TTDL-ZABTER-08-NYA-055
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms srung ma
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཉ
|volumenumber=08
|volumenumber=08
|volumeLetter=NYA
|volumeLetter=NYA

Revision as of 15:46, 12 August 2024

Wylie title TTDL-ZABTER-08-NYA-055.pdf
Location bdud 'joms gling pa zab gter
Volume 8, Text 55, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསྐང་བ་འདོད་རྒུའི་དཔལ་སྟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཆོད་རྫས་འབྱོར་ཚོགས་གང་འོས་བཤམས༔ ཤ་ཆེན་གསུར་བཏང་བསང་སྦྱངས་བྱས༔ སྔགས་དང་ཏིང་འཛིན་སྟོབས་ཀྱིས་སྤེལ༔ ཀྵ༔ གསང་ཆེན་བསྟན་པའི་བྱ་ར་བ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ འདིར་གཤེགས་བདག་གི་སྲུང་མར་བཞུགས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ གནོད་སྦྱིན་ཆེན་པོའི་ཐུགས་དམ་བསྐང་༔ ཡུམ་དང་སྤྲུལ་འཁོར་ཐུགས་དམ་བསྐང་༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་བསྐང་༔ ཐུགས་དང་འགལ་གྱུར་ཉེས་བྱས་བཤགས༔ འདི་ཕྱིའི་དགེ་ལེགས་དངོས་གྲུབ་སྩོལ༔ མི་མཐུན་ཕྱོགས་ཀུན་དགྲ་ལ་བཟློག༔ གཟུགས་ཅན་གཟུགས་མེད་དགྲ་དང་བགེགས༔ ལོ་ཟླར་མ་འགྱངས་མྱུར་དུ་སོད༔ བཀའ་བསྒོ་དམ་ཚིག་དེ་ཡིན་གྱི༔ མ་འདའ་བསམ་དོན་ཡོངས་འགྲུབ་མཛོད༔ དེ་ལྟར་གྲངས་ཁ་བསྐྱར་པ་ནི༔ ལུས་དང་གྲིབ་མ་བཞིན་དུ་འཁོར༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་པའོ།།དགེའོ།།དགེའོ།།དགེའོ།།།།