TTDL-ZABTER-08-NYA-036: Difference between revisions

From Dudjom Wiki
TTDL-ZABTER-08-NYA-036
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms srung ma
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཉ
|volumenumber=08
|volumenumber=08
|volumeLetter=NYA
|volumeLetter=NYA

Revision as of 15:51, 12 August 2024

Wylie title TTDL-ZABTER-08-NYA-036.pdf
Location bdud 'joms gling pa zab gter
Volume 8, Text 36, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་གཙུག་ན་ཟླ་བའི་བསྐང་བ་རིན་ཆེན་ཕྲེང་མཛེས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༣༠༩༔ མ་འོངས་པདྨའི་བརྒྱུད་འཛིན་བུས༔ དབང་ཕྱུག་ཆེན་པོ་བསྒྲུབ་པའི་ཚེ༔ ཟས་སྣ་སྤོད་དང་སྨན་སྣ་ཚོགས༔ བཤམས་ནས་མ་དག་དྲི་བསང་སྦྱངས༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་དེ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་བསྐང་གསོལ་རིམ་པ་ནི༔ ཧཱུྃ་ཧྲཱིཿདད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ འབོད་དོ་གཤེགས་སོ་ལྷ་ཆེན་ཚོགས་ཀྱི་བདག༔ སྟེང་ཕྱོགས་སྲིད་པ་གསུམ་གྱི་རྩེ་མོ་ནས༔ ལྷ་ཆེན་སྙོམས་འཇུག་དབང་པོ་གཤེགས་སུ་གསོལ༔ དེ་འོག་གཟུགས་ཁམས་དགའ་བདེའི་གྲོང་ཁྱེར་ནས༔ ལྷ་ཆེན་ཏིང་འཛིན་དབང་པོ་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་ལྷ་ཡི་ཕོ་བྲང་ནས༔ དབང་ཕྱུག་འདོད་པའི་རྒྱལ་པོ་གཤེགས་སུ་གསོལ༔ རི་རབ་ལྷུན་པོ་ནུབ་ཕྱོགས་དགའ་ཚལ་ནས༔ ལྷ་ཆེན་ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ འཇིགས་རུང་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ དབང་ཕྱུག་མ་ཧཱ་ཀྲོ་ཏ་གཤེགས་སུ་གསོལ༔ ཡུམ་མཆོག་ཨུ་མ་དཱེ་ཝི་གཤེགས༴སྲས་མཆོག་ལེགས་ལྡན་ནག་པོ་གཤེགས༴གཙང་རིས་མགོན་པོ་འཁོར་བཅས་གཤེགས༴ཁམས་གསུམ་སྲིད་པའི་འཁོར་ཚོགས་གཤེགས་སུ་གསོལ༔ འཁྲུལ་སྣང་འཐས་པའི་ཡུལ་ངན་ལས་དབེན་པ༔ གསལ་སྣང་དགའ་བདེའི་ལོངས་སྤྱོད་ཕུན་ཚོགས་གནས༔ གསང་ཆེན་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ མི་འབྲལ་སྲོག་གི་རྟེན་འདིར་གཏན་བཞུགས་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ཧོཿགསོན་ཅིག་དགོངས་ཤིག་ལྷ་ཆེན་ཚོགས་ཀྱི་བདག༔ སྔོན་ཚེ་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀ༔ གསང་བའི་བདག་པོ་སྟོན་པ་བཅོམ་ལྡན་འདས༔ རིག་འཛིན་རྒྱལ་པོ་པདྨ་ཐོད་ཕྲེང་སོགས༔ བརྒྱུད་གསུམ་རིག་འཛིན་བླ་མ་དཔང་བཙུགས་ནས༔ བཀའ་དང་དམ་ཚིག་དབང་གིས་ཁྱོད་བསྒྲུབ་ཀྱིས༔ མ་འདའ་མ་གཡེལ་མ་འགྱངས་སྐད་ཅིག་གི༔ འདིར་གཤེགས་རྣལ་འབྱོར་བདག་གི་གཏན་གྲོགས་མཛོད༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་གྱིས༔ འདོད་རྒུའི་དཔལ་ཡོན་སྟེར་བའི་སྦྱིན་བདག་དང་༔ ས་ལམ་བར་ཆད་བཟློག་པའི་སྲུང་མ་མཛོད༔ རྣལ་འབྱོར་བདག་ནི་དམ་ཚིག་ལ་གནས་ཤིང་༔ གྲོགས་སུ་སྲུང་མ་གཉན་པོ་ཁྱོད་བསྟེན་གྱིས༔ དམ་ལ་མ་འདའ་མྱུར་དུ་གྲོགས་མཛོད་ཅིག༔ གལ་ཏེ་གཡེལ་ཞིང་འགྱང་བར་གྱུར་པ་ན༔ བརྒྱུད་གསུམ་རིག་འཛིན་བླ་མའི་དམ་ལས་འདས༔ སྒྲུབ་པའི་རྣལ་འབྱོར་བདག་ཀྱང་ཁྱོད་ཀྱིས་བསླུས༔ དེ་ཕྱིར་ཁྱོད་ནི་རྡོ་རྗེ་དམྱལ་བར་ལྟུང་༔ འདའ་ཀའི་དམ་ཚིག་གཉན་པོ་དེར་དགོངས་འཚལ༔ ཀྱཻ༔ དྲང་སྲོང་ལྷ་ཡི་བླ་མ་ཚོགས་ཀྱི་བདག༔ སྒྲུབ་པའི་རིག་འཛིན་བདག་གིས་ཁྱོད་བརྟེན་ནས༔ མི་འབྲལ་བྱམས་བརྩེས་རྟག་ཏུ་སྐྱོང་བ་དང་༔ ཐུགས་ཀྱིས་མི་བཞེད་ཉེས་ཀུན་བསལ་བའི་ཕྱིར༔ དོ་ནུབ་ཐུགས་དམ་གཉན་པོ་བསྐང་བར་བྱ༔ རི་དྭགས་གཡུང་དྭགས་གཟུགས་འགྲོས་སྣ་ཚོགས་པ༔ འདབ་ཆགས་སྡེར་ཆགས་རྨིག་ཆགས་ལ་སོགས་པའི༔ སྲོག་ཆགས་སྣ་ཚོགས་ལོངས་སྤྱོད་ཡུལ་དུ་བཤམས༔ དར་ཟབ་ཟ་འོག་སྟག་གཟིག་གཅན་གཟན་ལྤགས༔ ཡིད་འོང་རེག་བྱ་སྲབ་འཇམ་ཡངས་པའི་རིགས༔ གོ་ཁྲབ་སྣ་ཚོགས་མཐུན་པའི་རྫས་སུ་བཤམས༔ གསེར་དངུལ་གཡུ་དང་ཟངས་ལྕགས་མུ་མིན་མཆོང་༔ རིན་ཆེན་སྣ་ཚོགས་ནོར་གྱི་མཆོག་ཏུ་བཤམས༔ བཅུད་ལྡན་སྨན་གྱི་རིལ་བུ་བདུད་རྩིར་བསྒྱུར༔ ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ༔ སྨན་གཏོར་རཀྟ་མཆོད་པའི་རྫས་སུ་བཤམས༔ བཟའ་བ་བཅའ་བ་བཏུང་བ་ལྡག་པ་དང་༔ གཞིབ་པ་ལ་སོགས་རོ་བརྒྱ་ནུས་པ་སྟོང་༔ ལྡན་པའི་འདོད་འཇོའི་དཔལ་ཡོན་ནམ་མཁའི་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་ཡིད་ཀྱིས་སྤེལ༔ སྲུང་མ་གཉན་པོའི་ཐུགས་དམ་བསྐང་ཕྱིར་བཤམས༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནས་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད༔ ཧཱུྃ་ཧྲཱིཿལྷ་ཆེན་སྙོམས་འཇུག་དབང་པོའི་ཐུགས་དམ་བསྐང་༔ བདེ་ལྡན་ཏིང་འཛིན་དབང་པོའི་ཐུགས་དམ་བསྐང་༔ འདོད་རྒྱལ་དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ སྲིད་གསུམ་ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་༔ ལྷ་མོ་ཨུ་མ་དཱེ་ཝིའི་ཐུགས་དམ་བསྐང་༔ སྲས་མཆོག་ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་༔ གཙང་རིས་དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་༔ ཁམས་གསུམ་ལྷ་ཡི་འཁོར་གྱི་ཐུགས་དམ་བསྐང་༔ ལྷ་མིན་སྡེ་བརྒྱད་འཁོར་གྱི་ཐུགས་དམ་བསྐང་༔ མི་དང་གཉེན་འཁོར་བཅས་པའི་ཐུགས་དམ་བསྐང་༔ ཀླུ་དང་བྱོལ་སོང་འཁོར་ཚོགས་ཐུགས་དམ་བསྐང་༔ དམྱལ་བ་ཡི་དྭགས་འཁོར་གྱི་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་ཚོགས་ཡོངས་ཀྱི་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་གཏེར༔ འདོད་ཡོན་རྒྱན་གྱི་འཁོར་ལོའི་ཐུགས་དམ་བསྐང་༔ རྟེན་རྫས་སྒྲུབ་རྫས་བསྐང་རྫས་མཆོད་རྫས་དང་༔ མཐུན་རྫས་སྣ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ ཁྱད་པར་གསང་རྟེན་སྲོག་གི་འཁོར་ལོ་འདི༔ སྐད་ཅིག་མི་འབྲལ་འགྲོགས་པའི་རྟེན་དུ་འབུལ༔ ཁྱོད་ཀྱི་ཐུགས་དང་འགལ་བའི་ཉེས་ཚོགས་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ མ་ཤེས་མ་རིག་པ་ལ་ཐུགས་མ་ཁྲེལ༔ བྱམས་དང་བརྩེ་གདུང་ཆེན་པོས་རྟག་སྐྱོངས་ཤིག༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་བསྟན་པའི་རྒྱལ་མཚན་ཚུགས༔ རྣལ་འབྱོར་བདག་གི་འདོད་དོན་ཡིད་བཞིན་སྒྲུབས༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་གནོན༔ འདོད་རྒུའི་ལོངས་སྤྱོད་དཔལ་ཡོན་ཆར་ལྟར་ཕོབས༔ རི་ལྟར་ལྷུན་ཆགས་མཚོ་ལྟར་གཏིང་ཟབ་ཅིང་༔ མི་ནུབ་རྒྱལ་མཚན་ལྟ་བུར་བརྟན་པར་མཛོད༔ བསྟན་པའི་དགྲ་བོ་ལྟ་ལོག་ཀླ་ཀློའི་སྡེ༔ ལྷ་ཡང་རུང་སྟེ་རྗེས་ཤུལ་མེད་པར་རློག༔ དམ་ཚིག་གཉན་ལ་མ་འདའ་ས་མ་ཡ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿའདི་ལྟར་རྟག་ཏུ་བརྩོན་གྱུར་ན༔ ཉམས་ཆག་འགལ་འཁྲུལ་སོར་ཆུད་ཅིང་༔ ཕྲིན་ལས་རབ་འབྱམས་ངེས་པར་བསྒྲུབ༔ མ་ལྟར་བྱམས་བརྩེ་སྤུན་ལྟར་གདུང་༔ སྙིང་ཉེ་མི་འབྲལ་གྲོགས་བྱེད་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་འདི་པ་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་གཏོན་ཏེ་མཐར་དག་པར་ཕབ་པའི་ཡི་གེ་པ་ནི་ཚོགས་མཆོག་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།