|
|
| Line 26: |
Line 26: |
| <h1>Tibetan Text</h1> | | <h1>Tibetan Text</h1> |
| <onlyinclude> | | <onlyinclude> |
| {{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲང་སྲོང་ལྷའི་བླ་མའི་བསྐང་གསོལ་ཡིད་བཞིན་འཁོར་ལོ་བཞུགས་སོ༔ | | {{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མངའ་གསོལ་དབང་སྡུད་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༡༡༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཉིད༔ གསལ་ནས་མངའ་གསོལ་འདི་བརྗོད་བྱ༔ ཧྲཱིཿལྷ་ཆེན་དབང་ཕྱུག་ཆེན་པོ་ཁྱོད༔ ང་ཡི་མདུན་དུ་མཆིས་པར་མཛོད༔ ང་ཡི་གྲོགས་སུ་བསྟེན་འཚལ་ལོ༔ ང་ཡི་འདོད་དོན་ཡིད་བཞིན་སྒྲུབས༔ ཧྲཱིཿལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ དཀོན་མཆོག་གསུམ་གྱིས་མངའ་གསོལ་རྟགས༔ ཡིད་བཞིན་ནོར་བུ་གཙུག་ཏུ་བཅིངས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ བླ་མ་རྣམས་ཀྱིས་མངའ་གསོལ་རྟགས༔ ལྷའི་བུ་ཟླ་བ་ཐོད་དུ་བཅིངས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ ཡི་དམ་རྣམས་ཀྱིས་མངའ་གསོལ་རྟགས༔ ལྗང་སྔོན་རལ་པ་རྟིང་རྩེར་སླེབ༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་རྟགས༔ ཟེར་ལྡན་ཉི་མ་ལྟེ་བར་ངོམས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ ལྷ་རྣམས་ཀུན་གྱིས་མངའ་གསོལ་རྟགས༔ ཞལ་འཛུམ་མཛེས་པའི་ལང་ཚོ་རྒྱས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ ལྷ་མིན་རྣམས་ཀྱིས་མངའ་གསོལ་རྟགས༔ སྤྱན་མདངས་ཁྲོས་པའི་ཉམས་དང་ལྡན༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ མི་རྣམས་ཀུན་གྱིས་མངའ་གསོལ་རྟགས༔ ཅུང་ཟད་ཆགས་པའི་ཟུར་མིག་བལྟས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ བྱོལ་སོང་རྣམས་ཀྱིས་མངའ་གསོལ་རྟགས༔ རིན་ཆེན་ཕྲེང་བའི་དོ་ཤལ་དཔྱངས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ ཡི་དྭགས་རྣམས་ཀྱིས་མངའ་གསོལ་རྟགས༔ ཕྱག་ཞབས་སེན་མོ་སྔོ་ལ་དྭངས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ དམྱལ་བ་རྣམས་ཀྱིས་མངའ་གསོལ་རྟགས༔ སྐུ་ལ་འོད་དམར་རབ་ཏུ་འཁྲིགས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ མ་མོ་རྣམས་ཀྱིས་མངའ་གསོལ་རྟགས༔ ཕྱག་གཡས་ལྕགས་ཀྱུས་ཁམས་གསུམ་འགུགས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ བཀའ་སྲུང་ཡོངས་ཀྱིས་མངའ་གསོལ་རྟགས༔ གཡོན་པས་ཉི་ཟེར་ཞགས་པ་བསྣམས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ སྲིད་ཞི་གཉིས་ཀྱིས་མངའ་གསོལ་རྟགས༔ ཞབས་གཉིས་འདོར་སྟབས་ཚུལ་དུ་འགྱིང་༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ འདོད་ཁམས་ཡོངས་ཀྱིས་མངའ་གསོལ་རྟགས༔ གསང་བའི་རྡོ་རྗེ་གྱེན་དུ་བསྒྲེངས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ གཟུགས་ཁམས་ཡོངས་ཀྱིས་མངའ་གསོལ་རྟགས༔ སྐུ་མདོག་དམར་གསལ་མཛེས་པར་ངོམས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ གཟུགས་མེད་ཁམས་ཀྱིས་མངའ་གསོལ་རྟགས༔ སྣང་ལ་རང་བཞིན་མེད་པའི་སྐུ༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ སྡེ་བརྒྱད་ཡོངས་ཀྱིས་མངའ་གསོལ་རྟགས༔ འོད་ལྡན་ཟླ་ཕྱེད་གདན་ལ་བརྫིས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ སྣང་སྲིད་ལྷ་འདྲེས་མངའ་གསོལ་རྟགས༔ འདོད་ཡོན་སྣ་ཚོགས་འོད་ཀྱི་སྤྲིན༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ༔ འཇིག་རྟེན་ཁམས་ཀྱིས་མངའ་གསོལ་རྟགས༔ རབ་མཐོ་རིན་ཆེན་ཁྲི་ལ་འགྱིང་༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཁྱོད༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཆོས་སྐྱོང་ཆེན་པོར་མངའ་གསོལ་ལོ༔ དཀོར་གྱི་སྲུང་མར་མངའ་གསོལ་ལོ༔ ནོར་གྱི་ལྷ་རུ་མངའ་གསོལ་ལོ༔ ཕྱུགས་ཀྱི་གཡང་དུ་མངའ་གསོལ་ལོ༔ དབང་སྡུད་རྒྱལ་པོར་མངའ་གསོལ་ལོ༔ མི་ཡི་དགྲ་བླར་མངའ་གསོལ་ལོ༔ བྱིས་པའི་ཚེ་ལྷར་མངའ་གསོལ་ལོ༔ དཔག་བསམ་ལྟ་བུར་མངའ་གསོལ་ལོ༔ ཡིད་བཞིན་ནོར་ལྟར་མངའ་གསོལ་ལོ༔ འདོད་འཇོའི་གཏེར་དུ་མངའ་གསོལ་ལོ༔ དགྲ་ཡི་གཤེད་དུ་མངའ་གསོལ་ལོ༔ བགེགས་ཀྱི་གཉེན་པོར་མངའ་གསོལ་ལོ༔ དེ་ལྟར་མངའ་གསོལ་བྱས་པའི་མཐུས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོངས༔ དཔལ་དང་ཡོན་ཏན་བཀྲ་ཤིས་དགེ༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ བསྒྲུབ་དུས་ལྷ་ཡི་རྒྱན་ཆའི་ཚོགས༔ རིམ་པར་དྲན་ནས་མངའ་གསོལ་ན༔ མི་དེའི་སྲུང་མར་ངེས་པར་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་འཇིགས་མེད་བློ་གྲོས་དང་བསོད་ནམས་བཀྲ་ཤིས་བློ་རྡོར་རྣམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།}} |
| བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༠༠༔ ལྷ་ཆེན་གཙུག་ན་ཟླ་བ་ཉིད༔ སྒྲུབ་པའི་སྐྱེས་བུ་གང་དག་གིས༔ བསྐང་གསོལ་བྱེད་པའི་ཐབས་ཟབ་མོ༔ རི་རབ་བང་རིམ་གསུམ་ལྡན་གྱི༔ སྟེང་དུ་གཏོར་མ་ནོར་བུའི་དབྱིབས༔ དེ་ལ་དར་ཟབ་ཚོགས་ཀྱིས་བརྒྱན༔ བང་རིམ་དང་པོར་བཤོས་ཕྲན་བརྒྱད༔ གཉིས་པར་གཏོར་ཆུང་བཅུ་གཉིས་དང་༔ གསུམ་པར་གཟུགས་འགྲོས་སྣ་ཚོགས་བཀོད༔ དེ་མཐར་འབྲུ་སྨན་ཕྱེ་མར་དང་༔ དཀར་སྐྱེམས་དམར་སྐྱེམས་གསེར་སྐྱེམས་དང་༔ གཅན་གཟན་ལྤགས་དང་མདའ་དར་སོགས༔ མདོར་ན་འབྱོར་ཚོགས་ཅི་རིགས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་བདུན་བརྗོད༔ དེ་ནས་བསྐང་གསོལ་བྱ་བ་ནི༔ ཧཱུྃ༔ ང་ནི་མ་སྐྱེས་ཡེ་རྫོགས་ལྷ༔ བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ཡེ་ཡིན་མངོན་གྱུར་ཤེས་རབ་ཀྱིས༔ འཁོར་འདས་ཡོངས་ལ་མངའ་དབང་བྱེད༔ ཀུན་གཞི་ཀུན་སྣང་བཀོད་པ་ཡི༔ འཁོར་བའི་དབང་ཕྱུག་ལྷ་ཆེན་པོ༔ ཁྱོད་ཀྱི་འཕྲུལ་ཉིད་འདོད་པའི་རྒྱལ༔ ཡིད་ཀྱི་དབང་ཕྱུག་ཚོགས་ཀྱི་བདག༔ ཡེ་ནས་འབྲལ་མེད་ལྷན་སྐྱེས་ལྷ༔ གང་གིས་བསྒྲུབ་བྱ་སྒྲུབ་བྱེད་ལས༔ འདས་ཀྱང་ཡུལ་ལ་མངོན་ཞེན་པའི༔ དབང་གྱུར་རང་སྣང་ཕྱིར་བཟུང་བརྟས༔ སེམས་སྣང་རང་དབང་མ་གྱུར་པའི༔ རྐྱེན་གྱིས་འཆིང་བ་ངང་གྲོལ་ཕྱིར༔ རང་གི་སྒྲུབ་པར་རང་གིས་བྱས༔ ཚུར་བྱོན་ཚུར་བྱོན་ལྷན་སྐྱེས་ལྷ༔ མིང་དང་དངོས་པོ་བཟང་དང་ངན༔ ཕན་གནོད་རེ་དོགས་བདེ་དང་སྡུག༔ གང་ཤར་གང་སྣང་ཁྱོད་ཀྱིས་འཕྲུལ༔ གང་ནས་བོས་ཀྱང་ཁྱོད་ཀྱི་མིང་༔ རྟག་ཏུ་དིར་དིར་ཚིག་གིས་འབོད༔ དུང་དུང་བློ་དང་ཡིད་ཀྱིས་སེམས༔ ཁྱོད་ཀྱི་སྒྲུབ་པ་མ་ལགས་སམ༔ སྔོན་ཆད་མངོན་དུ་མ་གྱུར་པ༔ ད་ནི་མངོན་དུ་འགྱུར་བར་མཛོད༔ འཁོར་བ་ལུགས་སུ་ལྡོག་བྱས་ཚེ༔ སྐལ་ངན་གདོད་མའི་གཞི་རུ་ཤིག༔ ཁྱབ་བདག་དབང་ཕྱུག་ཉིད་དུ་གཤེགས༔ བདག་རྟོག་གཞི་རུ་མ་ཞིག་པར༔ རང་གཞན་སྣང་སེམས་དབང་དུ་སྡུས༔ ཐམས་ཅད་ང་ཡི་དབང་དུ་བསྒྱུར༔ ཧཱུྃ་ཧྲཱིཿདད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་སྤྱན་འདྲེན་གཤེགས༔ འདོད་པའི་རྒྱལ་པོ་གཤེགས་སུ་གསོལ༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ བཙུན་མོ་ཨུ་མ་གཤེགས་སུ་གསོལ༔ སྤྲུལ་པའི་ལྷ་མོ་རྣམ་བཞི་བྱོན༔ བཀའ་སྡོད་དཔལ་མགོན་བདུན་ཅུ་བྱོན༔ འཁོར་འབངས་སྣང་སྲིད་དྲེགས་ཚོགས་བྱོན༔ ལྷན་སྐྱེས་བདེ་ཆེན་གདན་ལ་བཞུགས༔ ཛཿཧཱུཾ་བཾ་ཧོཿཧྲཱིཿབདག་རྟོག་མ་ཏྲཾ་ག་རཱུ་ཏྲ༔ འབྱུང་བ་ལྔ་ཡི་ལུས་བཟུང་ནས༔ སྐྱེ་བ་རྣམ་བཞིའི་རྣམ་འགྱུར་ངོམས༔ སྐྱེ་མཆེད་བཅུ་གཉིས་ས་ལམ་བྱེད༔ འདོད་ཡོན་ལྔ་ཡི་འཕྲུལ་ལ་དགའ༔ བདེ་སྡུག་བར་གསུམ་གཞན་དུ་འཕྲུལ༔ འདི་དག་ང་དང་ཁྱོད་ཀྱི་དབང་༔ གཟུགས་ཀྱི་གཟུགས་མཆོག་རྒྱང་ཞགས་དབང་༔ བསྐང་བའི་རྫས་མཆོག་བླ་ན་མེད༔ སྒྲ་ཡི་མཆོག་གྱུར་སྒྲ་འཛིན་དབང་༔ བསྐང་བའི་རྫས༴དྲི་ཡི་མཆོག་གྱུར་དྲི་འཛིན་མཁན༔ བསྐང་བའི་རྫས༴རོ་ཡི་མཆོག་གྱུར་རོ་ཡི་དབང་༔ བསྐང་བའི་རྫས༴རེག་བྱའི་མཆོག་གྱུར་རེག་ཤེས་དབང་༔ བསྐང་བའི་རྫས༴ཆོས་ཀྱི་དབང་ཕྱུག་ཆོ་འཕྲུལ་བདག༔ བསྐང་བའི་རྫས་མཆོག་བླ་ན་མེད༔ མི་ཟད་ནམ་མཁའི་གཏེར་ཆེན་འདིས༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ འདོད་པའི་རྒྱལ་པོའི༴ཚོགས་ཀྱི་བདག་པོའི༴འཁོར་དང་བཅས་པའི༴ཤ་ཡི་མཆོག་གྱུར་འབྱུང་ཆེན་ས༔ བདག་རྟོག་རཱུ་ཏྲའི་ཤ་རུ་གྲུབ༔ བསྐང་བའི་རྫས་མཆོག་བླ་ན་མེད༔ ཁྲག་གི་ཁྲག་ཆེན་འབྱུང་བ་ཆུ༔ བདག་རྟོག་རཱུ་ཏྲའི་རྩ་རུ་རྒྱུ༔ བསྐང་བའི་རྫས༴དྲོད་ཀྱི་མཆོག་གྱུར་འབྱུང་བ་མེ༔ བདག་རྟོག་རཱུ་ཏྲའི་བཞིན་དུ་འབར༔ བསྐང་བའི་རྫས༴དབུགས་ཀྱི་མཆོག་གྱུར་འབྱུང་ཆེན་རླུང་༔ རཱུ་ཏྲ་ནག་པོའི་ཁོང་ནས་རྒྱུ༔ བསྐང་བའི་རྫས་མཆོག་བླ་ན་མེད༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ འདོད་པའི་རྒྱལ་པོའི༴ཚོགས་ཀྱི་བདག་པོའི༴འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཧཱུྃ༔ ཡང་ཅིག་ཐུགས་དམ་བསྐང་བ་ནི༔ སྲིད་པ་སྣོད་ལ་མ་བརྟེན་མེད༔ སྣོད་ཀྱི་འཇིག་རྟེན་ང་ཡི་དབང་༔ དེ་ཡང་བསྐང་བའི་རྫས་སུ་བཤམས༔ སྐྱེ་འགྲོ་སེམས་ལ་མི་བརྟེན་མེད༔ གཡོ་བ་བཅུད་ཀྱང་ང་ཡི་དབང་༔ དེ་ཡང་བསྐང་བའི་རྫས་སུ་བཀོད༔ སྐྱེ་བ་རྣམ་བཞི་བྲོ་འཁྲབ་ཅིང་༔ སྣང་བ་སྒྱུ་མའི་འཕྲུལ་སྣང་ངོམས༔ དེ་ཡང་བསྐང་བའི་རྫས་སུ་བཀོད༔ སྐྱེ་མཆེད་བཅུ་གཉིས་གར་བསྒྱུར་ཞིང་༔ བདེ་སྡུག་བར་མའི་རྒྱང་གླུ་ལེན༔ དེ་ཡང་བསྐང་བའི་རྫས་སུ་བཀོད༔ འཁོར་བའི་འཁོར་ལོའི་རྩིབས་མ་ལ༔ དུས་གསུམ་འབྱུང་ལྡོག་མགྲོན་ཁ་བརྒྱུད༔ ཐམས་ཅད་ང་ཡི་དབང་ལས་མེད༔ བསྐང་བའི་རྫས་སུ་བཀོད་ལེགས་ཏེ༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ འདོད་པའི་རྒྱལ་པོའི༴ཚོགས་ཀྱི་བདག་པོའི༴འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཧྲཱིཿསྔོན་ཚེ་མི་གཡོའི་བསྐལ་པ་ལ༔ གཏུམ་ཆེན་མུན་པ་ཕོ་མོ་གཉིས༔ མ་སྦྱོར་ངང་གི་སྙོམས་ཞུགས་པས༔ བདེ་བའི་མེ་དྲོད་འཆང་བ་ལས༔ འཛིན་པ་ནག་པོའི་རླུང་གཅིག་གཡོས༔ འོག་གཞི་རླུང་གི་དཀྱིལ་འཁོར་གྲུབ༔ རླུང་ལ་རང་བཞིན་བརྟས་པ་ལས༔ དྭངས་གསལ་རྙོགས་བྲལ་རྒྱ་མཚོར་མངོན༔ ཆུ་ལ་མངོན་ཞེན་བརྟས་པ་ལས༔ སྲ་བརྟན་ས་ཡི་དཀྱིལ་འཁོར་གྲུབ༔ ས་ལ་མེ་མཉམ་རླུང་བརྟེན་པས༔ འབྱུང་བ་མེ་ཡི་རང་བཞིན་མཆེད༔ ཐམས་ཅད་རླུང་གི་རང་བཞིན་ཏེ༔ རླུང་གི་ངོ་བོ་ནམ་མཁའ་ཆེ༔ ནམ་མཁའི་ངོ་བོ་འཛིན་པ་རླུང་༔ རླུང་གི་དབང་པོ་དབང་ཕྱུག་ཆེ༔ དེ་ཕྱིར་ཁམས་གསུམ་ཁྱོད་ཀྱི་དབང་༔ གྲུབ་བརྒྱད་སྟེར་ཀྱང་ཁྱོད་ལ་མངའ༔ འབྱུང་ལྔའི་རང་དབང་ཁྱོད་ལ་ཡོད༔ ལོངས་སྤྱོད་དཔལ་ཀྱང་ཁྱོད་ལ་མཆིས༔ དགའ་དང་བདེ་བ་ཁྱོད་ལ་ཡོད༔ ལེགས་པའི་བློ་གྲོས་ས་ལ་བཞུགས༔ ལྡོག་ན་ཁྱོད་ཀྱི་འོག་ནས་ལྡོག༔ འདས་ན་ཁྱོད་ཀྱི་གཙུག་ན་འདའ༔ ཁྱོད་ནི་འཇིག་རྟེན་ལས་འདས་ཀྱང་༔ འཇིག་རྟེན་པ་ཡི་ཚུལ་བཟུང་ནས༔ ཁམས་གསུམ་ཡོངས་ཀྱི་ཕྱྭ་ཡང་བྱེད༔ ཕྱི་རོལ་ལྟ་བ་ལོག་པ་ལ༔ སྐྱབས་དང་མགོན་འཕྲུལ་སྟེར་བྱེད་ནས༔ རྣམ་མཁྱེན་ས་ལམ་བསྒྲོད་པ་དག༔ ཡལ་བར་དོར་ན་ཁྱོད་ཉིད་ཀྱིས༔ ཐུགས་བསྐྱེད་དམ་བཅའ་འདོར་རམ་ཅི༔ དབང་ཕྱུག་ཐོབ་པ་དོན་རེ་ཆུང་༔ མ་གཡེལ་མ་འགྱངས་དམ་ལ་འདུས༔ ང་དང་ཁྱོད་ཉིད་མི་འབྲལ་ཞིང་༔ དབྱེར་མེད་སྐྱོང་བའི་དམ་བཅའ་བཟུང་༔ བསྒྲུབ་བསྙེན་གསོལ་མཆོད་ང་ཡིས་བྱེད༔ ཕྲིན་ལས་རབ་འབྱམས་ཁྱོད་ཀྱིས་སྒྲུབས༔ མནའ་ཐོ་ཡིན་ནོ་མནའ་མ་ཟ༔ དམ་བཅའ་ཡིན་ནོ་དམ་མ་ཉམས༔ ཁྱོད་ཉིད་ཁམས་གསུམ་དབང་ཕྱུག་གི༔ གོ་འཕང་ཐོབ་པ་དོན་མ་ཆུང་༔ རྣམ་མཁྱེན་འདོད་པའི་སྐྱེ་འགྲོ་ཡི༔ བློ་སྣ་དམ་པའི་ཆོས་ལ་དྲོངས༔ བློ་ཕུག་གཏན་བདེའི་ས་རུ་ཟུངས༔ བསྟན་སྲུང་རྒྱལ་པོ་དབང་ཕྱུག་ཆེ༔ མི་འབྲལ་གྲོགས་སུ་འགྲོགས་པའི་ཕྱིར༔ དོ་ནུབ་ཐུགས་དམ་གཉན་པོ་བསྐང་༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ དར་དམར་གཡབ་དར་ཐུགས་དམ་བསྐང་༔ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ བླ་རྡོ་སྲོག་འཁོར་ཐུགས༴བཟའ་བའི་དམ་རྫས༴ཞལ་ཟས་སྣ་ཚོགས༴བཏུང་བའི་དམ་རྫས༴བདུད་རྩི་སྐྱེམས་ཀྱིས༴མཐུན་པའི་དམ་རྫས༴བྱ་ཁྱུང་ག་རུས༴དགྱེས་པའི་དམ་རྫས༴མྱོང་གྲོལ་སྨན་གྱིས༴མཉེས་བྱེད་དམ་རྫས༴དམར་གྱི་གཏོར་མས༴དཔའ་སྐྱེམས་དམ་རྫས༴རཀྟ་ཁྲག་སྣས༴རྟག་ཏུ་མི་འབྲལ་འགྲོགས་པའི༴གཏའ་གཏོར་ཆེན་པོས༴རྒྱུན་དུ་ཕྲིན་ལས་བཅོལ་བའི༴རྒྱུན་གྱི་གཏོར་མས༴ལོངས་སྤྱོད་ཆར་ལྟར་འབེབས་པའི༴ཞལ་ཟས་ཚོགས་ཀྱིས༴ཕྲིན་ལས་ཐོགས་མེད་བསྒྲུབ་པའི༴བ་ལིཾ་གཏོར་མས༴དགོས་འདོད་རེ་བ་སྐོང་བའི་ཕྱིར༔ གཟུགས་འགྲོས་སྣ་ཚོགས་ཐུགས་དམ་བསྐང་༔ ཟས་ནོར་ཆར་ལྟར་འབེབས་པའི་ཕྱིར༔ ཟས་སྣ་དར་གོས་ཚོགས་ཀྱིས་བསྐང་༔ བཙན་དར་དཔལ་རྩལ་བསྐྱེད་པའི་ཕྱིར༔ གཅན་གཟན་སྣ་ཚོགས་པགས་པས་བསྐང་༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ དབང་གི་རྫས་མཆོག་ཚོགས་ཀྱིས་བསྐང་༔ ནོར་གྱི་དངོས་གྲུབ་འདུ་བའི་ཕྱིར༔ རིན་ཆེན་སྣ་ཚོགས་ཐུགས་དམ་བསྐང་༔ དབང་ཐང་རིགས་བརྒྱུད་སྤེལ་བའི་ཕྱིར༔ མདའ་དར་མཛེས་ལྡན་ཐུགས་དམ་བསྐང་༔ ལྟ་ལོག་བདུད་སྡེ་བཅོམ་པའི་ཕྱིར༔ གནམ་ལྕགས་འཁོར་ལོས་ཐུགས་དམ་བསྐང་༔ དུས་འཁྲུགས་མཚོན་བསྐལ་ཟློག་པའི་ཕྱིར༔ གོ་ཁྲབ་མཚོན་ཆའི་ཚོགས་ཀྱིས་བསྐང་༔ ནད་མུག་བསྐལ་པ་བཟློག་པའི་ཕྱིར༔ སྨན་དང་འདོད་འབྱུང་ནོར་བུས་བསྐང་༔ གནས་དང་ཡུལ་ཁམས་བདེ་ལྡན་ཕྱིར༔ རི་རབ་ལྷུན་པོས་ཐུགས༴ཟབ་ཆོས་བསྟན་པ་རྒྱས་པའི་ཕྱིར༔ རྒྱལ་སྲིད་སྣ་བདུན་ཐུགས༴བརྒྱུད་འཛིན་བུ་སློབ་འཕེལ་བའི་ཕྱིར༔ བཀྲ་ཤིས་རྫས་བརྒྱད་ཐུགས༴བཤད་དང་སྒྲུབ་བསྟན་དར་རྒྱས་ཕྱིར༔ བཀྲ་ཤིས་རྟགས་བརྒྱད་ཐུགས༴བསྟན་པ་མི་ནུབ་དར་རྒྱས་ཕྱིར༔ མེ་ཏོག་སྣ་ཚོགས་ཐུགས༴དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར༔ ཐུན་དང་ཟོར་གྱིས་ཐུགས༴འདོད་རྒུའི་དཔལ་ཡོན་ཕུན་ཚོགས་ཕྱིར༔ ཡོ་བྱད་དཀོར་ནོར་ཚོགས་ཀྱིས་བསྐང་༔ ཧཱུྃ་ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་ཆེ༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ དགའ་དང་བདེ་བས་རྒྱས་འདེབས་མ༔ ཨུ་མ་དཱེ་ཝིའི་ཐུགས་དམ་བསྐང་༔ ལྕགས་ཀྱུ་པདྨས་ཁམས་གསུམ་འགུགས༔ འགུགས་བྱེད་དམར་མོའི་ཐུགས༴ཞགས་པ་པདྨས་རེག་ཚད་འཆིང་༔ འཆིང་བྱེད་དམར་མོའི་ཐུགས༴ལྕགས་སྒྲོག་པདྨས་རེག་ཚད་སྡོམ༔ སྡོམ་བྱེད་དམར་མོའི་ཐུགས༴དྲིལ་བུ་པདྨས་རེག་ཚད་མྱོས༔ མྱོས་བྱེད་དམར་མོའི་ཐུགས༴འདོད་པའི་ཁམས་ལ་མངའ་དབང་མཛད༔ འདོད་པའི་རྒྱལ་པོའི་ཐུགས༴སྣང་ཞིང་སྲིད་པ་དབང་བསྒྱུར་དཔལ༔ ཚོགས་བདག་འཁོར་བཅས་ཐུགས༴གཉིས་མེད་རོལ་པའི་བཀའ་སྡོད་པ༔ དཔལ་མགོན་བདུན་ཅུའི་ཐུགས༴འཇིག་རྟེན་དྲེགས་པར་དབང་བྱེད་པའི༔ སྣང་སྲིད་དྲེགས་ཚོགས་ཐུགས༴སྐུ་གསུང་ཐུགས་ཀྱི་བཀོད་པའི་དཔལ༔ ཁམས་གསུམ་འཁོར་གྱི་ཐུགས༴ཚོགས་བརྒྱད་རོལ་པའི་གར་བསྒྱུར་བ༔ ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ འདོད་རྒྱལ་ཚོགས་ཀྱི་བདག་པོ་དགོངས༔ ཡུམ་མཆོག་ཨུ་མ་དཱེ་ཝི་དང་༔ སྤྲུལ་པའི་ལྷ་མོ་རྣམ་བཞི་དགོངས༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉ་བྲན༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་གིས་མ་རིག་མ་ཚོར་བས༔ སྒྲུབ་པ་གཡེལ་ཞིང་ལྷ་མ་གསལ༔ སྔགས་བཟླས་མ་དག་དམ་བཅའ་རལ༔ ཁྱོད་ཀྱི་ཐུགས་དང་འགལ་བ་བཤགས༔ ལོངས་སྤྱོད་ཆུང་ཞིང་འབྱོར་ཉམས་པས༔ སྒྲུབ་རྟེན་མཆོད་དང་བསྐང་བའི་རྫས༔ མ་འབྱོར་མ་རྙེད་མ་ཚང་བ༔ མཐོལ་ལོ་བཤགས་སོ་བསྐང་ལགས་སོ༔ དགྱེས་པར་དགོངས་ལ་བརྩེ་བར་མཛོད༔ ངས་ནི་རྟག་ཏུ་ཁྱོད་བརྟེན་མཆོད༔ ཁྱོད་དང་བདག་གཉིས་དབྱེར་མེད་དུ༔ འགོ་ཞིང་སྲུང་སྐྱོབས་ཕྲིན་ལས་སྒྲུབས༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ དམ་ཚིག་ཡིན་ནོ་མ་འདའ་ཞིག༔ ལོངས་སྤྱོད་གཏེར་དང་འབྱོར་ལྡན་ནོར༔ དབང་ཐང་བུ་དང་བཙན་ཕྱུག་འཕན༔ ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ༔ ངེས་ནི་དཀའ་བ་དང་བླངས་ནས༔ ལྷ་ཁྱོད་བསྒྲུབ་བརྟེན་མཆོད་གསོལ་བརྩོན༔ ཁྱེད་ཀྱང་མ་གཡེལ་མ་འགྱང་བར༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ ཕྱི་དགྲ་མཐའ་དམག་གཡུལ་འགྱེད་དང་༔ ལྟ་ལོག་མུ་སྟེགས་ཀླ་ཀློའི་སྡེ༔ ནང་དགྲ་འཁྲུགས་རྩོད་དགྲ་ཇག་ཚོགས༔ མིང་གི་ལྷག་ཙམ་མ་ལུས་པར༔ མེ་སྟག་ཆུ་ཡིས་བསད་བཞིན་རློག༔ ནད་རིམས་ཡམས་ནད་གོད་ཁ་དང་༔ བཙའ་སད་སེར་གསུམ་མུ་གེའི་ཚོགས༔ མ་ལུས་བསད་ཅིང་བཟློག་པར་མཛོད༔ སྲིད་ན་ཁྱོད་ལས་དབང་ཆེ་མེད༔ ང་ཡི་ཡིད་ལ་འདོད་དོན་ཀུན༔ མ་ལུས་འགྲུབ་པའི་ཕྲིན་ལས་མཛོད༔ དེ་ལྟར་རྟག་ཏུ་བརྩོན་གྱུར་ན༔ དབྱེར་མེད་གྲོགས་མཛོད་ཕྲིན་ལས་བསྒྲུབ༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་སེལ༔ བཀྲ་ཤིས་དགེ་ལེགས་དཔལ་ཐོབ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་ཏུ་བཀའ་རྒྱ་བྱས་མཐར་འཇིགས་མེད་བློ་གྲོས་དབང་པོ་དང་བསོད་ནམས་བཀྲ་ཤིས་གཉིས་ཀྱིས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}}
| |
| </onlyinclude> | | </onlyinclude> |
| {{TsagliCall}} | | {{TsagliCall}} |
| <headertabs/> | | <headertabs/> |