|
|
| Line 26: |
Line 26: |
| <h1>Tibetan Text</h1> | | <h1>Tibetan Text</h1> |
| <onlyinclude> | | <onlyinclude> |
| {{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ལས་གཞུང་ཡིད་བཞིན་འཁོར་ལོ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༡༨༔ ལྷ་ཆེན་དགྱེས་པ་བསྐང་བའི་ཕྱིར༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་བཤམས༔ རཾ་ཡཾ་ཁཾ་གིས་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ སྦྱང་བ་ལ༔ རཾ༔ རཾ་ལས་ཡེ་ཤེས་མེ་བྱུང་བས༔ མ་དག་འབག་རྩོག་ཐམས་ཅད་བསྲེགས༔ ཡཾ༔ ཡཾ་ལས་བྱིན་རླབས་རླུང་བྱུང་བས༔ རྣམ་པར་རྟོག་པའི་སྒྲིབ་ཚོགས་གཏོར༔ ཁཾ༔ ཁཾ་ལས་དག་བྱེད་ཆུ་རྒྱུན་བྱུང་༔ བག་ཆགས་རྣམ་རྟོག་དྲི་མ་སྦྱངས༔ རཾ་ཡཾ་ཁཾ༔ དེ་ནས་བསྒྱུར་བ་ནི༔ ཨོཾ༔ ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས༔ སྐུ་ཡི་བྱིན་རླབས་བདུད་རྩི་དཀར༔ ཨཱཿཨཱཿལས་འོད་ཟེར་དམར་པོ་བྱུང་༔ གསུང་གི་བྱིན་རླབས་བདུད་རྩི་དམར༔ ཧཱུྃ༔ ཧཱུྃ་ལས་འོད་ཕུང་མཐིང་ནག་བྱུང་༔ ཐུགས་ཀྱི་བྱིན་རླབས་བདུད་རྩི་མཐིང་༔ མྱོང་གྲོལ་ཟག་མེད་བདུད་རྩི་རྒྱུར༔ ཨོཾཨཱཿཧཱུྃ༔ ལན་གསུམ༔ ཧཱུྃ༔ སླར་ཡང་འབྲུ་གསུམ་འོད་ཞུ་ཐིམ༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ ལོངས་སྤྱོད་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿའོག་མིན་བདེ་བ་ཆེན་པོ་ནས༔ ཁྱབ་བདག་ཀུན་ཏུ་བཟང་པོ་ལ༔ རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དག་པ་རབ་འབྱམས་མཁའ་ཀློང་ནས༔ བདེ་གཤེགས་སྤྱི་དཔལ་ཆེན་པོ་ལ༔ ཡི་དམ་རྒྱལ་བའི་ཚོགས༴ཚོགས་ཀྱི་འདུ་བར་གཤེགས༴ཆོས་ཉིད་ཆགས་བྲལ་མཁའ་ཀློང་ནས༔ ཡུམ་ཆེན་ཀུན་ཏུ་བཟང་མོ་ལ༔ འབུམ་ཕྲག་མཁའ་འགྲོའི་ཚོགས༴ཚོགས་ཀྱི་འདུ་བར་གཤེགས༴ཁམས་གསུམ་དབང་སྡུད་དཀྱིལ་འཁོར་ནས༔ ལྷ་ཆེན་མ་ཧཱ་དཱེ་ཝ་ལ༔ བཀའ་སྲུང་དྲེགས་པའི་ཚོགས༴ཚོགས་ལ་སྤྱན་འདྲེན་གཤེགས༴སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ དབང་ཕྱུག་ཚོགས་ཀྱི་བདག་པོ་ལ༔ འཇིག་རྟེན་དྲེགས་པའི་ཚོགས༴ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿརྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་ལ༔ འདོད་ཡོན་ལོངས་སྤྱོད༴དབང་ཆེན་ག་ཎ་པ་ཏི་ལ༔ འདོད་ཡོན་ལོངས་སྤྱོད༴སྣང་སྲིད་དྲེགས་པ་འཁོར་བཅས་ལ༔ འདོད་ཡོན་ལོངས་སྤྱོད༴དངོས་གྲུབ་མ་ལུས་བདག་ལ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་མ་ཧཱ་དཱེ་ཝ་ག་ཎ་ཙཀྲ་ལ་ཁཱ་ཧི༔ ཨུ་མ་དཱེ་ཝི་ག་ཎ་ཙཀྲ་ལ་ཁཱ་ཧི༔ ག་ཎ་པ་ཏི་ག་ཎ་ཙཀྲ་ལ་ཁཱ་ཧི༔ སརྦ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿརྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་༔ ལྷ་ཆེན་འཁོར་བཅས་དགོངས་སུ་གསོལ༔ བདག་ཅག་མ་རིག་དབང་གྱུར་པས༔ ལས་ཉོན་བག་ཆགས་བསམ་སྤྱོད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ དག་ཅིང་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་བསྒྲལ་བ་ནི༔ དང་པོ་འགུགས་གཞུག་མཐར༔ ཧཱུྃ༔ རྩ་གསུམ་ཆོས་སྐྱོང་དབྱིངས་ནས་བཞེངས༔ དྲག་པོ་ཆེན་པོའི་དྲག་ཤུལ་གྱིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མྱུར་དུ་ཁུག་ལ་རྡུལ་དུ་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་མ་ཡ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བསྟན་དགྲ་བསྒྲལ་བའི་གཟུགས་ཕུང་ཁམས༔ རྩ་གསུམ་ལྷ་ཡི་ཞལ་དུ་བསྟབས༔ དབང་ཕྱུག་ཆེན་པོའི་ཞལ༴ཨུ་མ་དཱེ་ཝིའི་ཞལ༴ཚོགས་ཀྱི་བདག་པོའི་ཞལ༴བཀའ་སྲུང་དྲེགས་པའི་ཞལ་དུ་བསྟབས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཤ་ཏྲུཾ་ཨ་མུ་ཀ་སརྦ་མཱ་ར་ཡ་ཁ་ཁ་ཁཱ་ཧི༔ སརྦ་དྷརྨ་པཱ་ལ་དགྲ་བགེགས་ཀྱི་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་ཕུལ་བ་ནི༔ བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ འདོད་ཡོན་ལྷག་མའི་བཤལ་ཆུ་ལོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་གནམ་ལྕགས་འབར་བའི་རྩེར༔ བཅོམ་ལྡན་སྤྱི་དཔལ་ཧེ་རུ་ཀས༔ འཁོར་འདས་སྲོག་ལ་དབང་བསྒྱུར་ཚེ༔ བཀའ་བསྒོས་དམ་བཞག་བྲན་འབངས་སྡེ༔ མ་ལུས་འདིར་གཤེགས་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབས༔ དེ་འོག་བར་གྱི་བསྐལ་པ་ལ༔ གསང་བདག་རྡོ་རྗེ་འཆང་ཆེན་གྱིས༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ བྲན་ཁས་བླངས་པའི་སྲུང་མ་རྣམས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབས༔ དེ་འོག་བསྐལ་པའི་ཐ་མ་ལ༔ རྒྱ་བལ་བོད་ཀྱི་གནས་ཡུལ་དུ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བྱིན་རླབས་པའི༔ བཀའ་སྲུང་དམ་ཅན་ཕོ་ཉའི་ཚོགས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ སྒྲུབ་པའི་གྲོགས་མཛོད་ས་མ་ཡ༔ དེ་འོག་བསྐལ་པའི་ཡང་མཐའ་ལ༔ རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱིས༔ འཁོར་འདས་འུབ་ཆུབ་རོལ་པའི་ཚེ༔ སེམས་དང་སེམས་བྱུང་ལྷ་འདྲེ་རྣམས༔ གཉིས་མེད་རོལ་པའི་རྒྱས་བཏབ་ཚེ༔ བཀའ་སྡོད་སྟོབས་ལྡན་དྲེགས་པའི་ཚོགས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ ཟབ་ཆོས་བསྟན་པའི་མངའ་ཐང་སྤེལ༔ ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ རིག་རྩལ་རོལ་པའི་ལྷ་སྣང་བཀོད༔ སྣང་སྲིད་དཀྱིལ་འཁོར་གསུམ་དུ་བསྒྲུབ༔ རྟོག་ཚོགས་འཕྲུལ་གྱིས་དྲེགས་པ་ཅན༔ མ་ལུས་བཀའ་ཡི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ སྒྲུབ་ལ་བར་ཆད་མེད་པར་མཛོད༔ བཛྲ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བདག་རྟོག་མ་ཏྲཾ་རཱུ་ཏྲ་ལ༔ བདག་མེད་ཆོས་ཉིད་བྲོ་ཞིག་བརྡུངས༔ སྣོད་བཅུད་བརྟན་གཡོ་སྣང་བ་ལ༔ སྟོང་པ་ཉིད་ཀྱི་བྲོ་ཞིག་བརྡུངས༔ མ་རིག་ཁམས་གསུམ་འཁོར་བ་ལ༔ རིག་པ་སྐུ་གསུམ་བྲོ་རྒྱས་བཏབ༔ ལོག་ལམ་རྒྱུད་ལྔའི་འཁྲུལ་པ་ལ༔ ཐེག་པ་རིམ་དགུའི་བྲོ་རྒྱས་བཏབ༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧྲཱིཿལྷ་ཆེན་མ་ཧཱ་དཱེ་ཝ་ཡིས༔ བསོད་ནམས་ནོར་དང་དབང་ཐང་བུ༔ དབང་སྡུད་ཟིལ་གནོན་སྙན་གྲགས་ཀྱི༔ དངོས་གྲུབ་མ་ལུས་མྱུར་དུ་སྩོལ༔ རྩ་སྔགས་མཐར་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བསོད་ནམས་ཚོགས་གཉིས་ཆོས་སྐུར་བསྔོ༔ དམ་པ་སྐུ་གཉིས་ཐོབ་གྱུར་ཅིག༔ དེ་ནས་བརྟན་བཞུགས་གསོལ་བ་ལ༔ ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་ཁྱོད༔ བསྙེན་བསྒྲུབ་མཆོད་རྟེན་གནས་འདིར་བཞུགས༔ སྐད་ཅིག་མི་འབྲལ་གཏན་གྲོགས་ཀྱིས༔ བསམ་པའི་དོན་ཀུན་ཡོངས་འགྲུབ་མཛོད༔ ཏིཥྛ་བཛྲ་ས་མ་ཡ་ལྷན༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཁམས་གསུམ་སྐུ་གསུང་ཐུགས་སུ་ཆུབ༔ སྲིད་པའི་ལེགས་ཉེས་རྣམ་འགྱུར་ངོམས༔ བཀའ་སྲུང་ཡོངས་ཀྱི་སྤྲུལ་གཞིར་གནས༔ དབང་ཕྱུག་ཆེན་པོའི་བཀྲ་ཤིས་ཤོག༔ མཆོག་གསུམ་བསྟན་པ་དར་བ་དང་༔ སྐྱེ་འགྲོའི་བདེ་སྐྱིད་དཔལ་རྒྱས་ཤིང་༔ དཀར་ཕྱོགས་དབུ་འཕང་མཐོ་ཞིང་བཙན༔ བདེ་སྐྱིད་ཕུན་ཚོགས་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་བསྒྲུབ་མཆོད་ལ་བརྩོན་པས༔ ཉམས་ཆག་སྐོང་ནས་དངོས་གྲུབ་ཐོབ༔ ཕྱི་ནང་བར་ཆད་བགེགས་སྒྲོལ་ཅིང་༔ ལྷ་ཆེན་འཁོར་བཅས་བྲན་ཁོལ་འགྱུར༔ དབང་སྡུད་ཟིལ་གནོན་དང་ལྡན་ཞིང་༔ བསོད་ནམས་ལོངས་སྤྱོད་དཔལ་འབར་བསྐྱེད༔ མཐུ་དང་གྲགས་པས་ཕྱུག་པར་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ སྣོད་མིན་ལོག་ལྟའི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་མཁྱེན་རབ་དབང་པོས་ནན་དུ་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་བསྐུལ་བ་པོ་དེ་ཉིད་ཀྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} | | {{TibP|བརྡ་ཡིག་༠༠༠༠༠༠༠༡༢༨༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དབང་ཆེན་མ་ཧཱ་དཱེ་ཝའི་ཚོགས་མཆོད་བསྡུས་པ་ཀུན་བཟང་མཆོད་སྤྲིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཤ་ཆང་ལ་སོགས་བཟང་བཏུང་རིགས༔ ཅི་འབྱོར་བཤམས་ལ་དཔག་མེད་སྤེལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ འདོད་ཡོན་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར༔ སྐུ་གསུམ་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལྕམ་དྲལ་ཚོགས༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ རྩ་གསུམ་དམ་ཅན་རྒྱ་མཚོ་ཐུགས་དམ་བསྐང་༔ སྡོམ་དང་བསླབ་པ་དམ་ཚིག་ཉམས་ཆག་བཤགས༔ གཉིས་སྣང་རཱུ་ཏྲ་ཆོས་ཉིད་ཆེན་པོར་སྒྲོལ༔ ཕུང་ཁམས་སྐྱེ་མཆེད་ཚོགས་ཀྱི་འཁོར་ལོར་རོལ༔ ལྷག་སྐྱོང་ཕོ་མོ་འདིར་གཤེགས་ལྷག་ལ་རོལ༔ ཕྲིན་ལས་ཡོངས་སྒྲུབ་ཕྱི་ནང་བར་ཆད་བཟློག༔ དགེ་རྩ་འདིས་མཐུས་ཚོགས་གཉིས་རབ་རྫོགས་ཏེ༔ འབྲས་བུ་དམ་པ་སྐུ་གཉིས་ཐོབ་པར་ཤོག༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ནས༔ ཚེ་འདིར་རྣམ་པར་གྲོལ་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སློབ་བུ་བསོད་ནམས་རྣམ་པར་རྒྱལ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}} |
| </onlyinclude> | | </onlyinclude> |
| {{TsagliCall}} | | {{TsagliCall}} |
| <headertabs/> | | <headertabs/> |