TTDL-ZABTER-08-NYA-024: Difference between revisions

From Dudjom Wiki
TTDL-ZABTER-08-NYA-024
No edit summary
No edit summary
Line 26: Line 26:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་མ་ཧཱ་དཱེ་ཝའི་རྦད་པ་རྡོ་རྗེའི་ཐོགས་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༧༣༔ ལྷ་ཆེན་སྒྲུབ་པའི་སྐྱེས་བུ་ཡི༔ དད་དང་དམ་ཚིག་གནད་ལྡན་པའི༔ རྦད་ཚེ་དུས་དྲུག་འདི་བཞིན་དུ༔ ཚིག་དོན་ཡིད་ལ་དྲན་བྱས་ནས༔ གནད་འདིར་འབད་པ་ཤིན་ཏུ་གལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿདུས་གསུམ་རྒྱལ་དང་རྒྱལ་སྲས་ཚོགས༔ བདག་གི་མགོན་དང་དཔུང་ལ་དགོངས༔ དད་དང་དམ་ཚིག་དཔང་དུ་བཙུག༔ བདག་ནི་ཉམ་ཐག་སེམས་ཅན་ཏེ༔ ལྷ་སྲུང་འགྲུབ་པའི་ནུས་མེད་ཀྱང་༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་༔ དད་པ་དམ་ཚིག་གནད་བསྟུན་ནས༔ ལྷ་སྲུང་སྒྲུབ་བོ་སྒྲུབ་པར་མཛོད༔ འབོད་རྦད་བསད་དང་གསུམ་གྱི་རྟགས༔ རིམ་བཞིན་རྟགས་ཡིག་ལྟར་དུ་སྟོན༔ ཛཿསྟེང་ཕྱོགས་གཟུགས་མེད་ཁམས་ཡངས་པར༔ ཏིང་འཛིན་མི་གཡོའི་བདག་ཉིད་དཔལ༔ ལྷ་ཆེན་ཁྱབ་འཇུག་དགྲ་ལ་རྦད༔ ཁྱབ་འཇུག་དམག་དཔུང་ཆོ་ཆོ་རྒྱུག༔ གཟུགས་ཁམས་གནས་རིགས་བཅུ་བདུན་ནས༔ དགའ་བདེ་འཕྲུལ་གྱི་དབང་ཕྱུག་ཆེ༔ ལྷ་བདུད་དགའ་རབ་དགྲ་ལ་རྦད༔ ལྷ་བརྒྱད་དམག་བཅས་ཆོ་ཆོ་རྒྱུག༔ གཞན་འཕྲུལ་དབང་བྱེད་ལྷ་གནས་སུ༔ ཁམས་གསུམ་འཁོར་ལོས་སྒྱུར་བའི་རྒྱལ༔ དབང་ཕྱུག་ཆེན་པོ་དགྲ་ལ་རྦད༔ དཔལ་མགོན་དམག་བཅས་ཆོ་ཆོ་རྒྱུག༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ འདོད་པའི་ཁམས་ལ་དབང་མཛད་དཔལ༔ ཚོགས་ཀྱི་བདག་པོ་དགྲ་ལ་རྦད༔ ལྷ་མགོན་ལྷ་མོ་ཆོ་ཆོ་རྒྱུག༔ ངན་སྔགས་རྫས་སྦྱོར་རིག་སྔགས་བདག༔ དབང་ཕྱུག་ཐལ་སྐྱ་དགྲ་ལ་རྦད༔ དུར་བདག་དུར་འདྲེ་ཆོ་ཆོ་རྒྱུག༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ནས༔ དབང་ཕྱུག་ནག་པོ་དགྲ་ལ་རྦད༔ སྡེ་བརྒྱད་དམག་ཚོགས་ཆོ་ཆོ་རྒྱུག༔ འཇིགས་བྱེད་དྲག་པོའི་དཀྱིལ་འཁོར་ནས༔ མ་ཧཱ་དཱེ་ཝ་དགྲ་ལ་རྦད༔ བཀའ་སྲུང་ཆོས་སྐྱོང་ཆོ་ཆོ་རྒྱུག༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ནས༔ དྲེགས་པའི་གཙོ་བོ་དགྲ་ལ་རྦད༔ དྲག་སྔགས་ལྷ་ཚོགས་ཆོ་ཆོ་རྒྱུག༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ འཇིག་རྟེན་དབང་ཕྱུག་དགྲ་ལ་རྦད༔ མཆོད་བསྟོད་ལྷ་ཚོགས་ཆོ་ཆོ་རྒྱུག༔ དགྲ་བོ་ཕོ་མོ་བུ་ཆུང་མ༔ མཐའ་རྩ་སྐྱེ་རྒྱུད་དང་བཅས་ཀྱི༔ སྲོག་དང་དོན་སྙིང་བཅས་པ་རྣམས༔ བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན༔ ནམ་མཁའི་ཁམས་ནས་དེད་ལ་ཤོག༔ ཤོག་སྐྱ་རླུང་གིས་ཁྱེར་བ་བཞིན༔ བར་སྣང་ཁམས་ནས་དེད་ལ་ཤོག༔ ཤ་ཁྱིས་རི་དྭགས་དེད་པ་བཞིན༔ ས་གཞིའི་ཁམས་ནས་དེད་ལ་ཤོག༔ བྱི་ལས་བྱི་རོ་ཁྱེར་བ་བཞིན༔ མ་ཤོར་དམ་དུ་ཟུངས་ལ་ཤོག༔ ཁྲ་གླག་གཟན་ལ་ཁྱེར་བ་བཞིན༔ མ་ཤོར་སྤར་གྱིས་ཐོབ་ལ་ཤོག༔ རྒྱ་སྟག་མི་རོ་ཁྱེར་བ་བཞིན༔ སུ་ལ་མ་ཤོར་ཁྱེར་ལ་ཤོག༔ ལན་ཚྭ་ཆུ་ལ་བསྲེས་པ་བཞིན༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ ག་བུར་རླུང་དང་བསྲེས་པ་བཞིན༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ སྲུང་བྱེད་ལས་མཁན་དམར་ནག་གིས༔ མཐའ་ནས་བསྐོར་ལ་ཕྱིར་མ་ཤོར༔ གྲི་ནད་མུན་པའི་སྟེང་ནས་སྦུབས༔ མྱོས་ཤིང་བརྒྱལ་བའི་ཕྲིན་ལས་མཛོད༔ སྲུང་བཟློག་བྱེད་པའི་བླ་མཆོད་ཀྱི༔ ལུས་ངག་ཡིད་ཀྱི་བསམ་སྤྱོད་ཀུན༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབས༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷའི༔ བདེན་པས་སྨོས་པའི་ཚིག་དེ་དག༔ ཆུད་མི་ཟ་བར་འགྲུབ་གྱུར་ཅིག༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ཀཱ་ལ་ཧྲཱིཾཿཧྲཱིཾཿཡཿརཿཏྲིཿདུཿཙཿནཿས་མ་ཡ༔ དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ ཞེས་བར་མ་ཆད་པར་ཆུ་རྒྱུན་བཞིན་དུ་བཟླ༔ རྦད་རྟགས་མ་བྱུང་བར་དུ་བརྗོད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ལུང་ཟིན་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་ལྷ་ལུང་བདེ་ཆེན་གླིང་དུ་དག་པར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསད་པ་སྤུ་གྲིའི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༧༧༔ དེ་ནས་ཐུན་རྫས་སྣ་ཚོགས་དང་དུག་ཁྲག་རྣམས་ཀྱིས་བར་བར་དུ་བྲབ༔ མི་བསད་མཚོན་རྩེས་གཟེར་ཞིང་འདི་ལྟར་བརྗོད༔ ཛ་བྷྱོ༔ ཁམས་གསུམ་སྲོག་གི་བདག་པོ་སྟེ༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ དགྲ་བོའི་མི་ཕྱུགས་སྐྱེ་རྒྱུད་བཅས༔ མར་མེ་རླུང་གིས་བསད་བཞིན་སོད༔ སྐྱེ་འགྲོའི་དབུགས་ཀྱི་བདག་པོ་སྟེ༔ དབང་ཕྱུག་ཁྱབ་འཇུག་དུས་ལ་བབ༔ དགྲ་བོ་མི་ནོར་སྐྱེ་རྒྱུད་བཅས༔ མེ་སྟག་ཆུ་ཡིས་བསད་བཞིན་སོད༔ འདོད་ཁམས་ཡོངས་ཀྱི་མངའ་བདག་པོ༔ ཚོགས་བདག་འཁོར་བཅས་དུས་ལ་བབ༔ དགྲ་བོའི་མི་ཕྱུགས་སྐྱེ་རྒྱུད་བཅས༔ ཆུ་ཐིག་ཧུབ་ཀྱིས་བཏབ་བཞིན་སོད༔ མོ་རྒྱུད་ཡོངས་ཀྱི་སྤྲུལ་གཞི་མོ༔ ཨུ་མ་ཡང་ཁྲོས་ཁྲག་རལ་མ༔ ནག་མོ་ཁྲོས་མ་གྲངས་མེད་བཅས༔ དུས་ལ་བབ་པོ་ཕྲིན་ལས་མཛོད༔ དགྲ་ལ་ཁྲག་ནད་དལ་ཡམས་ཕོབས༔ རྩྭ་ཕུང་མེ་མཆེད་བཞིན་དུ་སོད༔ འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ སྤྲུལ་འཁོར་བཀའ་སྡོད་དུས་ལ་བབ༔ དམ་ཉམས་དགྲ་བོའི་མི་ནོར་དཀོར༔ འབྲུ་དྲུག་སེར་བས་བཅོམ་བཞིན་སོད༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ འཁོར་དང་བཅས་པའི་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ འཁོར་དང་བཅས་པའི་དུས་ལ་བབ༔ དགྲ་བོའི་མི་ནོར་ལོངས་སྤྱོད་བཅས༔ ས་མཁར་སྒྱོགས་རྡོས་བཤིག་བཞིན་རློག༔ བཙན་རྒོད་སྲོག་ལེན་དམར་པོ་ཡི༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཧུར་ཐུམ་དྲག་པོའི་ནད་ཀྱིས་སོད༔ བདུད་པོ་ཚེ་ལེན་སྲོག་བདུད་ཁྱོད༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཐོག་རྒོད་མཚོན་གྱིས་གྲི་རུ་སོད༔ ཀླུ་བདུད་འཆི་བདག་མགོ་དགུ་ཁྱོད༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མཛེ་ལྷོག་ཧྲེང་ལྐུག་ནད་ཀྱིས་སོད༔ གཞན་ཡང་དབང་ཕྱུག་ཆེན་པོ་ཡི༔ བཀའ་སྡོད་སྤྲུལ་པའི་ཆོས་སྐྱོང་དང་༔ སྡེ་བརྒྱད་སྣང་སྲིད་དྲེགས་པ་ཅན༔ མ་ལུས་འཁོར་དང་བཅས་པ་རྣམས༔ དམ་ཚིག་ཐུགས་རྗེ་དུས་ལ་བབ༔ མ་གཡེལ་མ་འགྱངས་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དགྲ་བོ་ཉིད་དང་བུ་ཆུང་མ༔ དཀོར་དང་ལོངས་སྤྱོད་ཉེ་འཁོར་བཅས༔ མཐུ་རྩལ་དྲག་པོས་སོད་ལ་ཤོག༔ སྙིང་ཁྲག་ཁ་རུ་སྐྱུགས་སུ་ཆུགས༔ རང་སྲོག་རང་གིས་གཅོད་དུ་ཆུགས༔ ཁ་ཟས་དུག་ཏུ་བསྒྱུར་ལ་སོད༔ རྦབ་གཡང་འགགས་མཚོན་གྲི་རུ་སོད༔ འཇིགས་པ་ཆེན་པོ་བརྒྱད་ལ་སོགས༔ གློ་བུར་རྐྱེན་ངན་ཐོག་ཏུ་ཕོབས༔ བསད་ཁྲག་དྲོན་མོ་ཧུབ་ཀྱིས་རོལ༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་དོང་ཁ་རུ་ཕོས༔ བླ་ཡིས་འོ་དོད་འབོད་དུ་ཆུགས༔ བླ་མཁུན་བཤུད་སྒྲ་འདོན་དུ་ཆུགས༔ ལོ་ཟླར་འགྱངས་པའི་ལོང་མེད་ཀྱིས༔ དོ་ནུབ་ཉིད་དུ་དགྲ་བོ་སོད༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ སྨོས་བཞིན་དམོད་པའི་ཚིག་དེ་དག༔ ཆུད་མི་ཟ་བར་དུས་མྱུར་དུ༔ བཀའ་སྲུང་གཉན་པོས་བསྒྲུབ་གྱུར་ཅིག༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་དྷ་ཀཱ་ལ་ཧྲཱིཾ་ཧྲཱིཾ༔ ཡཿརཿཏྲིཿདུཿཙཿནཿས་མ་ཡ༔ ཆེ་གེ་མོའི་བླ་སོད༔ སྲོག་སོད༔ དབུགས་སོད༔ མཱ་ར་ཡ་ཧུར་ཐུམ་རྦད༔ བསད་རྟགས་མ་བྱུང་བར་དུ་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བཟླའོ༔ འབོད་རྦད་བསད་གསུམ་གང་དུས་སུ༔ ལྷ་དང་ཤེས་པ་དབྱེར་མེད་ངང་༔ བསྒྲུབ་ན་རིང་པོར་ཐོགས་མ་ཡིན༔ འདི་ནི་གནད་ཀྱི་དམ་པ་ཡིན༔ རྫས་དང་ཡོ་བྱད་མཛེས་ལེགས་ཀྱང་༔ གནད་དེ་མེད་ན་ཤིན་ཏུ་བུལ༔ རྫས་དང་ཡོ་བྱད་འབྱོར་ཆུང་ཡང་༔ གནད་དེ་ལྡན་ན་མྱུར་དུ་འགྲུབ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་ཀྱིས་བགྱིས་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:47, 13 August 2024

Wylie title TTDL-ZABTER-08-NYA-024.pdf
Location bdud 'joms gling pa zab gter
Volume 8, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསད་པ་སྤུ་གྲིའི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༧༧༔ དེ་ནས་ཐུན་རྫས་སྣ་ཚོགས་དང་དུག་ཁྲག་རྣམས་ཀྱིས་བར་བར་དུ་བྲབ༔ མི་བསད་མཚོན་རྩེས་གཟེར་ཞིང་འདི་ལྟར་བརྗོད༔ ཛ་བྷྱོ༔ ཁམས་གསུམ་སྲོག་གི་བདག་པོ་སྟེ༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ དགྲ་བོའི་མི་ཕྱུགས་སྐྱེ་རྒྱུད་བཅས༔ མར་མེ་རླུང་གིས་བསད་བཞིན་སོད༔ སྐྱེ་འགྲོའི་དབུགས་ཀྱི་བདག་པོ་སྟེ༔ དབང་ཕྱུག་ཁྱབ་འཇུག་དུས་ལ་བབ༔ དགྲ་བོ་མི་ནོར་སྐྱེ་རྒྱུད་བཅས༔ མེ་སྟག་ཆུ་ཡིས་བསད་བཞིན་སོད༔ འདོད་ཁམས་ཡོངས་ཀྱི་མངའ་བདག་པོ༔ ཚོགས་བདག་འཁོར་བཅས་དུས་ལ་བབ༔ དགྲ་བོའི་མི་ཕྱུགས་སྐྱེ་རྒྱུད་བཅས༔ ཆུ་ཐིག་ཧུབ་ཀྱིས་བཏབ་བཞིན་སོད༔ མོ་རྒྱུད་ཡོངས་ཀྱི་སྤྲུལ་གཞི་མོ༔ ཨུ་མ་ཡང་ཁྲོས་ཁྲག་རལ་མ༔ ནག་མོ་ཁྲོས་མ་གྲངས་མེད་བཅས༔ དུས་ལ་བབ་པོ་ཕྲིན་ལས་མཛོད༔ དགྲ་ལ་ཁྲག་ནད་དལ་ཡམས་ཕོབས༔ རྩྭ་ཕུང་མེ་མཆེད་བཞིན་དུ་སོད༔ འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ སྤྲུལ་འཁོར་བཀའ་སྡོད་དུས་ལ་བབ༔ དམ་ཉམས་དགྲ་བོའི་མི་ནོར་དཀོར༔ འབྲུ་དྲུག་སེར་བས་བཅོམ་བཞིན་སོད༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ འཁོར་དང་བཅས་པའི་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ འཁོར་དང་བཅས་པའི་དུས་ལ་བབ༔ དགྲ་བོའི་མི་ནོར་ལོངས་སྤྱོད་བཅས༔ ས་མཁར་སྒྱོགས་རྡོས་བཤིག་བཞིན་རློག༔ བཙན་རྒོད་སྲོག་ལེན་དམར་པོ་ཡི༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཧུར་ཐུམ་དྲག་པོའི་ནད་ཀྱིས་སོད༔ བདུད་པོ་ཚེ་ལེན་སྲོག་བདུད་ཁྱོད༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཐོག་རྒོད་མཚོན་གྱིས་གྲི་རུ་སོད༔ ཀླུ་བདུད་འཆི་བདག་མགོ་དགུ་ཁྱོད༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མཛེ་ལྷོག་ཧྲེང་ལྐུག་ནད་ཀྱིས་སོད༔ གཞན་ཡང་དབང་ཕྱུག་ཆེན་པོ་ཡི༔ བཀའ་སྡོད་སྤྲུལ་པའི་ཆོས་སྐྱོང་དང་༔ སྡེ་བརྒྱད་སྣང་སྲིད་དྲེགས་པ་ཅན༔ མ་ལུས་འཁོར་དང་བཅས་པ་རྣམས༔ དམ་ཚིག་ཐུགས་རྗེ་དུས་ལ་བབ༔ མ་གཡེལ་མ་འགྱངས་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དགྲ་བོ་ཉིད་དང་བུ་ཆུང་མ༔ དཀོར་དང་ལོངས་སྤྱོད་ཉེ་འཁོར་བཅས༔ མཐུ་རྩལ་དྲག་པོས་སོད་ལ་ཤོག༔ སྙིང་ཁྲག་ཁ་རུ་སྐྱུགས་སུ་ཆུགས༔ རང་སྲོག་རང་གིས་གཅོད་དུ་ཆུགས༔ ཁ་ཟས་དུག་ཏུ་བསྒྱུར་ལ་སོད༔ རྦབ་གཡང་འགགས་མཚོན་གྲི་རུ་སོད༔ འཇིགས་པ་ཆེན་པོ་བརྒྱད་ལ་སོགས༔ གློ་བུར་རྐྱེན་ངན་ཐོག་ཏུ་ཕོབས༔ བསད་ཁྲག་དྲོན་མོ་ཧུབ་ཀྱིས་རོལ༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་དོང་ཁ་རུ་ཕོས༔ བླ་ཡིས་འོ་དོད་འབོད་དུ་ཆུགས༔ བླ་མཁུན་བཤུད་སྒྲ་འདོན་དུ་ཆུགས༔ ལོ་ཟླར་འགྱངས་པའི་ལོང་མེད་ཀྱིས༔ དོ་ནུབ་ཉིད་དུ་དགྲ་བོ་སོད༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ སྨོས་བཞིན་དམོད་པའི་ཚིག་དེ་དག༔ ཆུད་མི་ཟ་བར་དུས་མྱུར་དུ༔ བཀའ་སྲུང་གཉན་པོས་བསྒྲུབ་གྱུར་ཅིག༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་དྷ་ཀཱ་ལ་ཧྲཱིཾ་ཧྲཱིཾ༔ ཡཿརཿཏྲིཿདུཿཙཿནཿས་མ་ཡ༔ ཆེ་གེ་མོའི་བླ་སོད༔ སྲོག་སོད༔ དབུགས་སོད༔ མཱ་ར་ཡ་ཧུར་ཐུམ་རྦད༔ བསད་རྟགས་མ་བྱུང་བར་དུ་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བཟླའོ༔ འབོད་རྦད་བསད་གསུམ་གང་དུས་སུ༔ ལྷ་དང་ཤེས་པ་དབྱེར་མེད་ངང་༔ བསྒྲུབ་ན་རིང་པོར་ཐོགས་མ་ཡིན༔ འདི་ནི་གནད་ཀྱི་དམ་པ་ཡིན༔ རྫས་དང་ཡོ་བྱད་མཛེས་ལེགས་ཀྱང་༔ གནད་དེ་མེད་ན་ཤིན་ཏུ་བུལ༔ རྫས་དང་ཡོ་བྱད་འབྱོར་ཆུང་ཡང་༔ གནད་དེ་ལྡན་ན་མྱུར་དུ་འགྲུབ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་ཀྱིས་བགྱིས་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།