TTDL-ZABTER-08-NYA-029: Difference between revisions

From Dudjom Wiki
TTDL-ZABTER-08-NYA-029
No edit summary
No edit summary
Line 26: Line 26:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་སྐོར་ལས༔ ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་བཞུགས་སོ༔
{{TibP|བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་པའི་ལས་ཀྱི་མཐར་ཐུག་ཟབ་མོ་བཞུགས་སོ༔
བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༢༢༢༔ གྲུ་གསུམ་ཁྱོན་ཡངས་བྲུབ་ཁུང་ནག་པོ་ཡི༔ ཁ་ཁྱེར་རྩང་གི་ར་བས་བསྐོར་བར་བྱ༔ དེ་ནང་དབུས་སུ་མི་ནག་ཕོ་མོ་གཉིས༔ མཐའ་བསྐོར་མི་ནག་མི་དམར་མི་དཀར་ཚོགས༔ དམག་གི་དཔུང་བཞིན་བྲུབ་དོང་འགེངས་པར་བྱས༔ དུག་ཤོག་ངོས་ལ་འདི་བྲིས་གཙོ་བོ་ལྔའི༔ དབུས་ནས་བསྟན་ལ་རྒོལ་ཞིང་འཚེ་བའི་མཐའ་མི་ཀླ་ཀློ་ལྟ་ལོག་རྫས་སྔགས་མཁན་གྱི་བླ་སྲོག་ནུས་པ་ཐམས་ཅད་སུ་ནྲྀཿཁུག་ཛཿཤར་ནས་བསྟན་ལ་རྒོལ་ཞིང་འཚེ་བའི་མཐའ་མི་སོགས༔ ལྷོ་ནས་བསྟན་ལ་རྒོལ་སོགས༔ ནུབ་ནས་བསྟན་ལ་སོགས༔ བྱང་ནས་བསྟན་ལ་སོགས༔ ཞེས་ནྲྀཿཡིག་གི་མཐའ་བསྐོར་ཏེ་བྲིས་ལ་དེ་མཐར་ཛ་ཁྲམ་གྱིས་བསྐོར༔ སྙིང་གར་གཞུག་སྟེ་དུག་དང་ཁྲག་གིས་བྱུགས༔ གདབ་པའི་ཐུན་མཚོན་སྣ་ཚོགས་བསགས་བྱས་ནས༔ གཟི་བྱིན་བསྐྱེད་ཅིང་སྔགས་ཀྱི་ངར་ཡང་བླུད༔ ཞག་བདུན་བར་དུ་བསྐུལ་རྦད་འགུགས་གཞུག་བྱས༔ མཐར་ནི་བསད་སྔགས་ཀྱིས་ཐུན་བྲབ༔ དེ་མཐར་ཕུང་གསུམ་བདུད་ཀྱི་ཉི་མ་ལ༔ ལོ་བདུད་ཕྱོགས་སུ་བྲུབ་ཁུང་བཞག་བྱས་ལ༔ རྡོ་རྗེ་ཐུན་མཚོན་དག་གིས་གདབ་ཅིང་བརླག༔ དེ་ནས་ཁྲག་སྐྱེམས་བཤམས་ལ་གཟུ་དཔང་བྱ་བ་ལ༔ ཀྱཻ༔ གསོན་ཅིག་གཟིགས་ཤིག་དགོངས་ཤིག་དཀོན་མཆོག་གསུམ༔ བྱིན་རླབས་རྩ་བ་དྲིན་ཆེན་བླ་མ་དང་༔ དངོས་གྲུབ་རྩ་བ་ཡི་དམ་རྒྱལ་བའི་ཚོགས༔ བསྙེན་སྒྲུབ་རྩ་བ་མ་དང་མཁའ་འགྲོ་དང་༔ ཕྲིན་ལས་རྩ་བ་བཀའ་སྲུང་ཆོས་སྐྱོང་བཅས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ བདུད་སྡེ་ཀླ་ཀློས་རྒྱལ་བསྟན་ཐབས་ཀྱིས་བསྣུབས༔ རྣམ་དཀར་བྱང་སེམས་མྱུ་གུ་སད་ཀྱིས་བསྐམ༔ ཐར་པའི་ཐེམ་སྐས་གནམ་ལྕགས་སྟྭ་རེས་བཅད༔ བདེ་སྟོང་ཉི་མ་སྡུག་བསྔལ་སྤྲིན་གྱིས་བསྒྲིབས༔ མི་འདོད་ཉེས་ཚོགས་ཡོ་ལངས་རླུང་ལྟར་འཚུབས༔ འདི་འདྲའི་ལས་དང་སྐལ་ངན་གྱིས་གདུང་ནས༔ བརྒྱུད་འཛིན་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ བླ་མ་དཀོན་མཆོག་གསུམ་ལ་རེ་ལྟོས་བྱ༔ ལྷ་དང་སྲུང་མ་གཉན་པོར་འོ་དོད་འབོད༔ སྐྱབས་མགོན་དཔུང་གཉེན་མཛད་པའི་དུས་ལ་བབ༔ དཀོན་མཆོག་གསུམ་གྱི་གཟུ་དང་དཔང་པོར་མཛོད༔ རྩ་གསུམ་རྒྱ་མཚོ་གཟུ་དང་དཔང་མཛད་གསོལ༔ བཀའ་སྲུང་དམ་ཅན་གཟུ་དང་དཔང་ལ་དགོངས༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་ལ་དགོངས༔ ཡུལ་ལྷ་གཞི་བདག་གཟུ་དང་དཔང་ལ་དགོངས༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཀུན༔ མ་ཉེས་རང་སར་བདེ་བར་འདུག་པ་ལ༔ དགྲ་འདྲེས་རྒོལ་བ་ངན་པས་བདེ་མ་སྟེར༔ ཡང་དག་དམ་པའི་ཆོས་ལམ་འཇུག་འདོད་ཀྱང་༔ བདུད་དང་ལོག་འདྲེན་རྒོལ་བས་བསྒྲུབ་མ་སྟེར༔ དཀོན་མཆོག་བསྟན་པའི་གངས་རི་ལྷུན་པོ་ལ༔ ཀླ་ཀློས་ལོག་སྤྱོད་དུས་མཐའི་མེ་བཞིན་སྦར༔ མཆོག་གསུམ་རྩ་གསུམ་ལྷ་ཡི་གཟུ་དཔང་མཛོད༔ བསྟན་འགྲོའི་བདེ་ལེགས་ཟླ་རྒྱས་བཞིན་བཟང་ལ༔ མཐའ་མི་བདུད་སྡེས་རྒོལ་བ་སྤྲིན་བཞིན་གཡོས༔ མུན་གླིང་ལྟ་བུར་གསལ་བའི་ཞལ་མི་མངོན༔ རྩ་གསུམ་སྲུང་མ་གཉན་པོས་གཟུ་དཔང་མཛོད༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཀུན༔ སྒོ་གསུམ་མ་ཉེས་རི་དྭགས་བཞིན་གནས་ཀྱང་༔ དགྲ་འདྲེ་ལང་བའི་ཁྱི་བྲན་ལྟ་བུར་སྡང་༔ མགོན་མེད་གཅེར་བུ་བྱང་ཐང་ལ་བོར་ལྟར༔ སྐྱབས་གནས་དཔུང་གཉེན་བྲལ་བ་ཉམ་ཐག་པ༔ ལྷ་དང་སྲུང་མ་རྣམས་ཀྱིས་མ་གཟིགས་སམ༔ བདག་སོགས་ཐུགས་རྗེས་ཡལ་བར་འདོར་སྲིད་ན༔ ཚེ་འདིར་ལྷ་སྲུང་བསྒྲུབ་པ་དོན་རེ་ཆུང་༔ དཀོན་མཆོག་རྩ་གསུམ་སྲུང་མས་གཟུ་དཔང་མཛོད༔ བསླུ་འམ་མི་བསླུ་མགོན་པོ་ཁྱེད་ཀྱིས་དགོངས༔ དམ་ཆོས་སྒྲུབ་ལ་སྙིང་པོ་མཆིས་སྲིད་ན༔ བཀའ་སྲུང་དྲེགས་པའི་དམག་དཔུང་ལས་ལ་ཁོལ༔ བསྟན་པའི་དགྲ་བོ་དོ་ནུབ་ཉིད་དུ་སོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ དགྲ་འདྲེ་གདོན་ཚོགས་མ་ལུས་ཐལ་བར་རློག༔ སྡུག་བསྔལ་ཉེར་འཚེའི་ཡོ་ལངས་བཟློག་པར་མཛོད༔ མཁྱེན་བརྩེ་ནུས་པའི་སྟོབས་དང་ཤུགས་ཕྱུངས་ཤིག༔ དཔའ་སྐྱེམས་དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཤ་ཁྲག་རུས་པའི་གཏོར་མ་འདི་འབུལ་རོལ༔ བཅོལ་བའི་ཕྲིན་ལས་མཛོད་ཅིག་ས་མ་ཡ༔ དེ་ནས་ཁྲག་སྐྱེམས་ཕྱི་ལ་དོར༔ སླར་ཡང་གསེར་སྐྱེམས་གཏོར་མ་བཤམས༔ ཀྱཻ༔ གསོན་ཅིག་དགོངས་ཤིག་དཀོན་མཆོག་རྩ་གསུམ་ལྷ༔ བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་གཞི་བདག་རྣམས༔ མ་ལུས་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ དུས་ངན་བསྐལ་པའི་མར་གཤམ་སྙིགས་དུས་འདིར༔ འགྲོ་བའི་སྡུག་བསྔལ་འདི་ཉིད་མཁྱེན་པར་གསོལ༔ ནག་ཕྱོགས་གདུག་པའི་བདུད་སྡེ་ཁ་དར་ནས༔ དཀར་ཕྱོགས་སྟོབས་ཉམས་ཕྲ་བ་མཁྱེན་པར་གསོལ༔ མཐའ་མི་དབུས་སུ་ཕྱུར་ལ་ཆས་པ་ཡིས༔ བསམ་སྦྱོར་ངན་པའི་ལས་འདི་མཁྱེན་པར་གསོལ༔ ཟོལ་མེད་དོན་གྱི་རྣལ་འབྱོར་དམ་པ་ལ༔ ཟོག་པོས་གཤེ་ཞིང་སྡང་བ་མཁྱེན་པར་གསོལ༔ ཆོས་བཞིན་སྤྱོད་པའི་སྐྱེས་བུ་དམ་པ་ལ༔ ཆོས་མིན་ལོག་ལྟས་བརྙས་པ་མཁྱེན་པར་གསོལ༔ རྒྱལ་བའི་གདུང་འཛིན་མཆེད་དང་ལྕམ་དྲལ་ལ༔ དམ་ཉམས་སེར་གཟུགས་རྨ་འབབ་མཁྱེན་པར་གསོལ༔ སྒྲུབ་པ་ལྷུར་ལེན་སྔགས་ཀྱི་སྐྱེས་བུ་ལ༔ བདུད་པོ་སྔགས་བརྫུས་འགྲན་བཙུག་འདི་མཁྱེན་གསོལ༔ ལྷ་དང་སྲུང་མ་འགྲུབ་པའི་སྔ་ཐོག་ཏུ༔ སྒབ་འདྲེས་སྔོན་རྒྱུགས་བྱེད་པ་འདི་མཁྱེན་གསོལ༔ སྒྲུབ་ཀྱང་མི་འགྲུབ་རྦད་ཀྱང་མི་མཆུན་པའི༔ དམ་ཅན་དམ་ལ་གཡེལ་བ་འདི་མཁྱེན་གསོལ༔ གསོལ་ཀྱང་ཆུད་ཟོས་མཆོད་ཀྱང་དོན་མེད་པའི༔ བཀའ་སྲུང་བཀའ་ལས་འདས་པ་འདི་མཁྱེན་གསོལ༔ ཆོས་བྱེད་ལ་འཁུ་སྡིག་སྤྱོད་སྐྱོང་བ་ཡི༔ ནག་ཕྱོགས་གཞི་བདག་འདི་རྣམས་མཁྱེན་པར་གསོལ༔ ཆོས་བྱེད་བན་བཙུན་ཆད་པས་མནར་བ་ཡི༔ སྡིག་པའི་རྗེ་དཔོན་འདི་རྣམས་མཁྱེན་པར་གསོལ༔ བསྟན་འགྲོའི་མགོན་པོ་དག་གི་རྐང་འདྲེན་པའི༔ གྲུབ་བརྫུ་བསླུ་བ་མཁན་རྣམས་མཁྱེན་པར་གསོལ༔ ཉེས་མེད་དག་གིས་དཀོར་ནོར་རྐུ་འཕྲོག་པའི༔ མི་སྲུན་སྐྱེ་བོ་འདི་དག་མཁྱེན་པར་གསོལ༔ བསྟན་གཞི་དགོན་པའི་ཆོས་ཁྲིམས་བཤིག་པ་ཡི༔ བན་སྔགས་ཆོས་དྲེད་འདི་རྣམས་མཁྱེན་པར་གསོལ༔ སྐྱེ་འགྲོའི་བསོད་ནམས་ཕྱུགས་ནོར་ལོ་ཐོག་ལ༔ སྡང་ཞིང་ཟ་བའི་འདྲེ་གདོན་འདི་མཁྱེན་གསོལ༔ བོད་ཁམས་བདེ་ལེགས་ལོངས་སྤྱོད་ཆོས་སྲིད་ལ༔ བར་ཆད་ཡོ་ལངས་གཡོ་བ་འདི་མཁྱེན་གསོལ༔ ངེད་ཅག་རྣལ་འབྱོར་མ་ཉེས་འདུག་པ་ལ༔ གཤེ་ཞིང་རྒོལ་བའི་དགྲ་འདྲེ་འདི་མཁྱེན་གསོལ༔ ཆོས་སྐྱོང་ཆོས་སྤྱོད་དཀར་པོའི་རྗེ་འབངས་ཀྱི༔ དབུ་འཕང་ཤིན་ཏུ་ཉམས་དམའ་འདི་མཁྱེན་གསོལ༔ ཡུལ་སྡེ་རྒྱལ་ཁབ་མཚོ་བཞིན་མི་འཁྲུག་པར༔ ཁྲག་ལྟར་དཀྲུགས་པའི་སྨོན་ལོག་འདི་མཁྱེན་གསོལ༔ མི་ཕྱུགས་ནད་མེད་བདེ་བར་འཚོ་བ་ལ༔ ནད་རིམས་གོད་ཡམས་འགྱེད་པ་འདི་མཁྱེན་གསོལ༔ ཕན་ཚུན་བྱམས་དང་བརྩེ་བར་གནས་པ་ལ༔ བྱེ་བྲལ་བྱེད་པའི་དབྱེན་མ་འདི་མཁྱེན་གསོལ༔ འགྲོ་ལ་ཕན་པས་བསམ་སྤྱོད་བྱེད་པ་ལ༔ བར་ཆད་བྱེད་པའི་དགྲ་བགེགས་འདི་མཁྱེན་གསོལ༔ མཁྱེན་བཞིན་དེ་དག་གང་ལ་གང་འདུལ་གྱིས༔ ཕྲིན་ལས་སྣ་ཚོགས་འགྱེད་པའི་དུས་ལ་བབ༔ སྤྲུལ་པ་སྣ་ཚོགས་འགྱེད་པའི་དུས་ལ་བབ༔ ཐབས་རྣམས་དུ་མ་སྟོན་པའི་དུས་ལ་བབ༔ ཚུལ་མིན་ལོག་པར་ལྟ་བའི་བསྟན་དགྲ་དང་༔ ཡོངས་ལ་འཚེ་བའི་མི་སྲུན་དགྲ་འདྲེ་ལ༔ བསླུ་མེད་མཆོག་གསུམ་བཀའ་ཡི་ཆད་པས་ཆོད༔ རྟེན་མཆོག་རྩ་གསུམ་བཀའ་ཆད་གཉན་པོ་ཕོབས༔ བཀའ་སྲུང་དྲེགས་ཚོགས་མངོན་སྤྱོད་དྲག་ལས་མཛོད༔ ཁྱད་པར་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ཡིས༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ནུས་བྱིན་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས༔ ལྷ་ཆེན་དབང་ཕྱུག་ཚོགས་བདག་དཔལ་མགོན་སྡེ༔ སྣང་སྲིད་སྡེ་བརྒྱད་དྲེགས་པ་ཕོ་མོའི་ཚོགས༔ མ་ལུས་བདག་གིས་དབང་དུ་སྡུས་པ་དང་༔ བྲན་དང་ལས་ཁོལ་བཅོལ་ལས་གྲུབ་མཛོད་ཅིག༔ གསེར་སྐྱེམས་ཁྲག་སྐྱེམས་ཤ་རུས་གཏོར་མ་འདི༔ ལྷ་དང་སྲུང་མར་ལས་ཀྱི་བརྔན་དུ་འབུལ༔ བཞེས་ནས་མངོན་སྤྱོད་ཕྲིན་ལས་ཐོགས་མེད་སྒྲུབས༔ ཁྱད་པར་དོ་ནུབ་ནམ་གྱི་གུང་ཐུན་ལ༔ དགྲ་བོའི་བླ་འཁྱམས་བྱིའུ་ཆུང་གཟན་རྒྱུ་ལྟར༔ ཕོ་ཉ་ཁྲ་གླག་ལྟ་བུའི་རྩལ་ཤུགས་ཀྱིས༔ གང་དུ་མ་ཤོར་སྤར་གྱིས་ཐོབ་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་དབྱེར་མེད་བསྟིམས༔ མ་གཡེལ་མ་འགྱངས་སྐད་ཅིག་ད་ལྟ་ཉིད༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ དེ་ནས་ཁྲག་སྐྱེམས་གཏོར་མ་བཤམས་ལ༔ ཧཱུྃ་ཛཿདཀོན་མཆོག་གསུམ་ལ་རྟེན་བྱ་ཞིང་༔ རྩ་གསུམ་ལྷ་ཚོགས་དཔང་དུ་བཙུག༔ བཀའ་སྲུང་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཕོ་ཉ་མངགས་པའི་དུས་ལ་བབ༔ ལས་མཁན་སྤྲུལ་པའི་དུས་ལ་བབ༔ ནམ་གྱི་སྲོད་ཀྱི་ཕོ་ཉ་སྟེ༔ དབང་ཕྱུག་ཆེན་པོའི་སྐུའི་སྤྲུལ་པ༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ མི་སྲུན་རྔམས་འཇིགས་མཐིང་ནག་འབར༔ གཅེར་བུ་ལྕེ་སྤྱང་སྔོན་མོ་ཆིབས༔ མྱུར་མགྱོགས་གློག་དམར་བཞིན་དུ་རྒྱུ༔ བླ་འགུགས་ལྕགས་ཀྱུ་གཡས་ན་ཐོགས༔ བླ་ཆིངས་རླུང་གི་ཞགས་པ་འཕེན༔ ཕོ་ཉ་བཀའ་སྡོད་རྡུལ་ལྟར་འཁྲིགས༔ མྱུར་མགྱོགས་དྲག་པོའི་སྟོབས་ཤུགས་ཀྱིས༔ དོ་ནུབ་ནམ་གྱི་སྲོད་དུ་རྒྱུག༔ བརྣག་པའི་དགྲ་བོ་ཆེ་གེ་མོའི༔ བླ་འཁྱམས་ར་ལྟར་རྒྱུ་བ་ལ༔ ཕོ་ཉ་ཁྱི་སྤྱང་བཞིན་དུ་རྒྱུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ མཐུ་དང་སྟོབས་ནུས་བརྒྱལ་ཆིངས་མཛོད༔ བླ་རྟགས་ཙི་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་ཡ་མ་རཱ་ཙ་ས་མ་ཡ༔ དགྲ་བོ་ཆེ་གེ་མོ་ཛཿཧཱུྃ་བཾ་ཧོཿདགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿབླ་འགུགས་ཅི་མང་བཟླའོ༔ ནམ་གྱི་ཕྱེད་དུ་གོང་བཞིན་དུ༔ ཧཱུྃ་ཛཿདཀོན་མཆོག་གསུམ་ལ་རྟེན་བྱ་ཞིང་༔ རྩ་གསུམ་ལྷ་ཚོགས་དཔང་ལ་བཙུག༔ བཀའ་སྲུང་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཕོ་ཉ་མངགས་པའི་དུས་ལ་བབ༔ ལས་མཁན་སྤྲུལ་པའི་དུས་ལ་བབ༔ ནམ་གྱི་གུང་གི་ཕོ་ཉ་ནི༔ དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ནི༔ བདུད་རྗེ་སྲོག་ལེན་ནག་པོ་ཆེ༔ གཅེར་བུ་ཏེ་ལོ་ཀ་མ་ཞོན༔ གཡས་ན་བླ་འགུགས་ལྕགས་ཀྱུ་དང་༔ གཡོན་ན་བླ་འཛིན་རླུང་ཞགས་བསྣམས༔ མྱུར་མགྱོགས་སྐར་མདའ་བཞིན་དུ་རྒྱུ༔ སྤྲུལ་པ་སྐྱི་སེར་བཞིན་དུ་འཚུབས༔ མྱུར་མགྱོགས་དྲག་པོའི་སྟོབས་ཤུགས་ཀྱིས༔ དོ་ནུབ་ནམ་གྱི་གུང་ལ་རྒྱུགས༔ བརྣག་པའི་དགྲ་བོ་ཆེ་གེ་མོའི༔ བླ་འཁྱམས་ཤ་ལྟར་རྒྱུ་བ་ལ༔ ལས་མཁན་འཕར་དམག་ལྟར་དུ་ཁྱེས༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ བླ་རྟགས་བཤུད་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ ནག་པོ་དུ་པ་རཱ་ཙ་ས་མ་ཡ༔ སོགས་ནམ་གྱི་ཐོ་རངས་ལའང་གོང་བཞིན་དུ༔ ཧཱུྃ་ཛཿདཀོན་མཆོག་གསུམ་ལ་རྟེན་བྱ་ཞིང་༔ རྩ་གསུམ་ལྷ་ཚོགས་དཔང་དུ་བཙུགས༔ བཀའ་སྲུང་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཕོ་ཉ་མངགས་པའི་དུས་ལ་བབ༔ ལས་མཁན་སྤྲུལ་པའི་དུས་ལ་བབ༔ ཐོ་རངས་ལས་ཀྱི་ཕོ་ཉ་ནི༔ དབང་ཕྱུག་གསུང་གི་སྤྲུལ་པ་ལས༔ བཙན་བདུད་སྲོག་ལེན་དམར་པོ་ནི༔ གཅེར་བུ་མྱུར་མགྱོགས་སྲེ་མོང་ཆིབས༔ གཡས་ན་བླ་འགུགས་ལྕགས་ཀྱུ་ཐོགས༔ གཡོན་ན་བླ་འཛིན་ཞགས་པ་ཐོགས༔ ཕོ་ཉ་བུ་ཡུག་བཞིན་དུ་འཚུབས༔ དོ་ནུབ་ནམ་གྱི་ཐོ་རངས་རྒྱུག༔ བརྣག་པའི་དགྲ་བོ་ཆེ་གེ་མོའི༔ བླ་འཁྱམས་བྱིའུ་ལྟར་རྒྱུ་བ་ལ༔ བླ་བདུད་ཁྲ་གླག་བཞིན་དུ་རྒྱུག༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ བླ་རྟགས་མཁུན་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ རུ་ཙ་ཏྲི་ཧུར་ཐུམ་ས་མ་ཡ༔ སོགས་བླ་འགུགས་གྲངས་མང་དུ་བརྗོད་དོ༔ གཞན་ཡང་དུས་ནི་གང་རུང་ལ༔ ཕྱོགས་བཞིར་ཁྲག་གི་སྐྱེམས་མཆོད་ལ༔ ཧཱུྃ༔ དབང་ཕྱུག་སྐུ་ཡི་སྤྲུལ་པ་ནི༔ སྲིད་པ་དབུས་ཀྱི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་སྟེ༔ སྲིད་པ་ཤར་གྱི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་ཐུན་དལ་ཁ་ཕོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཡོན་ཏན་སྤྲུལ་པ་སྟེ༔ སྲིད་པ་ལྷོ་ཡི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་གསུང་གི་སྤྲུལ་པ་སྟེ༔ སྲིད་པ་ནུབ་ཀྱི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་སྟེ༔ སྲིད་པ་བྱང་གི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཕོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཐུགས་རྗེའི་རང་གཟུགས་གར༔ སྲིད་པ་ཤར་ལྷོའི་མཚམས་ཀྱི་བདག༔ འགུགས་པའི་ཕོ་ཉ་གློག་ལྟར་རྒྱུ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་བྱམས་པའི་གར༔ སྲིད་པ་ལྷོ་ནུབ་མཚམས་ཀྱི་བདག༔ འཆིང་བྱེད་ཕོ་ཉ་རླུང་ལྟར་རྒྱུ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་དགའ་བའི་གར༔ སྡོམ་བྱེད་ཕོ་ཉ་ཆུ་ལྟར་འཁྲུགས༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་མངོན་སྤྱོད་གར༔ གསོད་བྱེད་ལས་མཁན་གློག་ལྟར་འཁྱུགས༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྤྲུལ་འཁོར་བཀའ་སྡོད་དྲེགས་པའི་སྡེ༔ མ་ལུས་སྐད་ཅིག་འདིར་གཤེགས་ལ༔ ཕྱི་རོལ་བདུད་སྡེ་བསྟན་དགྲའི་ཚོགས༔ ཀླ་ཀློ་མི་སྲུན་ཕི་ལིང་སྡེ༔ རྫས་སྔགས་ལོག་ལྟ་མཁན་སྡེ་འབངས༔ མ་ལུས་རི་ཤྭ་རླུང་ཁྱེར་བཞིན༔ རང་དབང་མེད་པར་དབང་བསྡུས་ལ༔ གཟུགས་ལིང་འདི་ལ་མྱུར་དུ་ཁུག༔ གཉིས་སུ་མེད་པར་བསྲེ་བསྟིམ་མཛོད༔ ལྷ་མིན་རྗེས་ཞུགས་ལུགས་སྤྱོད་པའི༔ ཆོས་མིན་ལོག་ལྟ་བདུད་ཀྱི་རིགས༔ མ་ལུས་ངར་གཟུགས་འདི་ལ་ཁུག༔ གཉིས་སུ་མེད་པར་མཉམ་དུ་སྒྲོལ༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བསྒྲལ་བའི་ལས་ཆོ་ག༔ ཨེཿཡཾཿརཾཿབཾཿལཾ༔ མདུན་དུ་ཨེཿནག་པོ་ལས་འོད་འཕྲོས་པས་འཛམ་བུའི་གླིང་གི་མཐའ་དབུས་ཐམས་ཅད་དུ་གནས་པའི་བསྟན་དགྲ་བདུད་སྡེ་ཐམས་ཅད་མཐའ་ནས་བསྡུས་ཏེ་དམིགས་པའི་རྟེན་ལ་བསྟིམ་པས་གཉིས་སུ་མེད་པར་གྱུར༔ གཞན་ཡང་སྣང་སྲིད་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་བྱེད་སྤྲུལ་པའི་ཕོ་ཉ་བསམ་ཡས་པས་ཡོངས་སུ་གང་ཞིང་ཡོངས་སུ་ཁྱབ་ནས་དགྲ་བགེགས་བསྟན་དགྲ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནམ་མཁའ་ནས་བྱིའུ་ཆུང་ཁྲ་ཡིས་དེད་པ་དང་༔ བར་སྣང་ཁམས་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་༔ ས་གཞི་ནས་ར་ལུག་སྤྱང་ཀིས་དེད་པ་བཞིན་དུ་རང་དབང་མེད་པར་བཀུག་ནས་དམིགས་པའི་རྟེན་ལ་ཐིམ་པར་བསམ༔ དེ་ནས་འགུགས་གཞུག་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བཀའ་བདེན་པ་དང་༔ ལྷ་ཆེན་དབང་ཕྱུག་ལེགས་ལྡན་ནག་པོ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་རྣམས་ཀྱི་མཐུ་སྟོབས་ནུས་རྩལ་དྲག་པོའི་བདེན་པས་བསྟན་དགྲ་ཀླ་ཀློ་མཐའ་སོགས་ཕི་ལིང་རྫས་སྔགས་ཏིང་འཛིན་མཐུ་ནུས་དང་བཅས་པ་ཐམས་ཅད་ལས་ཀྱི་ངར་མི་འདི་ལ་ཁུག་ཅིག༔ ཅེས་འགུགས་གཞུག་གྲངས་མང་བརྗོད་མཐར༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་ཐུགས་སྤྲུལ་པ༔ ཤར་ཕྱོགས་འཇིགས་བྱེད་སྦྲུལ་གྱི་གདོང་༔ རྩལ་ལྡན་སྟག་མོ་གྲུས་མ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ཤར་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ ཤར་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ཤར་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཐལ་རྡུལ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ལྷོ་ཡི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཡོན་ཏན་སྤྲུལ་པ་ལས༔ ལྷོ་ཕྱོགས་འཇིགས་བྱེད་རྟ་ཡི་གདོང་༔ རྩལ་ལྡན་སེངྒེ་དཀར་པོ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ལྷོ་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ ལྷོ་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ལྷོ་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱིས་ལྷ༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ མ་ལུས་འདིར་གཤེགས་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ནུབ་ཀྱི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་གསུང་གི་སྤྲུལ་པ་ལས༔ ནུབ་ཕྱོགས་གཡོ་འཇིགས་བྱ་རྒོད་གདོང་༔ དཔའ་རྩལ་སྟོབས་ལྡན་གཟིག་ལ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ནུབ་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ ནུབ་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པའི་དེ་ཡི་དུས་ལ་བབ༔ ནུབ་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྦུར་མ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ བྱང་གི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ བྱང་ཕྱོགས་གཡོ་འཇིགས་ཁྱི་ཡི་གདོང་༔ དཔའ་རྩལ་སྟོབས་ལྡན་དོམ་ནག་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ བྱང་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ བྱང་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ བྱང་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྐྱེད་སྤུར་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ཤར་ལྷོའི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ ཤར་ལྷོར་རབ་འཇིགས་སྡིག་པའི་གདོང་༔ མྱུར་མགྱོགས་དུང་གི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ཤར་ལྷོར་ཁྱབ་པར་རྒྱུ་ཞིང་རྒྱུག༔ ཤར་ལྷོའི་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ཤར་ལྷོའི་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཐལ་རྡུལ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ལྷོ་ནུབ་མཚམས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ ལྷོ་ནུབ་རབ་འཇིགས་ཕག་གི་གདོང་༔ མྱུར་མགྱོགས་གསེར་གྱི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ལྷོ་ནུབ་ཁྱབ་པར་རྒྱུ་ཞིང་རྒྱུག༔ ལྷོ་ནུབ་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ལྷོ་ནུབ་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ནུབ་བྱང་མཚམས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ ནུབ་བྱང་རབ་འཇིགས་ཁྱུང་གི་གདོང་༔ མྱུར་མགྱོགས་ཟངས་ཀྱི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ནུབ་བྱང་ཁྱབ་པར་རྒྱུ་ཞིང་རྒྱུག༔ ནུབ་བྱང་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ནུབ་བྱང་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྦུར་མ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ བྱང་ཤར་མཚམས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ བྱང་ཤར་རབ་འཇིགས་དྲེད་ཀྱི་གདོང་༔ མྱུར་མགྱོགས་ལྕགས་ཀྱི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ བྱང་ཤར་ཁྱབ་པར་རྒྱུ་ཞིང་རྒྱུག༔ བྱང་ཤར་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ བྱང་ཤར་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྐྱེད་སྤུར་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ སྟེང་གི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་སྐུ་ཡི་སྤྲུལ་པ་ལས༔ སྟེང་ཕྱོགས་རབ་འཇིགས་གླང་ཆེན་གདོང་༔ ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ སྟེང་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ སྟེང་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ སྟེང་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ འོག་གི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་མངོན་སྤྱོད་སྤྲུལ་པ་ལས༔ འོག་ཕྱོགས་རབ་འཇིགས་ཆུ་སྲིན་གདོང་༔ ཆིབས་སུ་ལྕགས་སྤྱང་སྔོན་མོ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ འོག་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ འོག་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ཁམས་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ འོག་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཉ་མོ་སྲམ་གྱིས་དེད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ ལུག་ཁྱུར་སྤྱང་ཀི་ཞུགས་པ་བཞིན༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ ཤ་ཁྱུ་འཕར་བས་དེད་པ་ལྟར༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ ཤ་ཁྱིས་ཝ་རྦེ་དེད་པ་བཞིན༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ ནག་པོ་བདུད་སྡེ་འབངས་དང་བཅས༔ ཀླ་ཀློ་མཐའ་མི་བསྟན་པའི་དགྲ༔ མཐའ་དམག་མི་སྲུན་རྒོལ་བའི་རིགས༔ འགོ་བའི་ལྷ་དང་རྒྱབ་བརྟེན་དཔུང་༔ མཐའ་ནས་བསྡུས་ལ་གཅིག་ཏུ་དྲིལ༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ མཐུ་རྩལ་སྟོབས་དང་ནུས་པ་ཆོམས༔ ཐར་འཆོར་མེད་པའི་བཙོན་དུ་ཟུངས༔ ལས་ཀྱི་ཕོ་ཉས་མཐའ་ནས་བསྐོར༔ གསོད་བྱེད་ཤན་པའི་ལས་མཛོད་ཅིག༔ ནད་མུག་མཚོན་ཐུན་ནུས་དབལ་ཐོབས༔ དམ་ལ་མ་འདའ་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་མ་ཡ༔ སྒོ་བཞིའི་བདུད་སྡེ་འགོང་ནག་བསྟན་དགྲ་ཐམས་ཅད་མཱ་ར་ཡ་ཁུག་ཛཿརྦད་ཛཿཐུཾ་རི་ལི་ལི་མཱ་ར་ཡ་སོད་སོད་ནན་ནན༔ ཞེས་བསྒྲལ་བ་ནས་འགུགས་བཅིང་དབྱེ་བཏུལ་ལས་བྱས་མཐར༔ ཟོར་གྱི་ལས་རིམ་བྱ་བའི་མཐར༔ བསྲེགས་པའི་ལས་རིམ་གྱིས་རྫོགས་བྱ༔ འདི་ལྟར་བསྒྲུབ་མཆོད་ལས་སྦྱོར་བཅས༔ བསྟན་གཞི་དགོན་གནས་ཐམས་ཅད་ཀྱི༔ ལོ་བཞིན་བརྩོན་ལས་བསྟན་དགྲ་སྒྲོལ༔ དེ་ཕྱིར་འདི་ལ་བརྩོན་པར་མཛོད༔ མཐའ་མི་ཀླ་ཀློའི་རྫས་སྔགས་མཐུས༔ བསྟན་གཞི་དགོན་གནས་ཐམས་ཅད་ལ༔ བབ་ལྟས་ཀུན་གྱིས་ཤེས་རྒྱུད་ལོག༔ དམ་སྡོམ་མི་བསྲུང་བླ་མར་གཤེ༔ ཁྲིམས་འཆལ་ཚོང་ཁེ་གཡོ་སྒྱུ་སྤྱོད༔ ཆོས་བྱེད་སྨད་ཅིང་སྡིག་བྱེད་བསྟོད༔ ཆོས་ཁྲིམས་བཤིག་ཅིང་ཕྲག་དོག་དང་༔ ཞེ་སྡང་ཁེ་རྒྱལ་དྲག་པ་གཅོད༔ དགེ་བཙུན་ཆོས་ལ་ཕྲག་དོག་དང་༔ ཕྱོགས་རིས་བྱེད་ཅིང་གཡུལ་འཁྲུགས་འགྱེད༔ གསོད་གཅོད་ལས་ཀྱི་དམ་པར་འཛིན༔ ཆོས་བྱེད་སྐྱེས་བུ་ཁྲིམས་ཀྱིས་མནར༔ ཆོས་མིན་བན་དྲེད་གཙོ་རུ་བསྔགས༔ ཐམས་ཅད་དེ་ཡི་རྗེས་སུ་ཞུགས༔ ཞེ་སྡང་དུག་སྦྲུལ་ལས་ཀྱང་འབར༔ འདོད་ཆགས་བྱ་སྦལ་ལས་ཀྱང་འཁྲིགས༔ ཕྲག་དོག་ཁྱི་བས་མེ་འབར་འཚུབས༔ ང་རྒྱལ་སེངྒེ་ལས་ཀྱང་དྲེགས༔ ཤེས་རྒྱུད་མ་རིག་མུན་པས་བཏུམ༔ དགོན་གནས་ཟེར་ཡང་དུག་སྦྲུལ་གྱི༔ ཁྲོད་ལྟར་ཐམས་ཅད་འཇིགས་པའི་གནས༔ དཔེར་ན་གཤེད་མ་མཐོང་བཞིན་དུ༔ གྱུར་པ་བདུད་ཀྱི་བསྟན་པ་ནི༔ དར་ཞིང་གནས་དེ་དབང་བསྒྱུར་ལྟས༔ གཞན་ཡང་ནད་མཚོན་མང་བ་དང་༔ ཆོས་བཞིན་སྤྱོད་པ་ཉུང་བ་ནི༔ མཐའ་མི་ཀླ་ཀློའི་མཐུ་ནུས་ལགས༔ དེ་དུས་ལྷ་མཆོག་འདི་མ་གཏོགས༔ གཞན་གྱིས་བཟློག་དང་བསྒྱུར་བར་དཀའ༔ ལྷ་མིན་མངའ་ཐང་རྒྱས་པའི་ཟིལ༔ སྐྱེ་འགྲོ་མི་ཡི་སྙིང་ལ་ཞུགས༔ ནག་པོའི་ལས་ཀ་དག་ལ་སྤྱོད༔ ལྷ་སྲིན་སྡེ་བརྒྱད་དེ་ལ་ཕྱོགས༔ ནག་ཕྱོགས་ལྷ་འདྲེའི་མགོ་འཕང་མཐོ༔ དཀར་ཕྱོགས་དབུ་འཕང་ཤིན་ཏུ་དམའ༔ དེ་ལྟར་སྡིག་སྤྱོད་སྐྱེས་བུ་ལ༔ བཀྲ་ཤིས་དགེ་ལེགས་ཁེ་རྒྱལ་ཐོབ༔ དེ་ཚེ་ཁམས་གསུམ་དབང་ཕྱུག་ཆེ༔ སྒྲུབ་ནས་ལས་གང་བརྩོན་བྱས་ཀྱང་༔ འདི་ནི་ཁམས་གསུམ་བདག་པོའི་ཕྱིར༔ གང་ལ་ཐོགས་མེད་བསམ་དོན་འགྲུབ༔ དེ་ཕྱིར་འདི་ལ་བརྩོན་པར་མཛོད༔ བཀའ་འདི་གནོད་སྦྱིན་དམར་ནག་ལ༔ གཏད་དོ་སྲུངས་ཤིག་ས་མ་ཡ༔ བསྟན་དགྲའི་སྲོག་གི་གཤེད་དུ་ཕོབས༔ བསྟན་འཛིན་སྐྱེས་བུའི་བསམ་དོན་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་སྤྱན་དྲངས་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}}
བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༢༥༢༔ ལྷ་ཆེན་མ་ཧཱ་དཱེ་ཝ་ཡི༔ ལས་མཐའ་ཟབ་མོའི་རིམ་པ་ལ༔ དང་པོ་བསྲེགས་པའི་ལས་མཐའ་ལ༔ དྲག་སྒྲུབ་ལིང་ག་མིང་རུས་ལ༔ བླ་རྟགས་ཐོན་ནས་ལྷ་དབྱེས་ཏེ༔ མཐར་ཡང་ཞག་གྲངས་མང་རྫོགས་ནས༔ མཚོན་ཐུན་གདབ་ལས་གྲངས་མང་མཐར༔ མི་བསད་ལྕགས་ཀྱིས་མགར་བ་ཡི༔ སྤུ་གྲིས་ཚལ་པ་དུམ་བུར་གཏུབ༔ དེ་ནས་ཁྲག་དང་དུག་གིས་སྦགས༔ མེ་དཀྱིལ་གྲུ་གསུམ་དམར་ནག་ཏུ༔ ཆོས་འབྱུང་མེ་འབར་ལྟེ་བར་ཧཱུྃ༔ བྲིས་སྟེང་དྲག་ཤིང་ཚེར་མ་ཅན༔ དུག་ཁྲག་གིས་བྱུགས་ཧོམ་དུ་བརྩིགས༔ འབུལ་རྫས་ཁྲག་སྐྱེམས་འབྲུ་ནག་པོ༔ ཉུང་ངུ་བསགས་པ་དགྲ་བོ་ཡི༔ ཤ་ཁྲག་ཉིད་དུ་བསམ་པ་གནད༔ དེ་ནས་རྟེན་དང་བརྟེན་པ་ཀུན༔ བསྐྱེད་པའི་རིམ་པ་འདི་ཀའོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ༴སྟོང་པའི་ངང་ལས་མེ་ཐབ་མི་དམིགས་པའི་ངང་ལས་མདུན་དུ་ཡི་གེ་ཧཱུྃ་ནག་པོ་ལས་འོད་འཕྲོས་པས༔ སྣང་སྲིད་ཀྱི་ཁམས་ཡོངས་སུ་འགེངས་པའི་མེ་རི་གྲུ་གསུམ་དུ་འབར་ཞིང་གཡོ་བའི་ཀློང་དུ་ཧྲཱིཿཡིག་ནག་པོ་ཡོངས་སུ་གྱུར་པ་ལས༔ ལྷ་ཆེན་དབང་ཕྱུག་ནག་པོ་མུན་པའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཏྲི་ཤུལ་རྩེ་གསུམ་དང་གཡོན་ལྕགས་ཀྱུ་བསྣམས་ནས་སྣང་སྲིད་ཁམས་ཀྱི་དགྲ་བོ་གདུག་པ་ཅན་ཐམས་ཅད་ཉ་མོ་ལྕགས་ཀྱུས་འཐེན་པ་བཞིན་དུ་ལྕགས་ཀྱུས་མདུན་དུ་བཀུག་ཅིང་ཏྲི་ཤུལ་གྱིས་དུམ་བུར་གཏུབ་ནས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བ་ལྟར་ཞལ་དུ་མྱག་མྱག་གསོལ་བ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ དེའི་ཐུགས་ཀར་ཉི་མའི་གདན་ལ་འཆི་བདག་ལས་ཀྱི་གཤིན་རྗེ༔ བདུད་རྒྱལ་སྲོག་ལེན་ནག་པོ༔ གཟའ་བདུད་དུག་གི་སྤུ་གྲི་གསུམ་གྱི་ཞལ་གདངས་ཤིང་ལྗགས་འདྲིལ་བ༔ དགྲ་བོའི་ཤ་ལ་རྔམས་ཤིང་ཁྲག་ལ་གདུང་བ༔ སྲོག་དབུགས་ལ་རྒོལ་ཞིང་སྡང་བའི་ཚུལ་དུ་ཡོད་པར་བསྒོམ༔ བསྲེག་རྫས་རྣམས་ཞལ་དུ་བསྟབས་པ་ཙམ་གྱིས་ཟས་ཀྱི་ཞར་ལ་རླུང་རྔུབ་པ་བཞིན་དུ་དགྲ་བགེགས་གནོད་བྱེད་ཐམས་ཅད་ཞལ་དུ་འུབ་ཀྱིས་བསྡུས་ཏེ་རྐང་མཐིལ་སྐྱ་ལྷག་གིས་མགོ་མཇུག་ལོག་ནས་མགྲིན་པར་རུབས་སེ་སོང་སྟེ་གཟའ་བདུད་གཤིན་རྗེར་བཅས་པའི་ཞལ་དུ་ཐིམ་པར་བྱེད་པའི་རང་བཞིན་ཅན་དུ་བསྐྱེད་དོ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿགཞན་འཕྲུལ་དབང་བྱེད་ལྷ་ཡི་གནས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ནས༔ དབང་ཕྱུག་དྲག་པོ་གཤེགས་སུ་གསོལ༔ ཁམས་གསུམ་སྲིད་པའི་གནས་ཁྱབ་བདག༔ མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ དབང་ཆེན་སྐུ་ཡི་དཀྱིལ་འཁོར་ནས༔ བདུད་རྒྱལ་སྲོག་ལེན་གཤེགས་སུ་གསོལ༔ དབང་ཆེན་གསུང་གི་དཀྱིལ་འཁོར་ནས༔ བཙན་རྒོད་འབར་བ་གཤེགས་སུ་གསོལ༔ དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡ་མ་རཱ་ཙ་གཤེགས་སུ་གསོལ༔ དམ་ཚིག་པ་དང་གཉིས་མེད་དུ༔ འབར་བ་མེ་ཡི་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་ཆེ༔ ཁམས་གསུམ་ཡོངས་ལ་མངའ་དབང་མཛད༔ སྨོན་ལམ་སྟོབས་ཀྱིས་བསྟན་པ་བསྲུང་༔ ལེགས་ཉེས་བྱེད་པོ་ཁྱོད་ཕྱག་འཚལ༔ ན་མོ་ས་མ་ཡ་ཧོཿདེ་ནས་སྐྱེམས་མཆོད་འབུལ་བ་ལ༔ ཧཱུྃ༔ དམར་ཆེན་ཁྲག་གི་སྐྱེམས་མཆོད་འདི༔ དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ བདུད་བཙན་གཤིན་རྗེའི་ཚོགས་ལ་འབུལ༔ དགྲ་བོའི་སྙིང་ཁྲག་ཧུབ་ཀྱིས་རོལ༔ མ་ཧཱ་དཱེ་ཝ་དུ་པ་ར་ཙ་ཙ་ཏྲི་ཤུ་ལ་ཡ་མ་རཱ་ཙ་ས་མ་ཡ༔ མ་ཧཱ་རཀྟ་ལ་ཁཱ་ཧཱི༔ ཞེས་དགྲ་བོའི་སྙིང་ཁྲག་དངོས་སུ་དམིགས་པ་ཉེར་གཅིག་ལས་མི་ཉུང་བར་ཕུལ༔ དེ་ནས་ཉེར་སྤྱོད་འབུལ་བ་ལ༔ ཧཱུྃ་ཧྲཱིཿདགྲ་བོ་བསྒྲལ་བའི་ཤ་ཁྲག་དང་༔ ཕུང་ཁམས་དབང་ཡུལ་སྐྱེ་མཆེད་ལས༔ བྱུང་བའི་ཉེར་སྤྱོད་འདོད་ཡོན་དང་༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་རྫས༔ ཕྱི་ནང་མཆོད་པའི་བྱེ་བྲག་ཀུན༔ དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ བདུད་བཙན་གཤིན་རྗེར་བཅས་ལ་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ལ༔ ཧཱུྃ་ཧྲཱིཿའཇིག་རྟེན་དབང་ཕྱུག་འཇིག་རྟེན་བདག༔ ལེགས་ཉེས་གར་གྱིས་རྣམ་འགྱུར་ངོམས༔ བདུད་བཙན་གཤིན་རྗེ་ལས་ལ་འགྱེད༔ ཁམས་གསུམ་སྲོག་ལ་མངའ་དབང་མཛད༔ འགྲོ་བའི་དབུགས་ལ་ལོངས་སུ་སྤྱོད༔ དབང་ཕྱུག་ལྷ་ཡི་བླ་མར་བསྟོད༔ དེ་ནས་ཤ་དུམ་དང་འབྲུ་ནག་ཚིལ་བུ་ལིང་རོ་སྤེལ་པ་ལན་བརྒྱ་དང་རྩ་བརྒྱད་ལས་མི་ཉུང་བར་འབུལ་བ་ལ༔ ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དབང་ཕྱུག་བདུད་བཙན་གཤིན་རྗེའི་ཚོགས་ཀྱི་བདེན་པས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ལིང་ག་འདི་ལ་ཁུག་ཅིག་ཛ་ཛཿདེ་ནས་བསྟབ་པ་ལ༔ ཧཱུྃ༔ གདུག་པའི་དགྲ་བོ་དམ་ཉམས་ཀྱི༔ བླ་ཚེ་སྲོག་གསུམ་བསོད་ནམས་བཅས༔ དབང་ཕྱུག་བདུད་བཙན་གཤིན་རྗེ་ཡི༔ ཞལ་དུ་བསྟབ་པོ་ལྷག་མེད་རོལ༔ ཨོཾ་མ་ཧཱ་དཱེ་ཝ་དུ་པ་ར་ཙ་ཙ་ཏྲི་ཤུ་ལ་ཡ་མ་རཱ་ཙ་ས་མ་ཡ་དགྲ་བགེགས་ཆེ་གེ་མཱ་ར་ཡ་ཁཱ་ཧི༔ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དགྲ་བོ་དངོས་སུ་གསལ་བའི་ངང་ནས་ཡང་ཡང་བསྟབས༔ དེ་ནས་གོང་ལྟར་མཆོད་འབུལ་བསྟོད༔ མཐར་ཡང་ཁྲག་སྐྱེམས་འབུལ་བ་ལ༔ ཧཱུྃ་ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ བདུད་བཙན་གཤིན་རྗེའི་རྒྱལ་པོ་ལ༔ དམར་ཆེན་ཁྲག་གི་སྐྱེམས་མཆོད་འབུལ༔ དགྲ་བོའི་སྙིང་ཁྲག་དྲོན་མོ་རོལ༔ མ་འགྱངས་མྱུར་དུ་ཧུར་ཐུམ་སོད༔ ཨོཾ་མ་ཧཱ་དཱེ་ཝ་དུཿཙཿཡཿམ་ཧཱ་རཀྟ་ཁཱ་ཧི༔ ཞེས་གོང་གི་གྲངས་དང་སྦྱར༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧོཿདྲང་སྲོང་ལྷ་ཡི་བླ་མ་མཆོག༔ བདུད་བཙན་གཤིན་རྗེའི་རྒྱལ་པོར་བཅས༔ སྲོག་འཁོར་རྟེན་གྱི་དབྱིངས་སུ་གཤེགས༔ ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབས༔ བཛྲ་མུཿདེ་ནས་བསྲེགས་པའི་ཐལ་བ་རྣམས༔ བག་ཟན་གྱིས་བསྡུས་དགྲ་གཟུགས་གཉིས༔ བྱས་པའི་སྙིང་གར་མིང་རུས་བཅུག༔ དེ་གཉིས་བྲུབ་ཁུང་ནང་དུ་འཕང་༔ སླར་ཡང་ཞག་བདུན་ཡང་ན་གསུམ༔ འགུགས་པ་ཐུན་རེར་བརྒྱ་རྩ་དང་༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ཀཱ་ལ་ས་མ་ཡ༔ དགྲ་བོ་ཆེ་གེ་ཁུག་ཛ་རྦད་ཛཿམཱ་ར་ཡ་ནན་ནན༔ ཅི་མང་བཟླས༔ དེ་ནས་མནན་པའི་ཐེམ་བྱང་ནི༔ ཤིན་ཏུ་གཉན་ཅིང་སྐྱོན་མང་བའི༔ ས་མིག་རྙེད་ན་མཆོག་ཡིན་ཏེ༔ ཡང་ན་བརྒྱ་ལམ་ཆེན་པོའི་ནང་༔ རྒྱ་གྲམ་བསྣོལ་མཚམས་བྲུབ་དོང་ནི༔ རབ་ནི་ཁྲུ་གསུམ་འབྲིང་ཁྲུ་དོ༔ ཐ་ན་ཁྲུ་གང་མཐོ་གང་ཟབ༔ འདི་ནི་གནད་ཡིན་དབྱིབས་གྲུ་གསུམ༔ བྱ་སྟེ་ཆབ་ཀྱིས་བྲན༔ དེ་ནས་དམིགས་པ་ནི༔ རང་ཉིད་དབང་ཕྱུག་ཆེན་པོའི་ཕྱག་གཡས་ཏྲི་ཤུལ་གྱིས་ས་ལ་བཏབ་པས་ས་གཞི་ཤགས་ཀྱིས་གས་པའི་ནང་དུ་མུན་པ་ནག་པོ་རབ་ཏུ་འཐིབས་པའི་ཀློང་དུ་གནམ་ལྕགས་ལས་གྲུབ་པའི་ཁང་པ་ཕྱི་ནང་རིམ་པ་དགུ་ཡི་ནང་དུ་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་སྔོ་ནག་ཁྲོ་གཏུམ་གླང་གི་གདོང་པ་ཅན་བེར་ནག་གསོལ་ཞིང་མ་ཧེ་སྔོ་ནག་གི་ཁྲི་ལ་འགྱིང་བ་གཡས་དགྲ་སྟྭས་སྐྱེ་འགྲོའི་ཚེ་རྒྱུད་དང་སྲོག་རྩ་གཅོད་པ༔ གཡོན་པས་ཁྲམ་ཤིང་དམར་ནག་བསྣམས་ནས་སྐྱེ་འགྲོ་ཁྲམ་ལ་འདེབས་པ༔ དེ་ལ་འཁོར་བདུད་པོ་ཚེ་ལེན་ནག་པོ༔ ཀླུ་བདུད་འཆི་བདག་མགོ་དགུ༔ བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ སྐྱེ་འགྲོའི་སྨིན་མ་མཚམས་ཤེད་ན༔ ལས་ཀྱི་གཤིན་རྗེ་གཤེགས་སུ་གསོལ༔ དཀར་ནག་ལས་ཀྱི་གྲངས་མཁན་པོ༔ གཤིན་རྗེའི་ཡུལ་ནས་གཤེགས་སུ་གསོལ༔ ས་འོག་ཁྲུ་གསུམ་འདས་པའི་འོག༔ ནག་པོ་ལྕགས་ཀྱི་སྐུ་མཁར་ནས༔ འཆི་བདག་གཤིན་རྗེ་གཤེགས་སུ་གསོལ༔ བདུད་པོ་སྲོག་ལེན་གཤེགས་སུ་གསོལ༔ ཀླུ་བདུད་མགོ་དགུ་གཤེགས་སུ་གསོལ༔ བསྐྱེད་པའི་ལྷ་དང་གཉིས་མེད་བཞུགས༔ དམ་ཚིག་གཉན་པོས་གུས་ཕྱག་འཚལ༔ བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ས་མ་ཡ་ཧོ༔ དེ་ནས་ཤ་ཁྲག་གཏོར་མ་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཧཱུྃ༔ གཤིན་རྗེ་ཡ་མ་རཱ་ཙ་དང་༔ བདུད་རྒྱལ་སྲོག་ལེན་ནག་པོ་དང་༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ དྲེགས་པ་སྡེ་བརྒྱད་འཁོར་བཅས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ ཡིད་སྤྲུལ་འདོད་ཡོན་མཆོད་པ་འབུལ༔ མ་གཡེལ་མ་འགྱངས་གཏད་འདི་ལོངས༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ལིང་ག་བྲུབ་དོང་དུ་འཕང་༔ དེ་ནས་ཡང་འགུགས་གཞུག་བརྒྱ་སྟོང་སོགས་བྱ༔ མཐར་འགུགས་འཆིང་སྡོམ་པའི་སྔགས་རྒྱས་བཅིངས་ཏེ༔ དུག་ཁྲག་ཐུན་བྲབ་སྟེ་གོང་གི་མནན་སྔགས་ཅུང་ཟད་བརྗོད༔ མཐར་སྟག་གཟིག་གི་མདུན་དུ་མི་བཙོན་པ་འཕང་བ་ལྟར་ཡོད་པར་བསམ་ལ༔ ཨོཾ་ཡ་མ་ར་ཙ་དུ་པ་ར་ཙ་ནཱ་ག་ར་ཙ་ས་མ་ཡ༔ དགྲ་བོ་ཆེ་གེ་ཁུག་ཛཿཆིངས་ཆིངས༔ ཧུར་ཐུམ་རྦད་ནན༔ ཅི་མང་བཟླས་མཐར་ཡང་འདི་ལྟར་བྱའོ༔ དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་གཤིན་རྗེ་ཡ་མ་ར་ཙ་ལ་གཏད་དོ༔ མ་ཤོར་མ་བཏང་༔ ཟུངས་ཤིག་ཆིངས་ཤིག་སྡོམས་ཤིག༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བཀའ་དམ་གཉན་པོ་དཔང་དུ་བཙུག་ནས་གཏད་པ་ཡིན་པས་མ་འདའ་ཞིག༔ བཛྲ་ས་མ་ཡ༔ ཡང་བརྗོད༔ དུ་ཛཿབདུད་པོ་སྲོག་ལེན་ནག་པོ་ཁྱེད་སྐྱེ་འགྲོ་ཡོངས་དང་འགྲོགས་ཤིང་ཀུན་གྱི་སྲོག་གི་གཤེད་ཆེན་ཡིན་པས་ངས་དགྲ་བོ་འདི་ཁྱོད་ལ་གཏད་དོ༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བཀའ་ཡིས་གཏད་དོ༔ དམ་ཚིག་གཉན་པོས་གཏད་དོ༔ མ་བཏང་ཞིག༔ མ་ཤོར་ཅིག༔ དགྲ་བོ་ཆེ་གེ་མོ་ཞེས་བྱ་བའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་ལོ་ཟླར་འགྱངས་སུ་མ་ཤོར༔ དུས་ད་ལྟ་ཉིད་དུ་བླ་རྐུན་གྱིས་ལ་ཚེ་སྲོག་གློ་བུར་དུ་ཆོད་ཅིག༔ བཛྲ་ས་མ་ཡ༔ ཡང་འདི་བརྗོད༔ ཧོཿསྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ༔ སྟོན་པ་ཤཱཀྱ་ཐུབ་པ༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དམ་ཚིག་གཉན་པོ་དཔང་དུ་བཙུག་ཅིང་གཏའ་རུ་བཞག་ནས་ངས་དགྲ་བོ་ཆེ་གེ་མོ་འདིའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་ཀླུ་བདུད་འཆི་བདག་མགོ་དགུ་ལ་གཏད་དོ༔ རྒྱལ་རིགས་ལ་གཏད་དོ༔ རྗེ་རིགས་ལ་གཏད་དོ༔ དམངས་རིགས་ལ་གཏད་དོ༔ བྲམ་ཟེའི་རིགས་ལ་གཏད་དོ༔ གདོལ་པ་ནག་པོ་ལ་གཏད་དོ༔ མ་བཏང་ཞིག༔ མ་ཤོར་ཅིག༔ སོད་ཅིག༔ སྒྲོལ་ཅིག༔ ནོན་ཅིག༔ ཆིངས་ཤིག༔ ཅེས་བརྗོད་ནས་སྟེང་དུ་ས་སྤར་བ་དགུ་བླུགས་ཏེ༔ དེ་ས་རིམ་དགུས་མནན་པར་བསམ༔ དེ་སྟེང་སཱཙྪ་ནག་པོ་ཞིག་གིས་མནན༔ དེ་སྟེང་གཡམ་པ་ལ་ཛ་ཁྲམ་དགུ་བྲིས་པས་མནན༔ དེ་སྟེང་གཡུང་དྲུང་བྲིས་པས་མནན༔ དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན༔ སླར་ཡང་༔ རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་ལ༔ དྲག་སྔགས་སོ་ལྔའི་ཤམ་དུ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་བརྗོད་མཐར་མནན་ནོ༔ དེ་ནས་གཏད་ཀྱི་ལས་རིམ་ལ༔ ཤིན་ཏུ་མི་བཟོད་པའི་ཉེས་པ་ཆེ་བའི་དགྲ་བྱུང་ན་ས་མིག་ཤིན་ཏུ་གཉན་པ་དག་ལ་ལིང་ག་གཏད་པར་བྱ་བ་ལ༔ གཏོར་མ་རེ་དང་ཁྲག་སྐྱེམས་རེ་འབུལ་བ་གནད་ཡིན་པས་ཤེས་པར་མཛོད༔ ས་ལ་གྲུ་གསུམ་བྲུས་པའི་ནང་དུ་ལིང་ག་བཞག་ལ༔ ཀྱཻ༔ བཀའ་སྣང་ཞིང་སྲིད་པ་འདིར་གནས་པའི༔ ལྷ་འདྲེ་ལྷ་སྲིན་མི་མ་ཡིན༔ ཟོ་དོར་གཞི་བདག་གཉན་པོ་རྣམས༔ འདིར་གཤེགས་ཤ་ཁྲག་དམར་གཏོར་བཞེས༔ གཏད་འདི་ལོངས་ལ་དམ་དུ་སྡོམ༔ བརྣག་པའི་དགྲ་བོ་མྱུར་དུ་སོད༔ སརྦ་ས་མ་ཡ་ཨེ་དཾ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ ལན་གསུམ་བརྗོད་པའི་མཐར་འདི་བརྗོད་དོ༔ ཧོཿདགོངས་སུ་གསོལ་ལོ༔ ལན་གསུམ༔ ཀྱཻ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད༔ སྣང་ཞིང་སྲིད་པའི་ལྷ་འདྲེ༔ ས་མིག་འདིར་གནས་པའི་ས་བདག་ཀླུ་གཉན་གཞི་བདག་ཟོ་དོར་གཉན་པོ་ཁྱེད་རྣམས་གསན་ཅིང་དགོངས་སུ་གསོལ༔ ཁྱེད་རྣམས་ལ་སྙན་གསན་འབུལ་བ་ལ༔ མི་ང་ཡི་ཁ་མ་ཉེས༔ ལག་མ་ཉེས༔ བསམ་སྤྱོད་མ་ཉེས༔ ཉེས་མེད་རང་སར་གནས་པ་ལ༔ དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་འདིས་ཁ་ཉེས་ཚིག་རྩུབ་ཀྱིས་བཏབ༔ ལག་ཉེས་པས་དཀོར་ནོར་ལ་བརྐུས་ཤིང་འཕྲོག༔ བསམ་སྤྱོད་ཉེས་པས་མི་འདོད་པ་ཐོག་ཏུ་བབ་པ་ཡིན་པས་བཟོད་ཐབས་ནི་མེད་ཀྱང་སྐྱབས་དང་སྐྱེལ་མ་མགོན་དང་དཔུང་གཉེན་མ་མཆིས་པས་ཉེས་གནོད་ལ་ལན་ཡ་བྱེད་པའི་ནུས་པ་མ་མཆིས་པས༔ ད་ནི་སྐྱབས་གནས་དམ་པ་དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་རྒྱ་མཚོ་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་སྐྱབས་སུ་སོང་རྟེན་བཅས་དཔང་དུ་བཙུག་ནས་ལས་ཀ་མཐུ་ལ་བརྩོན༔ ལྷ་འདྲེ་ལྷ་སྲིན་ཀླུ་གཉན་ས་བདག་གཉན་པོ་ལ་བཀའ་དམ་གཉན་པོ་གཏའ་རུ་བཞག་ནས་དགྲ་བོ་འདི་གཏད་པ་ཡིན་ཏེ་ལོངས་ཤིག༔ གཏད་པའི་ཡུལ་ནི་མིང་རུས་བཀོད་པའི་དགྲ་བོ་འདི་གཉན་དང་ས་བདག་ལ་གཏད་དོ༔ ཨོཾ་བྷུ་མི་པ་ཏི་སརྦ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ལྷ་བདུད་དཀར་པོ་ལ་གཏད་དོ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་དམར་པོ་བཙན་ལ་གཏད་དོ༔ རུཿནཱ་ག་ཙནྟྲི་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་འཆི་བདག་གཤིན་རྗེ་ལ་གཏད་དོ༔ ཡཿམ་རཱ་ཙ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་སྲོག་བདག་རྒྱལ་པོ་ལ་གཏད་དོ༔ རཿཙ་ཀིང་ཀ་ར་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་སྲིད་པའི་མ་མོ་ལ་གཏད་དོ༔ མ་བྷྱོ་ཛ་རེ་མ་ཏི་སརྦ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་མི་སྲུན་གནོད་སྦྱིན་ལ་གཏད་དོ༔ ཀཱ་ལ་ཡཀྴ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ནག་པོ་བདུད་ལ་གཏད་དོ༔ ནག་པོ་དུ་པ་ར་ཙ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ཀླུ་བདུད་འཆི་བདག་མགོ་དགུ་ལ་གཏད་དོ༔ ནཱ་ག་ར་ཙ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་དམ་ཅན་ལ་གཏད་དོ༔ བཛྲ་ས་དྷུ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་གཟའ་ལ་གཏད་དོ༔ དྷུ་རཱ་ཧུ་ལ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ཕོ་འདྲེ་ཕོ་བདུད་ལ་གཏད་དོ༔ ཕ་ཏྲི་ཀ་ལ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་མོ་འདྲེ་མོ་བདུད་ལ་གཏད་དོ༔ མ་ཏྲི་ཀ་ལི་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ ཀྱཻ༔ མིང་དང་སྔགས་ཀྱིས་གཏད་པའི་ལྷ་སྲིན་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་དགྲ་བོ་གདུག་པ་ཅན་འདི་ལོ་ཟླར་འགྱངས་སུ་མ་ཤོར༔ སྔོན་བསགས་ལས་ཀྱི་མཐའ་མ་སྒུགས༔ སྐྱེ་འཆིའི་ཚད་ཀྱི་ཁུང་མ་བཙུན༔ སྐྱེ་བའི་ཕྱི་མ་ལ་དུས་མ་སྒུགས་པར་དུས་ད་ལྟ་ཉིད་དུ་སོད་ཅིག་སྒྲོལ་ཞིག༔ སྐུ་ཡི་དམ་ཚིག༔ གསུང་གི་དམ་ཚིག༔ ཐུགས་ཀྱི་དམ་ཚིག༔ གསང་གསུམ་རྡོ་རྗེའི་དམ་ཚིག་གཉན་པོ་དཔང་དུ་ཁུར༔ ཚད་དུ་བཙུག༔ གཏའ་རུ་བཞག་ནས་གཏད་དོ༔ ལས་ལ་བཅོལ་ལོ༔ ཤན་པ་རུ་བསྐུལ་ལོ༔ ལག་དམར་དུ་རྦད་དོ༔ བཛྲ་ས་མ་ཡ༔ ཞེས་བརྗོད་ནས་ལིང་གའི་ཐོག་ཏུ་ས་སྤར་གསུམ་བླུགས༔ ཁྲག་སྐྱེམས་གཏོར་མ་མཆོད༔ སླར་ཡང་ལིང་ག་ལྕགས་ཁང་དུ་བཅུག་ནས་ཡང་གནས་གཉན་པོ་བརྒྱ་རྩ་བརྒྱད་ལ་གཏད་ཀྱང་དེ་བཞིན་བྲུབ་དོང་དུ་རྐོ་བའི་ནང་དུ་ལིང་ག་གཞག་ནས་འགུགས་གཞུག་གྲངས་མང་དང་༔ མཚན་མོ་ཡིན་ན་བླ་འགུགས་སྔགས་ཀྱང་བརྒྱ་རྩ་རེ་བརྗོད་བྱས་མཐར་གཏད༔ མཚན་གྱི་དུས་སུ་གཏད་པ་ཤིན་ཏུ་གཅེས༔ ལིང་ག་བྲུབ་དོང་ནས་ཕྱུང་ཚེ་ཤུལ་ས་ཡིས་བཀབ༔ དགྲ་བོའི་བླ་མནན་པར་བསམ་ལ་གཡམ་པར་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ གཏད་མང་རྫོགས་པའི་རྗེས་སུ་དོང་ཟབ་པ་བརྐོས་པའི་ནང་དུ་མནན་ནས་གཡམ་པ་ལ་ཛ་ཁྲམ་རྡོ་རྗེ་རྒྱ་གྲམ་བྲིས་པ་དང་༔ ཡང་གཅིག་ལ་གཡུང་དྲུང་བྲིས་པས་ཁ་བཅད་དོ༔ དེ་ནས་འཕང་བའི་ལས་རིམ་ལ༔ ལིང་ག་དགྲ་ཡི་ཕྱོགས་སུ་བཞག༔ དེ་ནས་ཟོར་འཕེན་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བཀའ་སྲུང་སྤྱི་དང་ནི༔ བྱེ་བྲག་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར༔ མ་ལུས་དམ་ཚིག་ཐུགས་དམ་དུས་ལ་བབ༔ དོ་ནུབ་ང་ཡིས་འཕེན་པའི་ཕུར་ཟོར་འདི༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་མ་ཧཱ་དཱེ་ཝ་ས་མ་ཡ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་ཕོབ་ཛ་རྦད་སོད༔ ཅེས་འཕང༔ དོ་ནུབ་ང་ཡིས་འཕེན་པའི་ཉུང་ཐུན་འདི༔ དོ་ནུབ་ང་ཡིས་འཕེན་པའི་ཁྲག་ཐུན་འདི༔ དོ་ནུབ་ང་ཡིས་འཕེན་པའི་ཟངས་ཕྱེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་ལྕགས་ཕྱེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་རྡོ་ཕྱེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་ཀེ་མཚེའི་ཟོར༔ དོ་ནུབ་ང་ཡིས་འཕེན་པའི་ཤངས་མཚེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་ཏིལ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་མཚེ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་དུག་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་མཚོན་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་མདའ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་རྡོ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་གཏོར་ཟོར་འདི༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་མ་ཧཱ་དེ་ཝ་ས་མ་ཡ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་ཕོབ་ཛཿརྦད་སོད༔ ཅེས་བརྗོད་འཕངས་དམོད་པ་བོར༔ དེ་ནས་ས་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་པ་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཐུ་སྟོབས་ཀྱིས༔ ས་ཁམས་རང་གཤེད་འབེབས་པའི་ས་ཐུན་ཟོར༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐོངས༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཅེས་ས་ཐུན་གྱི་མལ་དུ་རིམ་བཞིན་འཛུད༔ ཆུ་ཁམས་རང་གཤེད་འབེབས་པའི་ཆུ་ཐུན་ཟོར༔ མེ་ཁམས་རང་གཤེད་འབེབས་པའི་མེ་ཐུན་ཟོར༔ རླུང་ཁམས་རང་གཤེད་འབེབས་པའི་རླུང་ཐུན་ཟོར༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་པ་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཐུ་སྟོབས་ཀྱིས༔ ཐོགས་མེད་རྡོ་རྗེ་འབར་བའི་ཐོག་ཟོར་འདིས༔ དགྲ་བོའི་ཚེ་སྲོག་དོན་སྙིང་ཚལ་པར་ཐོངས༔ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློགས༔ ཨོཾ་སུམྦྷ་ནི་སུམྦྷ་སོགས་ཧཱུྃ་བཞིའི་སྔགས་བརྗོད༔ དྲག་སྔགས་སོ་ལྔའི་ཤམ་དུ༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་རྦད་སོད༔ ཅེས༔ ལྷ་ཆེན་གྱི་སྤྲུལ་པ་བཀའ་སྡོད་ལས་མཁན་དང་བཅས་པ་ནམ་མཁའི་སྐྱིན་ཐང་བཞིན་དུ་སོང་ནས༔ དགྲ་བོ་རྗེས་མེད་དུ་བརླག་པར་བསམ་ལ༔ གཏོར་མ་འཕང་ངོ་༔ དེ་མཐར་ཡང་༔ སྐད་ཅིག་གིས་དུག་རླུང་འཚུབས་མའི་ཀློང་དུ་དྲང་སྲོང་གཟའ་བདུད་ནག་པོ་རི་རབ་ཙམ་དུ་བསྒོམ་པ་ལ་ཡུལ་ནས་རང་རྒྱུད་སྤྱན་དྲངས་ལ་བསྟིམ་མོ༔ ཞེས་དགྲ་བོའི་མི་ནོར་ལོངས་སྤྱོད་ཉེ་འཁོར་དང་བཅས་པ་ཞལ་དུ་སིབ་སིབ་ཐིམ་པར་གྱུར༔ ནཱ་ག་རཀྴ་རཱ་ཧུ་ལ་དགྲ་བོའི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ ཞེས་ལིང་གའི་དུམ་བུ་བསྡུས་ཏེ་དུག་ཤིང་གི་མེ་ནང་དུ་སྔགས་དེས་བསྟབ་བོ༔ མཐར༔ དགྲ་བོའི་མཁར་ཁྱིམ་ཐམས་ཅད་གཟའ་བདུད་ཀྱིས་རུབ་ཀྱིས་རྔུབ་ནས་དབྱིངས་ལ་གཤེགས་པར་བསམ༔ ཐལ་བའི་སྟེང་དུ་རྡོ་ལེབ་ལ་རི་རབ་བྲིས་ལ་བཞག་གོ༔ ༈དེ་ནས་སྲོག་འཁོར་ལས་རིམ་ལ༔ དར་རམ་ཤོག་བུ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་ལྷ་ཆེན་སྐུ་གཟུགས་བྲིས༔ དེ་མཐར་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཛ་ཛཿལྷ་ཆེན་དབང་ཕྱུག་ཆེན་པོའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ གཟི་བྱིན་རབ་ཏུ་གནས་ཤིང་རྒྱས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ ཅེས་བྲི༔ མུ་ཁྱུད་གཉིས་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་རཏྣ་སིདྡྷི་ཧཱུྃ༔ ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿསྣང་སྲིད་ཁམས་ཀྱི་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་རཏྣ་བ་སུ་ཁ་དྷེ་སརྦ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ན་མོ་སྟུ་ཡེ༔ མ་ཧཱ་དཱེ་ཝ་ས་མ་ཡ༔ མ་ནུ་སྨ་ར་རཱུ་ཏྲ་བཱ་ཏྲ་ན་ཡེ་སྭཱ་ཧཱ༔ བ་སུ་དྷ་རི་ཡེ་སྭཱ་ཧཱ༔ བ་སུ་ཤྲཱི་ཡེ་སྭཱ་ཧཱ༔ བ་སུ་ཀྵི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས༔ དེ་མཐར་འཁོར་ལོ་རྩིབས་བརྒྱད་ལ༔ ཨཿརུཿཡཿཙཿམཿཤཿདུཿནཿབྲིས༔ རྩིབས་མཆན་ལ༔ ལྷ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཙན་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཤིན་རྗེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱལ་པོ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མོ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་སྦྱིན་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདུད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀླུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཨཿཡཿམཿདུཿརུཿཙཿཤཿནཿདགྲ་བོ་གནོད་བྱེད་ཐམས་ཅད་མཱ་ར་ཡ་རྦད་རྦད༔ མཱ་ར་ཡ་སོད་སོད༔ མཱ་ར་ཡ་ནན་ནན༔ མཱ་ར་ཡ་བྷྱོ་བྷྱོ༔ མཱ་ར་ཡ་བཟློག་བཟློག༔ དགྲ་བོའི་བླ་ལ་རྦད་སོད་ནན༔ དགྲ་བོའི་སྲོག་ལ་རྦད་སོད་ནན༔ དགྲ་བོའི་དབུགས་ལ་རྦད་སོད་ནན༔ དགྲ་བོའི་ཤ་ལ་རྦད་སོད་ནན༔ དགྲ་བོའི་ཁྲག་ལ་རྦད་སོད་ནན༔ དགྲ་བོའི་རུས་ལ་རྦད་སོད་ནན༔ དགྲ་བོའི་དཀོར་ལ་རྦད་སོད་ནན༔ དགྲ་བོའི་ནོར་ལ་རྦད་སོད་ནན༔ དགྲ་བོའི་མཁར་ལ་རྦད་སོད་ནན༔ དགྲ་བོའི་ལོངས་སྤྱོད་དཔའ་ལ་རྦད་སོད་ནན༔ ཞེས་ཡིག་མགོ་ནང་དུ་བསྟན་ལ་བྲིས༔ དེ་ནས་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲིས༔ དེ་མཐར་ལྕགས་ཀྱུ་བཞི་དང་ཞགས་པ་བཞི༔ ནོར་བུ་འཁོར་ལོ་བཞི་བཞི་བྲི་བར་བྱ༔ དེ་ལ་བཟང་པོ་དྲུག་དང་མཚལ་ལི་ཁྲི༔ བྱུག་ཅིང་མཛེས་པའི་ཚོན་གྱིས་སྦགས་པར་བྱ༔ ༈མོ་འཁོར་ལའང་དེ་བཞིན་དུ༔ མུ་ཁྱུད་རིམ་ལྔ་བསྐོར་བྱས་ནས༔ ལྟེ་བར་ཨུ་མ་དཱེ་ཝི་ནི༔ དམར་མོ་ལྕགས་ཀྱུ་ནོར་བུ་ཅན༔ གཅེར་བུ་པད་ཕྲེང་ཅན་དུ་བཀོད༔ ཐུགས་ཀར་ཧྲཱིཿཡིག་མཚལ་གྱིས་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཧྲཱིཾ་ཛཿལྷ་མོ་ཨུ་མ་དཱེ་ཝིའི་སྲོག་ཆགས་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཛཿཧཱུྃ་བཾ་ཧོ༔ སརྦ་རཏྣ་སིདྡྷི་བ་སུ་སིདྡྷི་ན་ན་ཁ་དྷེ་སིདྡྷི་བསྡུས་བསྡུས༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿའཆང་བ་པོ་ལ་འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་ཆད་མེད་པར་སྩོལ་ཅིག༔ སྣང་སྲིད་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁན་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཤར་ནས་རིམ་པར་ཕྱོགས་བཞི་རུ༔ བཾ་དཱེ་ཝི་མཾ༔ སུཾ་དཱེ་ཝི་ལཾ༔ རཾ་དཱེ་ཝི་པཾ༔ ཡཾ་དཱེ་ཝི་ཏཾ༔ མཚམས་བཞིར་ཤར་ལྷོ་ནས༔ དུཿཁ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པཱུཎྱེ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ རྩིབས་མཆན་ལ༔ མི་སྙིང་སྒུལ་སྒུལ༔ མི་ལག་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་བློ་དབང་དུ་སྒྱུར་སྒྱུར༔ མི་ནོར་བསྡུས་བསྡུས༔ མི་དབང་བསྡུས་བསྡུས༔ མི་ཟས་བསྡུས་བསྡུས༔ མི་ཕྱུག་བསྡུས་བསྡུས༔ ཀུན་གྱི་མཐའ་ལ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཏགས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་མགོ་ནང་བསྟན་ལ༔ མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཧྲཱིཾ་ཧྲཱིཾཿཛཿཧཱུྃ་བཾ་ཧོཿཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གནོད་བྱེད་ཐམས་ཅད་བརླག་པར་མཛོད་ཅིག༔ བཅོམ་པར་མཛོད་ཅིག༔ བཏུལ་བར་མཛོད་ཅིག༔ ཞི་བའི་ཕྲིན་ལས་ཀྱིས་དཔའ་སྐོངས་ཤིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པའི་ཕྲིན་ལས་ཀྱིས་ཚེ་བསོད་སྤེལ་སྡུས་ཤིག༔ པུཥྚིཾ་ཀུ་རུ་ཡེ་འུབ་འུབ་བསྡུས་བསྡུས་སྭཱ་ཧཱ༔ དབང་གི་ཕྲིན་ལས་ཀྱིས་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོའི་ཕྲིན་ལས་ཀྱིས་རྡུལ་དུ་རློག་ཅིག༔ མཱ་ར་ཡ་རྦད་རྦད་སོད་སོད་ནན་སྭཱ་ཧཱ༔ ཞེས་བྲིས༔ དེ་མཐར་བསྟན་པ་སྤྱི་ཡི་སྙིང་པོ་དང་༔ རྟེན་འབྲེལ་སྙིང་པོའི་མཐར༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་ཡུམ་མཆོག་ཨུ་མ་དཱེ་ཝི་འཁོར་དང་བཅས་པས་འཆང་བ་པོ་འདི་ལ་སྐད་ཅིག་འབྲལ་བ་མེད་པར་སྲུང་སྐྱོབ་མཛོད་ལ་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུབས་ཤིག༔ འཆང་བ་པོ་འཁོར་དང་བཅས་པ་ལ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྒྱལ་ཞིང་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་མཛོད་ཅིག༔ ཅེས་བྲིས༔ དེ་མཐར་ལྕགས་ཀྱུ་ཞགས་པ་བཞི་བཞི་དང་༔ མཚམས་བཞིར་མེ་རླུང་ཆུ་ཡི་རི་མོ་བྲིས༔ ཡབ་ཡུམ་གཉིས་ཀྱི་མཚམས་སུ་འདི་བྲིས་ཏེ་གཞུག༔ འཆང་བ་པོའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ བཛྲ་ས་མ་ཡ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་བརྟན་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ཐམས་ཅད་དབང་དུ་སྡུས་ཤིག༔ གཞན་ཡང་རྒྱལ་བློན་འབངས་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས་ཤིག༔ བཛྲ་ས་མ་ཡ༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་ནས་སྡང་བའི་དགྲ་གནོད་པའི་བགེགས་བར་ཆད་ཀྱི་རྐྱེན་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་རློག་ཅིག༔ ཐུལ་ཅིག༔ སོད་ཅིག༔ སྒྲོལ་ཅིག༔ བཛྲ་ས་མ་ཡ༔ ཞེས་བྲིས་ཏེ་གཞུག༔ དེ་ལ་བཟང་དྲུག་གྷི་ཝཾ་བྱང་སེམས་དམར་པོས་བྱུག༔ ཡབ་ཡུམ་གཉིས་ཀ་གཅིག་ཐོག་ཏུ་གཅིག་སོང་བར་བྱས་ལ་ལྟེ་བ་མི་བཅག་པར་བལྟེབ་ཅིང་ཟངས་ལས་བྱས་པའི་ལིང་གར་བཅུག་སྟེ༔ རིན་ཆེན་ཕྱེ་མ་དང་གཡང་རྫས་སྣ་ཚོགས་བླུགས་ནས་དར་སྣ་ལྔས་དྲིལ་ཏེ་མི་ཡི་མིག་དང་ལག་མི་བརྒྱུད་པར་མགུལ་དུ་བཅིངས་པ་དང་༔ བསྒྲུབ་དུས་རྣམས་ལ་སྒྲུབ་རྟེན་དུ་བཙུགས་ནས་དར་དམར་གྱིས་བཀབ་སྟེ་བཞག་གོ༔ དེ་ཡིས་དབང་སྡུད་བྲན་འཁོར་བྱེད༔ དང་པོ་རབ་གནས་བྱེད་ཚེ་བདེན་བརྗོད་ཀྱི་འགུགས་བསྟིམ་ནན་དུ་བྱ་བ་དང་༔ བཀྲ་ཤིས་བརྗོད་ཅིང་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་ཅི་མང་བརྗོད་དོ༔ བར་དུ་བསྒྲུབ་པའི་ཚེ་ན་ལིང་ག་ལྷ་ཡི་གཞལ་ཡས་ཁང་དང་སྲོག་འཁོར་ལྷ་ཡི་ངོ་བོར་བསྒོམ་ཞིང་༔ འོད་ཟེར་སྤྲོ་བསྡུས་དམིགས་པ་གནད་དུ་བསྣུན་ནས་གཟི་བྱིན་ནུས་མཐུ་བསྐྱེད་པའོ༔ ཐ་མ་ལས་ལ་སྦྱོར་ཚེ་དྲོད་དང་མི་འབྲལ་བར་མགུལ་དུ་གསང་ཐབས་ཀྱིས་འཆང་བར་བྱ་བ་ནི་གནད་དམ་པའོ༔ ས་མ་ཡ༔ བརྡ་ཡིག་༠༠༠༠༠༠༠༢༧༣༔ ས་མ་ཡ༔ དེ་ལྟར་སྣང་སྲིད་དབང་བྱེད་ལྷའི་བླ་མ༔ ཕྲིན་ལས་ལས་སྦྱོར་གནད་ཀྱི་མན་ངག་ནི༔ ལས་ཀྱི་མཐར་ཐུག་ཟབ་མོ་འདི་འདྲ་བ༔ པདྨ་བདག་གི་ཐུགས་བཅུད་ཟབ་མོ་སྟེ༔ རྒྱ་བོད་གཉིས་ཆར་འདི་འདྲའི་མན་ངག་དཀོན༔ ཤིན་ཏུ་བསྟན་པར་ཕང་ཡང་བརྒྱུད་འཛིན་དོན༔ མི་འགྱུར་འཕྲུལ་གྱི་ཡི་གེར་རྒྱ་ཡིས་གདབ༔ རྡོ་རྗེ་ཅན་གྱི་མགུལ་དུ་གཏེར་དུ་སྦས༔ བཀའ་སྲུང་གནོད་སྦྱིན་ཤན་དམར་རཱ་ཧུ་ལ༔ དམ་ཅན་རྡོ་རྗེ་ལེགས་པ་བཅས་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ དམ་ཉམས་ལྟ་ལོག་མཁན་གྱི་སྲོག་རྩ་ཆོད༔ དམ་ལྡན་བུ་ལ་ཆོས་འདི་དར་རྒྱས་སྤེལ༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཉིད་རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱིས་རང་ལོ་ཉེར་ལྔ་ས་མོ་ལུག་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་བཅོ་ལྔར་བཀའ་རྒྱས་བཏབ་སྟེ།མཐར་ལུང་ཟིན་སྐྱེས་བུ་དམ་པ་མཁྱེན་རབ་རྒྱ་མཚོ་དང་བློ་གྲོས་རྡོ་རྗེའི་རྣམ་འཁྲུལ་སྟོང་ཉིད་རྒྱ་མཚོ་ལ་པདྨའི་གཏེར་ལུང་དུ་པྲཛྙཱ་རསྨིར་འབོད་པ་གང་དེས་ནན་ཆེར་བསྐུལ་ངོར་མཁའ་འགྲོ་གསང་བའི་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:48, 13 August 2024

Wylie title TTDL-ZABTER-08-NYA-029.pdf
Location bdud 'joms gling pa zab gter
Volume 8, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་པའི་ལས་ཀྱི་མཐར་ཐུག་ཟབ་མོ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༢༥༢༔ ལྷ་ཆེན་མ་ཧཱ་དཱེ་ཝ་ཡི༔ ལས་མཐའ་ཟབ་མོའི་རིམ་པ་ལ༔ དང་པོ་བསྲེགས་པའི་ལས་མཐའ་ལ༔ དྲག་སྒྲུབ་ལིང་ག་མིང་རུས་ལ༔ བླ་རྟགས་ཐོན་ནས་ལྷ་དབྱེས་ཏེ༔ མཐར་ཡང་ཞག་གྲངས་མང་རྫོགས་ནས༔ མཚོན་ཐུན་གདབ་ལས་གྲངས་མང་མཐར༔ མི་བསད་ལྕགས་ཀྱིས་མགར་བ་ཡི༔ སྤུ་གྲིས་ཚལ་པ་དུམ་བུར་གཏུབ༔ དེ་ནས་ཁྲག་དང་དུག་གིས་སྦགས༔ མེ་དཀྱིལ་གྲུ་གསུམ་དམར་ནག་ཏུ༔ ཆོས་འབྱུང་མེ་འབར་ལྟེ་བར་ཧཱུྃ༔ བྲིས་སྟེང་དྲག་ཤིང་ཚེར་མ་ཅན༔ དུག་ཁྲག་གིས་བྱུགས་ཧོམ་དུ་བརྩིགས༔ འབུལ་རྫས་ཁྲག་སྐྱེམས་འབྲུ་ནག་པོ༔ ཉུང་ངུ་བསགས་པ་དགྲ་བོ་ཡི༔ ཤ་ཁྲག་ཉིད་དུ་བསམ་པ་གནད༔ དེ་ནས་རྟེན་དང་བརྟེན་པ་ཀུན༔ བསྐྱེད་པའི་རིམ་པ་འདི་ཀའོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ༴སྟོང་པའི་ངང་ལས་མེ་ཐབ་མི་དམིགས་པའི་ངང་ལས་མདུན་དུ་ཡི་གེ་ཧཱུྃ་ནག་པོ་ལས་འོད་འཕྲོས་པས༔ སྣང་སྲིད་ཀྱི་ཁམས་ཡོངས་སུ་འགེངས་པའི་མེ་རི་གྲུ་གསུམ་དུ་འབར་ཞིང་གཡོ་བའི་ཀློང་དུ་ཧྲཱིཿཡིག་ནག་པོ་ཡོངས་སུ་གྱུར་པ་ལས༔ ལྷ་ཆེན་དབང་ཕྱུག་ནག་པོ་མུན་པའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཏྲི་ཤུལ་རྩེ་གསུམ་དང་གཡོན་ལྕགས་ཀྱུ་བསྣམས་ནས་སྣང་སྲིད་ཁམས་ཀྱི་དགྲ་བོ་གདུག་པ་ཅན་ཐམས་ཅད་ཉ་མོ་ལྕགས་ཀྱུས་འཐེན་པ་བཞིན་དུ་ལྕགས་ཀྱུས་མདུན་དུ་བཀུག་ཅིང་ཏྲི་ཤུལ་གྱིས་དུམ་བུར་གཏུབ་ནས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བ་ལྟར་ཞལ་དུ་མྱག་མྱག་གསོལ་བ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ དེའི་ཐུགས་ཀར་ཉི་མའི་གདན་ལ་འཆི་བདག་ལས་ཀྱི་གཤིན་རྗེ༔ བདུད་རྒྱལ་སྲོག་ལེན་ནག་པོ༔ གཟའ་བདུད་དུག་གི་སྤུ་གྲི་གསུམ་གྱི་ཞལ་གདངས་ཤིང་ལྗགས་འདྲིལ་བ༔ དགྲ་བོའི་ཤ་ལ་རྔམས་ཤིང་ཁྲག་ལ་གདུང་བ༔ སྲོག་དབུགས་ལ་རྒོལ་ཞིང་སྡང་བའི་ཚུལ་དུ་ཡོད་པར་བསྒོམ༔ བསྲེག་རྫས་རྣམས་ཞལ་དུ་བསྟབས་པ་ཙམ་གྱིས་ཟས་ཀྱི་ཞར་ལ་རླུང་རྔུབ་པ་བཞིན་དུ་དགྲ་བགེགས་གནོད་བྱེད་ཐམས་ཅད་ཞལ་དུ་འུབ་ཀྱིས་བསྡུས་ཏེ་རྐང་མཐིལ་སྐྱ་ལྷག་གིས་མགོ་མཇུག་ལོག་ནས་མགྲིན་པར་རུབས་སེ་སོང་སྟེ་གཟའ་བདུད་གཤིན་རྗེར་བཅས་པའི་ཞལ་དུ་ཐིམ་པར་བྱེད་པའི་རང་བཞིན་ཅན་དུ་བསྐྱེད་དོ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿགཞན་འཕྲུལ་དབང་བྱེད་ལྷ་ཡི་གནས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ནས༔ དབང་ཕྱུག་དྲག་པོ་གཤེགས་སུ་གསོལ༔ ཁམས་གསུམ་སྲིད་པའི་གནས་ཁྱབ་བདག༔ མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ དབང་ཆེན་སྐུ་ཡི་དཀྱིལ་འཁོར་ནས༔ བདུད་རྒྱལ་སྲོག་ལེན་གཤེགས་སུ་གསོལ༔ དབང་ཆེན་གསུང་གི་དཀྱིལ་འཁོར་ནས༔ བཙན་རྒོད་འབར་བ་གཤེགས་སུ་གསོལ༔ དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡ་མ་རཱ་ཙ་གཤེགས་སུ་གསོལ༔ དམ་ཚིག་པ་དང་གཉིས་མེད་དུ༔ འབར་བ་མེ་ཡི་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿདྲང་སྲོང་ལྷ་ཡི་བླ་མ་ཆེ༔ ཁམས་གསུམ་ཡོངས་ལ་མངའ་དབང་མཛད༔ སྨོན་ལམ་སྟོབས་ཀྱིས་བསྟན་པ་བསྲུང་༔ ལེགས་ཉེས་བྱེད་པོ་ཁྱོད་ཕྱག་འཚལ༔ ན་མོ་ས་མ་ཡ་ཧོཿདེ་ནས་སྐྱེམས་མཆོད་འབུལ་བ་ལ༔ ཧཱུྃ༔ དམར་ཆེན་ཁྲག་གི་སྐྱེམས་མཆོད་འདི༔ དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ བདུད་བཙན་གཤིན་རྗེའི་ཚོགས་ལ་འབུལ༔ དགྲ་བོའི་སྙིང་ཁྲག་ཧུབ་ཀྱིས་རོལ༔ མ་ཧཱ་དཱེ་ཝ་དུ་པ་ར་ཙ་ཙ་ཏྲི་ཤུ་ལ་ཡ་མ་རཱ་ཙ་ས་མ་ཡ༔ མ་ཧཱ་རཀྟ་ལ་ཁཱ་ཧཱི༔ ཞེས་དགྲ་བོའི་སྙིང་ཁྲག་དངོས་སུ་དམིགས་པ་ཉེར་གཅིག་ལས་མི་ཉུང་བར་ཕུལ༔ དེ་ནས་ཉེར་སྤྱོད་འབུལ་བ་ལ༔ ཧཱུྃ་ཧྲཱིཿདགྲ་བོ་བསྒྲལ་བའི་ཤ་ཁྲག་དང་༔ ཕུང་ཁམས་དབང་ཡུལ་སྐྱེ་མཆེད་ལས༔ བྱུང་བའི་ཉེར་སྤྱོད་འདོད་ཡོན་དང་༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་རྫས༔ ཕྱི་ནང་མཆོད་པའི་བྱེ་བྲག་ཀུན༔ དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ བདུད་བཙན་གཤིན་རྗེར་བཅས་ལ་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ལ༔ ཧཱུྃ་ཧྲཱིཿའཇིག་རྟེན་དབང་ཕྱུག་འཇིག་རྟེན་བདག༔ ལེགས་ཉེས་གར་གྱིས་རྣམ་འགྱུར་ངོམས༔ བདུད་བཙན་གཤིན་རྗེ་ལས་ལ་འགྱེད༔ ཁམས་གསུམ་སྲོག་ལ་མངའ་དབང་མཛད༔ འགྲོ་བའི་དབུགས་ལ་ལོངས་སུ་སྤྱོད༔ དབང་ཕྱུག་ལྷ་ཡི་བླ་མར་བསྟོད༔ དེ་ནས་ཤ་དུམ་དང་འབྲུ་ནག་ཚིལ་བུ་ལིང་རོ་སྤེལ་པ་ལན་བརྒྱ་དང་རྩ་བརྒྱད་ལས་མི་ཉུང་བར་འབུལ་བ་ལ༔ ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དབང་ཕྱུག་བདུད་བཙན་གཤིན་རྗེའི་ཚོགས་ཀྱི་བདེན་པས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ལིང་ག་འདི་ལ་ཁུག་ཅིག་ཛ་ཛཿདེ་ནས་བསྟབ་པ་ལ༔ ཧཱུྃ༔ གདུག་པའི་དགྲ་བོ་དམ་ཉམས་ཀྱི༔ བླ་ཚེ་སྲོག་གསུམ་བསོད་ནམས་བཅས༔ དབང་ཕྱུག་བདུད་བཙན་གཤིན་རྗེ་ཡི༔ ཞལ་དུ་བསྟབ་པོ་ལྷག་མེད་རོལ༔ ཨོཾ་མ་ཧཱ་དཱེ་ཝ་དུ་པ་ར་ཙ་ཙ་ཏྲི་ཤུ་ལ་ཡ་མ་རཱ་ཙ་ས་མ་ཡ་དགྲ་བགེགས་ཆེ་གེ་མཱ་ར་ཡ་ཁཱ་ཧི༔ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དགྲ་བོ་དངོས་སུ་གསལ་བའི་ངང་ནས་ཡང་ཡང་བསྟབས༔ དེ་ནས་གོང་ལྟར་མཆོད་འབུལ་བསྟོད༔ མཐར་ཡང་ཁྲག་སྐྱེམས་འབུལ་བ་ལ༔ ཧཱུྃ་ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ བདུད་བཙན་གཤིན་རྗེའི་རྒྱལ་པོ་ལ༔ དམར་ཆེན་ཁྲག་གི་སྐྱེམས་མཆོད་འབུལ༔ དགྲ་བོའི་སྙིང་ཁྲག་དྲོན་མོ་རོལ༔ མ་འགྱངས་མྱུར་དུ་ཧུར་ཐུམ་སོད༔ ཨོཾ་མ་ཧཱ་དཱེ་ཝ་དུཿཙཿཡཿམ་ཧཱ་རཀྟ་ཁཱ་ཧི༔ ཞེས་གོང་གི་གྲངས་དང་སྦྱར༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧོཿདྲང་སྲོང་ལྷ་ཡི་བླ་མ་མཆོག༔ བདུད་བཙན་གཤིན་རྗེའི་རྒྱལ་པོར་བཅས༔ སྲོག་འཁོར་རྟེན་གྱི་དབྱིངས་སུ་གཤེགས༔ ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབས༔ བཛྲ་མུཿདེ་ནས་བསྲེགས་པའི་ཐལ་བ་རྣམས༔ བག་ཟན་གྱིས་བསྡུས་དགྲ་གཟུགས་གཉིས༔ བྱས་པའི་སྙིང་གར་མིང་རུས་བཅུག༔ དེ་གཉིས་བྲུབ་ཁུང་ནང་དུ་འཕང་༔ སླར་ཡང་ཞག་བདུན་ཡང་ན་གསུམ༔ འགུགས་པ་ཐུན་རེར་བརྒྱ་རྩ་དང་༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ཀཱ་ལ་ས་མ་ཡ༔ དགྲ་བོ་ཆེ་གེ་ཁུག་ཛ་རྦད་ཛཿམཱ་ར་ཡ་ནན་ནན༔ ཅི་མང་བཟླས༔ དེ་ནས་མནན་པའི་ཐེམ་བྱང་ནི༔ ཤིན་ཏུ་གཉན་ཅིང་སྐྱོན་མང་བའི༔ ས་མིག་རྙེད་ན་མཆོག་ཡིན་ཏེ༔ ཡང་ན་བརྒྱ་ལམ་ཆེན་པོའི་ནང་༔ རྒྱ་གྲམ་བསྣོལ་མཚམས་བྲུབ་དོང་ནི༔ རབ་ནི་ཁྲུ་གསུམ་འབྲིང་ཁྲུ་དོ༔ ཐ་ན་ཁྲུ་གང་མཐོ་གང་ཟབ༔ འདི་ནི་གནད་ཡིན་དབྱིབས་གྲུ་གསུམ༔ བྱ་སྟེ་ཆབ་ཀྱིས་བྲན༔ དེ་ནས་དམིགས་པ་ནི༔ རང་ཉིད་དབང་ཕྱུག་ཆེན་པོའི་ཕྱག་གཡས་ཏྲི་ཤུལ་གྱིས་ས་ལ་བཏབ་པས་ས་གཞི་ཤགས་ཀྱིས་གས་པའི་ནང་དུ་མུན་པ་ནག་པོ་རབ་ཏུ་འཐིབས་པའི་ཀློང་དུ་གནམ་ལྕགས་ལས་གྲུབ་པའི་ཁང་པ་ཕྱི་ནང་རིམ་པ་དགུ་ཡི་ནང་དུ་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་སྔོ་ནག་ཁྲོ་གཏུམ་གླང་གི་གདོང་པ་ཅན་བེར་ནག་གསོལ་ཞིང་མ་ཧེ་སྔོ་ནག་གི་ཁྲི་ལ་འགྱིང་བ་གཡས་དགྲ་སྟྭས་སྐྱེ་འགྲོའི་ཚེ་རྒྱུད་དང་སྲོག་རྩ་གཅོད་པ༔ གཡོན་པས་ཁྲམ་ཤིང་དམར་ནག་བསྣམས་ནས་སྐྱེ་འགྲོ་ཁྲམ་ལ་འདེབས་པ༔ དེ་ལ་འཁོར་བདུད་པོ་ཚེ་ལེན་ནག་པོ༔ ཀླུ་བདུད་འཆི་བདག་མགོ་དགུ༔ བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ སྐྱེ་འགྲོའི་སྨིན་མ་མཚམས་ཤེད་ན༔ ལས་ཀྱི་གཤིན་རྗེ་གཤེགས་སུ་གསོལ༔ དཀར་ནག་ལས་ཀྱི་གྲངས་མཁན་པོ༔ གཤིན་རྗེའི་ཡུལ་ནས་གཤེགས་སུ་གསོལ༔ ས་འོག་ཁྲུ་གསུམ་འདས་པའི་འོག༔ ནག་པོ་ལྕགས་ཀྱི་སྐུ་མཁར་ནས༔ འཆི་བདག་གཤིན་རྗེ་གཤེགས་སུ་གསོལ༔ བདུད་པོ་སྲོག་ལེན་གཤེགས་སུ་གསོལ༔ ཀླུ་བདུད་མགོ་དགུ་གཤེགས་སུ་གསོལ༔ བསྐྱེད་པའི་ལྷ་དང་གཉིས་མེད་བཞུགས༔ དམ་ཚིག་གཉན་པོས་གུས་ཕྱག་འཚལ༔ བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ས་མ་ཡ་ཧོ༔ དེ་ནས་ཤ་ཁྲག་གཏོར་མ་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཧཱུྃ༔ གཤིན་རྗེ་ཡ་མ་རཱ་ཙ་དང་༔ བདུད་རྒྱལ་སྲོག་ལེན་ནག་པོ་དང་༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ དྲེགས་པ་སྡེ་བརྒྱད་འཁོར་བཅས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ ཡིད་སྤྲུལ་འདོད་ཡོན་མཆོད་པ་འབུལ༔ མ་གཡེལ་མ་འགྱངས་གཏད་འདི་ལོངས༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ལིང་ག་བྲུབ་དོང་དུ་འཕང་༔ དེ་ནས་ཡང་འགུགས་གཞུག་བརྒྱ་སྟོང་སོགས་བྱ༔ མཐར་འགུགས་འཆིང་སྡོམ་པའི་སྔགས་རྒྱས་བཅིངས་ཏེ༔ དུག་ཁྲག་ཐུན་བྲབ་སྟེ་གོང་གི་མནན་སྔགས་ཅུང་ཟད་བརྗོད༔ མཐར་སྟག་གཟིག་གི་མདུན་དུ་མི་བཙོན་པ་འཕང་བ་ལྟར་ཡོད་པར་བསམ་ལ༔ ཨོཾ་ཡ་མ་ར་ཙ་དུ་པ་ར་ཙ་ནཱ་ག་ར་ཙ་ས་མ་ཡ༔ དགྲ་བོ་ཆེ་གེ་ཁུག་ཛཿཆིངས་ཆིངས༔ ཧུར་ཐུམ་རྦད་ནན༔ ཅི་མང་བཟླས་མཐར་ཡང་འདི་ལྟར་བྱའོ༔ དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་གཤིན་རྗེ་ཡ་མ་ར་ཙ་ལ་གཏད་དོ༔ མ་ཤོར་མ་བཏང་༔ ཟུངས་ཤིག་ཆིངས་ཤིག་སྡོམས་ཤིག༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བཀའ་དམ་གཉན་པོ་དཔང་དུ་བཙུག་ནས་གཏད་པ་ཡིན་པས་མ་འདའ་ཞིག༔ བཛྲ་ས་མ་ཡ༔ ཡང་བརྗོད༔ དུ་ཛཿབདུད་པོ་སྲོག་ལེན་ནག་པོ་ཁྱེད་སྐྱེ་འགྲོ་ཡོངས་དང་འགྲོགས་ཤིང་ཀུན་གྱི་སྲོག་གི་གཤེད་ཆེན་ཡིན་པས་ངས་དགྲ་བོ་འདི་ཁྱོད་ལ་གཏད་དོ༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བཀའ་ཡིས་གཏད་དོ༔ དམ་ཚིག་གཉན་པོས་གཏད་དོ༔ མ་བཏང་ཞིག༔ མ་ཤོར་ཅིག༔ དགྲ་བོ་ཆེ་གེ་མོ་ཞེས་བྱ་བའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་ལོ་ཟླར་འགྱངས་སུ་མ་ཤོར༔ དུས་ད་ལྟ་ཉིད་དུ་བླ་རྐུན་གྱིས་ལ་ཚེ་སྲོག་གློ་བུར་དུ་ཆོད་ཅིག༔ བཛྲ་ས་མ་ཡ༔ ཡང་འདི་བརྗོད༔ ཧོཿསྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ༔ སྟོན་པ་ཤཱཀྱ་ཐུབ་པ༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དམ་ཚིག་གཉན་པོ་དཔང་དུ་བཙུག་ཅིང་གཏའ་རུ་བཞག་ནས་ངས་དགྲ་བོ་ཆེ་གེ་མོ་འདིའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་ཀླུ་བདུད་འཆི་བདག་མགོ་དགུ་ལ་གཏད་དོ༔ རྒྱལ་རིགས་ལ་གཏད་དོ༔ རྗེ་རིགས་ལ་གཏད་དོ༔ དམངས་རིགས་ལ་གཏད་དོ༔ བྲམ་ཟེའི་རིགས་ལ་གཏད་དོ༔ གདོལ་པ་ནག་པོ་ལ་གཏད་དོ༔ མ་བཏང་ཞིག༔ མ་ཤོར་ཅིག༔ སོད་ཅིག༔ སྒྲོལ་ཅིག༔ ནོན་ཅིག༔ ཆིངས་ཤིག༔ ཅེས་བརྗོད་ནས་སྟེང་དུ་ས་སྤར་བ་དགུ་བླུགས་ཏེ༔ དེ་ས་རིམ་དགུས་མནན་པར་བསམ༔ དེ་སྟེང་སཱཙྪ་ནག་པོ་ཞིག་གིས་མནན༔ དེ་སྟེང་གཡམ་པ་ལ་ཛ་ཁྲམ་དགུ་བྲིས་པས་མནན༔ དེ་སྟེང་གཡུང་དྲུང་བྲིས་པས་མནན༔ དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན༔ སླར་ཡང་༔ རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་ལ༔ དྲག་སྔགས་སོ་ལྔའི་ཤམ་དུ༔ དགྲ་བོ་མཱ་ར་ཡ་རྦད་ནན་ཧཱུྃ་ཕཊ༔ བརྒྱ་རྩ་སོགས་བརྗོད་མཐར་མནན་ནོ༔ དེ་ནས་གཏད་ཀྱི་ལས་རིམ་ལ༔ ཤིན་ཏུ་མི་བཟོད་པའི་ཉེས་པ་ཆེ་བའི་དགྲ་བྱུང་ན་ས་མིག་ཤིན་ཏུ་གཉན་པ་དག་ལ་ལིང་ག་གཏད་པར་བྱ་བ་ལ༔ གཏོར་མ་རེ་དང་ཁྲག་སྐྱེམས་རེ་འབུལ་བ་གནད་ཡིན་པས་ཤེས་པར་མཛོད༔ ས་ལ་གྲུ་གསུམ་བྲུས་པའི་ནང་དུ་ལིང་ག་བཞག་ལ༔ ཀྱཻ༔ བཀའ་སྣང་ཞིང་སྲིད་པ་འདིར་གནས་པའི༔ ལྷ་འདྲེ་ལྷ་སྲིན་མི་མ་ཡིན༔ ཟོ་དོར་གཞི་བདག་གཉན་པོ་རྣམས༔ འདིར་གཤེགས་ཤ་ཁྲག་དམར་གཏོར་བཞེས༔ གཏད་འདི་ལོངས་ལ་དམ་དུ་སྡོམ༔ བརྣག་པའི་དགྲ་བོ་མྱུར་དུ་སོད༔ སརྦ་ས་མ་ཡ་ཨེ་དཾ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ ལན་གསུམ་བརྗོད་པའི་མཐར་འདི་བརྗོད་དོ༔ ཧོཿདགོངས་སུ་གསོལ་ལོ༔ ལན་གསུམ༔ ཀྱཻ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད༔ སྣང་ཞིང་སྲིད་པའི་ལྷ་འདྲེ༔ ས་མིག་འདིར་གནས་པའི་ས་བདག་ཀླུ་གཉན་གཞི་བདག་ཟོ་དོར་གཉན་པོ་ཁྱེད་རྣམས་གསན་ཅིང་དགོངས་སུ་གསོལ༔ ཁྱེད་རྣམས་ལ་སྙན་གསན་འབུལ་བ་ལ༔ མི་ང་ཡི་ཁ་མ་ཉེས༔ ལག་མ་ཉེས༔ བསམ་སྤྱོད་མ་ཉེས༔ ཉེས་མེད་རང་སར་གནས་པ་ལ༔ དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་འདིས་ཁ་ཉེས་ཚིག་རྩུབ་ཀྱིས་བཏབ༔ ལག་ཉེས་པས་དཀོར་ནོར་ལ་བརྐུས་ཤིང་འཕྲོག༔ བསམ་སྤྱོད་ཉེས་པས་མི་འདོད་པ་ཐོག་ཏུ་བབ་པ་ཡིན་པས་བཟོད་ཐབས་ནི་མེད་ཀྱང་སྐྱབས་དང་སྐྱེལ་མ་མགོན་དང་དཔུང་གཉེན་མ་མཆིས་པས་ཉེས་གནོད་ལ་ལན་ཡ་བྱེད་པའི་ནུས་པ་མ་མཆིས་པས༔ ད་ནི་སྐྱབས་གནས་དམ་པ་དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་རྒྱ་མཚོ་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་སྐྱབས་སུ་སོང་རྟེན་བཅས་དཔང་དུ་བཙུག་ནས་ལས་ཀ་མཐུ་ལ་བརྩོན༔ ལྷ་འདྲེ་ལྷ་སྲིན་ཀླུ་གཉན་ས་བདག་གཉན་པོ་ལ་བཀའ་དམ་གཉན་པོ་གཏའ་རུ་བཞག་ནས་དགྲ་བོ་འདི་གཏད་པ་ཡིན་ཏེ་ལོངས་ཤིག༔ གཏད་པའི་ཡུལ་ནི་མིང་རུས་བཀོད་པའི་དགྲ་བོ་འདི་གཉན་དང་ས་བདག་ལ་གཏད་དོ༔ ཨོཾ་བྷུ་མི་པ་ཏི་སརྦ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ལྷ་བདུད་དཀར་པོ་ལ་གཏད་དོ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་དམར་པོ་བཙན་ལ་གཏད་དོ༔ རུཿནཱ་ག་ཙནྟྲི་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་འཆི་བདག་གཤིན་རྗེ་ལ་གཏད་དོ༔ ཡཿམ་རཱ་ཙ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་སྲོག་བདག་རྒྱལ་པོ་ལ་གཏད་དོ༔ རཿཙ་ཀིང་ཀ་ར་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་སྲིད་པའི་མ་མོ་ལ་གཏད་དོ༔ མ་བྷྱོ་ཛ་རེ་མ་ཏི་སརྦ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་མི་སྲུན་གནོད་སྦྱིན་ལ་གཏད་དོ༔ ཀཱ་ལ་ཡཀྴ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ནག་པོ་བདུད་ལ་གཏད་དོ༔ ནག་པོ་དུ་པ་ར་ཙ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ཀླུ་བདུད་འཆི་བདག་མགོ་དགུ་ལ་གཏད་དོ༔ ནཱ་ག་ར་ཙ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་དམ་ཅན་ལ་གཏད་དོ༔ བཛྲ་ས་དྷུ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་གཟའ་ལ་གཏད་དོ༔ དྷུ་རཱ་ཧུ་ལ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་ཕོ་འདྲེ་ཕོ་བདུད་ལ་གཏད་དོ༔ ཕ་ཏྲི་ཀ་ལ་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ མིང་རུས་བྲིས་པའི་དགྲ་བོ་འདི་མོ་འདྲེ་མོ་བདུད་ལ་གཏད་དོ༔ མ་ཏྲི་ཀ་ལི་ས་མ་ཡ༔ དགྲ་བོ་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ ཀྱཻ༔ མིང་དང་སྔགས་ཀྱིས་གཏད་པའི་ལྷ་སྲིན་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་དགྲ་བོ་གདུག་པ་ཅན་འདི་ལོ་ཟླར་འགྱངས་སུ་མ་ཤོར༔ སྔོན་བསགས་ལས་ཀྱི་མཐའ་མ་སྒུགས༔ སྐྱེ་འཆིའི་ཚད་ཀྱི་ཁུང་མ་བཙུན༔ སྐྱེ་བའི་ཕྱི་མ་ལ་དུས་མ་སྒུགས་པར་དུས་ད་ལྟ་ཉིད་དུ་སོད་ཅིག་སྒྲོལ་ཞིག༔ སྐུ་ཡི་དམ་ཚིག༔ གསུང་གི་དམ་ཚིག༔ ཐུགས་ཀྱི་དམ་ཚིག༔ གསང་གསུམ་རྡོ་རྗེའི་དམ་ཚིག་གཉན་པོ་དཔང་དུ་ཁུར༔ ཚད་དུ་བཙུག༔ གཏའ་རུ་བཞག་ནས་གཏད་དོ༔ ལས་ལ་བཅོལ་ལོ༔ ཤན་པ་རུ་བསྐུལ་ལོ༔ ལག་དམར་དུ་རྦད་དོ༔ བཛྲ་ས་མ་ཡ༔ ཞེས་བརྗོད་ནས་ལིང་གའི་ཐོག་ཏུ་ས་སྤར་གསུམ་བླུགས༔ ཁྲག་སྐྱེམས་གཏོར་མ་མཆོད༔ སླར་ཡང་ལིང་ག་ལྕགས་ཁང་དུ་བཅུག་ནས་ཡང་གནས་གཉན་པོ་བརྒྱ་རྩ་བརྒྱད་ལ་གཏད་ཀྱང་དེ་བཞིན་བྲུབ་དོང་དུ་རྐོ་བའི་ནང་དུ་ལིང་ག་གཞག་ནས་འགུགས་གཞུག་གྲངས་མང་དང་༔ མཚན་མོ་ཡིན་ན་བླ་འགུགས་སྔགས་ཀྱང་བརྒྱ་རྩ་རེ་བརྗོད་བྱས་མཐར་གཏད༔ མཚན་གྱི་དུས་སུ་གཏད་པ་ཤིན་ཏུ་གཅེས༔ ལིང་ག་བྲུབ་དོང་ནས་ཕྱུང་ཚེ་ཤུལ་ས་ཡིས་བཀབ༔ དགྲ་བོའི་བླ་མནན་པར་བསམ་ལ་གཡམ་པར་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ གཏད་མང་རྫོགས་པའི་རྗེས་སུ་དོང་ཟབ་པ་བརྐོས་པའི་ནང་དུ་མནན་ནས་གཡམ་པ་ལ་ཛ་ཁྲམ་རྡོ་རྗེ་རྒྱ་གྲམ་བྲིས་པ་དང་༔ ཡང་གཅིག་ལ་གཡུང་དྲུང་བྲིས་པས་ཁ་བཅད་དོ༔ དེ་ནས་འཕང་བའི་ལས་རིམ་ལ༔ ལིང་ག་དགྲ་ཡི་ཕྱོགས་སུ་བཞག༔ དེ་ནས་ཟོར་འཕེན་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བཀའ་སྲུང་སྤྱི་དང་ནི༔ བྱེ་བྲག་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར༔ མ་ལུས་དམ་ཚིག་ཐུགས་དམ་དུས་ལ་བབ༔ དོ་ནུབ་ང་ཡིས་འཕེན་པའི་ཕུར་ཟོར་འདི༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་མ་ཧཱ་དཱེ་ཝ་ས་མ་ཡ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་ཕོབ་ཛ་རྦད་སོད༔ ཅེས་འཕང༔ དོ་ནུབ་ང་ཡིས་འཕེན་པའི་ཉུང་ཐུན་འདི༔ དོ་ནུབ་ང་ཡིས་འཕེན་པའི་ཁྲག་ཐུན་འདི༔ དོ་ནུབ་ང་ཡིས་འཕེན་པའི་ཟངས་ཕྱེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་ལྕགས་ཕྱེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་རྡོ་ཕྱེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་ཀེ་མཚེའི་ཟོར༔ དོ་ནུབ་ང་ཡིས་འཕེན་པའི་ཤངས་མཚེའི་ཐུན༔ དོ་ནུབ་ང་ཡིས་འཕེན་པའི་ཏིལ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་མཚེ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་དུག་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་མཚོན་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་མདའ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་རྡོ་ཟོར་འདི༔ དོ་ནུབ་ང་ཡིས་འཕེན་པའི་གཏོར་ཟོར་འདི༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་མ་ཧཱ་དེ་ཝ་ས་མ་ཡ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་ཕོབ་ཛཿརྦད་སོད༔ ཅེས་བརྗོད་འཕངས་དམོད་པ་བོར༔ དེ་ནས་ས་ཐུན་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་པ་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཐུ་སྟོབས་ཀྱིས༔ ས་ཁམས་རང་གཤེད་འབེབས་པའི་ས་ཐུན་ཟོར༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐོངས༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཅེས་ས་ཐུན་གྱི་མལ་དུ་རིམ་བཞིན་འཛུད༔ ཆུ་ཁམས་རང་གཤེད་འབེབས་པའི་ཆུ་ཐུན་ཟོར༔ མེ་ཁམས་རང་གཤེད་འབེབས་པའི་མེ་ཐུན་ཟོར༔ རླུང་ཁམས་རང་གཤེད་འབེབས་པའི་རླུང་ཐུན་ཟོར༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་ལ་ཕོབས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་པ་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཐུ་སྟོབས་ཀྱིས༔ ཐོགས་མེད་རྡོ་རྗེ་འབར་བའི་ཐོག་ཟོར་འདིས༔ དགྲ་བོའི་ཚེ་སྲོག་དོན་སྙིང་ཚལ་པར་ཐོངས༔ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློགས༔ ཨོཾ་སུམྦྷ་ནི་སུམྦྷ་སོགས་ཧཱུྃ་བཞིའི་སྔགས་བརྗོད༔ དྲག་སྔགས་སོ་ལྔའི་ཤམ་དུ༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་རྦད་སོད༔ ཅེས༔ ལྷ་ཆེན་གྱི་སྤྲུལ་པ་བཀའ་སྡོད་ལས་མཁན་དང་བཅས་པ་ནམ་མཁའི་སྐྱིན་ཐང་བཞིན་དུ་སོང་ནས༔ དགྲ་བོ་རྗེས་མེད་དུ་བརླག་པར་བསམ་ལ༔ གཏོར་མ་འཕང་ངོ་༔ དེ་མཐར་ཡང་༔ སྐད་ཅིག་གིས་དུག་རླུང་འཚུབས་མའི་ཀློང་དུ་དྲང་སྲོང་གཟའ་བདུད་ནག་པོ་རི་རབ་ཙམ་དུ་བསྒོམ་པ་ལ་ཡུལ་ནས་རང་རྒྱུད་སྤྱན་དྲངས་ལ་བསྟིམ་མོ༔ ཞེས་དགྲ་བོའི་མི་ནོར་ལོངས་སྤྱོད་ཉེ་འཁོར་དང་བཅས་པ་ཞལ་དུ་སིབ་སིབ་ཐིམ་པར་གྱུར༔ ནཱ་ག་རཀྴ་རཱ་ཧུ་ལ་དགྲ་བོའི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ ཞེས་ལིང་གའི་དུམ་བུ་བསྡུས་ཏེ་དུག་ཤིང་གི་མེ་ནང་དུ་སྔགས་དེས་བསྟབ་བོ༔ མཐར༔ དགྲ་བོའི་མཁར་ཁྱིམ་ཐམས་ཅད་གཟའ་བདུད་ཀྱིས་རུབ་ཀྱིས་རྔུབ་ནས་དབྱིངས་ལ་གཤེགས་པར་བསམ༔ ཐལ་བའི་སྟེང་དུ་རྡོ་ལེབ་ལ་རི་རབ་བྲིས་ལ་བཞག་གོ༔ ༈དེ་ནས་སྲོག་འཁོར་ལས་རིམ་ལ༔ དར་རམ་ཤོག་བུ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་ལྷ་ཆེན་སྐུ་གཟུགས་བྲིས༔ དེ་མཐར་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾཿཛ་ཛཿལྷ་ཆེན་དབང་ཕྱུག་ཆེན་པོའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ གཟི་བྱིན་རབ་ཏུ་གནས་ཤིང་རྒྱས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ ཅེས་བྲི༔ མུ་ཁྱུད་གཉིས་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་རཏྣ་སིདྡྷི་ཧཱུྃ༔ ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿསྣང་སྲིད་ཁམས་ཀྱི་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་རཏྣ་བ་སུ་ཁ་དྷེ་སརྦ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ན་མོ་སྟུ་ཡེ༔ མ་ཧཱ་དཱེ་ཝ་ས་མ་ཡ༔ མ་ནུ་སྨ་ར་རཱུ་ཏྲ་བཱ་ཏྲ་ན་ཡེ་སྭཱ་ཧཱ༔ བ་སུ་དྷ་རི་ཡེ་སྭཱ་ཧཱ༔ བ་སུ་ཤྲཱི་ཡེ་སྭཱ་ཧཱ༔ བ་སུ་ཀྵི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས༔ དེ་མཐར་འཁོར་ལོ་རྩིབས་བརྒྱད་ལ༔ ཨཿརུཿཡཿཙཿམཿཤཿདུཿནཿབྲིས༔ རྩིབས་མཆན་ལ༔ ལྷ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཙན་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཤིན་རྗེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱལ་པོ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མོ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་སྦྱིན་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདུད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀླུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཨཿཡཿམཿདུཿརུཿཙཿཤཿནཿདགྲ་བོ་གནོད་བྱེད་ཐམས་ཅད་མཱ་ར་ཡ་རྦད་རྦད༔ མཱ་ར་ཡ་སོད་སོད༔ མཱ་ར་ཡ་ནན་ནན༔ མཱ་ར་ཡ་བྷྱོ་བྷྱོ༔ མཱ་ར་ཡ་བཟློག་བཟློག༔ དགྲ་བོའི་བླ་ལ་རྦད་སོད་ནན༔ དགྲ་བོའི་སྲོག་ལ་རྦད་སོད་ནན༔ དགྲ་བོའི་དབུགས་ལ་རྦད་སོད་ནན༔ དགྲ་བོའི་ཤ་ལ་རྦད་སོད་ནན༔ དགྲ་བོའི་ཁྲག་ལ་རྦད་སོད་ནན༔ དགྲ་བོའི་རུས་ལ་རྦད་སོད་ནན༔ དགྲ་བོའི་དཀོར་ལ་རྦད་སོད་ནན༔ དགྲ་བོའི་ནོར་ལ་རྦད་སོད་ནན༔ དགྲ་བོའི་མཁར་ལ་རྦད་སོད་ནན༔ དགྲ་བོའི་ལོངས་སྤྱོད་དཔའ་ལ་རྦད་སོད་ནན༔ ཞེས་ཡིག་མགོ་ནང་དུ་བསྟན་ལ་བྲིས༔ དེ་ནས་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲིས༔ དེ་མཐར་ལྕགས་ཀྱུ་བཞི་དང་ཞགས་པ་བཞི༔ ནོར་བུ་འཁོར་ལོ་བཞི་བཞི་བྲི་བར་བྱ༔ དེ་ལ་བཟང་པོ་དྲུག་དང་མཚལ་ལི་ཁྲི༔ བྱུག་ཅིང་མཛེས་པའི་ཚོན་གྱིས་སྦགས་པར་བྱ༔ ༈མོ་འཁོར་ལའང་དེ་བཞིན་དུ༔ མུ་ཁྱུད་རིམ་ལྔ་བསྐོར་བྱས་ནས༔ ལྟེ་བར་ཨུ་མ་དཱེ་ཝི་ནི༔ དམར་མོ་ལྕགས་ཀྱུ་ནོར་བུ་ཅན༔ གཅེར་བུ་པད་ཕྲེང་ཅན་དུ་བཀོད༔ ཐུགས་ཀར་ཧྲཱིཿཡིག་མཚལ་གྱིས་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཧྲཱིཾ་ཛཿལྷ་མོ་ཨུ་མ་དཱེ་ཝིའི་སྲོག་ཆགས་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཛཿཧཱུྃ་བཾ་ཧོ༔ སརྦ་རཏྣ་སིདྡྷི་བ་སུ་སིདྡྷི་ན་ན་ཁ་དྷེ་སིདྡྷི་བསྡུས་བསྡུས༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿའཆང་བ་པོ་ལ་འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་ཆད་མེད་པར་སྩོལ་ཅིག༔ སྣང་སྲིད་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁན་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཤར་ནས་རིམ་པར་ཕྱོགས་བཞི་རུ༔ བཾ་དཱེ་ཝི་མཾ༔ སུཾ་དཱེ་ཝི་ལཾ༔ རཾ་དཱེ་ཝི་པཾ༔ ཡཾ་དཱེ་ཝི་ཏཾ༔ མཚམས་བཞིར་ཤར་ལྷོ་ནས༔ དུཿཁ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པཱུཎྱེ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ རྩིབས་མཆན་ལ༔ མི་སྙིང་སྒུལ་སྒུལ༔ མི་ལག་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་བློ་དབང་དུ་སྒྱུར་སྒྱུར༔ མི་ནོར་བསྡུས་བསྡུས༔ མི་དབང་བསྡུས་བསྡུས༔ མི་ཟས་བསྡུས་བསྡུས༔ མི་ཕྱུག་བསྡུས་བསྡུས༔ ཀུན་གྱི་མཐའ་ལ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཏགས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་མགོ་ནང་བསྟན་ལ༔ མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ཧྲཱིཾ་ཧྲཱིཾཿཛཿཧཱུྃ་བཾ་ཧོཿཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གནོད་བྱེད་ཐམས་ཅད་བརླག་པར་མཛོད་ཅིག༔ བཅོམ་པར་མཛོད་ཅིག༔ བཏུལ་བར་མཛོད་ཅིག༔ ཞི་བའི་ཕྲིན་ལས་ཀྱིས་དཔའ་སྐོངས་ཤིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པའི་ཕྲིན་ལས་ཀྱིས་ཚེ་བསོད་སྤེལ་སྡུས་ཤིག༔ པུཥྚིཾ་ཀུ་རུ་ཡེ་འུབ་འུབ་བསྡུས་བསྡུས་སྭཱ་ཧཱ༔ དབང་གི་ཕྲིན་ལས་ཀྱིས་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོའི་ཕྲིན་ལས་ཀྱིས་རྡུལ་དུ་རློག་ཅིག༔ མཱ་ར་ཡ་རྦད་རྦད་སོད་སོད་ནན་སྭཱ་ཧཱ༔ ཞེས་བྲིས༔ དེ་མཐར་བསྟན་པ་སྤྱི་ཡི་སྙིང་པོ་དང་༔ རྟེན་འབྲེལ་སྙིང་པོའི་མཐར༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་ཡུམ་མཆོག་ཨུ་མ་དཱེ་ཝི་འཁོར་དང་བཅས་པས་འཆང་བ་པོ་འདི་ལ་སྐད་ཅིག་འབྲལ་བ་མེད་པར་སྲུང་སྐྱོབ་མཛོད་ལ་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུབས་ཤིག༔ འཆང་བ་པོ་འཁོར་དང་བཅས་པ་ལ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྒྱལ་ཞིང་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་མཛོད་ཅིག༔ ཅེས་བྲིས༔ དེ་མཐར་ལྕགས་ཀྱུ་ཞགས་པ་བཞི་བཞི་དང་༔ མཚམས་བཞིར་མེ་རླུང་ཆུ་ཡི་རི་མོ་བྲིས༔ ཡབ་ཡུམ་གཉིས་ཀྱི་མཚམས་སུ་འདི་བྲིས་ཏེ་གཞུག༔ འཆང་བ་པོའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ བཛྲ་ས་མ་ཡ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་བརྟན་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ཐམས་ཅད་དབང་དུ་སྡུས་ཤིག༔ གཞན་ཡང་རྒྱལ་བློན་འབངས་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས་ཤིག༔ བཛྲ་ས་མ་ཡ༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་ནས་སྡང་བའི་དགྲ་གནོད་པའི་བགེགས་བར་ཆད་ཀྱི་རྐྱེན་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་རློག་ཅིག༔ ཐུལ་ཅིག༔ སོད་ཅིག༔ སྒྲོལ་ཅིག༔ བཛྲ་ས་མ་ཡ༔ ཞེས་བྲིས་ཏེ་གཞུག༔ དེ་ལ་བཟང་དྲུག་གྷི་ཝཾ་བྱང་སེམས་དམར་པོས་བྱུག༔ ཡབ་ཡུམ་གཉིས་ཀ་གཅིག་ཐོག་ཏུ་གཅིག་སོང་བར་བྱས་ལ་ལྟེ་བ་མི་བཅག་པར་བལྟེབ་ཅིང་ཟངས་ལས་བྱས་པའི་ལིང་གར་བཅུག་སྟེ༔ རིན་ཆེན་ཕྱེ་མ་དང་གཡང་རྫས་སྣ་ཚོགས་བླུགས་ནས་དར་སྣ་ལྔས་དྲིལ་ཏེ་མི་ཡི་མིག་དང་ལག་མི་བརྒྱུད་པར་མགུལ་དུ་བཅིངས་པ་དང་༔ བསྒྲུབ་དུས་རྣམས་ལ་སྒྲུབ་རྟེན་དུ་བཙུགས་ནས་དར་དམར་གྱིས་བཀབ་སྟེ་བཞག་གོ༔ དེ་ཡིས་དབང་སྡུད་བྲན་འཁོར་བྱེད༔ དང་པོ་རབ་གནས་བྱེད་ཚེ་བདེན་བརྗོད་ཀྱི་འགུགས་བསྟིམ་ནན་དུ་བྱ་བ་དང་༔ བཀྲ་ཤིས་བརྗོད་ཅིང་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་ཅི་མང་བརྗོད་དོ༔ བར་དུ་བསྒྲུབ་པའི་ཚེ་ན་ལིང་ག་ལྷ་ཡི་གཞལ་ཡས་ཁང་དང་སྲོག་འཁོར་ལྷ་ཡི་ངོ་བོར་བསྒོམ་ཞིང་༔ འོད་ཟེར་སྤྲོ་བསྡུས་དམིགས་པ་གནད་དུ་བསྣུན་ནས་གཟི་བྱིན་ནུས་མཐུ་བསྐྱེད་པའོ༔ ཐ་མ་ལས་ལ་སྦྱོར་ཚེ་དྲོད་དང་མི་འབྲལ་བར་མགུལ་དུ་གསང་ཐབས་ཀྱིས་འཆང་བར་བྱ་བ་ནི་གནད་དམ་པའོ༔ ས་མ་ཡ༔ བརྡ་ཡིག་༠༠༠༠༠༠༠༢༧༣༔ ས་མ་ཡ༔ དེ་ལྟར་སྣང་སྲིད་དབང་བྱེད་ལྷའི་བླ་མ༔ ཕྲིན་ལས་ལས་སྦྱོར་གནད་ཀྱི་མན་ངག་ནི༔ ལས་ཀྱི་མཐར་ཐུག་ཟབ་མོ་འདི་འདྲ་བ༔ པདྨ་བདག་གི་ཐུགས་བཅུད་ཟབ་མོ་སྟེ༔ རྒྱ་བོད་གཉིས་ཆར་འདི་འདྲའི་མན་ངག་དཀོན༔ ཤིན་ཏུ་བསྟན་པར་ཕང་ཡང་བརྒྱུད་འཛིན་དོན༔ མི་འགྱུར་འཕྲུལ་གྱི་ཡི་གེར་རྒྱ་ཡིས་གདབ༔ རྡོ་རྗེ་ཅན་གྱི་མགུལ་དུ་གཏེར་དུ་སྦས༔ བཀའ་སྲུང་གནོད་སྦྱིན་ཤན་དམར་རཱ་ཧུ་ལ༔ དམ་ཅན་རྡོ་རྗེ་ལེགས་པ་བཅས་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ དམ་ཉམས་ལྟ་ལོག་མཁན་གྱི་སྲོག་རྩ་ཆོད༔ དམ་ལྡན་བུ་ལ་ཆོས་འདི་དར་རྒྱས་སྤེལ༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཉིད་རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱིས་རང་ལོ་ཉེར་ལྔ་ས་མོ་ལུག་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་བཅོ་ལྔར་བཀའ་རྒྱས་བཏབ་སྟེ།མཐར་ལུང་ཟིན་སྐྱེས་བུ་དམ་པ་མཁྱེན་རབ་རྒྱ་མཚོ་དང་བློ་གྲོས་རྡོ་རྗེའི་རྣམ་འཁྲུལ་སྟོང་ཉིད་རྒྱ་མཚོ་ལ་པདྨའི་གཏེར་ལུང་དུ་པྲཛྙཱ་རསྨིར་འབོད་པ་གང་དེས་ནན་ཆེར་བསྐུལ་ངོར་མཁའ་འགྲོ་གསང་བའི་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།