TTDL-ZABTER-08-NYA-045: Difference between revisions
From Dudjom Wiki
TTDL-ZABTER-08-NYA-045
No edit summary |
No edit summary |
||
| Line 26: | Line 26: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅།།ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་བཀའ་སྲུང་དྲེགས་པ་སྡེ་དགུ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་ནས་མནན་བསྲེགས་འཕང་གསུམ་གྱི་བརྗེད་བྱང་བཞུགས་སོ།། | ||
༄༅།།འཕགས་ཡུལ་གྲུབ་བརྒྱའི་གཙུག་རྒྱན་ས་ར་ཧ།།འཛམ་གླིང་སྲིད་ན་ཆེ་བ་པདྨ་འབྱུང་།།གང་དང་དབྱེར་མེད་རིག་འཛིན་བདུད་འཇོམས་གླིང་།།བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས།།དེ་ལ་འདིར་གསང་བ་སྐོར་གསུམ་གྱི་ནང་ཚན་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་བཀའ་སྲུང་དྲེགས་པ་སྡེ་དགུའི་སྐོར་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་ནས་གཏོར་བཟློག་མནན་བསྲེགས་འཕང་གསུམ་གྱི་བརྗེད་བྱང་ནི།ཐོག་མར་རྒྱུན་གསོལ་ལྟར་ཆོས་སྤྱོད་ཞལ་འདོན་གྲུབ་འཕྲལ།བདག་བསྐྱེད་རྒྱས་བསྡུས་གང་རུང་བཟླས་པ་བསྙེན་བསྟོད་ཡན་གྲུབ་རྗེས།བཀའ་སྲུང་སྒྲུབ་རྫས་བསངས་སྦྱངས།ལས་བྱང་དཀྱུས་བཞིན་བཞུགས་གསོལ་མཇུག་རྟེན་འཛུགམཆོད་པའི་མཇུག་ཏུ་བསྐང་གསོལ་ཡིད་བཞིན་འཁོར་ལོ་དང་།མཆོད་གསོལ་ཡིད་བཞིན་སྤྲིན་དཔུང་སོགས་བྱ།དེ་ནས་རང་གཞུང་གི་ཕྲིན་བཅོལ་དང་།མངའ་གསོལ་དབང་སྡུད་ལྕགས་ཀྱུའི་མཐར་རང་གཞུང་གི་བསྟོད་པ།སྔགས་དམིགས་དང་བསྙེན་སྒྲུབ་ལས་གསུམ་བཟླས་པའི་གྲངས་སོགས་བློས་གཞིག་ནས།བསྙེན་བསྟོད་ལ་ལས་བཞིའི་ཤམ་བུ་འདོགས།དབྱངས་གསལ།ཡིག་བརྒྱ།རྟེན་སྙིང་།མཆོད་པ།བསྟོད་པ།དབང་གི་བསྐུལ་བ་ཐུགས་རྗེའི་ལྕགས་ཀྱུ་བཅས་བྱ།གསོལ་མཆོད་ཁོ་ན་ཡིན་ཚེ་འདི་སྐབས་སུ།ལྷ་ཆེན།ཚོགས་བདག་སོགས་གསོལ་མཆོད་ཀྱི་རིམ་པ་གྲངས་གསོག་གོ།།དེ་ནས་ཚོགས་ལ།ཚོགས་ཕུད་མགོར་བསྐང་བ།ཚོགས་ཕུད།བཤགས་པ།བསྒྲལ་བ།བསྟབ་པ།ལྷག་མ་བཅས་གྲུབ་ནས།༈དེ་ནས་དྲག་སྒྲུབ་ལས།ཨོཾ་མཧཱ་ཤུ་ནྱ་ཏཱ་སོགས་བསྟོད་བཤགས་བར་སོང་རྗེས་བསྙེན་པ་ནི།ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་སྲོག་ཡིག་ཕྲ་མོའི་མཐར་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད་ཨོཾ་མ་ཧཱ་དཱེ་ཝ་ཀཱ་ལ་ལོ་ཀི་ཤྭ་ར་ཧཱུྃ་ཕཊ༔ ཅེས་པའི་སྔགས་དེ་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དབྱེར་མེད་དུ་འགྲུབ་པར་བསྒོམ་ལ།ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས།དེ་ནས་འབོད་པ་མྱུར་མགྱོགས་གློག་ཞགས་ནི།ཧྲཱི་ཛཿསྟེང་ཕྱོགས་བདེ་ལྡན་སོགས་སྔགས་བདུན་ནམ་ཅི་འགྲུབ་བཟླ།དེ་ནས་བསྐུལ་གཏོར་ལ།ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿལན་གསུམ་ནས།དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་ཕབ་པས་དགྲ་བོའི་གཟུགས་ཕུང་རྡུལ་དུ་བརླག་ནས་ཤ་ཁྲག་རུས་གསུམ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་འཁོར་ལོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ བསྐུལ་བ་ཁམས་གསུམ་གཡོ་བྱེད་ནི།ཧཱུྃ་ཧྲཱིཿསངས་རྒྱས་ཆོས་དང་སོགས་ནས།སོང་བར་བསམ༔ དོ་གལ་ཆེ་ན་དྲག་བསྐུལ་འཇིག་རྟེན་ཕུང་བྱེད་ནི།ཀྱཻ༔ བསླུ་མེད་སྐྱབས་གནས་སོགས།རྦད་རྦད་སོད་སོད༔ བར།རྦད་པ་རྡོ་རྗེའི་ཐོག་མདའ་ནི།ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿདུས་གསུམ་རྒྱལ་དང་སོགས་སྔགས་ཅུང་ཟད་བཟླས།དེ་ནས་གསེར་སྐྱེམས་གཏོང་ཞིང་མཁྱེན་དཔང་གཟུ་དཔང་ནི།ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་ལས།ཀྱཻ༔ གསོན་ཅིག་གཟིགས་ཤིག་སོགས།ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ ཞེས་པའི་བར།དེ་ནས་བྲུབ་ཁུང་བསྐྱེད་པ་ནི།མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་ལས།རང་ཡི་དམ་དྲག་པོ་སོགས།འགུགས་གཞུག་བརྒྱ་རྩ་སོགས་སྐབས་དང་བསྟུན།འགུགས་ཐུང་ཅི་རིགས།བླ་འགུགས་ཀྱི་སྔགས།ཨོཾ་མ་ཧཱ་དཱེ་ཝ་སོགས།ཛཿཧཱུྃ་བཾ་ཧོཿཞེས་བརྒྱ་རྩ་སོགས་བཟླས།རང་དོན་དོ་གལ་ཆེན་པོ་བྱུང་ན་དུས་དྲུག་དང་སྦྱར་ལ་བླ་འགུགས་ནི།ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་ལས།ཧཱུྃ་ཛཿདཀོན་མཆོག་གསུམ་ལ་སོགས།བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ འོག་གིཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་སོགས།སོད་སོད་ནན་ནན༔ དེ་ནས་བྲོས་ཤོར་གྱི་སྒོ་འདན་པ་ནི།ཛཿལྷ་ཆེན་དབང་ཕྱུག་ཆེན་པོ་སོགས།ཧཱུྃ་བཛྲ་ས་མ་ཡ༔ དེ་ནས་མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་ལས་ཕོ་ཉས་བཀུག་པ་ནི།ཧྲཱི་ཛཿདབང་ཕྱུག་ཆེན་པོའི་སོགས་ཐུན་རྣམས་རྫོགས་ཕྲལ།དགྲ་བོ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་སོད༔ བསད་པ་སྤུ་གྲིའི་འཁོར་ལོ་ནི།ཛ་བྷྱོ༔ ཁམས་གསུམ་སྲོག་གི་བདག་པོ་སོགས་སྔགས་བདུན་ནམ་ཅི་རིགས་དང་།གསོ་བ་གསུམ་དང་ཚེ་ལུང་ཁྲུས་ལུང་གི་དམིགས་གནད་དང་ལྡན་པར་བྱ།དྲག་སྔགས་ཀྱིས་ལིངྒ་གཏུབ།དེ་ནས་ཞལ་དུ་བསྟབ་པ་ནི།མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་ལས།ཧྲཱིཿདམ་ཉམས་དགྲ་བོ་བསྒྲལ་སོགས།རི་ཏི་ལ་ཁཱ་ཧི༔ ལས་ཀྱི་མཐར་ཐུག་ཟབ་མོ་ལས།མཆོད་པ་ནི།ཧཱུྃ་ཧྲཱིཿདགྲ་བོ་བསྒྲལ་བའི་ཤ་ཁྲག་སོགས།པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི།ཧཱུྃ་ཧྲཱིཿའཇིག་རྟེན་དབང་ཕྱུག་སོགས།བླ་མར་བསྟོད༔ འགུགས་གཞུག་བྱས་ནས་བཟློག་པ་ནི་དྲག་བཟློག་རྡོ་རྗེའི་ཕ་ལམ་ལས།ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སོགས།བྷྱོ་བྷྱོ་བཟློག་བཟློག༔ བར་རོ།།ཉིན་སྔ་མ་རྣམས་སུ་བསྐུལ་བ།ཆད་བརྟན།བྲོ་མནན།ཚེ་འགུགས།མཆོད་བསྟོད་བཤགས་པ།བཀྲ་ཤིས།བསྔོ་སྨོན།བརྟན་བཞུགས་སོགས་རྒྱུན་སྤྱོད་ལ་འཇུག་པར་བྱའོ།།༈དེ་ནས་སྦྱིན་སྲེག་ནི།དཀར་གཏོར།བགེགས་གཏོར།མཚམས་གཅོད།སྲུང་འཁོར་བཅས་སོང་ནས།ལས་ཀྱི་མཐར་ཐུག་ཟབ་མོ་ལས།ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས།ཧུབ་ཀྱིས་རོལ༔ ཨོཾ་མ་ཧཱ་དཱེ་ཝ་དུ་པ་ར་ཙ་སོགས།ཁཱ་ཧི༔ བར་བྱོན་སྐྱེམས་ཉེར་གཅིག་ཕུལ།དེ་ནས་མཆོད་པ་ནི།ཧཱུྃ་ཧྲཱིཿདགྲ་བོ་བསྒྲལ་བའི་སོགས།བསྟོད་པ་ནི།ཧཱུྃ་ཧྲཱིཿའཇིག་རྟེན་དབང་ཕྱུག་སོགས།བླ་མར་བསྟོད༔ དེ་ནས་ཤ་དུམ་འབྲུ་ནག་ཚིལ་བུས་ལིང་རོ་སྤེལ་ལ།འགུགས་གཞུག་ནི།ན་མོ༔ དཀོན་མཆོག་གསུམ་དང་སོགས།ཁུག་ཅིག་ཛ་ཛཿདེ་ནས་བསྟབ་པ་ནི།ཧཱུྃ༔ གདུག་པའི་དགྲ་བོ་སོགས།ལྷག་མེད་རོལ།ཨོཾ་མ་ཧཱ་དཱེ་ཝ་དུ་པ་སོགས།སྭཱ་ཧཱ༔ བཅུ་རེའི་མཚམས་སུ།བསྲེག་རྫས་རྣམས་ཞལ་དུ་བསྟབས་པ་ཙམ་གྱིས་ཟས་ཀྱི་ཞར་ལ་རླུང་རྔུབ་པ་བཞིན་དུ་དགྲ་བགེགས་གནོད་བྱེད་ཐམས་ཅད་ཞལ་དུ་འུབ་ཀྱིས་བསྡུས་ཏེ་རྐང་མཐིལ་སྐྱ་ལྷག་གིས་མགོ་མཇུག་ལོག་ནས་མགྲིན་པར་རུབས་སེ་སོང་སྟེ་གཟའ་བདུད་གཤིན་རྗེར་བཅས་པའི་ཞལ་དུ་ཐིམ་པར་གྱུར༔ བརྒྱ་རྩ་བརྒྱད་རྫོགས་འཕྲལ་སྔར་ལྟར་མཆོད་བསྟོད།བཤགས་པ་ནི།མ་འབྱོར་པ་དང་སོགས།ཡིག་བརྒྱས་ལྷག་ཆད་སྐོང་།གཤེགས་སྐྱེམས་ནི།ཧཱུྃ་ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་སོགས།ཧུར་ཐུམ་སོད༔ ནས།ཨོཾ་མ་ཧཱ་དཱེ་ཝ་སོགས།ཁཱ་ཧིའི་བར་ཉེར་གཅིགདེ་ནས་གཤེགས་གསོལ་ནི།ཧོཿདྲང་སྲོང་ལྷ་ཡི་སོགས།བཛྲ་མུཿབཀྲ་ཤིས་ནི།ལས་གཞུང་ཡིད་བཞིན་འཁོར་ལོ་ལས།ཧཱུྃ༔ ཁམས་གསུམ་སྐུ་གསུང་སོགས།བཀྲ་ཤིས་ཤོག༔ ༈དེ་ནས་འཕང་བའི་རིམ་པ་ནི།ཡི་དམ་གྱི་ཕྱི་ནང་གི་སྒོ་དབྱེ།བསྐུལ་བ་དང་རང་གཞུང་གི་བསྐུལ་བ།གཏོར་འགུགས།ཆད་ཐོ་གཏོང་།དེ་ནས་ཕྱི་རོལ་དུ་གོམ་པ་བདུན་ཅུའི་སར་ཕྱིན་ནས།གསེར་སྐྱེམས་སྤྱི་འགྲོས་དང་།མཁྱེན་དཔང་གཟུ་དཔང་ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་ལས།ཀྱཻ༔ གསོན་ཅིག་གཟིགས་ཤིག་སོགས།ས་མ་ཡ༔ བར་བརྗོད།དམིགས་རྟེན་བསྐྱེད་པ་ནི།མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་ལས།རང་ཡི་དམ་དྲག་པོ་སོགས་ནས།སྨྱོ་རུ་གཞུག་པའི་མཇུག་གིཛྭ་ལ་ས་མ་ཡ་མཱ་ར་ཡ་རྦད་སོད༔ བར་སོང་ནས།འཕང་བར་བྱེད་པ་དངོས་ལ།ལས་ཀྱི་མཐར་ཐུག་ཟབ་མོ་ལས།ཧཱུྃ༔ དཀོན་མཆོག་རྩ་གསུམ་བཀའ་སྲུང་སོགས།ཐུགས་དམ་དུས་ལ་བབ༔ དོ་ནུབ་ང་ཡིས་འཕེན་པའི་ཕུར་ཟོར་སོགས།ཕོབ་ཛ་རྦད་སོད༔ ཡང་གོང་གི།ཧཱུྃ༔ དཀོན་མཆོག་རྩ་གསུམ་སོགས།དུས་ལ་བབ༔ དོ་ནུབ་ང་ཡིས་འཕེན་པའི་ཡུངས་ཐུན་སོགས།རྦད་སོད༔ དེ་ནས་ཁྲག་ཐུན་དང་ཟངས་ཕྱེ་ལྕགས་ཕྱེ་སོགས་དེས་འགྲེའོ།།ཐོག་ཟོར་ཧཱུྃ་བཞི་དང་དྲག་སྔགས་སོ་ལྔ་ཤམ་བུ་བཅས།སྐབས་འདིར་ཐུགས་སྒྲུབ་གསང་རྒྱ་ཅན་གྱི་ཕུར་བསྐུལ་ཚངས་པའི་སྒྲ་དབྱངས་ཀྱི་དམོད་བྱང་འཆི་བདག་ནག་པོའི་ཧུབ་སྒྲ་ནི།ཧོཿདགོངས་སུ་གསོལ་ལོ༔ ལན་གསུམ།བཀའ་བརྒྱུད་རིག་འཛིན་གྱི་སོགས།ཏ་ཐ་ཡ་རྦད་བྷྱོའི་བར་རམ།ཡང་ན་དམོད་ངན་རྡོ་རྗེའི་ཐོག་མདའ་བརྗོད་རྗེས།ལས་ཀྱི་མཐར་ཐུག་ཟབ་མོ་ལས།ལྷ་ཆེན་གྱི་སྤྲུལ་པ་སོགས།བརླག་པར་བསམ་ལ་གཏོར་མ་འཕང་ངོ་།།དེ་མཐར་ལིང་རོ་བསྡུས་ནས།གཏོར་མ་མེའི་ནང་དུ་བསྲེགས་ལ།ལས་ཀྱི་མཐར་ཐུག་ཟབ་མོ་ལས།སྐད་ཅིག་གི་དུག་རླུང་སོགས།གཤེགས་པར་བསམ༔ བར་རོ།།བརྟན་མ་སྐྱོང་།ཕྱི་ལམ་བཅད་པའི་ཁྱུང་ཐོ་བཞག།༈དེ་ནས་མནན་པ་ནི།གསེར་སྐྱེམས་གཏོང་།གཟུ་དཔང་མཁྱེན་དཔང་བྱ།དེ་ནས་ལས་ཀྱི་མཐར་ཐུག་ཟབ་མོའི་མནན་པའི་ཐེམ་བྱང་ནི།རང་ཉིད་དབང་ཕྱུག་ཆེན་པོའི་ཕྱག་གཡས་སོགས།གྲུབ་པར་མཛོད༔ ཅེས་ལིངྒ་བྲུབ་དོང་དུ་འཕང་།ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་ལས།ཨེཿཡཾཿརཾཿབཾཿལཾཿམདུན་དུ་ཨེཿནག་པོ་ལས་སོགས།ཐིམ་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་སོགས།ལིངྒ་འདི་ལ་ཁུག་ཅིག༔ འགུགས་གཞུག་བརྒྱ་རྩ་སོགས་བརྗོད་མཐར།མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་ལས།ཕོ་ཉས་བཀུག་པ་ནི།ཧྲཱི་ཛཿདབང་ཕྱུག་ཆེན་པོའི་སོགས།ལྷ་དང་དབྱེ་བ།འཆིང་བར་བྱེད་པ།སྨྱོ་རུ་གཞུག་པ་བཅས་སོང་མཐར།འོག་གི་དུག་ཐུན་འབྱུང་བཞིའི་ཐུན་བཅས་རྫོགས་མཐར།ལས་ཀྱི་མཐར་ཐུག་ཟབ་མོའི་མནན་པའི་ཐེམ་བྱང་གི་མགོའི་མནན་སྔགས།ཨོཾ་མ་ཧཱ་དཱེ་ཝ་ཀྲོ་ཏ་ཀཱ་ལ་སོགས།ནན་ནན༔ ཅི་མང་བཟླས།འོག་གིམཐར་སྟག་གཟིག་གི་མདུན་དུ་སོགས་ནས།རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་ལ༔ ཅེས་པའི་བར་སོང་ནས།དྲག་སྔགས་སོ་ལྔའི་མཇུག་ཏུ་དགྲ་བོ་མཱ་ར་ཡ་རྦད་ནན་ཧཱུྃ་ཕཊ༔ བརྒྱ་རྩ་བརྗོད་མཐར།བདུད་འདུལ་གྱི་བྱུར་སྲི་མནན་པའམ།ཞིང་སྐྱོང་དགྲ་མནན་གང་རུང་གི་རྗེས།ཡི་དམ་གཞུང་གི་བྲོ་མནན་བྱའོ།།ནང་དུ་ལོག་སྲུང་འཁོར།རྒྱལ་དབྱངས།ཚེ་འགུགས།དངོས་གྲུབ་བླང་བ།མཆོད་བསྟོད།བཤགས་པ།དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བསྔོ་སྨོན་བརྟན་བཞུགས་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ།།སྨྲས་པ།བདུད་སྡེ་ཕྱེ་མར་འཐག་པའི་ཆོ་གའི་ཁྲིགས།།མཚུངས་མེད་དྲིན་ཅན་བླ་མའི་ཞལ་རྒྱུན་བཞིན།།རང་བློར་གང་ངེས་ལྷག་བསམ་དག་པའི་བློས།།བཀའ་འབངས་ཐ་ཤལ་མཁྱེན་མིང་པ་དེས་བྲིས།།དགེའོ།།།།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 13:52, 13 August 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 8, Text 45, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Verso: bdud 'joms srung ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | ||
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |