TTDL-ZABTER-09-TA-001: Difference between revisions

From Dudjom Wiki
TTDL-ZABTER-09-TA-001
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung gza' bdud
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཏ
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:24, 15 August 2024

Wylie title TTDL-ZABTER-09-TA-001.pdf
Location bdud 'joms gling pa zab gter
Volume 9, Text 1, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༡ཟབ་གསང་མཁའ་འགྲོ་སྙིང་ཐིག་ལས༔ དྲང་སྲོང་གཟའ་བདུད་རླུང་ཞོན་ནག་པོའི་རྩ་སྒྲུབ་སྲོག་རྩ་དམར་ལེན་བཞུགས་སོ༔ ༠༠༠༠བརྡ་ཡིག༢ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ ༠༠༠༠༠༠བརྡ་ཡིག༢མ་འོངས་ལྔ་བརྒྱའི་ཐ་མ་ལ༔ པདྨའི་བརྒྱུད་འཛིན་ཉམས་དམའ་ནས༔ མི་ནག་སྐྱེ་པོས་ཆོམ་པའི་ཚེ༔ ལས་ཀྱི་མཚོན་ཆར་འདི་གདམས་བཞག༔ སྔགས་ཀྱི་སྐྱེས་བུ་དམ་ལྡན་རྣམས༔ རབ་དབེན་ངམ་འབྲོག་ཅན་གྱི་སར༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་སྟེང་༔ སྨན་སྤོས་ཁྲག་གིས་ཆག་ཆག་བཏབ༔ ཁ་ཁྱེར་ལྗང་ནག་མཐོ་རུ་འཇམ༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་མཐིང་༔ རྩིབས་མཆན་དམར་ལ་ཕྱི་ཁྱམས་ནག༔ མུ་ཁྱུད་དཀར་པོའི་ཁ་དོག་བྱ༔ ལྟེ་བ་ལྗང་སེར་ཐིག་ལེའི་སྟེང་༔ དམར་གཏོར་སྟོད་གཅུས་ཁྲག་གིས་བྱུགས༔ ཤ་ཁྲག་སྙིང་དང་ར་མཆིན་བརྒྱན༔ སྟེང་དུ་ར་ཡི་རྒྱལ་མཚན་བཙུག༔ ཕྱོགས་བཞིར་དམར་གཏོར་ཆུང་བ་བཞི༔ དེ་ཡི་ཕྱི་རིམ་གཟའ་བཤོས་བརྒྱད༔ དེ་མཐར་དམར་གཏོར་བརྒྱད་དང་ནི༔ རིལ་བུ་ཉི་ཤུ་རྩ་བརྒྱད་བཤམས༔ གཙོ་གཏོར་མདུན་དུ་བླ་རྡོ་བཞག༔ དར་ཟབ་གཅན་གཟན་ལྤགས་པས་བརྒྱན༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་བཤམས༔ དང་པོ་ཡི་དམ་ལྷ་གཞུང་བསྲང་༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ ཨོཾ་སྭ་བྷཱ་ཝས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས༔ ཨ་ཀཱ་རོས་དཀྱིལ་འཁོར་དེ་ཉིད་ལོངས་སྤྱོད་བཀོད་པ་རབ་རྫོགས་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་སྤེལ༔ རང་ཉིད་ཡི་དམ་དྲག་པོའི་མདུན་དུ་དུག་ཁྲག་འདྲེས་པའི་རྒྱ་མཚོ་རྒྱ་ཆེ་ལ་གཏིང་ཟབ་པའི་སྟེང་དུ༔ རྡུལ་དང་ཁ་ཆར་མེ་རླུང་འཚུབས་མའི་ཀློང་དུ་འདོད་ཆགས་ཀླུ་ལྕམ་ནག་མོ་མུན་པའི་ཚུལ་དུ་གནས་པ༔ ཞེ་སྡང་སྲིན་པོའི་རྒྱལ་པོ་དུག་རླུང་གི་རྣམ་པར་གབ་པའི་ཀློང་དུ༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ རླུང་ནག་འཚུབས་མ་འཁྱིལ་འཁོར་གདན་སྟེང་དུ༔ རཿལས་དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ མི་སྲུན་རྔམས་བརྗིད་མཐིང་ནག་ཁྲོ་གཏུམ་འབར༔ སུམ་བརྩེགས་དབུ་དགུའི་སྟེང་དུ་ཁྭ་ཡི་གདོང་༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དབུ་སྐྲ་དམར་ནག་འབར༔ ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་ཕྱར༔ གཡོན་པས་ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་བསྣམས༔ འོག་མ་གཉིས་ཀྱིས་རྭ་ཡི་མདའ་གཞུ་འགེངས༔ སྐུ་སྨད་གདུག་པ་ཞེ་སྡང་སྦྲུལ་དུ་འཁྱིལ༔ ལྟོ་བར་ཞལ་གདངས་ལུས་པོ་མིག་གིས་གང་༔ དར་དཔྱངས་སྦྲུལ་གྱི་ཆུན་པོ་རྒྱན་དུ་འཆང་༔ མདུན་དུ་ཟོར་སྲིན་དཀར་པོ་སྟག་གི་གདོང་༔ ལྕགས་ཀྱུ་སྤྲིན་དཔུང་བསྣམས་ནས་ཆུ་སྲིན་ཞོན༔ གཡས་སུ་བམ་སྲིན་སེར་མོ་དྲེད་ཀྱི་གདོང་༔ རི་རབ་ནད་རྐྱལ་བསྣམས་ནས་ཕག་ལ་ཞོན༔ རྒྱབ་ཏུ་ཀོང་སྲིན་དམར་མོ་བ་ལང་གདོང་༔ ཐོག་མདའ་གློག་ཞགས་བསྣམས་ནས་གཡུ་འབྲུག་བཅིབས༔ གཡོན་དུ་འབྲོག་སྲིན་ནག་མོ་ཆུ་སྲིན་གདོང་༔ རླུང་ཞགས་སེར་རྒོད་བསྣམས་ནས་ཤ་ཝ་ཞོན༔ ཕྱི་རིམ་སྤྲུལ་པའི་གཟའ་མཆོག་ཆེན་པོ་བརྒྱད༔ ཞལ་གཅིག་ཕྱག་གཉིས་གཡུ་འབྲུག་སྔོན་མོ་བཅིབས༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་ནག་རྔམས༔ ཕྱག་གཉིས་མཚོན་ཆའི་འཁྲུལ་འཁོར་དགྲ་ལ་འགྱེད༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་སྟེང་༔ ལྷ་ཡི་གཙོ་བོས་ལྷ་གཡག་དཀར་པོ་བཅིབ༔ ཕྱག་གཉིས་རལ་གྲི་དར་མདུང་དཀར་པོ་བསྣམས༔ འཆི་བདག་གཤིན་རྗེ་སྔོན་པོས་མ་ཧེ་ཞོན༔ ཕྱག་གཉིས་རུ་མཚོན་ཐོད་དབྱུག་འབར་བ་བསྣམས༔ མ་མོ་སྲིད་རྒྱལ་དཀར་མོས་གཡུ་འབྲུག་བཅིབས༔ ཕྱག་གཉིས་མདའ་དར་གསལ་བའི་མེ་ལོང་འཛིན༔ བདུད་པོ་བསྐོས་རྗེ་ནག་པོས་བདུད་རྟ་ཞོན༔ ཕྱག་གཉིས་ཁྲམ་ཤིང་དགྲ་སྟྭ་འབར་བ་བསྣམས༔ བཙན་རྒྱལ་དམར་པོས་མདའ་གཞུ་གློག་ཞགས་བསྣམས༔ བཙན་རྟ་དམར་པོ་རླུང་གི་གཤོག་ཅན་ཞོན༔ པེ་ཧར་སྲོག་བདག་དཀར་པོ་སེང་གེ་བཅིབས༔ ཕྱག་གཡས་མཁར་བསིལ་གཡོན་པས་ལྷུང་བཟེད་བསྣམས༔ གནོད་སྦྱིན་ནག་པོ་སྟག་མོ་གྲུས་མ་བཅིབས༔ ཕྱག་གཉིས་རལ་གྲི་ཡིད་བཞིན་ནོར་བུ་འཛིན༔ ཀླུ་བདུད་འཆི་བདག་མགོ་དགུས་ཆུ་སྲིན་ཞོན༔ ལྗང་ནག་ཕྱག་གཉིས་སྦྲུལ་ཞགས་ནད་རྐྱལ་ཐོགས༔ དེ་མཐར་རྒྱུ་སྐར་ཆེན་མོ་ཉེར་བརྒྱད་དང་༔ སྣང་སྲིད་དྲེགས་པ་ཕོ་མོ་འཁོར་གྱིས་བསྐོར༔ ཀུན་ཀྱང་སྒྲུབ་པ་པོ་ལ་རབ་དགྱེས་བརྩེ༔ དགྲ་བགེགས་གདུག་པའི་སྲོག་ལ་རྔམས་པར་གྱུར༔ དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་གཟའ་བདུད་དུག་གི་སྤུ་གྲི་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ དྲང་སྲོང་གཟའ་བདུད་ནག་པོ༔ སྡོང་ཟླ་གདོང་མོ་མཆེད་བཞི༔ སྤྲུལ་པའི་གཟའ་བདུད་རྣམ་བརྒྱད༔ ལས་མཁན་དྲེགས་པ་སྡེ་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ སྣང་སྲིད་དྲེགས་པའི་སྡེ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ༔ གསང་བདག་ཕྱག་ན་རྡོ་རྗེ༔ སློབ་དཔོན་པདྨ་ཐོད་ཕྲེང་ལ་སོགས་པའི་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཙུག་ནས་འབོད་དོ༔ དམ་ཚིག་གཉན་ལ་མ་འདའ་བར་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ལན་གསུམ་བརྗོད༔ མཐར་སྤྱན་འདྲེན་པ་ནི༔ ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ གཟའ་བདུད་ཆེན་པོ་གཤེགས་སུ་གསོལ༔ གདོང་མོ་མཆེད་བཞི་གཤེགས་སུ་གསོལ༔ སྤྲུལ་པའི་གཟའ་བརྒྱད་གཤེགས་སུ་གསོལ༔ རྒྱུ་སྐར་ཉེར་བརྒྱད་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ དམ་བཏགས་བཀའ་བསྒོས་དབང་བསྐུར་བའི༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ བར་དུ་རྒྱ་གར་འཕགས་ཡུལ་དུ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི༔ བཀའ་ཉན་ཆེན་པོ་རཱ་ཧུ་ལ༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ ཐ་མ་གངས་ཅན་བོད་ཡུལ་དུ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཏགས་དབང་བསྐུར་བའི༔ ཐ་ཚིག་གཉན་པོ་དེ་ཡིས་འབོད༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ དགྱེས་པའི་ཞལ་དང་སྒྲུབ་རྟགས་སྟོན༔ ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབ༔ ཨོཾ་རཱ་ཧུ་ལ་ཧཱུྃ་ཕེཾ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཀྵ༔ གཟའ་བདུད་ནག་པོ་འཁོར་དང་བཅས༔ སྲོག་གི་རྟེན་འདིར་གཏན་བཞུགས་ནས༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ བདག་གི་ཕྲིན་ལས་ཡོངས་སྒྲུབས་ཤིག༔ བཛྲ་ས་མ་ཡ་ཥིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་ཉན་གཟའ་བདུད་རྒྱལ་པོ་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ན་མོ་ས་མ་ཡ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཟའ་བདུད་ནག་པོ་འཁོར་བཅས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ དར་ཟབ་སྟག་གཟིག་གོ་མཚོན་དང་༔ གཟུགས་འགྲོས་དཀོར་ནོར་སྣ་ཚོགས་དང་༔ བརྟེན་རྫས་སྒྲུབ་རྫས་བསྐང་རྫས་དང་༔ འབྲུ་སྣ་སྨན་སྣ་མེ་ཏོག་རིགས༔ ཤ་སྣ་སྙིང་སྣ་ར་མཆིན་སོགས༔ མཐུན་པའི་དམ་ཚིག་སྣ་ཚོགས་པ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ འདོད་དོན་ཕྲིན་ལས་ཡོངས་གྲུབ་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགསཤཔྡ་རཱུ་པ་སོགསསྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཀྵ༔ དྲང་སྲོང་དམོད་པ་མཐུ་བཙན་པའི༔ ལས་ལ་གྲུབ་པའི་མཐུ་བོ་ཆེ༔ སྐྱེ་འགྲོའི་སྲོག་ལ་མངའ་དབང་མཛད༔ གསང་ཆེན་བསྟན་པའི་བྱ་ར་བ༔ མཐུ་རྩལ་མངའ་བདག་ཁྱོད་ལ་བསྟོད༔ སྐུ་སྟོད་ཞེ་སྡང་ཕ་ཡི་ལུས༔ སྐུ་སྨད་འདོད་ཆགས་མ་ཡི་གཟུགས༔ གཏི་མུག་འཁྲིགས་པའི་རླུང་ལ་ཞོན༔ དུག་གི་སྤུ་གྲི་ཁྱོད་ལ་བསྟོད༔ རབ་ཡངས་ནམ་མཁའི་ཀློང་དཀྱིལ་ནས༔ ཁམས་གསུམ་འཁོར་ལོས་སྒྱུར་བའི་རྒྱལ༔ གདོང་མོ་བཞི་ལ་བདེ་ཆེན་རོལ༔ སྤྲུལ་པའི་གཟའ་བརྒྱད་འཇིག་རྟེན་འགེང་༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔ སྣང་སྲིད་ལྷ་འདྲེ་འབངས་སུ་སྡུད༔ ཁྱབ་འཇུག་ཆེན་པོ་ཁྱོད་ལ་བསྟོད༔ བདག་ཅག་རྣལ་འབྱོར་འཁོར་བཅས་ལ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ཅིག༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ བཅོལ་བའི་ལས་མཛོད་ས་མ་ཡ༔ ས་མ་ཡ༔ དེ་ནས་འཛབ་བཟླས་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་དྲང་སྲོང་གཟའ་བདུད་ནག་པོ་འཁོར་དང་བཅས་པ་གསལ་བའི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོ་གསལ་བའི་མཐའ་མར་རང་གི་སྔགས་ཀྱིས་བསྐོར་བར་བསམ༔ རང་ཉིད་དྲག་པོ་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གཟའ་བདུད་འཁོར་དང་བཅས་པའི་སྲོག་གི་སྙིང་པོ་རཿནག་པོར་བསྒྱུར༔ དེ་དག་གི་གསང་སྔགས་རིག་སྔགས་སྙིང་པོ་ཐམས་ཅད་ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿཞེས་སྔགས་དེ་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ཅིང་བསྒོ་བའི་བཀའ་ཉན་པར་བསྒོམ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿཅི་ནུས་བཟླས༔ ཡང་བདག་ཉིད་དྲག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཁོར་འདས་ཡོངས་ཀྱི་སྲོག་སྙིང་ཐམས་ཅད་བསྡུས་ཏེ་གཟའ་བདུད་ནག་པོའི་ཐུགས་ཀར་བསྟིམ་པས་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་ཏེ་བདག་གི་མངའ་འོག་ཏུ་སྡུད་པ་དང་༔ ཕྱི་ནང་གསང་བའི་དགྲ་བགེགས་གནོད་བྱེད་ཐམས་ཅད་ལྷ་ཡང་རུང་སྟེ་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་པར་བསམ༔ ཧཱུྃ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿཞེས་བཟླས་ནས༔ རང་ཉིད་དྲག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཟའ་བདུད་ནག་པོ་འཁོར་དང་བཅས་པའི་སྲོག་སྔགས་དང་འདྲེས་ཏེ་དམ་ཚིག་གཉན་པོའི་སྲོག་ཐོབ་ཅིང་ཕྲིན་ལས་ཀྱི་ཕོ་ཉར་དབང་བསྒྱུར་བར་བསམ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿཞེས་བརྗོད་པ་ཙམ་གྱིས་སྣང་སྲིད་འཇིག་རྟེན་ཁམས་ཀྱི་བན་སྔགས་བླ་བཙུན་ཐམས་ཅད་ཀྱི་བསྒོམ་ཞིང་སྒྲུབ་པའི་གཟའ་བདུད་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་ལྟ་བུར་བདག་གི་གཟའ་བདུད་ནག་པོའི་སྐུ་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར་ཏེ་ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཐུ་ནུས་དང་ལྡན་པར་བསམ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿཞེས་བཟླས་ཚེ༔ གཟའ་བདུད་ནག་པོ་འཁོར་དང་བཅས་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་དང་འཇིག་རྟེན་གྱི་བསྟན་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ནས་གཟའ་བདུད་ནག་པོའི་སྐུ་ལ་ཐིམ་པས་བཀའ་སྲུང་རྒྱ་མཚོ་ཡོངས་འདུས་ཀྱི་བདག་ཉིད་དུ་དམིགས་ལ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿཞེས་བཟླས་ཚེ༔ དཔལ་གསང་བའི་བདག་པོའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་བདག་གི་སྒོ་གསུམ་དུ་ཞུགས་པས་གཉིས་སུ་མེད་པར་གྱུར༔ རྡོ་རྗེའི་རྭ་རྩེ་ལས་དམ་ཚིག་གི་བདུད་རྩི་བྱུང་ནས་གཟའ་བདུད་ནག་པོ་འཁོར་དང་བཅས་པའི་ལྕེ་ལ་ཕོག་སྟེ་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་དམ་ལ་གནས་ཤིང་ལས་ལ་ཁོལ་བར་བསམ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿབཟླས་པས༔ འདོད་རྒུའི་ལོངས་སྤྱོད་ཐམས་ཅད་ཆར་དུ་འབེབ་ཅིང་སྣང་སྲིད་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་སྣང་བ་དབང་དུ་སྡུད་ཅིང་བདག་གི་དཔལ་དུ་འབྱོར་བར་བསམ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿདམ་བསྒྲགས་བསྐང་གསོལ་རིམ་པར་འབད༔ བདུན་ཕྲག་བདུན་ནི་སྒྲུབ་པའི་ཞག༔ འོད་འཁྱུགས་ཐོག་འཚགས་དྲི་ངན་མནམ༔ མེ་སྟག་འཕྲོ་ཞིང་སྒྲ་ཆེར་འབྱུང་༔ འདི་དག་གྲུབ་པའི་རྟགས་སུ་གདའ༔ དེ་ནས་བསྟན་པའི་དགྲ་ལ་རྦད༔ དྲག་པོའི་སྒྲུབ་པ་ལ་བརྩོན་བྱ༔ དུས་རྣམས་དུས་དྲུག་བསྐུལ་བ་ནན་དུ་བྱ༔ འདི་བསྒྲུབ་སྐྱེས་བུ་ལས་ཅན་དེ༔ མཐུ་རྩལ་འཇིག་རྟེན་གསུམ་ན་འཕགས༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ མི་མཐུན་ཕྱོགས་ལས་རྒྱལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས་སྲུངས་ཤིག༔ དམ་ཉམས་བཀའ་ལོག་བསྟན་བཤིག་མཁན་གྱི་ལག་ཏུ་མ་བཏང་ཞིག༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་རྟེན་འབྲེལ་དུས་ལ་བབ་པའི་ལྟས་བཟང་ཤར་ཚེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་སློབ་དཔོན་གཡུ་སྒྲ་སྙིང་པོའི་ཟློས་གར་སྒྱུ་མའི་འཆར་སྣང་མི་བསྐྱོད་རྡོ་རྗེའོ།།