TTDL-ZABTER-09-TA-012: Difference between revisions

From Dudjom Wiki
TTDL-ZABTER-09-TA-012
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung dam can
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཏ
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:26, 15 August 2024

Wylie title TTDL-ZABTER-09-TA-012.pdf
Location bdud 'joms gling pa zab gter
Volume 9, Text 12, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་སྲོག་དབང་ཡིད་བཞིན་དབང་རྒྱལ་བཞུགས༔ ༠༠༠༠བརྡ་ཡིག༥༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༨དམ་ཅན་སྒྲུབ་པའི་སྔ་ཐོག་ཏུ༔ སྲོག་དབང་ཟབ་མོ་བསྐུར་བ་གནད༔ དེ་ལ་དང་པོ་དབང་གི་ཆས༔ ཁྲུས་ཆུ་དམ་ཆུ་གཏོར་མ་དང་༔ ཙཀླི་ལ་སོགས་བཀོད་བྱས་ནས༔ སྒྲུབ་ལུགས་ལྟ་བུར་གཞུང་བསྲང་བསྒྲུབ༔ དེ་ནས་རང་ཉིད་ཡི་དམ་ལྷའི༔ བསྐྱེད་རིམ་གསལ་ཏེ་སློབ་བུ་ལ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་སྐྱབས་སེམས་མཎྜལ་མཐར༔ ཀྱཻ༔ རིགས་བརྒྱའི་ཁྱབ་བདག་བླ་མ་མཆོག༔ ཁྱེད་ལ་སྐྱབས་མཆི་སྡིག་པ་བཤགས༔ བཀའ་སྲུང་རྡོ་རྗེ་ལེགས་པ་ཡི༔ སྲོག་དབང་བདག་ལ་བསྐུར་དུ་གསོལ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་སློབ་བུ་རྣམས༔ བསྟན་སྲུང་ཆེན་པོ་བསྒྲུབ་ནས་སུ༔ བསྟན་པའི་དགྲ་བོ་སྒྲོལ་བྱེད་ན༔ སྲོག་དབང་ཟབ་མོ་བསྐུར་བར་བྱ༔ དེ་ནས་ཡང་སློབ་མས༔ ཀྱཻ་ཧོ༔ ཁྱབ་བདག་འཁོར་ལོའི་མགོན་པོ་དགོངས༔ སྲོག་དབང་ཟབ་མོ་ཐོབ་ནས་སླར༔ བཀའ་སྲུང་གཉན་པོ་མཆོད་གསོལ་ཞིང་༔ བསྟན་དགྲ་འདུལ་བའི་ལས་བརྩོན་བྱ༔ དེ་ནས་མ་ཧཱ་ཤུ་ནྱ་ཏྭཱས་སྦྱངས༔ ཡི་དམ་ལྷར་གསལ་ཏེ་སྤྱན་དྲངས་ལ་བསྟིམ༔ དེ་ནས་རྡོ་རྗེ་ལེགས་པའི་སྤྱན་འདྲེན་གྱིས་སྤྱན་དྲངས་ཏེ་མདུན་དུ་རྡོ་རྗེ་ལེགས་པ་བཞུགས་པར་བསམ༔ དམ་ཆུ་ལ་རྒྱལ་བ་སྲས་དང་བཅས་པའི་དམ་ཚིག་གི་བདུད་རྩི་ཐིམ་པར་བསམ༔ ས་མ་ཡ༔ ཞེས་ལན་གསུམ་དུ་བརྗོད་དོ༔ ཀྱཻ༔ རྡོ་རྗེ་ལེགས་པ་དགོངས་སུ་གསོལ༔ སྐལ་ལྡན་སློབ་མ་དགོངས་སུ་གསོལ༔ ཁྱེད་གཉིས་ཇི་སྲིད་འཚོ་ཡི་བར༔ སྐད་ཅིག་ཙམ་ཡང་འབྲལ་མ་བྱེད༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་༔ སློབ་མ་ཁྱོད་ལ་ཐོབ་པར་ཤོག༔ ཡང་སློབ་མ་ལ་མནའ་ཆུ་སྦྱིན་པ་ནི༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས༔ བཀའ་སྲུང་རྡོ་རྗེ་ལེགས་པ་ཉིད༔ བསྙེན་སྒྲུབ་གསོལ་མཆོད་ལ་བརྩོན་མཛོད༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ སློབ་མ་འདི་དང་དབྱེར་མེད་པར༔ བཞུགས་ནས་ཕྲིན་ལས་རབ་འབྱམས་སྒྲུབས༔ གཉིས་ཀས་མནའ་བོར་བར་བསམ་ལ༔ ས་མ་ཡ༔ ན་ར་ཀན༔ ཅེས་བསྐྱལ་བཅུག་སྟེ༔ ཧོཿའདི་ནི་དམ་ཚིག་མནའ་ཡི་ཆུ༔ མི་དང་ལྷ་ཡི་ལྕེ་ལ་བཞག༔ ང་ཡིས་བསྒོ་བའི་ཚིག་དེ་དག༔ བསྒྲུབ་ན་འཚེང་སྟེ་འདའ་ན་མནར༔ ས་མ་ཡ༔ ན་ར་ཀན༔ ཅེས་བསྐྱལ་བཅུག་སྟེ་ལྕེ་ལ་བཞག༔ ལུས་ལ་བྲན་ནོ༔ བདུད་རྩི་དེ་སྙིང་གི་དཀྱིལ་དུ་སོང་ནས་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གྱུར་པས་ལུས་ཐམས་ཅད་ཁྱབ་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསམ༔ དེ་ནས་དམ་ཅན་གྱི་སྐུ་གཏད་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ དམ་ཅན་རྡོར་ལེགས་འཁོར་བཅས་ཀུན༔ མི་འདིའི་མདུན་སར་མཆིས་གྱུར་ནས༔ རྟག་ཏུ་ཕྲིན་ལས་སྒྲུབ་པར་ཤོག༔ རྡོ་རྗེ་ལེགས་པ་འཁོར་བཅས་ཀྱི༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾོ༔ དེ་ནས་སྔགས་འཁོར་གཏད་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ དམ་ཅན་རྡོར་ལེགས་འཁོར་བཅས་ཀུན༔ མི་འདིའི་མདུན་སར་མཆིས་གྱུར་ནས༔ རྟག་ཏུ་ཕྲིན་ལས་སྒྲུབ་པར་ཤོག༔ རྡོ་རྗེ་ལེགས་པ་འཁོར་བཅས་ཀྱི༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ དམ་ཅན་རྡོར་ལེགས་འཁོར་བཅས་ཀུན༔ མི་འདིའི་མདུན་སར་མཆིས་གྱུར་ནས༔ རྟག་ཏུ་ཕྲིན་ལས་སྒྲུབ་པར་ཤོག༔ དམ་ཅན་རྡོ་རྗེ་ལེགས་པ་འཁོར་བཅས་ཀྱི༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ གཏོར་མ་ལྷར་གསལ་བ་སློབ་མའི་ལག་ཏུ་གཏད་པ་ཙམ་གྱིས་ཇི་སྲིད་འཚོའི་བར་དུ་རྡོ་རྗེ་ལེགས་པ་དང་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་བསམ་ལ༔ ཧཱུྃ༔ ལྷ་དང་གཏོར་མ་གཉིས་མེད་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁྱོད་ཀྱི་མདུན་སར་བཀའ་སྲུང་མཆོག༔ སྐད་ཅིག་མི་འབྲལ་འགྲོགས་པ་ཡིས༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཨཱཿཞེས་མི་དེ་ཡི་མདུན་སར་ལུས་དང་གྲིབ་མ་ལྟ་བུར་དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་གནས་ཤིང་བརྟན་པར་བསམ༔ དེ་ནས་ཏྲཱིཿཡིག་གཏད་ལ༔ ཧཱུྃ༔ ཏྲཱིཿནི་རྡོ་རྗེ་ལེགས་པ་ཡི༔ སྲོག་གི་སྙིང་པོ་བཅུད་དྲིལ་བ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་ཆས་ཐོགས་ལ༔ ཧཱུྃ༔ མཚོན་ཆ་ཐུན་ཟོར་སྣ་ཚོགས་པ༔ རྡོ་རྗེ་ལེགས་པའི་མཐུ་ལས་བྱུང༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ དགྲ་བགེགས་མ་ལུས་བསྒྲལ་བ་ཡི༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ལྷར་གསལ་བ་སློབ་མའི་སྤྱི་བོ་ནས་ཐིམ་པས་ཡིད་ལ་དྲན་པ་ཙམ་གྱིས་དམ་ཅན་རྡོ་རྗེ་ལེགས་པས་ཕྲིན་ལས་ཐམས་ཅད་མངོན་སུམ་དུ་བསྒྲུབ་པར་བསམ༔ ཧཱུྃ༔ བསྐྱེད་པའི་ལྷ་ཞུ་སློབ་མར་ཐིམ༔ དྲན་ཅིང་དམིགས་པའི་སྲུང་མ་ཆེར༔ གྱུར་ནས་དགྲ་བོའི་སྲོག་ལེན་པའི༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧོམ་དང་སཱཙྪ་ཐོགས་ལ༔ ཧཱུྃ༔ དྲག་པོའི་ཞལ་གྱི་ཧོམ་ཁུང་དུ༔ བསྟན་དགྲ་བསྟབ་པའི་དབང་ཐོབ་ཤོག༔ འཆི་བདག་གཤིན་རྗེའི་ལྟོ་བ་རུ༔ དགྲ་རྣམས་གནོན་པའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཁོར་ལོ་རྩིབ་བརྒྱད་ཐོགས་ལ༔ ཧཱུྃ༔ གནམ་ལྕགས་འཁོར་ལོ་འདི་གཏད་པས༔ བསྟན་དགྲ་སྡེ་དང་བཅས་པ་རྣམས༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ རྗེས་མེད་བརླག་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ དམ་ཅན་གཉན་པོའི་སྲོག་འཁོར་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བསྙེན་སྒྲུབ་ལས་སྦྱོར་དབང་ཐོབ་ཅིང་༔ དོན་གཉིས་མཐའ་རུ་ཕྱིན་པར་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་འདི་ཐོབ་ནས་བསྙེན་སྒྲུབ་ན༔ ཕྲིན་ལས་རབ་འབྱམས་ངེས་པར་འགྲུབ༔ ཕྱི་ནང་བར་ཆད་ཐམས་ཅད་སེལ༔ མཐུ་དང་གྲགས་པའི་དཔལ་ཐོབ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་ཨོ་རྒྱན་རྡོ་རྗེས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།