TTDL-ZABTER-09-TA-030: Difference between revisions

From Dudjom Wiki
TTDL-ZABTER-09-TA-030
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung btsan rgod skya bdun
|volnumtib=
|volyigtib=
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:36, 15 August 2024

Wylie title TTDL-ZABTER-09-TA-030.pdf
Location bdud 'joms gling pa zab gter
Volume 9, Text 30, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༢༡༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་བཙན་རྒྱལ་ཆེན་པོའི་སྲོག་དབང་བཙན་ཡུལ་དབང་བསྒྱུར་བཞུགས་སོ༔ ༠༠༠༠༠བརྡ་ཡིག༢༡༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཙན་རྒྱལ་སྲོག་ལ་དབང་བསྒྱུར་ཕྱིར༔ སྲོག་གི་དབང་མཆོག་བསྐུར་བ་ལ༔ གཏོར་མ་དང་ནི་ཙ་ཀ་ལི༔ དབང་རྫས་གཞུང་བཞིན་ལེགས་པར་བསྒྲུབ༔ དམ་ཆུར་ཁྲོ་བོ་གནོད་སྦྱིན་དང་༔ ཕྱག་ན་རྡོ་རྗེ་ཡང་ཡང་བསྟིམས༔ ལས་བུམ་ཆུ་ཡིས་བཀང་བྱས་ཏེ༔ བདུད་རྩི་འཁྱིལ་བས་བྱིན་གྱིས་བརླབས༔ དང་པོ་ཡི་དམ་ལྷ་གཞུང་བསྲང་༔ དྲེགས་པ་བསྐྱེད་ཅིང་འབོད་པ་དང་༔ རྦད་བསད་སྔགས་ཀྱིས་ནན་དུ་བསྒྲུབ༔ གསོལ་མཆོད་བསྐང་བ་ཅི་མང་གིས༔ གཏོར་མ་མང་དུ་འབུལ་བའི་མཐར༔ སློབ་མ་གྲལ་འཁོད་ཁྲུས་ཀྱིས་སྦྱང་༔ གསང་སྔགས་གསང་བའི་སྣོད་རུང་བྱ༔ དེ་ནས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སླར་ཡང་སྲོག་དབང་བསྐུར་བ་ལ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ་ཧོཿའགྲོ་བའི་མགོན་པོ་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ བཀའ་སྲུང་གནོད་སྦྱིན་ཆེན་པོ་ཡི༔ སྲོག་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ དེ་ནས་བླ་མས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ བསྙེན་སྒྲུབ་བསྐང་མཆོད་ཁྱོད་ཀྱིས་མཛོད༔ གནོད་སྦྱིན་རྒྱལ་པོས་བུ་ལྟར་སྐྱོངས༔ བདག་གིས་དབང་མཆོག་བསྐུར་བར་བྱ༔ དེ་ནས་རང་གི་མདུན་དུ་སློབ་མ་དང་གནོད་སྦྱིན་རྒྱལ་པོ་གཉིས་ཀས་མནའ་ཐོ་བྱ་བར་བསམ་ལ༔ དམ་ཆུ་སྦྱིན་པ་ལ༔ ཀྱཻ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ལྷ་མི་གཉིས་ལ་བཀའ་བསྒོ་ཉོན༔ བསྙེན་སྒྲུབ་སྐལ་ལྡན་ཁྱོད་ཀྱིས་མཛོད༔ བཀའ་སྲུང་རྒྱལ་པོ་ཙི་མ་རས༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་དང་༔ གཡེལ་བ་མེད་པའི་སྡོང་གྲོགས་མཛོད༔ ཅི་བཅོལ་ཕྲིན་ལས་ཐོགས་མེད་སྒྲུབས༔ ཞེས་ལྷ་མི་གཉིས་ཀས་མགྲིན་གཅིག་ཏུ༔ ལེགས་སོ་དེ་ལྟར་ཚུལ་བཞིན་དུ༔ བསྒྲུབ་པར་ཁས་ལེན་དམ་བཅའ་འོ༔ ས་མ་ཡ༔ ན་ར་ཀན༔ ཞེས་དམ་ཆུ་སྦྱིན་ཏེ་སྙིང་གི་དཀྱིལ་དུ་སོང་བས་གསང་བདག་རྡོ་རྗེ་འཛིན་པ་རུ་གྱུར་པར་བསམ་ལ༔ དེ་ནས༔ སློབ་མ་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་ཏུ་གསལ་བཏབ་ལ༔ དེ་ལས་འོད་ཟེར་འཕྲོས་པས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་རོ་གཅིག་ཏུ་འདུས་ཏེ་སློབ་མའི་ཡིད་ལ་ཐིམ་པས༔ གནོད་སྦྱིན་བཙན་རྒྱལ་ཆེན་པོ་ཡིད་ལ་དྲན་པ་ཙམ་གྱིས་འགྲུབ་ཅིང་མཆིས་པས་དབང་མཆོག་ཐོབ་པར་བསམ་ལ༔ སྔགས་ལན་གསུམ་བརྗོད་ཅིང་མི་འགྱུར་བའི་རྒྱས་གདབ་བོ༔ དེ་ནས་བཙན་རྒྱལ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གནོད་སྦྱིན་རྒྱལ་པོ་ཙི་མ་རའི༔ སྐུ་འདི་གཏད་ཅིང་སྦྱིན་པ་ཡིས༔ སྐུ་གཟུགས་མངོན་དུ་སྣང་བ་དང་༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཤུ་ལ་ཏྲི་བཛྲ་ས་མ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་བཙན་རྒོད་སྐྱ་བདུན་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཙན་རྒོད་སྤུན་བདུན་གཏད་པ་ཡིས༔ འབྱུང་བ་བཙན་ཆེན་ཐམས་ཅད་ཀྱི༔ སྐུ་དང་གཟུགས་ལ་དབང་ཐོབ་ཤོག༔ ཙ་ཏྲི་ཤུ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ཧཱུྃ་ཀཱི་ཧ་ཧེ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲག་པོའི་གད་རྒྱངས་འདི་གཏད་དོ༔ གནོད་སྦྱིན་ཙི་དམར་ཆེན་པོ་དང་༔ བཙན་རྣམས་ངག་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་སྲོག་ཡིག་ཙ་ཏུ་ཏྲི་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྲོག་གི་ཡི་གེ་འདི་གཏད་པས༔ གནོད་སྦྱིན་ཙི་དམར་ཆེན་པོ་དང་༔ བཙན་རྣམས་སྲོག་ལ་དབང་ཐོབ་ཤོག༔ ཙ་ཏུ་ཏྲི་ཤུ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྲོག་གི་འཁོར་ལོ་འདི་གཏད་པས༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ སྤྲུལ་པ་བཙན་གྱི་སྡེ་ཚོགས་དང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི༔ ལུས་ངག་ཡིད་ལ་དབང་བསྒྱུར་བས༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ ཨ་ནྲྀ་ཏྲི་ཙིཏྟ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བསྒྲལ་ཆས་སྣ་ཚོགས་འདི་གཏད་པས༔ བཙན་རྣམས་ཡོངས་ལ་དབང་བསྒྱུར་ཏེ༔ བསྟན་དགྲ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཙ་ཏྲི་ཤུ་ལ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྒྲུབ་རྫས་གཏོར་མ་འདི་གཏད་པས༔ གནོད་སྦྱིན་བཙན་རྒྱལ་ཆེན་པོ་དང་༔ བཙན་རྣམས་མ་ལུས་ཐམས་ཅད་ཀུན༔ བསྙེན་སྒྲུབ་མཆོད་གསོལ་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཡོངས་ཐོབ་ཤོག༔ སརྦ་ཙ་ཏུ་ཤུ་ལ་ཏྲི་སརྦ་མཎྜ་ལ་བ་ལིང་ཏ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ བསྒྲུབ་ཡིག་སྤྱི་བོར་བཞག་ལ་སྨོན་ལམ་འགྲུབ་པའི་བདེན་ཚིག་སྔགས་དང་བཅས་པ་བསྐྱར་ནས་བརྗོད༔ མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི༔ གོ་འཕང་ཐོབ་པའི་རྟེན་འབྲེལ་དུ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་གཏད༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡི༔ རྒྱལ་སྲིད་མཆོག་ལ་དབང་ཐོབ་བསམ༔ དེ་ལྟར་དབང་འདི་ཐོབ་ནས་སླར༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ སྲུང་མའི་མཆོག་ཏུ་བརྟེན་པ་ལས༔ གཏོར་མ་ལོ་ཟླར་འགྱང་མི་རུང་༔ བསྐྱེད་ཅིང་དམིགས་པའི་གནད་ལྡན་ཏེ༔ འབོད་པས་བསྒྲུབ་ཅིང་བསྐང་བས་མཉེས༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ཁྲག་དང་ཆང་སྐྱེམས་བཏུང་བའི་རིགས༔ ཚང་བར་བྱས་ཏེ་མཆོད་པར་བཤམས༔ གཏོར་མ་ཅི་མང་གྲངས་མཉམ་པའི༔ འགུགས་བསྒྲལ་དགྲ་ཤ་ཁྲག་ཏུ་བསྒྱུར༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་སྤེལ༔ བསྐང་གསོལ་གཏོར་མ་ཆ་མཉམ་བསྒྲག༔ འགྲུབ་རྟགས་མངོན་དུ་མ་གྱུར་བར༔ འབོད་པའི་སྔགས་ཀྱིས་བསྒྲུབ་པ་ཡིན༔ མཚམས་དང་བཅད་རྒྱ་དམ་པོར་བྱ༔ གནད་དེས་དྲེགས་པ་བྲན་ཁོལ་འགྱུར༔ བཀའ་སྲུང་བཙན་རྒྱལ་ཆེན་པོས་སྲུངས༔ ཡོངས་ལ་འཆོལ་བར་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ཡང་རྒྱ་མཚོའི་མིང་མཐའ་ཅན་དེ་ཀའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།མངྒ་ལཾ།།