TTDL-ZABTER-09-TA-033: Difference between revisions

From Dudjom Wiki
TTDL-ZABTER-09-TA-033
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung btsan rgod skya bdun
|volnumtib=
|volyigtib=
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:36, 15 August 2024

Wylie title TTDL-ZABTER-09-TA-033.pdf
Location bdud 'joms gling pa zab gter
Volume 9, Text 33, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༢༣༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་དྲག་སྒྲུབ་རྣོ་བའི་མདེའུ་ཐུང་བཞུགས༔ ༠༠༠༠བརྡ་ཡིག༢༣༢ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༢༣༢བཙན་རྒོད་སྲོག་ལེན་དམར་པོ་ཡི༔ དྲག་སྒྲུབ་རྣོ་བའི་མདེའུ་ཐུང་༔ བསྟན་དགྲའི་སྲོག་གི་སྤུ་གྲི་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཞི་རྒྱས་དབང་གི་ལས་བསྒྲུབ་པའི༔ གནས་སུ་མངོན་སྤྱོད་ལས་མི་འགྲུབ༔ རྟེན་གསུམ་ཚོགས་སར་ཡང་མ་ཡིན༔ དུར་ཁྲོད་དམ་ནི་རྩུབ་པའི་སར༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དུ༔ དམར་གཏོར་གཡོན་གཅུས་ཆེ་བ་ལ༔ ཆུང་བ་བདུན་མཐར་དམར་གཏོར་བརྒྱད༔ བཤམས་ནས་ཕྱི་ནང་གསང་མཆོད་དང་༔ བསྐང་གཏོར་ཤ་ཁྲག་གིས་བརྒྱན་བཀོད༔ དེ་ཡི་ལོགས་སུ་ལས་དཀྱིལ་འཁོར༔ ས་སྟེགས་གྲུ་གསུམ་དམར་ནག་གིས༔ ཁ་ཁྱེར་མཐོ་ལ་དབུས་དམའ་བའི༔ ལྟེ་བར་མ་ཏྲཾ་ཁོག་པ་རུ༔ བྲུབ་ཁུང་བང་རིམ་གསུམ་བྱས་པའི༔ སྟེང་མ་དམར་ལ་བར་མ་ལྗང་༔ འོག་མ་ནག་པོ་བྱས་པ་ཡི༔ ཁ་རུ་རྩང་དམར་དྲྭ་བ་བྱས༔ ས་སྟེགས་ཕྱི་ཡི་ཁ་ཁྱེར་དུ༔ རྩང་དམར་དྲྭ་བས་བསྐོར་བར་བྱ༔ དཀྱིལ་འཁོར་བྲུབ་ཁུང་བཅས་པ་ལ༔ ཕུང་ས་དུག་ཁྲག་སྣ་ཚོགས་བྱུགས༔ བྲུབ་ཁུང་སྟེང་དུ་ཨེ་ཁྲམ་ཁར༔ ཟངས་སམ་ལྕགས་ཀྱི་སྣོད་ནང་དུ༔ འབྲུ་ནག་གཏོར་མ་གཡོན་གཅུས་པ༔ ཁྲུ་གང་མཐའ་མར་དེ་འདྲ་བའི༔ ཆུང་བ་བདུན་གྱིས་བསྐོར་ཏེ་བཞག༔ མཐར་ཡང་རྩང་གི་ར་བས་བསྐོར༔ དགྲ་བོའི་མིང་དང་རུས་ཚང་བའི༔ ལིངྒ་དབང་ཚང་རིད་པ་བྲིས༔ ཟག་རྫས་གང་རྙེད་གཞིར་བཞག་སྟེ༔ དུག་དང་ཁྲག་གིས་བྲི་བར་བྱ༔ དེ་ཡི་སྙིང་གའི་ནྲྀ་ཡིག་ལ༔ བྱད་ཐག་སྔོ་དམར་བཏགས་བྱས་ཏེ༔ དཔལ་གཏོར་བསྟོད་དེ་རང་གིས་བཟུང་༔ ལིངྒ་བྲུབ་ཁུང་ནང་དུ་གཞུག༔ གྲི་རྡོ་འམ་ནི་རོ་གཡམ་མམ༔ རྡོ་ལེབ་ཕུང་རྫས་སྣ་ཚོགས་ཀྱིས༔ བྱུགས་པས་ཁ་བཅད་དེ་སྟེང་དུ༔ སཱཙྪ་ནག་པོས་གནོན་པར་བྱ༔ སྐུ་གཟུགས་དཔལ་གྱི་གཏོར་མར་གཟུགས༔ ལྷ་དབྱེའི་རྫས་ཐུན་བྱ་སྒྲོ་ཟུང་༔ བྲུབ་ཁུང་ཁ་རུ་གཟུག་པར་བྱ༔ དང་པོ་ཡར་གཞིའི་གཏོར་མ་ལ༔ ལས་བྱང་གཞུང་བསྲུང་བསྐང་གསོལ་བྱ༔ དེ་ནས་རྣོ་བའི་མདེའུ་ཐུང་ལ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཱ༴སྣང་སྲིད་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ཨེ་ལས་ནམ་མཁའ༔ ཡཾཿལས་རླུང་གི་དཀྱིལ་འཁོར༔ རཿལས་རཀྟའི་རྒྱ་མཚོ༔ ཀེཾཿལས་རུས་པའི་རི་རབ་ཀྱི་སྟེང་དུ་བསྐལ་པའི་མེ་རླུང་འཚུབས་མའི་ཀློང་དུ༔ བདག་ཡི་དམ་གྱི་ཐུགས་ཀའི་འོད་དམར་འཕྲོས་པས་ཡི་གེ་ཙ་ཏྲིཿབརྩེགས་མར་གནས་པ་ཞིག་ཏུ་གྱུར་པ་ལས་འོད་ཟེར་ཡར་འཕྲོས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྟེན་དང་བརྟེན་པའི་འཁོར་ལོ་ཐམས་ཅད་སྤྱན་དྲངས་ཏེ་ཡིག་འབྲུ་གཉིས་ལ་ཐིམ༔ མར་འཕྲོས་འབྱུང་བ་ལྔ་ཡི་ཁམས་ནས་བཙན་རྒོད་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ཏེ་བསྟིམས༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དྲེགས་པ་ཅན་འོད་ཀྱི་རྣམ་པར་བསྡུས་ཏེ་ཙཿཏྲིཿལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཙིའུ་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ༔ ཁྲོ་གཉེར་སྡུད་ཅིང་དགྲ་ལ་ཨམ་གཙིགས་བསྡམས་པའི་མཆེ་བ་ཟླ་བ་ཚེས་པ་ལྟར་གཙིགས་པ༔ སྨ་ར་དང་སྨིན་མ་ལས་མེ་འབར་ཞིང་སྤྱན་རྩ་ལས་གློག་འཁྱུགས་པ༔ དབུ་སྐྲ་དམར་ནག་གྱེན་དུ་འཁྱིལ་ཞིང་མགར་གྱི་ཚྭ་ཚྭ་ལྟ་བུའི་མེ་སྟག་འཕྲོས་པས་དགྲ་ཡུལ་ཐམས་ཅད་མེ་ཡིས་འགེངས་པ༔ སྐུ་ལ་བསེ་ཁྲབ་དང་དབུ་ལ་བསེ་རྨོག་གསོལ་བ༔ མེ་རྟ་གྭ་པ་མིག་གསུམ་ཆིབས་ཤིང་༔ ཕྱག་གཡས་བཙན་མདུང་དམར་པོ་མེ་ཡི་བ་དན་ཅན་རྩེ་ནས་དུག་དང་ཐུན་ཆར་འཕྲོ་བ་བསྣམས་ཞིང་གཡོན་པས་བཙན་ཞགས་དམར་པོས་དགྲ་བོའི་རྐེ་ནས་བཅིངས་པ༔ བྱ་དམར་ཀླད་ན་ལྡིང་བས་དགྲ་ལ་བྱ་ཐན་འབེབས་པ༔ མི་དམར་སྔོན་ནས་རྒྱུག་པས་དགྲ་ལ་ནང་འཁྲུགས་གཏོང་བ༔ ཁྱི་དམར་རྗེས་སུ་འབྲང་བས་དགྲ་བོའི་བླ་ཚེ་རོལ་པ༔ ཐན་དང་ལྟས་ངན་གྱི་ཡོ་ལངས་མེ་སྟག་བཞིན་དུ་འཕྲོ་བ་ཁྲམ་ཤིང་དང་ཤྭ་རྡེལ་སྔ་ཤད་བྱས་ཤིང་༔ ནད་རྐྱལ་དང་དགྲ་རོ་ཕྱི་ཤད་དུ་བྱས་པ༔ སྐེད་ལ་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་ཅིང་༔ སྤུ་གྲི་རེག་གཅོད་ཀྱི་ཤང་ལང་སྐུ་སྐེད་གཡོན་དུ་བཏགས་པའོ༔ དེ་ཡི་ཕྱི་རོལ་ཕྱོགས་མཚམས་སུ༔ སྤྲུལ་པའི་བཙན་རྒོད་མཆེད་སྡེ་བདུན༔ མི་དམར་རྟ་དམར་འཇིགས་པ་ལ༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ བྱང་ཤར་ཡུམ་མཆོག་སྲོག་ལེན་མ༔ དམར་ནག་སྲིན་མོ་ཁྲོས་པའི་གཟུགས༔ མི་ལྤགས་གཡང་གཞི་རློན་པ་གསོལ༔ སྤུ་གྲི་གཡས་ལ་དགྲ་སྙིང་གཡོན༔ མེ་རྟ་རླུང་གི་གཤོག་ཅན་བཅིབས༔ མི་མགོའི་ཕྲེང་བ་སེ་རལ་གསོལ༔ སྤྱན་བསྒྲད་མཆེ་གཙིགས་སྡང་མིག་བསྒྲད༔ ཁྲག་གི་རལ་པ་གནམ་དུ་གཟིང་༔ དེ་མཐར་ལས་བྱེད་ཤན་པ་འབུམ༔ སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བསྐོར༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འབྱུང་བ་ལྔ་ཡི་བཙན་རྒོད་དང་༔ སྡེ་བརྒྱད་དྲེགས་པ་གཞི་བདག་བཅས༔ མ་ལུས་ལུས་པ་མེད་པ་རུ༔ ཁ་བ་ཆུ་རུ་ཞུ་བ་བཞིན༔ བཙན་རྒོད་ཆེན་པོ་ལ་ཐིམ་པས༔ མཐུ་སྟོབས་ནུས་པ་འབར་བར་བསྒོམ༔ འབྱུང་བའི་བཙན་རྒོད་འགུགས་པ་དང་༔ འཁོར་འདས་ཁམས་ནས་སྡུད་པ་དང་༔ མི་འཇིགས་གོ་ཆ་བསྐོན་པ་སོགས༔ ཞལ་ཤེས་བཞིན་དུ་གནད་ལྡན་བྱ༔ དེ་ནས་ལས་ཀྱི་བཤའ་གཞི་ནག་པོ་བསྐྱེད་པ་ལ༔ རང་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་ཟཿདམར་པོ་འཕྲོས་པ་མདུན་དུ་བབ་པ་ལས་སྣང་སྲིད་དབང་དུ་སྡུད་པའི་མཚོན་བྱེད་ཟངས་བྲག་དམར་པོའི་ར་བ་རིམ་པ་གསུམ་དུ་འཁོར་བའི་ཁ་ཁྱེར་དུ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ལྕགས་ཀྱུ་དང་ཞགས་པ་ཐོགས་པས་བར་མ་ཆད་པར་བསྐོར་བའི་ནང་དུ་ནཿཡིག་ལྗང་གུ་ལས་དུག་གི་རྒྱ་མཚོ་རྒྱ་ཆེ་ལ་གཏིང་ཟབ་པ་ཁ་དོག་ནག་པོའི་དབུས་སུ་ལཿཡིག་ནག་པོ་ལས་མྱོས་བྱེད་དུག་གི་རླངས་པ་འཕྱོ་བའི་ཀློང་དུ་རཿཡིག་དམར་པོ་ལས་རཀྟ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཕྱོ་བའི་དབུས་སུ་ནྲྀཿལས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡུག་བསྔལ་བག་ཆགས་ཐམས་ཅད་བསྡུས་ཏེ་ཏྲིཿལ་ཐིམ་པས་ཏྲིཿཡོངས་སུ་གྱུར་པ་ལས་བདུད་པོ་མ་ཏྲཾ་རཱུ་དྲ་གན་རྐྱལ་དུ་གནས་ཤིང་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་བུ་ག་དགུ་ནས་དུག་ཁྲག་གི་རྒྱུན་འབེབས་པ་མདོག་སྔོ་ལ་མདངས་ཉམས་པ་ལུས་ལ་སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཐམས་ཅད་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བཀྲ་བའི་ལྟེ་བར་རང་གི་ཐུགས་ཀ་ནས་ཡི་གེ་ཨེཿཡིག་ནག་པོ་འཕྲོས་པས་དེ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་གནམ་ལྕགས་ལས་གྲུབ་པའི་བྲུབ་ཁུང་ནག་པོ་བང་རིམ་གསུམ་དང་ལྡན་པ་ཁ་དོག་ལ་གཏིང་ཟབ་པ༔ ཞབས་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ཟུར་ན་ང་རྒྱལ་གྱི་བྲག་རི་རྙིལ་བ༔ སྟེང་ན་ཞེ་སྡང་གི་མེ་དཔུང་འབར་བ༔ བར་ན་ཕྲག་དོག་གི་རླུང་དམར་གཡོ་བ༔ ནང་ན་གཏི་མུག་གི་མུན་ནག་འཐིབས་པ་ནང་དུ་ཚུད་པ་ཙམ་གྱིས་བརྒྱལ་ཞིང་མྱོས་པར་བྱེད་པ༔ ཁ་ཁྱེར་འཁོར་ཡུག་ཐམས་ཅད་དུ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་ཀྱིས་བར་དང་མཚམས་སྲུབ་མེད་པར་བསྐོར་ཏེ་གཡས་པས་བླ་འགུགས་ཀྱི་ལྕགས་ཀྱུ་དང་༔ གཡོན་པས་བླ་འཆིང་བའི་ཞགས་པ་དང་བླ་འཛིན་གྱི་དྲྭ་བ་རྒྱབ་ཏུ་ཁུར་བ༔ སྐྲ་སྤུ་ཤད་ལྕགས་ཀྱི་ཐུར་མའི་རྩེ་ལ་ལྕགས་ཀྱུ་རྣོན་པོ་ཕྱོགས་མཚམས་ཀུན་ཏུ་གཟེང་བ༔ སོད་སོད་དང་ཆོད་ཆོད་ཀྱི་སྒྲ་དྲག་པོ་འབྲུག་སྟོང་ལྟར་ལྡིར་བ༔ ལས་མཁན་དྲེགས་པ་ཅན་དཔག་ཏུ་མེད་པ་མེ་ལས་མེ་སྟག་ཆད་པ་བཞིན་དུ་རྒྱུན་མི་འཆད་པར་འཕྲོས་པས་དགྲ་བོ་ཐམས་ཅད་རང་དབང་མེད་པར་ཤ་ཁྱིས་རི་དྭགས་དེད་པ་བཞིན་དུ་བཀུག་ནས་ལིང་ག་ལ་བསྟིམ་པར་བྱེད་པའི་རང་བཞིན་དུ་བསྒོམ༔ བྲུབ་ཁུང་དེའི་མཐིལ་དུ་དགྲ་བོའི་མི་ཕྱུགས་དཀོར་དང་བཅས་པ་ཐམས་ཅད་འུབ་ཀྱིས་འདུས་པ་ནྲྀ་ཡིག་ལྗང་སྔོན་ཞིག་ཏུ་གྱུར་པ་ལས་འོད་འཕྲོས་པས་དགྲ་བོའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་བསྡུས་ཏེ་ནྲྀཿལ་ཐིམ༔ ནྲྀཿཡོངས་སུ་གྱུར་པ་ལས་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་ཚང་བ་ལུས་རིད་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་བུ་ག་དགུ་ནས་ཁྲག་འཛག་པ་མདོག་སྔོ་ལ་མདངས་ཉམས་པ༔ ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ དེ་ཡི་སྙིང་གར་ནྲྀཿཡིག་གསལ་བ་ལས་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་དགྲ་བོའི་བླ་ཚེ་སྲོག་གསུམ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་བཞིན་དུ་བཀུག་ནས་ལིངྒ་ལ་ཐིམ་པར་ཡང་ཡང་བསམ༔ དེ་ནས་ཕོ་ཉ་མངགས་པ་ལ༔ རང་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བོའི་བླ་ཚེ་སྲོག་གསུམ་མི་ཕྱུགས་དཀོར་དང་བཅས་པ་ནམ་མཁའ་ནས་བྱིའུ་ཆུང་ཁྲ་ཡིས་དེད་པ༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ༔ ས་གཞི་ནས་ར་ལུག་འཕར་སྤྱང་གིས་དེད་པ་བཞིན་དུ་བཀུག་ནས་ལིངྒ་ལ་ཐིམ་པར་བསམ༔ བདག་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་བཙན་རྒོད་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བོ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ་པར་ཡང་ཡང་བསམ་སྟེ༔ གཞན་ཡང་འབྱུང་བ་ལྔ་ཡི་ཁམས་ནས་བཙན་རྒོད་དཔག་ཏུ་མེད་པས་དགྲ་བོའི་བླ་ཚེ་སྲོག་གསུམ་རང་དབང་མེད་པ་བཀུག་ནས་ལིངྒ་ལ་ཐིམ་པར་བསྒོམ༔ དེ་ནས་འབོད་སྔགས་ལ༔ ཙ་ཏུ་ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ དེ་ནས་རྦད་པ་ལ༔ ཙ་ཏུ་ཤུ་ལ་ཏྲི་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལ་རྦད་རྦད༔ མི་ཕྱུགས་དཀོར་ལ་རྦད་རྦད༔ ཤ་ཁྲག་རུས་པ་ལ་རྦད་རྦད་བྷྱོ༔ དེ་ནས་བསད་སྔགས་ལ༔ ཙ་ཏུ་ཤུ་ལ་ཏྲི་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ༔ དགྲ་བོ་ཆེ་གེའི་བླ་སོད༔ སྲོག་ཆོད༔ དབུགས་ལོང༔ ནྲྀ་ཧུར་ཐུམ་སོད༔ མཱ་ར་ཡ་སོད་སོད༔ ཅེས་ཐུན་ཁྲག་སྣ་ཚོགས་ཀྱིས་ཆར་ཕབ་པར་བྱའོ༔ མི་དཔོན་སེར་སྐྱ་མང་ཚོགས་པ༔ ཡང་ཡང་བྱུང་ན་འབོད་པའི་རྟགས༔ བཙོན་བཟུང་ལྕགས་སུ་བཅིང་བ་དང་༔ སྲོག་ཆགས་གཤེད་མས་དེད་པ་དང་༔ རང་གི་དམག་དཔུང་ཆས་པ་ཡིས༔ གཞན་དག་དེད་ནས་ར་བར་བཙུད༔ དེ་ནི་བླ་ཡི་རྟགས་སུ་ཤེས༔ རང་ངམ་རང་གི་ཉེ་འཁོར་སོགས༔ དམག་དཔུང་ཆེན་པོ་ཆས་པ་ཡིས༔ ཡུལ་ཁམས་གཞན་དུ་འགྲོ་བའམ༔ ཤིང་ཆེན་གཅོད་དམ་སྡེ་ཆེན་བཅོམ༔ བྲག་བཤིག་མི་གསོད་ལ་སོགས་པ༔ གཞན་ལ་རྒོལ་བ་རྦད་པའི་རྟགས༔ སྲོག་ཆགས་མང་པོ་གསོད་པ་དང་༔ ཤ་ཁྲག་དམར་གཡོས་བྱེད་པ་ནི༔ དང་པོ་བསད་རྟགས་ཆུང་བ་སྟེ༔ ཤ་གསར་རློན་པ་མང་བྱུང་དུས༔ ཡུན་རིང་འགྱང་ནས་ཐུབ་པའི་ལྟས༔ སྒྲུབ་པ་ཡུན་བསྲིང་ནན་དུ་བསྐུལ༔ བཙོས་ཤ་མང་དུ་བྱུང་བའི་ཚེ༔ ལོ་གཅིག་ནང་ཚན་ཐུབ་པའི་ལྟས༔ ད་དུང་བསྒྲུབ་པ་ཡུན་བསྲིང་བར༔ ཤ་སྐམ་བྱུང་ན་ཟླ་གསུམ་བཞིར༔ རུས་བརྡུང་ལྤགས་པ་བྱེད་པ་རྣམས༔ རབ་ལ་དངོས་དང་འབྲིང་ལ་ཉམས༔ ཐ་མ་རྣམས་ལ་རྨི་ལམ་དུ༔ འབྱུང་བར་ངེས་ཏེ་བྱུང་བའི་ཚེ༔ ཟླ་གཅིག་ཕྱིར་མི་འགྱང་བར་འཆི༔ དངོས་རྟགས་དང་པོ་གཏོར་མ་དང་༔ ཁྱིམ་ལ་འོད་མཆེད་རྟ་སྐད་འབྱིན༔ སྐྱ་སྒྲ་ཆེམ་ཆེམ་འབྱུང་བ་དང་༔ ཐོག་འཚག་རྡོ་ཆར་འབབ་སོགས་དང་༔ བྲུབ་ཁུང་ཕྱོགས་སུ་རོ་གཟུགས་འཆར༔ རྨི་ལམ་ཟ་མང་རྨི་བ་རྣམས༔ འབོད་པའི་ལྟས་མཚན་ཁྱད་པར་ལེགས༔ འུར་སྒྲ་ཆོ་སྒྲ་འབྱུང་བ་དང་༔ མེ་འོད་བར་སྣང་ཤར་གྱིས་འགྲོ༔ སྒྲུབ་ཁང་ནང་ངམ་བཤའ་ཁང་དུ༔ སྲོག་ཆགས་ཕྲ་མོ་མང་འབྱུང་བ༔ རྦད་པའི་ལྟས་དང་མཚན་མ་ལེགས༔ སྒྲུབ་ཁང་ཕྱི་ནང་ལྟེ་བའི་སར༔ སྲོག་ཆགས་ཤི་བའི་རོ་ཆེ་ཕྲ༔ མཐོང་ངམ་ཤ་ཁྲག་བྱུང་བ་ན༔ བསད་པའི་ལྟས་སུ་ཤིན་ཏུ་ལེགས༔ དེ་ནས་ཚེ་ལུང་ཁྲུས་ལུང་དང་༔ གནས་ལུང་རྣམས་ཀྱི་གནད་ལྡན་པས༔ ལིངྒ་བསྒྲལ་བསྟབས་བྱས་པའི་མཐར༔ དུག་ཤིང་ཚེར་མ་ཅན་གྱི་ཧོམ༔ བརྩེགས་ཤིང་དེ་ནང་བསྲེགས་པའི་ཐབས༔ ཧཱུྃ༔ རང་ཉིད་ཡི་དམ་ལྷ་ཡི་མདུན་ས་རུ༔ ཟངས་མཁར་དམར་པོ་གནམ་དུ་གཟིང་པའི་ནང་༔ བསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་དུ༔ འབྱུང་ལྔའི་བཙན་རྒོད་སྡེ་བརྒྱད་དྲེགས་པ་ཅན༔ ཡོངས་འདུས་གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ མི་དམར་ཟངས་ཁྲབ་གསོལ་ཞིང་མེ་རྟ་བཅིབ༔ ཕྱག་གཡས་བཙན་མདུང་གཡོན་པས་བཙན་ཞགས་བསྣམས༔ རབ་ཏུ་རྔམས་ཤིང་མཛེས་པའི་འཁོར་གསུམ་བརྒྱན༔ ཁྲོ་གཏུམ་འཇིགས་པའི་ཞལ་གདངས་ལྗགས་ཀྱང་འདྲིལ༔ ཞལ་ནས་མེ་དཔུང་དྲག་པོ་རབ་འབར་བས༔ བསྟན་དགྲའི་མི་ཕྱུགས་དཀོར་བཅས་གཞོབ་ཐུལ་བསྲེག༔ དགྲ་བོའི་མི་ཕྱུགས་བླ་ཚེ་སྲོག་དབུགས་བཅས༔ འབྲས་བུ་ཕུལ་གྱིས་གཅུས་པ་ཇི་བཞིན་དུ༔ བླངས་ཏེ་བཙན་རྒོད་ཆེན་པོའི་ཞལ་ཧོམ་དུ༔ མགོ་མཇུག་བཟློག་སྟེ་རྐང་མཐིལ་སྐྱ་ལྷག་སོང་༔ མེ་སྟག་ཆུ་ཡིས་བསད་ལྟར་སོང་བར་བསམ༔ ཙ་ཏུ་ཤུ་ལ་ཏྲི་སརྦ་ས་པ་རི་ཝཱ་ར་དགྲ་བོ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ འབྲུ་ནག་ཤ་ཁྲག་དང་སྦྲེལ་མང་དུ་ཕུལ༔ མཐར་ནི་བཙན་རྒོད་མདུན་བསྐྱེད་ཉིད་ལ་བསྡུ༔ ཐལ་བ་བག་ཟན་བསྲེས་ཏེ་ལིངྒ་གཉིས༔ བྱས་ཏེ་ལྟོ་བར་མིང་རུས་མཁན་ཡིག་བཅུག༔ སླར་ཡང་ལིང་གར་བཅུག་ནས་སྔགས་འདི་བཟླ༔ ནཱ་ག་ཙནྟྲི་ཤུ་ལ་ཛ་ཨ་མུ་ཀ་ནྲྀ་ཡཾ་བཛྲ་ཨངྒུ་ཤ་ཛ་ཛཿཞེས་སྟོང་བཟླས་ཏེ༔ དགྲ་བོའི་མི་ནོར་དཀོར་དང་བཅས་པ་ཆུ་ལ་ཆུ་བཞག་པ་ལྟར་ལིངྒ་ལ་ཐིམ་པར་ཡང་ཡང་བསམ་པའོ༔ དེ་ནས་ལིངྒ་གཅིག་མནན་གཏད་ལ་འཕང་སྟེ༔ སངས་རྒྱས་མི་བདེན༔ ཆོས་མི་བདེན༔ དགེ་འདུན་མི་བདེན༔ མུ་སྟེགས་པ་དང་དབང་ཕྱུག་ཆེན་པོ་བདེན་ནོ༔ མི་བདེན་པ་དང་བདེན་པའི་མཐུས༔ དགྲ་བོའི་མི་ནོར་དཀོར་དང་བཅས་པ་ཀླུ་གཉན་ས་བདག་གཤིན་རྗེའི་ཚོགས་ལ་གཏད་དོ༔ མ་བཏང་ཅིག༔ མ་ཤོར་ཅིག༔ ལོ་ཟླའི་ཁོངས་སུ་མ་འགྱང་བར་ཞག་ཟ་མའི་ཁོངས་སུ་སོད་ཅིག༔ སྒྲོལ་ཅིག༔ འཻཿཕྱི་པ་མུ་སྟེགས་པ་མི་བདེན༔ ནང་པ་སངས་རྒྱས་པ་མི་བདེན༔ ལྟ་ལོག་ཀླ་ཀློ་མི་བདེན༔ བོན་སྟོན་པ་གཤེན་རབ་དེ་བདེན་གྱིས༔ མི་བདེན་པ་དང་བདེན་པའི་སྟོབས་ཀྱིས་དགྲ་བོའི་མི་ནོར་སོགས་འགྲེས་སོ༔ འོ་བན་མི་བདེན༔ བོན་མི་བདེན༔ ལྟ་ལོག་མུ་སྟེགས་མི་བདེན༔ ཀླ་ཀློ་ཧ་ལུ་མནྡྷ་དེ་བདེན་གྱིས༔ མི་བདེན་པ་དང་བདེན་པའི་མཐུ་དང་སྟོབས་ཀྱིས་དགྲ་བོའི་མི་ནོར་སོགས༔ ཧོཿལྟ་ལོག་མུ་སྟེགས་མི་བདེན༔ ཆོས་ལོག་བོན་པོ་མི་བདེན༔ སྡིག་སྤྱོད་ཀླ་ཀློ་མི་བདེན༔ བསླུ་མེད་དཀོན་མཆོག་གསུམ་དེ་བདེན་བདེན༔ མི་བདེན་པ་དང་བདེན་པ་ཆེན་པོའི་སྟོབས་ཀྱིས་དགྲ་བོའི་མི་ཕྱུགས་དཀོར་དང་བཅས་པ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ་གཏད་དོ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ་གཏད་དོ༔ ཀླུ་གཉན་ས་བདག་གཤིན་རྗེའི་ཚོགས་ལ་གཏད་དོ༔ ལོ་ཟླར་འགྱངས་སུ་མ་ཤོར་བར་ཞག་དང་ཟ་མའི་ཁོངས་སུ་ཧུར་ཐུམ་རྒྱུག་འགྱེལ་དུ་སོད་ཅིག༔ བསྲུང་བཟློག་རིམ་འགྲོ་མ་སྒུག་པར་སོད་ཅིག༔ བཛྲ་ས་མ་ཡ༔ ཞེས་མནན་ནོ༔ ལིངྒ་གཅིག་རི་མཐོ་སར་དགྲ་བོའི་ཕྱོགས་སུ་དུག་ཤིང་ཚེར་མ་ཅན་གྱི་ནང་དུ་བཞག་ལ་གཏོར་མ་བཏེགས་ཏེ་འཕང་བས༔ བཀའ་སྲུང་དྲེགས་པ་ཅན་ཐམས་ཅད་ཀྱིས་དགྲ་བོའི་མི་ནོར་འཁོར་དང་བཅས་པ་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་ལྟར་བཏང་བར་བསམ་ལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཤུ་ལ་ཏྲི་སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ དགྲ་བོའི་སྲོག་ལ་རྦད་རྦད་སོད༔ དགྲ་བོའི་མི་ལ་རྦད་རྦད་སོད༔ དགྲ་བོའི་ཕྱུགས་ལ་རྦད་རྦད་སོད༔ དགྲ་བོའི་བླ་ཚེ་སྲོག་དབུགས་ཡུལ་མཁར་དང་བཅས་པ་ལ་རྦད་རྦད་སོད༔ བྷྱོ་བྷྱོ༔ བཟློག་བཟློག༔ ཅེས་ལིངྒའི་སྟེང་དུ་གཏོར་མ་བསྟབ་ནས་མེ་ལ་བསྲེག་གོ༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ མཐར་བཟློག་པ་ལ་འབད་པར་བྱའོ༔ བསྒྲུབ་པའི་རྟགས་ཚད་རྫོགས་པར་བྱས་ཏེ༔ ལྷ་ལ་གོ་ཆ་བགོ་ཤེས་ན༔ རྡོ་རྗེ་ཅན་ཡང་འཇིགས་པར་ནུས༔ བསྒྲུབ་པ་ལན་གསུམ་བསྐྱར་བ་དང་༔ གཏོར་བཟློག་ཡང་ཡང་བྱ་བ་གནད༔ སུ་ལ་མ་སྤེལ་བཀའ་རྒྱ་ཡོད༔ བཀའ་སྲུང་གཟའ་བཙན་གཤིན་རྗེར་གཏད༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་འཇིགས་མེད་དམ་ཆོས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་འདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་མཁྱེན་རབ་འོད་ཟེར་གྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།།།