TTDL-ZABTER-09-TA-046: Difference between revisions

From Dudjom Wiki
TTDL-ZABTER-09-TA-046
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung sde dgu
|volnumtib=
|volyigtib=
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:42, 15 August 2024

Wylie title TTDL-ZABTER-09-TA-046.pdf
Location bdud 'joms gling pa zab gter
Volume 9, Text 46, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung sde dgu
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༣༦༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དྲེགས་པ་སྡེ་དགུའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༧༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༧༠བསྒྲུབ་པའི་སྐལ་བཟང་སྐྱེས་བུ་ཡི༔ བར་ཆད་བཟློག་ཅིང་ཕྲིན་ལས་ཀུན༔ ཐོགས་མེད་འགྲུབ་ཕྱིར་འདིར་བརྩོན་བྱ༔ ཇ་ཆང་གསེར་སྐྱེམས་འོ་མའི་སྐྱེམས༔ ཁྲག་སྐྱེམས་ལ་སོགས་བཏུང་བའི་རིགས༔ དཀར་དམར་དཔལ་གྱི་གཏོར་མ་དང་༔ བ་ལིང་ཟན་དུམ་གཟུགས་འགྲོས་རིགས༔ དར་ཟབ་གཅན་གཟན་སྣ་ཚོགས་རིས༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་བདུན་མཐར༔ ཧ་ཧོ་ཧྲཱིཿཡིས་བྱིན་གྱིས་བརླབ༔ དེ་ནས་གསོལ་མཆོད་འདི་ཀའོ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་བཞི་དང་ལྡན་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་དཔངས་མཐོ་ལ་རྒྱ་ཆེ་བ༔ དབྱིབས་མཛེས་ཤིང་ཁྱོད་ཡངས་པ༔ བཀོད་ལེགས་ཤིང་ཕྱི་ནང་ཐམས་ཅད་ཁོད་སྙོམས་ཤིང་འཇམ་པའོ༔ ཐོད་པ་ར་རི་གསུམ་གྱི་རྩིག་པ་ཞིང་གི་ཡ་ཕུབ་མི་ལྤགས་ཀྱི་བླ་བྲེ༔ མིག་འབྲས་ཀྱི་དྲྭ་བ་དང་རྒྱུ་མའི་དྲྭ་ཕྱེད་འཕྱང་བ་མི་མགོའི་ཏོག་བྱས་ཤིང་མི་རོའི་རྒྱལ་མཚན་ཕྱར་བ༔ རིན་པོ་ཆེ་དང་དར་སྣ་ལྔ་ཡི་གདུགས་ཕུབ་པ༔ ཕྱི་རིམ་ཕྱོགས་བཞི་ན་ཁྲག་གི་ཞམ་ཆུ་འབེབ་ཅིང་རཀྟའི་རྦ་ཀློང་འཁྲུགས་པའོ༔ ཕོ་བྲང་དེ་ཡི་ཤར་ངོས་ནས་ཉི་མ་འཆར་ཞིང་ནུབ་ངོས་ནས་ཟླ་བ་གསལ་བ་ཕྱོགས་བཞིའི་ལོགས་ངོས་ལ་གཟའ་དང་སྐར་མ་ཐམས་ཅད་ཡོངས་སུ་རྫོགས་ཤིང་བཀྲ་བ༔ ནང་གི་ཤར་དུ་གོ་མཚོན་སྣ་ཚོགས་ཀྱི་མཛོད་དང་༔ ལྷོ་རུ་རིན་ཆེན་སྣ་ཚོགས་ཀྱི་བང་མཛོད༔ ནུབ་ཏུ་དར་ཟབ་དང་ཟ་འོག་ལ་སོགས་པའི་རེག་བྱ་གོས་ཀྱི་རིགས་རྣམ་པ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་ཡོངས་སུ་རྫོགས་པའི་མཛོད་ཁང་༔ བྱང་དུ་སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་རྣམ་པ་སྣ་ཚོགས་ཀྱི་ལྤགས་པའི་མཛོད་ཁང་༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ཁ་ཟས་སྣ་ཚོགས་རི་ལྟར་སྤུང་ཞིག་མཚོ་ལྟར་འཁྱིལ་བའོ༔ ཕོ་བྲང་དེ་ཉིད་ཀྱི་ཕྱིའི་ཕྱོགས་བཞི་ན་ཤར་དུ་འོ་མའི་རྒྱ་མཚོ་དང་༔ ལྷོ་མར་ཁུའི་རྒྱ་མཚོ་དང་༔ ནུབ་ཏུ་རཀྟའི་རྒྱ་མཚོ༔ བྱང་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་འཁྱིལ་བའོ༔ རྒྱ་མཚོ་དེ་དག་གི་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་དང་བདུད་རྩིའི་ཆུ་མིག་དང་༔ གསེར་གྱི་བྱེ་མ་དང་༔ གཡུ་ཡི་ནེའུ་སེང་དང་༔ མེ་ཏོག་དང་སྨན་སྣ་ཕུན་སུམ་ཚོགས་པ་འདོད་འཇོའི་བ་དང་མ་རྨོས་པའི་ལོ་ཏོག་སྣ་ཚོགས་འཁྲུངས་ཤིང་རྒྱས་པའོ༔ ཆུ་བྱ་རྣམ་པ་སྣ་ཚོགས་རྒྱ་མཚོ་ལ་འཁོར་ཞིང་༔ འདབ་ཆགས་ཆེ་ཆུང་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལོང་བ་དཔག་བསམ་གྱི་ཤིང་ལ་འབབ་ཅིང་སྙན་པའི་སྐད་སྒྲོགས་ཤིང་མཛེས་པའི་གཟུགས་ངོམ་པར་བསྐྱེད་དོ༔ དེ་འོག་བང་རིམ་དང་པོའི་སྟེང་མི་སྟོབས་པོ་ཆེ་ཆེ་བ་དང་ཆུང་བ་དང་དར་ལ་བབ་པ་མཛེས་པའི་རྒྱན་འཆང་ཞིང་བཙན་པའི་ཁྲབ་གྱོན་པ༔ རྣོ་བའི་མཚོན་ཐོགས་ཤིང་མགྱོགས་པའི་རྟ་ལ་ཞོན་པ༔ གྲངས་མང་ཞིང་རྔམས་བརྗིད་དཔལ་ཟིལ་དང་ལྡན་པ་དཔག་ཏུ་མེད་པ་བསྐྱེད་དོ༔ བང་རིམ་གཉིས་པ་ལ་རྟ་དང་གླང་པོ་མ་ཧེ་འབྲི་གཡག་འགེལ་མཛོ་བ་གླང་བོང་དྲེལ་ལ་སོགས་པའི་གཡུང་དྭགས་རྣམ་པ་སྣ་ཚོགས་གཟུགས་མཛེས་ཤིང་གྲངས་མང་བ་བསམ་གྱིས་མི་ཁྱབ་པར་བསྐྱེད་དོ༔ བང་རིམ་གསུམ་པ་ལ་སེང་གེ་དང་སྟག་དང་གཟིག་དང་དོམ་དང་དྲེད་མོ་ལ་སོགས་པའི་གཅན་གཟན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་བགྲངས་ཀྱིས་མི་ལོང་བར་བསྐྱེད་དོ༔ བང་རིམ་འོག་མ་ལ་ཆུ་རྟ་དང་ཆུ་ལུག་དང་ཆུ་མི་དང་ཆུ་གླང་ཉ་དང་སྦལ་ལྕོང་སྲམ་དང་སྦྲུལ་དང་དུང་དང་ཆུ་སྲིན་ལ་སོགས་པའི་ཆུ་གནས་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་བགྲངས་ཀྱིས་མོ་ལོང་བར་བསྐྱེད་དོ༔ རི་རབ་ཀྱི་ངོས་རྣམས་ལ་བཀྲ་ཤིས་པའི་རྟགས་བརྒྱད༔ འཁོར་ལོས་སྒྱུར་རྒྱལ་གྱི་རྒྱལ་སྲིད་བདུན༔ ཉེ་བར་སྤྱོད་པའི་མཆོད་པ་བདུན༔ འདོད་ཡོན་གྱི་ལྷ་མོ་ལྔ༔ གསང་བའི་ལྷ་མོ་བཅུ་དྲུག་ལ་སོགས་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས་ནམ་མཁའ་གང་བར་བསྒོམ༔ རི་རབ་དེ་ཡི་ཤར་དུ་མར་དང་ཐུད་ཀྱི་རི་བོ༔ འོ་མ་ཞོ་ཡི་རྒྱ་མཚོ་རྒྱ་ཆེ་ལ་གཏིང་ཟབ་པ་ཟད་མི་ཤེས་པར་གྱུར༔ ལྷོ་ཕྱོགས་སུ་ཀ་ར་དང་བུ་རམ་སྦྲང་རྩི་ལ་སོགས་པའི་མངར་བའི་ཟས་སྣ་ཚོགས་རི་ལྟར་དཔངས་མཐོ་ཞིང་ས་གཞི་ལྟར་རྒྱ་ཆེ་བར་བསམ༔ ནུབ་ངོས་སུ་ནད་པ་འཚོ་བྱེད་ཀྱི་སྨན་འཆི་བ་བསླུ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་རྒྱ་ཆེ་ལ་གཏིང་ཟབ་པར་བསྒོམ༔ བྱང་དུ་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་རྐང་ལྷ་བ་ཚིལ་ཞུན་གྱི་བྲག་རི་རྣམས་འདོད་ཡོན་མི་ཟད་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་དང་མཉམ་པར་བསྐྱེད་དོ༔ གཞན་ཡང་ནམ་མཁའ་དཀར་སེར་དམར་ལྗང་རྒྱང་བུ་འཇའ་ཡི་རིས་ཅན་ཕོ་ཏང་དང་མོ་ཏང་མདའ་འཕང་ལ་སོགས་ཕྱི་ནང་གསང་བའི་ཡོ་བྱད་སྣ་ཚོགས་མ་ཚང་བ་མེད་པ་དཔེར་ན་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར༔ སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་བོ༔ མདོས་ཀྱི་དུས་སུ་འདི་ནི་བཅའ་གཞིར་ཤེས་པར་བྱའོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ན་མོ༔ སྐྱབས་དམ་པ་རྣམས་ཀྱི་མཆོག༔ མགོན་དམ་པ་རྣམས་ཀྱི་གཙོ༔ བསོད་ནམས་ཐམས་ཅད་ཀྱི་ཞིང་ས༔ ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས༔ བླ་ན་མ་མཆིས་ཤིང་གོང་ན་མ་མཆིས་པའི་དཀོན་མཆོག་རིན་པོ་ཆེ་རྣམས་པ་གསུམ་དང་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ་འབུལ་ལོ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཧོཿསྤྱི་དཔལ་ཧེ་རུ་ཀ་ཡི་སྤྲུལ་པ༔ བཀའ་སྲུང་ཕོ་རྒྱུད་ཡོངས་ཀྱི་སྤྲུལ་གཞི༔ དཔལ་ནག་པོ་ཆེན་པོའི་སྡེ་ཚོགས༔ དུག་གསུམ་ནད་ཀྱི་སྨན་པ༔ རིག་འཛིན་ཡོངས་ཀྱི་སྲོག་ཤིང་༔ རྣལ་འབྱོར་ཀུན་གྱི་དགྲ་བླ༔ མཐུ་ཆེན་ལེགས་ལྡན་ནག་པོ་ལ་གསོལ་ལོ༔ ཡུམ་མཆོག་ཨེ་ཀ་ཙ་ཏི་ལ་གསོལ་ལོ༔ ཚོགས་རྗེ་ཚོགས་ཀྱི་བདག་པོ་ལ་གསོལ་ལོ༔ དཔལ་ལྡན་མགོན་པོ་ཕྱག་བཞི་ལ་གསོལ་ལོ༔ དཔལ་ལྡན་མ་ནིང་ནག་པོ་ལ་གསོལ་ལོ༔ དཔལ་ལྡན་ཕྱག་དྲུག་མགོན་པོ་ལ་གསོལ་ལོ༔ དཔལ་ལྡན་མགོན་པོ་བེར་ནག་ལ་གསོལ་ལོ༔ དཔལ་ལྡན་གུར་གྱི་མགོན་པོ་ལ་གསོལ་ལོ༔ དཔལ་ལྡན་ཏྲག་ཤན་མགོན་པོ་ལ༴དཔལ་ལྡན་བྱ་རོག་གདོང་ཅན་ལ༴མི་འགྱུར་སྐུ་ཡི་མགོན་པོ་ལ༴མི་འགགས་གསུང་གི་མགོན་པོ་ལ༴མི་གཡོ་ཐུགས་ཀྱི་མགོན་པོ་ལ༴མི་ཟད་ཡོན་ཏན་གྱི་མགོན་པོ་ལ༴མངོན་སྤྱོད་ཕྲིན་ལས་ཀྱི་མགོན་པོ་ལ༴ཕྱོགས་སྐྱོང་ཡེ་ཤེས་ཀྱི་མགོན་པོ་ལ༴བཀའ་སྡོད་སྡེ་བརྒྱད་ཀྱི་མགོན་པོ་ལ༴ཡབ་རྗེ་ཐབས་ཀྱི་མགོན་པོ་ལ་གསོལ་ལོ༔ ཡུམ་མཆོག་ཤེས་རབ་ཀྱི་མགོན་པོ་ལ་གསོལ་ལོ༔ གཞན་ཡང་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་རྣམས་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སྐབས་འདིར་ཀུན་ལ་སྦྱར་བའི་འགྲེས་བྱང་ནི༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ དགེ་འདུན་གྱི་སྡེ་སྐྱོངས༔ བཤད་སྒྲུབ་ཀྱི་བསྟན་པ་སྤེལ༔ བདག་ཅག་འཁོར་དང་བཅས་པའི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད་ཅིག༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་ཀླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་གོང་ནས་གོང་དུ་བསྐྱེད་ཅིང་རྒྱས་པར་མཛོད་ཅིག༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་དབང་དུ་སྡུས་ཤིག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་ནས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ དཔལ་ལྡན་བདུད་ཀྱི་མགོན་པོ་ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ་གསོལ་ལོ༔ ཡུམ་མཆོག་སི་ན་ར་མ་ལ་གསོལ་ལོ༔ སྲས་མཆོག་བམ་རོ་ཕོ་མོ་ལ་གསོལ་ལོ༔ དུར་ཁྲོད་གིང་གི་མགོན་པོ་ལ་གསོལ་ལོ༔ ནག་པོ་སྟོང་གི་སྡེ་ཚོགས་ལ་གསོལ་ལོ༔ ཤ་ཟ་འབུམ་གྱི་སྡེ་ཚོགས་ལ༴མ་མོ་བྱེ་བའི་སྡེ་ཚོགས་ལ༴གནོད་སྦྱིན་ཁྲི་ཡི་སྡེ་ཚོགས་ལ༴བཀའ་སྡོད་དྲེགས་པ་སྡེ་བརྒྱད་ལ་གསོལ་ལོ༔ གཞན་ཡང་བདུད་ཀྱི་མགོན་པོའི་སྡེ་ཚོགས་ལ་གསོལ་ལོ་མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས་འགྲེས་སོ༔ ཨོཾ་ཨཱཿཧཱུྃ༔ འཇིག་རྟེན་དྲེགས་པའི་གཙོ་བོ་གནོད་སྦྱིན་ཤན་པ་དམར་ནག་ལ་གསོལ་ལོ༔ ཡུམ་མཆོག་སྙིང་འབྱིན་དམར་མོ་ལ༴སྲས་མཆོག་ཚོགས་བདག་ལྷ་ཡི་གཙོ་བོ་ལ༴སྲས་མཆོག་འཁོར་ལོས་སྒྱུར་རྒྱལ་ལ༴སྤྲུལ་པ་སྟག་གི་གདོང་ཅན་ལ༴སྤྲུལ་པ་གཟིག་གི་གདོང་ཅན་ལ༴སྤྲུལ་པ་དོམ་གྱི་གདོང་ཅན་ལ༴སྤྲུལ་པ་འབྲོང་གི་གདོང་ཅན་ལ༴སྤྲུལ་པ་ནེ་ཙོའི་གདོང་ཅན་ལ༴སྤྲུལ་པ་རྨ་བྱའི་གདོང་ཅན་ལ༴སྤྲུལ་པ་ཤང་ཤང་གདོང་ཅན་ལ༴སྤྲུལ་པ་ཉ་མོའི་གདོང་ཅན་ལ༴འཁོར་ཚོགས་བྱེ་བ་འབུམ་སྡེ་ལ༴བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ་གསོལ་ལོ༔ གནོད་སྦྱིན་ཤན་པའི་སྡེ་ཚོགས་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་བཀའ་སྡོད་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས་འགྲེས་སོ༔ ཨོཾ་ཨཱཿཧཱུྃ༔ སྐྱེ་འགྲོ་ཡོངས་ཀྱི་སྲོག་དབུགས་ཀྱི་བདག་པོ་གཟའ་བདུད་དུག་གི་སྤུ་གྲི་ལ་གསོལ་ལོ༔ སྡོང་ཟླ་གདོང་མོ་མཆེད་བཞི་ལ་གསོལ་ལོ༔ སྤྲུལ་པའི་གཟའ་ཆེན་ཉི་མ་དང་ཟླ་བ་ལ༴མིག་དམར་དང་ལག་པ་ལ༴ཕུར་བུ་དང་པ་སངས་ལ༴སྤེན་པ་དང་སྒྲ་གཅན་ལ༴ལོ་ལ་དབང་བསྒྱུར་བའི་གཟའི་རྒྱལ་པོ་ལ༴ཟླ་བ་ལ་དབང་བསྒྱུར་བའི་གཟའི་བློན་པོ་ལ༴ཞག་དང་ཟ་མ་དུས་ཚོད་ལ་དབང་བསྒྱུར་བའི་གཟའི་དམག་ཚོགས་ལ༴རྒྱུ་སྐར་ཆེན་པོ་ཉི་ཤུ་རྩ་བརྒྱད་ལ༴བཀའ་ཡི་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ལ་གསོལ་ལོ༔ གཞན་ཡང་གཟའ་ཡི་སྡེ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས་འགྲེས་སོ༔ ཨོཾ་ཨཱཿཧཱུྃ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་གཙོ་མོ་ཨེ་ཀ་ཙ་ཏི་སྤུན་དྲུག་ལ་གསོལ་ལོ༔ དེ་ཡི་བྲན་མོ་བཅུ་བཞི་ལ༴གཡོག་མོ་ལྔ་བཅུ་རྩ་དྲུག་ལ༴ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ༴སྣང་སྲིད་ཡོངས་ཀྱི་རྗེ་མོ་དཔལ་ལྡན་རང་བྱུང་རྒྱལ་མོ་ལ༴འཁོར་གྱི་རེ་ཏཱི་མཆེད་བཞི་ལ༴དཔལ་ལྡན་དམག་ཟོར་རྒྱལ་མོ་ལ༴འབྱུང་བ་ལྔ་ཡི་དབང་ཕྱུག་ལ༴སྲིད་པ་དུས་བཞིའི་དབང་མོ་ལ༴ཕྱོགས་བཅུའི་འཇིག་རྟེན་དབང་མོ་ལ༴ཡེ་ཤེས་དབྱིངས་ཀྱི་རྗེ་མོ་ལ༴འཁོར་འདས་གཉིས་སྐྱོང་དབང་མོ་ལ༴འཇིག་རྟེན་སྐྱོང་བའི་མ་མོ་ལ༴གནས་མཆོག་ཉི་ཤུ་རྩ་བཞིའི་བདག་མོ་ལ༴ཡུལ་ཆེན་སུམ་ཅུ་རྩ་གཉིས་ཀྱི་བདག་མོ་ལ༴དུར་ཁྲོད་ཆེན་པོ་གནས་བརྒྱད་ཀྱི་བདག་མོ་ལ༴མ་ཡུམ་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་ལ་གསོལ་ལོ༔ གཞན་ཡང་སྲིད་པ་མ་མོའི་སྡེ་ཚོགས་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་འཁོར་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས༔ ཨོཾ་ཨཱཿཧཱུྃ༔ སྲོག་བདག་ཡོངས་ཀྱི་རྒྱལ་པོ་པེ་ཧར་ཆེན་པོ་ལ་གསོལ་ལོ༔ འཁོར་གྱི་རྒྱལ་ཆེན་རྣམ་བཞི་ལ༴ཕོ་ཉ་རྒྱལ་ཆེན་བརྒྱད་པོ་ལ༴བཀའ་སྡོད་ལས་ཀྱི་ཕོ་ཉ་ལ༴ཡང་འཁོར་ལྷ་སྲིན་སྡེ་བརྒྱད་ལ༴བཙན་རྒོད་རོལ་པ་སྐྱ་བདུན་ལ༴འབངས་འཁོར་དྲེགས་པའི་དཔུང་ཚོགས་ལ༴ཡང་འཁོར་སྣང་སྲིད་ལྷ་འདྲེ་ལ་གསོལ་ལོ༔ གཞན་ཡང་སྲོག་བདག་རྒྱལ་པོའི་སྡེ་རིས་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་མ་ལུས་པ་ཡོངས་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས༔ ཨོཾ་ཨཱཿཧཱུྃ༔ སྲིད་པ་ལྷ་ཡི་གཙོ་བོ་དབང་ཕྱུག་ཆེན་པོ་ལ་གསོལ་ལོ༔ ཡུམ་མཆོག་ཨུ་མ་དཱེ་ཝི་ལ༴སྲས་མཆོག་བྷིསྣུ་རཱ་ཛ་ལ༴དཔལ་མགོན་བདུན་ཅུ་རྩ་ལྔ་ལ༴སྣང་སྲིད་དྲེགས་པའི་འཁོར་ཚོགས་ལ་གསོལ་ལོ༔ གཞན་ཡང་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྡེ་ཚོགས་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས༔ ཨོཾ་ཨཱཿཧཱུྃ༔ གནམ་ས་གཙང་ཆབ་ཕྱེད་ཀྱི་བདག་པོ་དམ་ཅན་རྡོ་རྗེ་ལེགས་པ་ལ་གསོལ་ལོ༔ ཕ་མོན་པ་ནག་པོ་ལ༴མ་མོན་མོ་ནག་མོ་ལ༴ཡུམ་ཀོང་བཙུན་དེ་མོ་ལ༴ནམ་མཁའ་སེང་ཞོན་གྱི་དམག་ཚོགས་ལ༴བར་སྣང་བྱ་ཞོན་གྱི་དམག་ཚོགས་ལ༴ས་གཞི་ར་ཞོན་གྱི་དམན་ཚོགས་ལ༴བཙན་དམག་བྱེ་བ་འབུམ་སྡེ་ལ༴ཐེ་བྲང་སྟོང་སྡེའི་འཁོར་ཚོགས་ལ༴ཀླུ་གཉན་ས་བདག་འབུམ་སྡེ་ལ་གསོལ་ལོ༔ གཞན་ཡང་དམ་ཅན་རྡོ་རྗེ་ལེགས་པའི་སྡེ་ཚོགས་འཁོར་བྲན་འབངས་ཚོགས་དང་བཅས་པ་ཐམས་ཅད་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས༔ ཨོཾ་ཨཱཿཧཱུྃ༔ གནོད་སྦྱིན་ནོར་ལྷའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་གསོལ་ལོ༔ གཏེར་བདག་ཛམ་དཀར་ལྷ་ལྔ་ལ༴ཛམ་སེར་ཡིད་བཞིན་དབང་པོ་ལ༴ཛམ་དམར་དབང་སྡུད་རྒྱལ་པོ་ལ༴ཛམ་ནག་གཏུམ་དྲག་ཆེན་པོ་ལ༴སྤྲུལ་འཁོར་ནོར་བདག་རྣམ་བརྒྱུད་ལ༴ཕོ་ཉ་ནོར་བདག་ཉེར་གཅིག་ལ༴ཡང་འཁོར་འབུམ་ཁྲི་འབུམ་སྟོང་ལ༴ནོར་བདག་ལྷ་མོ་མཆོག་བརྒྱད་ལ་གསོལ་ལོ༔ གཞན་ཡང་གནོད་སྦྱིན་ནོར་ལྷའི་སྡེ་ཚོགས་འཁོར་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགས༔ ཨོཾ་ཨཱཿཧཱུྃ༔ གཞན་ཡང་འཛམ་བུའི་གླིང་གི་གཞི་བདག་ལ་གསོལ་ལོ༔ སྟོད་མངའ་རི་སྐོར་གསུམ་གྱི་གཞི་བདག་དང་སྲུང་མ་རྣམས་ལ༴བར་དབུས་གཙང་རུ་བཞི་ལ་གནས་པའི་གཞི་བདག་དང་སྲུང་མ་རྣམས་ལ༴སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་གཞི་བདག་དང་སྲུང་མ་རྣམས་ལ༴རྗེ་ཡི་མགུར་ལྷ་བཅུ་གསུམ་ལ༴སྲིད་པ་ཆགས་པའི་ལྷ་དགུ་ལ༴གངས་དཀར་ཉི་ཤུ་རྩ་གཅིག་ལ༴དགེ་བསྙེན་ཆེན་པོ་ཉེར་གཅིག་ལ་གསོལ་ལོ༔ གཞན་ཡང་བདག་ཅག་འཁོར་དང་བཅས་པའི་ཕ་ལྷ་མ་ལྷ་ཞང་ལྷ་ཕྲག་ལྷ་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་ཕ་མྱེས་བརྒྱུད་ཀྱི་སྲུང་མ་བསྙེན་ཅིང་བསྒྲུབ་པའི་སྲུང་མ་མ་སྒྲུབ་རང་འཁོར་གྱི་སྲུང་མ་འཁོར་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ བསྔགས་སོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ སོགསཕྲིན་ལས་མཛོད་ཅིག༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཁྱོད་རྣམས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ༔ ཁ་འཛིན་སྡོང་གྲོགས་མེལ་རྩེ་དཔུང་གཉེན་མཛོད༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་༔ བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་མཛོད༔ ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི༔ ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པ་ཡིས༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ འདི་ལྟར་དངོས་སུ་འབྱོར་བ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ གནད་དེ་ལྡན་ཅིང་འདིར་བརྩོན་ན༔ བསམ་པའི་དོན་ཀུན་འབད་མེད་འགྲུབ༔ སྒྲུབ་པའི་བར་ཆད་གེགས་སེལ་ཞིང་༔ རྐྱེན་དང་མི་མཐུན་ཀུན་འཇོམས་འགྱུར༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་དབང་ཕྱུག་འཇིགས་མེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།