TTDL-ZABTER-09-TA-050: Difference between revisions

From Dudjom Wiki
TTDL-ZABTER-09-TA-050
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung skor
|volnumtib=
|volyigtib=
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:43, 15 August 2024

Wylie title TTDL-ZABTER-09-TA-050.pdf
Location bdud 'joms gling pa zab gter
Volume 9, Text 50, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung skor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༣༩༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམོད་ངན་རྡོ་རྗེའི་ཐོག་མདའ་བཞུགས་སོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ རྩ་བརྒྱུད་རིག་འཛིན་བླ་མ༔ ཡི་དམ་ཞི་ཁྲོ་རྒྱ་མཚོ༔ མཁའ་འགྲོ་འཁོར་འདས་དབང་མོ༔ ལེགས་ལྡན་མ་ཧཱ་ཀཱ་ལ༔ དཔལ་མགོན་ཕྱག་བཞི་ཡབ་ཡུམ༔ མ་མོ་སྲིད་པའི་རྒྱལ་མོ༔ གནོད་སྦྱིན་ཤན་པ་དམར་ནག༔ གཟའ་བདུད་དུག་གི་སྤུ་གྲི༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ༔ ལྷ་ཆེན་དབང་ཕྱུག་ཆེན་པོ༔ དམ་ཅན་རྡོ་རྗེ་ལེགས་པ༔ གཤིན་རྗེ་ཡ་མ་རཱ་ཙ༔ སྲོག་བདག་པེ་ཧར་རྒྱལ་པོ༔ འཛམ་གླིང་བརྟན་མ་བཅུ་གཉིས་ལ་སོགས་པའི་ཡེ་ཤེས་དང་ལས་ལ་གྲུབ་པའི་བཀའ་སྲུང་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་མཐུ་བོ་ཆེ་རྣམས་གསན་ཅིང་དགོངས་སུ་གསོལ༔ ངས་ནི་རིག་འཛིན་བརྒྱུད་པ་དང་བཅས་པའི་བཀའ་སྲུང་དང་དམ་ཚིག་གཉན་པོ་དཔང་དུ་བཙུག་ནས་ཁྱེད་ལ་སྙན་གསན་དབབ་པ་ནི༔ སངས་རྒྱས་བསྟན་པ་བཤིག་པའི་བདུད་སྡེ༔ དམ་པའི་ཆོས་ཁྲིམས་བཤིག་པའི་ལྟ་ལོག༔ དགེ་འདུན་སྡེ་དཔུང་བཅོམ་པའི་རཱུ་ཏྲ༔ ས་ལམ་བར་ཆད་བྱེད་པའི་ཆོམ་པོ༔ མཚན་ལྡན་བླ་མ་དམ་པའི་སྐུ་དགྲ༔ རྣལ་འབྱོར་བདག་ཅག་རྣམས་ཀྱི་སྒོས་དགྲ༔ བསམ་ངན་སྦྱོར་རྩུབ་བྱེད་པའི་བྱད་མ༔ གནོད་གདུག་དྲག་ཤུལ་གྱི་སེམས་དང་ལྡན་ཞིང་༔ ཕོད་བཙུགས་པ༔ དོ་བསྡོ་བ༔ ཡ་བཟུང་བ༔ འགྲས་བཙལ་བ༔ སྔ་དགྲ་ལག་ལེན་ལ་བཏབ་པ༔ ད་དགྲ་ཐད་དུ་བཙུགས་པ༔ ཕྱི་དགྲ་ཡིད་ལ་སེམས་པའི་དགྲ་བོ་སྤྱི་དང་༔ བྱེ་བྲག་ཏུ་ཡིད་ལ་བརྣག་པའི་དགྲ་བོ་ཆེ་གེ་མོའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པའི་ཚེ་བླ་སྲོག་གསུམ་ཤ་ཁྲག་རུས་གསུམ་ཚེ་བསོད་ནམས་ཁ་རྗེ་དབང་ཐང་དང་བཅས་པ་ཐམས་ཅད་ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པར་ཤ་ཁྲག་དམར་གྱི་གཏོར་མ་འདི་དང་མཉམ་དུ་བཞེས་ཤིག་རོལ་ཅིག༔ ལོ་ཟླར་འགྱངས་སུ་མ་ཤོར༔ སྔོན་བསགས་ལས་ཀྱི་མཐའ་མ་སྒུག༔ སྐྱེ་འཆིའི་ཚད་ཀྱི་ཁུང་མ་བཙུན༔ སྐྱེ་བ་ཕྱི་མ་ལ་དུས་མ་བཏབ༔ ཞུ་བཤགས་འཇལ་གསུམ་ལ་སྙིང་བརྩེ་མ་བྱེད་པར་དུས་ད་ལྟ་ཉིད་དུ་ལྟ་བའི་མིག་འབྲས་ཐང་ལ་འཕོངས་ཤིག༔ འགུལ་བསྐྱོད་བྱེད་པའི་རྐང་ལག་ཆོད་ཅིག༔ སྙིང་ཁྲག་དམར་པོ་ཁ་ནས་དྲོངས་ཤིག༔ ནང་རོལ་རྒྱུ་ལོང་འོག་སྒོར་འཕོངས་ཤིག༔ ཁ་ཟས་ཀྱི་ལྷག་མ་མིད་དུ་མ་ཤོར༔ མི་ཚིག་གཏམ་གྱི་མཇུག་མ་རྫོགས་པར་གྲི་ཐབས་དང་གཟེར་ཐབས་ཧུར་ཐུམ་དྲག་པོས་སོད་ཅིག་སྒྲོལ་ཞིག༔ ཤ་ཁྲག་རུས་གསུམ་ལ་རྔམས་པར་རོལ་ཞིག༔ བཞེས་བཞེས་བཞེས༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དྲག་པོའི་འུར་ཆེམ་དང་བཞེས་རོལ་བྱའོ༔ བཀའ་སྲུང་གཉན་པོ་སྒྲུབ་པའི་བུས༔ རྟག་ཏུ་འདི་ལ་བརྩོན་གྱུར་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ དམོད་ངན་རྡོ་རྗེའི་ཐོག་མདའ་འདི༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་མའོ།།དགེའོ།།།།