TTDL-ZABTER-12-NA-047: Difference between revisions

From Dudjom Wiki
TTDL-ZABTER-12-NA-047
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༢
|volyigtib=
|volumenumber=12
|volumenumber=12
|volumeLetter=NA
|volumeLetter=NA

Revision as of 08:00, 19 August 2024

Wylie title TTDL-ZABTER-12-NA-047.pdf
Location bdud 'joms gling pa zab gter
Volume 12, Text 47, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠བརྡ་ཡིག༢༧༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་གཏོར་དབང་བཞུགས་སོ༔ ༠༠༠༠༠བརྡ་ཡིག༢༧༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ དང་པོ་གསོལ་བ་འདེབས་པ་ནི༔ ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ གུ་རུ་བློ་ལྡན་མཆོག་སྲེད་ཀྱི༔ རྗེས་གནང་ཟབ་མོ་བདག་ལ་སྩོལ༔ ལན་གསུམ༔ དེ་ནས་བླ་མས༔ ཀྱཻ༔ ཐུགས་རྗེ་བྱིན་རླབས་རྨད་བྱུང་བ༔ གུ་རུ་བློ་ལྡན་མཆོག་སྲེད་ཀྱི༔ དབང་གིས་ཁྱོད་ཉིད་སྨིན་པར་བྱ༔ དམ་ཚིག་མ་ཉམས་ཚུལ་བཞིན་སྲུངས༔ ས་མ་ཡ་ན་ར་ཀན༔ རྡོ་རྗེའི་རྭ་རྩེས་དམ་ཆུ་འཐོར་ལ༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ དེ་ནས་གཏོར་མ་ཐོགས་ལ༔ གཏོར་སྣོད་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་གུ་རུ་བློ་ལྡན་མཆོག་སྲེད་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ་པའི་སྐུ་ལས་འོད་ཟེར་དཀར་པོ་བྱུང་ནས་ཁྱེད་རང་གི་ལུས་ལ་ཐིམ་པས་རྡོ་རྗེ་སྐུ་ཡི་རང་བཞིན་དུ་སངས་རྒྱས་པར་བསམ༔ ཀྱཻ༔ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར༔ མཛད་པ་ཕྲིན་ལས་རྨད་བྱུང་ཧེ་རུ་ཀ༔ བློ་ལྡན་མཆོག་སྲེད་རྩལ་གྱིས་དབང་བསྐུར་རོ༔ བུ་ཁྱོད་ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ་རྡོ་རྗེའི་སྐུ་རུ་སྨིན༔ སྤྲུལ་སྐུ་མཆོག་ཐོབ་རྣམ་སྨིན་རིག་འཛིན་གྱི༔ གོ་འཕང་མཆོག་ལ་དབང་འབྱོར་དབང་ཐོབ་ནས༔ འཁོར་བའི་འཁྲུལ་སྣང་འོད་ཀྱི་སྐུ་རུ་གྲོལ༔ འཇིགས་བྲལ་རྡོ་རྗེ་ལྟ་བུའི་ལུས་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཏོར་མ་མགྲིན་པར་བཞག་ལ༔ དེ་ནས་གཏོར་མ་མགྲིན་པར་བཞག་པའི་ཚེ་ན་གུ་རུ་བློ་ལྡན་མཆོག་སྲེད་ཀྱི་གསུང་ལས་འོད་ཟེར་དམར་པོ་བྱུང་ནས་ཁྱོད་རང་གི་ངག་ལ་ཐིམ་པས་རྡོ་རྗེ་གསུང་གི་རང་བཞིན་དུ་སངས་རྒྱས་པར་བསམ༔ ཀྱཻ༔ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར༔ མཛད་པ་ཕྲིན་ལས་རྨད་བྱུང་ཧེ་རུ་ཀ༔ བློ་ལྡན་མཆོད་སྲེད་རྩལ་གྱིས་དབང་བསྐུར་རོ༔ བུ་ཁྱོད་ངག་དང་རླུང་གི་སྒྲིབ་པ་དག༔ གསང་བའི་དབང་ཐོབ་རྡོ་རྗེའི་གསུམ་དུ་སྨིན༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མཆོག་ཐོབ་ཅིང་༔ ཚེ་ལ་དབང་བའི་རིག་འཛིན་ཉེར་ཐོབ་ནས༔ ངག་རླུང་ནུས་པར་ཡེ་ཤེས་རླུང་རྒྱས་ཐེབས༔ མ་དག་རྟོག་ཚོགས་རང་གྲོལ་ཆོས་སྐུར་སངས༔ འཆད་རྩོད་རྩོམ་གསུམ་མཆོག་ལ་དབང་བསྒྱུར་ཞིང་༔ ཚད་མེད་ཐུགས་རྗེས་གཞན་དོན་ནུས་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གཏོར་མ་སྙིང་གར་བཞག་ལ༔ དེ་ནས་གཏོར་མ་སྙིང་གར་བཞག་པའི་ཚེ་ན་གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཐུགས་ལས་འོད་ཟེར་མཐིང་ནག་བྱུང་ནས༔ ཁྱེད་རང་གི་ཡིད་ལ་ཐིམ་པས་རྡོ་རྗེ་ཐུགས་ཀྱི་རང་བཞིན་དུ་སངས་རྒྱས་པར་བསམ་ལ༔ ཀྱཻ༔ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར༔ མཛད་པ་ཕྲིན་ལས་རྨད་བྱུང་ཧེ་རུ་ཀ༔ བློ་ལྡན་མཆོག་སྲེད་རྩལ་གྱིས་དབང་བསྐུར་རོ༔ བུ་ཁྱོད་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཤེས་རབ་དབང་ཐོབ་རྡོ་རྗེའི་ཐུགས་སུ་སྨིན༔ ཆོས་ཀྱི་སྐུ་ཐོབ་ཕྱག་རྒྱའི་རིག་འཛིན་གྱི༔ གོ་འཕང་མཆོག་ལ་དབང་འབྱོར་དབང་ཐོབ་ནས༔ དག་སྣང་ཡེ་ཤེས་རོལ་པར་འབྱམས་ཀླས་ཤིང་༔ ཆོས་ཉིད་རྟོགས་པའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་སྤྱི་བོར་བཞག་ལ༔ དེ་ནས་གཏོར་མ་སྤྱི་བོར་བཞག་པའི་ཚེ་ན་གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་ལྔ་ལྡན་བྱུང་ནས་ཁྱོད་རང་གི་གནས་ལྔར་ཐིམ་པས་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར༔ ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐོབ་ནས་སངས་རྒྱས་པར་བསམ༔ ཀྱཻ༔ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར༔ མཛད་པ་ཕྲིན་ལས་རྨད་བྱུང་ཧེ་རུ་ཀ༔ བློ་ལྡན་མཆོག་སྲེད་རྩལ་གྱིས་དབང་བསྐུར་རོ༔ བུ་ཁྱོད་ཉོན་མོངས་ཤེས་བྱའི་སྒྲིབ་པ་དག༔ ཚིག་གི་དབང་ཐོབ་ངོ་བོ་ཉིད་སྐུར་སྨིན༔ ལྷུན་གྱིས་གྲུབ་པའི་རིག་འཛིན་མཆོག་ཐོབ་ནས༔ ནང་གསལ་སྐུ་དང་ཡེ་ཤེས་མངོན་གྱུར་ནས༔ ཟག་བཅས་ཕུང་པོ་འོད་ཀྱི་སྐུ་རུ་སྨིན༔ གཞན་དོན་མཛད་པ་ཕྲིན་ལས་མཐའ་རྒྱས་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ལྟར་དབང་འདི་ཐོབ་ནས་ཀྱང༔ སྒྲུབ་ལ་བརྩོན་པ་མཐར་སོན་ན༔ ཤེས་རབ་ཀློང་རྡོལ་ཆོས་ལ་དབང་༔ ཕྱི་མ་དཔལ་རི་པད་འོད་དུ༔ པད་འབྱུང་སྐུ་དང་དབྱེར་མེད་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཉེར་མཁོའི་ཆེད་དུ་རིག་འཛིན་བདུད་འཇོམས་གླིང་པས་སོ།།དགེའོ།།