TTDL-ZABTER-14-PHA-011: Difference between revisions

From Dudjom Wiki
TTDL-ZABTER-14-PHA-011
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༤
|volyigtib=
|volumenumber=14
|volumenumber=14
|volumeLetter=PHA
|volumeLetter=PHA

Revision as of 13:37, 21 August 2024

Wylie title TTDL-ZABTER-14-PHA-011.pdf
Location bdud 'joms gling pa zab gter
Volume 14, Text 11, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བསྒྲུབ་པའི་བར་ཆད་རྐྱེན་བཟློག་ཕྱིར༔ དམ་སྲི་ཉུལ་ལེ་མནན་བསྐྲད་ཆོ་ག་བཞུགས་སོ༔ བརྡ་ཡིག༠༠༠༠༠༠༧༦༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྣལ་འབྱོར་བསྒྲུབ་ལ་ཞུགས་པའི་ཚེ༔ བར་ཆད་རྐྱེན་སྣང་གཡུལ་བཟློག་པའི༔ ལས་ཀ་འདི་ལ་མ་བརྩོན་ན༔ དགེ་བཙུན་དམ་སྡོམ་ཉམས་པའི་རིགས༔ ཚེ་འཕོས་དམྱལ་བའི་གནས་སུ་སྐྱེ༔ དེ་མཐར་དམ་སྲི་ཉུལ་ལེ་རུ༔ སྐྱེས་ནས་དུས་ཚོད་དྲུག་ཕྲག་ཏུ༔ བསྒྲུབ་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ དངོས་གྲུབ་རྐུ་འཕྲོག་ཆེད་དུ་ཉུལ༔ རྣལ་འབྱོར་ཏིང་འཛིན་གདིང་བསླུ་ཞིང་༔ རྒྱུད་དཀྲུགས་ཆགས་སྡང་ལམ་དུ་འདྲེན༔ མི་འདོད་རྐྱེན་ངན་འཚུབས་མ་སློང་༔ དགའ་ཞིང་མོས་པའི་ཕྱོགས་སུ་བརྫུ༔ དེ་ཕྱིར་ཉུལ་ལེ་མནན་བསྐྲད་པའི༔ ཆོ་ག་ལག་ཏུ་ལེན་པ་ལ༔ ཡུངས་དཀར་འདྲེ་འཇིགས་དུ་བས་བདུག༔ ཐུན་རྫས་མཚོན་ཆ་ཀུན་ཐོགས་ཤིང་༔ ལྟ་བའི་གདིང་བསྐྱེད་ལྟ་སྟངས་ཀྱིས༔ གཟིར་ཞིང་ཕྱོགས་བཅུར་སྡང་མིག་བསྒྲད༔ རཱུ་པ་དབང་ཚང་ཏྲི་ཡིག་དྲུག༔ ལྕགས་ཁང་གྲུ་གསུམ་ནང་དུ་གཞུག༔ འགུགས་གཞུག་ཅི་མང་བྱས་ནས་སུ༔ འགུགས་བསྒྲལ་ལས་ཀྱི་ཕོ་ཉ་བསྐུལ༔ ཨེ་ཛཿམདུན་དུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ཁ་དོག་ལ་གཏིང་ཡངས་པའི་དབུས་སུ་ཏྲིཿལས་བསྒྲུབ་པ་ལ་བར་དུ་གཅོད་ཅིང་ལས་དང་རྐྱེན་ལས་གྱུར་པའི་གནོད་བྱེད་དམ་སྲི་ཉུལ་ལེ་ཐམས་ཅད་ཉམ་ཐག་པའི་གཟུགས་སུ་གྱུར༔ འགུགས་གཞུག་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་སྲུང་མ་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་རྟེན་འབྲེལ་ཟབ་མོའི་བདེན་པའི་མཐུས༔ ལས་དང་རྐྱེན་ལས་བྱུང་བ་བསྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་དམ་སྲི་ཉུལ་ལེ་ནག་པོ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་མིང་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཏྲི་ཨ་ཀཪྴ་ཡ་ཛཿཛཿཧཱུྃ་བཾ་ཧོཿཕོ་ཉ་བསྐུལ་བ་ནི༔ བདག་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཕོག༔ ཕྲིན་ལས་དུས་གཅིག་ཏུ་བསྡུས་པའི་ངོ་བོ་ཡི་གེ་བྷྱོ་དང་ཧཱུྃ་གི་རང་བཞིན་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་བབས་པ་ལས་ཡེ་ཤེས་དཔལ་གྱི་ཁྲོ་མོ་མི་སྲུན་རབ་ཏུ་འཇིགས་པ་བལྟར་མི་བཟོད་པ་དཔག་ཏུ་མེད་པ་རུ་གྱུར་ཏེ༔ དམ་སྲི་ཉུལ་ལེ་སྤུན་དགུ་སྣ་འདྲེན་སྡོང་ཟླ་རྒྱབ་བརྟེན་དང་བཅས་པ༔ ལ་ལས་བཀུག་ཅིང་ལིངྒ་ལ་བསྟིམས༔ ལ་ལས་མཚོན་ཆ་སྣ་ཚོགས་ཀྱིས་བསད༔ ལ་ལས་ལྕི་ཞིང་འཐས་པའི་རྫས་དངོས་པོ་སྣ་ཚོགས་ཐོགས་ནས་བརྒྱལ་ཞིང་མནན་པའི་ལས་མཛད་པར་གྱུར༔ དུས་དྲུག་གི་བསྐུལ་བ་དང་པོ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་ཤར་གྱི་ཕྱོགས་ཆ་ནས༔ སྤྱི་དཔལ་ཆེན་པོའི་ཕྲིན་ལས་ཕོ་ཉ་མོ༔ ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དབང་ཕྱུག་མ༔ འཇིགས་བྱེད་ཁྲོ་མོ་ཀུན་ཐུབ་རྒྱལ་མོ་ཞེས༔ དཀར་མོ་དུང་མདོག་ཁྲོ་གཏུམ་རྔམས་པའི་སྐུ༔ ཧ་ཧེའི་གད་རྒྱངས་སྒྲོགས་པས་འཇིག་རྟེན་གཡོ༔ ཕཊ་ཕེཾ་སྒྲ་ཡིས་དམ་སྲིའི་མགོ་བོ་འགེམས༔ ཕྱག་གཡས་རལ་གྲིས་དགྲ་བགེགས་འབྱུང་པོ་ཡི༔ མགོ་ལུས་ཚལ་པར་གཏུབ་ཅིང་རྡུལ་དུ་བརླག༔ གཡོན་པས་ལྕགས་ཀྱུས་ཉམས་པའི་སྙིང་ནས་འདྲེན༔ མཆེ་བ་ཟངས་ཡག་གཙིགས་ཤིང་ཤ་ལ་ཟ༔ རྡོ་རྗེའི་འགྲོས་ཀྱིས་སྐད་ཅིག་ཡུད་ཙམ་བསྐོར༔ སྨིན་མར་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ སྤྲུལ་པའི་གིང་ཆེན་བསམ་ཡས་ལས་ལ་འགྱེད༔ སྤྲིན་དཀར་ཐུལ་པས་སྣང་སྲིད་འོད་ཀྱིས་འགེངས༔ ཞལ་ནས་དུག་ཁྲག་ནད་ཀྱི་སྐྱེམ་མདའ་འཕེན༔ ཁྱོད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབ༔ གནད་ནས་བསྐུལ་ལོ་དབྱིངས་ནས་ད་བཞེངས་ཤིག༔ གནོད་བྱེད་འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་ཐོབ༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ སྲི་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང་༔ དངོས་གྲུབ་ཕྲོག་ཅིང་རྐུ་བའི་སྨོན་ལོག་པ༔ དམ་སྲི་ཉུལ་ལེ་ཁུག་ལ་ད་སྒྲོལ་ཅིག༔ ཨོཾ་གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏཱ་ཡ་སརྦ་དུཥྚཾ་ཕཊ༔ ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ཕཊ༔ བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་གུམ་བུ་ཨ་པ་ཙེ་རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ངན་ཤ་སྟྭཾ་བྷ་ཡཀྴ་བི་ན་ཡ་ག་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན་ཙིཏྟ་རྦད༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ ཐུཾ་རི་ལི་ལི་ཨེ་ཧུར་ཐུམ་ཛ་རྦད་ནན༔ བསྐུལ་བ་གཉིས་པ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་ཕྱོགས་ཆ་ན༔ སྤྱི་དཔལ་ཆེན་པོའི་ཕྲིན་ལས་ཕོ་ཉ་མོ༔ ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དབང་ཕྱུག་མ༔ འཇིགས་བྱེད་ཁྲོ་མོ་ཀུན་ཐུབ་རྒྱལ་མོ་ཞེས༔ སྐུ་མདོག་སེར་ནག་ཁྲོ་གཏུམ་རྔམས་ཤིང་བརྗིད༔ ཧ་ཧེའི་གད་རྒྱངས་སྒྲོགས་པས་འཇིག་རྟེན་གཡོ༔ ཕཊ་ཕེཾ་སྒྲ་ཡིས་དམ་སྲིའི་མགོ་བོ་འགེམས༔ ཕྱག་གཡས་སྤུ་གྲིས་དགྲ་བགེགས་འབྱུང་པོ་ཡི༔ མགོ་ལུས་ཚལ་པར་གཏུབ་ཅིང་རྡུལ་དུ་བརླག༔ གཡོན་པས་མེ་ཡིས་སྲིད་གསུམ་གཞོམ་དུ་བསྲེགས༔ མཆེ་བ་ཟངས་ཡག་གཙིགས་ཤིང་ཉམས་པའི་ཤ་ལ་ཟ༔ རྡོ་རྗེའི་འགྲོས་ཀྱིས་སྣང་སྲིད་ཡུད་ཙམ་བསྐོར༔ སྨིན་མར་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ སྤྲུལ་པའི་གིང་ཆེན་བསམ་ཡས་ལས་ལ་འགྱེད༔ སྤྲིན་ཐུལ་ན་བཟའ་སེར་ནག་འོད་དུ་འབར༔ ཞལ་ནས་དུག་ཁྲག་ནད་ཀྱི་སྐྱེམས་མདའ་འཕེན༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབས༔ གནད་ནས་བསྐུལ་ལོ་དབྱིངས་ནས་ད་བཞེངས་ཤིག༔ གནོད་བྱེད་འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་ཐོབ༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ སྲི་ལ་བབས་ན་སྲོག་སྙིང་དྲོན་མོ་དྲོངས༔ དངོས་གྲུབ་ཕྲོག་ཅིང་རྐུ་བའི་སྨོན་ལོག་པ༔ དམ་སྲི་ཉུལ་ལེ་ཁུག་ལ་ད་སྒྲོལ་ཅིག༔ ཨོཾ་གྷ་གྷ་གྷཱ་ཏཱ་ཡ་སོགས་ཨོཾ་གུམ་བུ་ཨ་པ་སོགས༔ བསྐུལ་བ་གསུམ་པ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་ཕྱོགས་ཆ་ནས༔ སྤྱི་དཔལ་ཆེན་པོའི་ཕྲིན་ལས་ཕོ་ཉ་མོ༔ ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དབང་ཕྱུག་མ༔ འཇིགས་བྱེད་ཁྲོ་མོ་ཀུན་ཐུབ་རྒྱལ་མོ་ཞེས༔ དམར་ནག་ཁྲག་མདོག་ཁྲོ་གཏུམ་རྔམས་ཤིང་བརྗིད༔ ཧ་ཧེའི་གད་རྒྱངས་སྒྲོགས་པས་འཇིག་རྟེན་གཡོ༔ ཕཊ་ཕེཾ་སྒྲ་ཡིས་དམ་སྲིའི་མགོ་བོ་འགེམས༔ ཕྱག་གཡས་དགྲ་སྟྭས་དགྲ་བགེགས་འབྱུང་པོ་ཡི༔ མགོ་ལུས་ཚལ་པར་གཏུབ་ཅིང་རྡུལ་དུ་བརླག༔ གཡོན་པའི་འཁོར་ལོས་འཁོར་བ་ཁ་ལོ་བསྒྱུར༔ མཆེ་བ་ཟངས་ཡག་གཙིགས་ཤིང་ཉམས་པའི་ཤ་ལ་ཟ༔ རྡོ་རྗེའི་འགྲོས་ཀྱིས་སྣང་སྲིད་ཡུད་ཙམ་བསྐོར༔ སྨིན་མར་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ སྤྲུལ་པའི་གིང་ཆེན་བསམ་ཡས་ལས་ལ་འགྱེད༔ ན་བཟའ་དམར་མོ་སྲིན་གྱི་གཡང་གཞི་གསོལ༔ ཞལ་ནས་དུག་ཁྲག་ནད་ཀྱི་སྐྱེམས་མདའ་འཕེན༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབས༔ གནད་ནས་བསྐུལ་ལོ་དབྱིངས་ནས་ད་བཞེངས་ཤིག༔ གནོད་བྱེད་འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་ཐོབ༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ སྲི་ལ་བབས་ན་སྲོག་སྙིང་དྲོན་མོ་དྲོངས༔ དངོས་གྲུབ་ཕྲོག་ཅིང་རྐུ་བའི་སྨོན་ལོག་པ༔ དམ་སྲི་ཉུལ་ལེ་ཁུག་ལ་ད་སྒྲོལ་ཅིག༔ ཨོཾ་གྷ་གྷ་གྷཱ་ཏཱ་ཡ་སོགས༔ ཨོཾ་གུམ་བུ་ཨ་པ་ཙེ་སོགས༔ བསྐུལ་བ་བཞི་པ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་བྱང་གི་ཕྱོགས་ཆ་ནས༔ སྤྱི་དཔལ་ཆེན་པོའི་ཕྲིན་ལས་ཕོ་ཉ་མོ༔ ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དབང་ཕྱུག་མ༔ འཇིགས་བྱེད་ཁྲོ་མོ་ཀུན་ཐུབ་རྒྱལ་མོ་ཞེས༔ སྐུ་མདོག་ལྗང་ནག་རབ་འཇིགས་ཁྲོ་གཏུམ་རྔམས༔ ཧ་ཧེའི་གད་རྒྱངས་སྒྲོགས་པས་འཇིག་རྟེན་གཡོ༔ ཕཊ་ཕེཾ་སྒྲ་ཡིས་དམ་སྲིའི་མགོ་བོ་འགེམས༔ ཕྱག་གཡས་རྒྱ་གྲམ་དགྲ་བགེགས་འབྱུང་པོ་ཡི༔ མགོ་ལུས་ཚལ་པར་གཏུབ་ཅིང་རྡུལ་དུ་རློག༔ གཡོན་པས་ལྕགས་ཕུར་དགྲ་བགེགས་སྙིང་ལ་གཟིར༔ མཆེ་བ་ཟངས་ཡག་གཙིགས་ཤིང་ཉམས་པའི་ཤ་ལ་ཟ༔ རྡོ་རྗེའི་འགྲོས་ཀྱིས་སྐད་ཅིག་ཡུད་ཙམ་བསྐོར༔ སྨིན་མར་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ སྤྲུལ་པའི་གིང་ཆེན་བསམ་ཡས་ལས་ལ་འགྱེད༔ སྐུ་ལ་མི་ལྤགས་གཡང་གཞི་རློན་པ་གསོལ༔ ཁྲག་འཛག་མི་མགོའི་ཕྲེང་བས་དོ་ཤལ་མཛད༔ ཞལ་ནས་དུག་ཁྲག་ནད་ཀྱི་སྐྱེམས་མདའ་འཕེན༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབས༔ གནད་ནས་བསྐུལ་ལོ་དབྱིངས་ནས་ད་བཞེངས་ཤིག༔ གནོད་བྱེད་འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་ཐོབ༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ སྲི་ལ་བབས་ན་སྙིང་ཁྲག་དྲོན་མོ་དྲོངས༔ དངོས་གྲུབ་ཕྲོག་ཅིང་རྐུ་བའི་སྨོན་ལོག་པ༔ དམ་སྲི་ཉུལ་ལེ་ཁུག་ལ་ད་སྒྲོལ་ཅིག༔ ཨོཾ་གྷ་གྷ་གྷཱ་ཏཱ་ཡ་སོགས༔ ཨོཾ་གུམ་བུ་ཨ་པ་ཙེ་སོགས༔ བསྐུལ་བ་ལྔ་པ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་སྟེང་གི་ཕྱོགས་ཆ་ནས༔ སྤྱི་དཔལ་ཆེན་པོའི་ཕྲིན་ལས་ཕོ་ཉ་མོ༔ ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དབང་ཕྱུག་མ༔ འཇིགས་བྱེད་ཁྲོ་མོ་ཀུན་ཐུབ་རྒྱལ་མོ་ཞེས༔ སྐུ་མདོག་མཐིང་ནག་གཟི་བརྗིད་འོད་དུ་འབར༔ ཧ་ཧེའི་གད་རྒྱངས་སྒྲོགས་པས་འཇིག་རྟེན་གཡོ༔ ཕཊ་ཕེཾ་སྒྲ་ཡིས་དམ་སྲིའི་མགོ་བོ་འགེམས༔ ཕྱག་གཡས་རྡོ་རྗེས་དགྲ་བགེགས་འབྱུང་པོ་ཡི༔ མགོ་ལུས་ཚལ་པར་གཏུབ་ཅིང་རྡུལ་དུ་བརླག༔ གཡོན་པ་ཐོག་མདའ་ཞིང་བཅུ་ཕྱེ་མར་གཏོང་༔ མཆེ་བ་ཟངས་ཡག་གཙིགས་ཤིང་ཉམས་པའི་ཤ་ལ་ཟ༔ རྡོ་རྗེའི་འགྲོས་ཀྱིས་སྣང་སྲིད་ཡུད་ཙམ་བསྐོར༔ སྨིན་མར་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ སྤྲུལ་པའི་གིང་ཆེན་བསམ་ཡས་ལས་ལ་འགྱེད༔ གོས་མེད་གཅེར་བུ་རྡོ་རྗེའི་གཤོག་པ་ཅན༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཞལ་ནས་དུག་ཁྲག་ནད་ཀྱི་སྐྱེམས་མདའ་འཕེན༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབས༔ གནད་ནས་བསྐུལ་ལོ་དབྱིངས་ནས་ད་བཞེངས་ཤིག༔ གནོད་བྱེད་འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་ཐོབ༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ སྲི་ལ་བབས་ན་སྲོག་སྙིང་དྲོན་མོ་དྲོངས༔ དངོས་གྲུབ་ཕྲོག་ཅིང་རྐུ་བའི་སྨོན་ལོག་པ༔ དམ་སྲི་ཉུལ་ལེ་ཁུག་ལ་ད་སྒྲོལ་ཅིག༔ ཨོཾ་གྷ་གྷ་གྷཱ་ཏཱ་ཡ་སོགས༔ ཨོཾ་གུམ་བུ་ཨ་པ་ཙེ་སོགས༔ བསྐུལ་བ་དྲུག་པ་ནི༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་འོག་གི་ཕྱོགས་ཆ་ནས༔ སྤྱི་དཔལ་ཆེན་པོའི་ཕྲིན་ལས་ཕོ་ཉ་མོ༔ ཐུགས་བསྐྱེད་སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དབང་ཕྱུག་མ༔ འཇིགས་བྱེད་ཁྲོ་མོ་ཀུན་ཐུབ་རྒྱལ་མོ་ཞེས༔ སྐུ་མདོག་ནག་མོ་མུན་པའི་མདོག་ལྟ་བུ༔ ཧ་ཧེའི་གད་རྒྱངས་སྒྲོགས་པས་འཇིག་རྟེན་གཡོ༔ ཕཊ་ཕེཾ་སྒྲ་ཡིས་དམ་སྲིའི་མགོ་བོ་འགེམས༔ ཕྱག་གཡས་རི་རབ་འབར་བ་བསྣམས་པ་ཡིས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པར་བྱེད༔ གཡོན་པས་བྷནྡྷ་ཁྲག་བཀང་བསྣམས་པ་ཡིས༔ ཉམས་པ་བདུན་ལྡན་དགྲ་བགེགས་ཁྲག་ཏུ་རོལ༔ མཆེ་བ་ཟངས་ཡག་གཙིགས་ཤིང་ཉམས་པའི་ཤ་ལ་ཟ༔ རྡོ་རྗེའི་འགྲོས་ཀྱིས་སྣང་སྲིད་ཡུད་ཙམ་བསྐོར༔ སྨིན་མར་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ སྤྲུལ་པའི་གིང་ཆེན་བསམ་ཡས་ལས་ལ་འགྱེད༔ གཅེར་བུ་སྦྲུལ་དང་རྒྱུ་མ་ཐོད་པས་བརྒྱན༔ རལ་པའི་གསེབ་ནས་དུག་ཁྲག་ཆར་དུ་འབེབས༔ ཞལ་ནས་ནད་དང་ཁྲག་གི་སྐྱེམས་མདའ་འཕེན༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབས༔ གནད་ནས་བསྐུལ་ལོ་དབྱིངས་ནས་སྐུ་བཞེངས་ཤིག༔ གནོད་བྱེད་འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་ཐོབ༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ སྲི་ལ་བབས་ན་སྲོག་སྙིང་དྲོན་མོ་དྲོངས༔ དངོས་གྲུབ་ཕྲོག་ཅིང་རྐུ་བའི་སྨོན་ལོག་པ༔ དམ་སྲི་ཉུལ་ལེ་ཁུག་ལ་ད་སྒྲོལ་ཅིག༔ ཨོཾ་གྷ་གྷ་གྷཱ་ཏཱ་ཡ་སོགས་ཨོཾ་གུམ་བུ་ཨ་པ་ཙེ་སོགས༔ ཕྲིན་ལས་བཅོལ་བ་ནི༔ ཡེ་ཤེས་ཁྲོ་མོ་བདུད་འདུལ་དྲག་མོ་ཁྱོད༔ སྔོན་གྱི་དམ་བཅའ་གཉན་པོ་མ་གཡེལ་བར༔ ཉིན་མཚན་དུས་དྲུག་རྣམས་སུ་སྐུར་བཞེངས་ལ༔ དངོས་གྲུབ་བར་ཆད་བྱེད་པའི་ཉུལ་ལེ་ཀུན༔ རྗེས་ཤུལ་མེད་པར་ཐལ་བའི་རྡུལ་དུ་རློག༔ དཀྱིལ་འཁོར་མཐའ་སྐྱོང་དངོས་གྲུབ་བསྲུང་བ་དང་༔ རབ་འབྱམས་ཕྲིན་ལས་མ་ལུས་ཡོངས་འགྲུབ་མཛོད༔ དེ་ལྟར་ཉིན་མཚན་དུས་དྲུག་རྣམས་སུ་ཡང་༔ ལྟ་བའི་གདིང་བསྐྱེད་དམིགས་པའི་རྣོ་ངར་གྱིས༔ བརྩོན་ཅིང་ཐུན་གྱིས་ཆར་པ་དྲག་ཏུ་ཕབ༔ གནད་དེས་བར་ཆད་རྐྱེན་གེགས་ལས་གྲོལ་ཏེ༔ བསྒྲུབ་པའི་དངོས་གྲུབ་མྱུར་དུ་འགྲུབ་འགྱུར་རོ༔ བཀའ་སྲུང་དྲེགས་པ་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཉིད་སྤྲུལ་མིང་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།