TTDL-ZABTER-14-PHA-027: Difference between revisions

From Dudjom Wiki
TTDL-ZABTER-14-PHA-027
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༤
|volyigtib=
|volumenumber=14
|volumenumber=14
|volumeLetter=PHA
|volumeLetter=PHA

Revision as of 13:41, 21 August 2024

Wylie title TTDL-ZABTER-14-PHA-027.pdf
Location bdud 'joms gling pa zab gter
Volume 14, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
བརྡ་ཡིག་༠༠༠༠༠༢༢༧༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཁ་ཆར་གཅོད་པའི་གདམས་པ་བཞུགས་སོ༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་ནམ་མཁའ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་བཞིན་དུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཨཱཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་རི་བོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟར་གཟི་བརྗིད་དང་འོད་ཕུང་རབ་ཏུ་འབར་བ་ཞི་ཞིང་འཛུམ་པ་ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འོད་དང་འཇའ་གུར་གྱི་ཀློང་དུ་བཞུགས་པའི་ཐུགས་ཀར་པད་ཟླའི་གདན་ལ་ཨཱ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་གཅིག་ཀྱང་མ་ལུས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བདག་གི་འདོད་པའི་དོན་བསྒྲུབ་པ་ལ་དགོངས་པར་བསམ༔ ཏདྱ་ཐཱ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ ཞེས་སྟོང་ཕྲག་གཅིག་བཟླས་མཐར༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཡེ་དྷརྨ་སོགས༔ བརྒྱ་རྩ་བརྗོད་མཐར་སྦལ་གཟུགས་ལ་བསྐྱེད་ཅིང་བསྟིམ་པ་ནི༔ བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ལས་གྲུབ་པའི་བྲུབ་དོང་ནག་པོ་མེ་འབར་བ་སྒོ་དང་སྲུབ་མེད་པ་ནག་ལ་གཏིང་ཟབ་ཅིང་རྒྱ་ཆེ་བའི་ནང་དུ༔ ཞི་བ་གསལ་དག་གི་རྒྱ་མཚོ་ཀླུ་དང་བཅས་པ་ཁཾ་ཡིག་ལ་འདུས་པ་སྦལ་གཟུགས་ཀྱི་ལྟོ་བར་སོང་བས་ཡང་ཞི་བ་གསལ་དག་གི་རྒྱ་མཚོ་སྔོ་ལྟེམ་མེར་གནས་པར་གྱུར་པ་དང་༔ དེ་ཡི་སྟེང་དུ་མ་དྲོས་པའི་རྒྱ་མཚོ་བཾཿཡིག་གི་རྣམ་པར་འདུས་པ་ལ་མ་དྲོས་པའི་རྒྱ་མཚོ་ཀླུ་དང་བཅས་པ་ཐམས་ཅད་ཡང་ཡང་བསྟིམ་པ་དང་༔ དེའི་སྟེང་དུ་བ་ཚྭ་ཅན་གྱི་རྒྱ་མཚོ་ཀླུ་དང་བཅས་པ་ཁཾཿཡིག་གི་རྣམ་པར་བསྡུས་ཏེ་མཚོ་གཉིས་ཀྱི་སྟེང་དུ་བབ་ལ་མཚོ་གསུམ་གཅིག་གཅིག་ལ་མ་འདྲེས་པར་སྟེང་འོག་རིམ་པར་གནས་པ་ལ་སྣང་སྲིད་ཀྱི་ཁམས་ཐམས་ཅད་ན་གནས་པའི་ཁ་ཆར་གྱི་བདག་པོ་ཀླུ་མཚོ་ན་བུན་སྤྲིན་རླན་ཙམ་ཡང་མ་ལུས་པར་སྦལ་པའི་ཁོང་གི་རྒྱ་མཚོ་གསུམ་ལ་འདུས་ཤིང་ཐིམ་པས་གཉིས་སུ་མེད་པར་གྱུར༔ སྦལ་པའི་བ་ནི་སྦལ་སྦྲུལ་དཀར་སེར་དམར་ལྗང་དུ་བཀྲ་བ་རྣམ་པར་ཤེས་པ་བརྒྱད་ཀྱི་ཚུལ་དུ་ཀླུ་ཆེན་པོ་བརྒྱད་གནས་པ༔ སྟོང་གསུམ་སྦལ་གྱི་གཟུགས་སུ་ཡོད་པ་ཇེ་ཆུང་དུ་འདུས་ཏེ་བྲུབ་ཁུང་ནང་དུ་ཚུད་པར་བསམ༔ སྣང་སྲིད་ཀྱི་ཁ་ཆར་སྤྲིན་གྱི་བདག་པོ་སྤྲིན་ན་བུན་རླན་ཙམ་མ་ལུས་པར་སྦལ་གཟུགས་ལ་ཐིམ་པར་ཡང་ཡང་བསམ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་བདེན་པས་གནོད་བྱེད་ཁ་བ་ཁང་སྤྲིན་ཁ་ཆར་གྱི་བདག་པོ་རྒྱ་མཚོ་ཀླུ་དང་བཅས་པ་སྦལ་གཟུགས་འདི་ལ་ཁུག་ཅིག་ཛ་ཛཿའགུགས་པ་སྟོང་ལས་མི་ཉུང་བར་བརྗོད༔ གཞན་ཡང་འགུགས་གཞུག་སྣ་ཚོགས་བརྗོད་མཐར༔ ལྕགས་སྲེགས་ཀྱི་བྲུབ་ཁུང་གི་ཁ་འུབ་ཀྱིས་རུབ་སྟེ་སྒོ་ཐག་གིས་བཅད་ནས༔ ཆུ་བདག་ཀླུ་ཁ་ཆར་གྱི་བདག་པོ་རྣམས་བདེ་བས་མྱོས་ནས་དྲན་མེད་དུ་བརྒྱལ་བའི་ཞག་དུས་ཀྱི་ཚད་དེ་མ་རྫོགས་བར་དུ་འཕར་ལྡང་གཡོ་འགུལ་མེད་པར་ཡང་ཡང་བསམ་ལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཁ་ཆར་གྱི་བདག་པོ་སྤྲིན་ན་བུན་ཁ་རླངས་ཐམས་ཅད་མཱ་ར་ཡ་ནན་ནན་ཆིང་ཆིང་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྗོད་དེ་མཆོད་རྟེན་མང་པོའི་ས་སྣས་སྦྲུས་པའི་ས་ཚྭ་ནག་པོ་དང་རྡོ་རྗེ་རྒྱ་གྲམ་བྲིས་ཤིང་ཁ་བཅད༔ དེ་སྟེང་གཡུང་དྲུང་གི་རིས་སུ་བྲིས་པའི་རྡོ་ཡིས་མནན༔ དེའི་སྟེང་རི་རབ་བང་རིམ་གསུམ་བྲིས་པས་མནན༔ དེའི་སྟེང་དུ་གཡམ་པ་ལ་ཀླུ་བརྒྱད་ནན་ནན༔ ཞེས་བྲིས་པས་མནན་ཏེ་མེ་དྲོད་དང་མི་འབྲལ་བར་བྱས༔ ཆུ་དང་རླན་མི་ཕོག་པ་གནད་ཡིན་ནོ༔ དེ་ནས༔ རང་ཉིད་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ལས་སྤྲུལ་པའི་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས་པས་སྤྲིན་རྣམས་ཧུབ་ཀྱིས་བཏབ་ཁ་ཆར་བཏང་བའི་ཆུ་བདག་ཀླུ་ཐམས་ཅད་ཧབ་ཧབ་ཟ་བར་བསམ༔ དང་པོ་ལས་སྦྱོར་ལ་མ་ཐུག་གོང་དུ་གོང་བསྙེན་འབུམ་ཕྲག་བཞི་སྔོན་དུ་བཏང་ན་ཕྱིས་ལས་མི་འགྲུབ་མི་སྲིད་དོ༔ བར་སྐབས་སུ་འདི་ལན་གསུམ་རེ་བརྗོད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་བདག་གི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག༔ ཅེས་མཇུག་རེའི་མཐར༔ ན་མོ་རཏྣ་ཏྲ་ཡ་ཡ༔ ཨོཾ་ཡེ་དྷརྨ་སོགས་སྭཱ་ཧཱ༔ འི་བར་བརྒྱའམ་སྟོང་རེའི་མཚམས་སུ་སྨོན་ཚིག་གསུམ་རེ་གདགས༔ གསུམ་བཞི་ཚད་འཁྱོལ་བ་ཐ་མ་ཡིན༔ འབྲུ་འབུམ་ཚད་དུ་བསྐྱལ་བ་ནི་རབ་ཡིན་ནོ༔ དེ་ནས་ལས་ལ་སྦྱོར་བའི་དུས་སུ༔ རང་གི་ཐུགས་ཀ་ནས་འོད་ཟེར་དང་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཀྱི་མེ་དཔུང་ཆེན་པོ་ནམ་མཁའི་གར་ཁྱབ་ཐམས་ཅད་ཁྱབ་སྟེ་ས་གཞི་ཐམས་ཅད་ལྕགས་སྲེག་མེ་འབར་བ་སྒོ་དང་སྲུབ་མེད་དུ་ནམ་མཁའི་མཐའ་ཐམས་ཅད་མེ་ལྕེ་འོར་འོར་དམར་སྒ་ར་ར་འབར་བས་སྤྲིན་ཐམས་ཅད་མེ་དཔུང་དུ་བསྒྱུར་ཏེ་སྣང་སྲིད་མེ་དཔུང་འབར་བའི་རོལ་པར་ཡང་ཡང་བསྒོམ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་ཁ་བ་ཆོད་ཅིག༔ སྤྲིན་གཏོར་ཅིག༔ སྤྲིན་མེད་པར་གྱུར་ཅིག༔ ཡལ་བར་གྱུར་ཅིག༔ མི་འབྱུང་བར་གྱུར་ཅིག༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཡེ་དྷརྨ་སོགས་མི་ཚིག་གིས་བར་མ་ཆད་སྔགས་ཀྱི་གཟེར་ལ་འབད༔ ཤེས་པ་གཞན་དུ་མ་ཡེངས་པར་བསྐྱེད་པས་གཟིར་ལ་བསྲེ༔ བློ་ཡི་ཞེན་པ་བཅད་དེ་དམིགས་པའི་གཟེར་ཁ་བསྒྱུར༔ གནད་གསུམ་ལག་ལེན་ལ་ཐེབས་ན་རྒྱ་མཚོ་ཡང་སྐམ་ནུས་པ་ཡིན༔ རླུང་དཀྲུགས་པའི་སྔགས་འདི་བར་བར་སྒྲུབ༔ ཛ་ཛ་ཤ་བ་རི་ཡཾ་ཡཾ་སྤྲིན་གཏོར་ཅིག་ཤིག་ཤིག་རཾ་རཾ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿཞེས་འཁོར་ལོ་བསྐོར་བས་ཆོག༔ བསྐལ་པ་ཐ་མ་དུས་མ་ཡིན་པའི་ཆར༔ དགུན་དུས་སྐྱེ་འགྲོའི་མི་འདོད་ཁ་བ་རྣམས༔ གཅོད་པར་འདོད་པའི་སྐལ་བཟང་སྐྱེས་བུ་ཡིས༔ དང་པོ་གོང་བསྙེན་ཚད་དུ་མ་སོང་བའི༔ ཐོ་ཅོའི་སྤྱོད་པ་བྱེད་པའི་ཆོས༔ གདམས་ངག་རྫུན་དུ་མ་གྱེར་ཤིག༔ པདྨའི་དགོངས་པས་རྒྱས་བཏབ་ཅིང་༔ མཁའ་འགྲོའི་བྱིན་རླབས་སྲོག་གིས་བརླབས༔ བཀའ་འདི་བྱ་ཁྱུང་ཉེར་ལྔས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་བླ་མ་པདྨ་རྒྱལ་མཚན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།