TTDL-ZABTER-13-PA-051: Difference between revisions

From Dudjom Wiki
TTDL-ZABTER-13-PA-051
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:41, 23 August 2024

Wylie title TTDL-ZABTER-13-PA-051.pdf
Location bdud 'joms gling pa zab gter
Volume 13, Text 51, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
༠༠༠༠བརྡ་ཡིག༡༩༠ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་ནག་པོའི་དྲག་སྒྲུབ་རྣོ་བའི་དུག་མདེའུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཤྲཱི་ཧེ་རུ་ཀ་ན་མ༔ ༠༠༠༠བརྡ་ཡིག༡༩༢གཟའ་བདུད་རྒྱལ་པོའི་དྲག་སྒྲུབ་རྣོ་གཉན་དུག་མདེའུ་ནག་པོ་འདི་ལག་ཏུ་ལེན་པའི་རིམ་པ་ལ༔ ས་སྟེགས་གྲུ་གསུམ་དཔང་དུ་སོར་བཞི་པ་ཞིག་གི་དབུས་སུ་གྲུ་གསུམ་བྲུས་པའི་ཁུང་དུ་དུག་ཁྲག་སྣ་ཚོགས་བྱུག༔ ཕྱི་རིམ་ཐམས་ཅད་རོ་སོལ་དང་དུག་ཁྲག་གིས་བྱུག༔ དེ་ནས་ཁམས་སའི་རཱུ་པ་ཁོང་སྟོང་གཅིག་བྱས༔ དུག་ཤོག་ལ་རཱུ་པ་དབང་ཚང་བྲིས་ལ་གཟའ་བདུད་སྔགས་ཀྱིས་བསྐོར་རྗེས་སུ་རཱུ་པའི་ནང་དུ་བཅུག་གྲུ་གསུམ་ཁུང་དུ་བཞག༔ སྟེང་དུ་ཤིང་གི་ཨེ་ཁྲམ་ཁར་དཔལ་གཏོར་གཡས་གཅུས་ཆེ་བ་ལ་ཆུང་བ་བརྒྱད་ཀྱིས་བསྐོར་བ་བཞག༔ གཟའ་བདུད་ཀྱི་སྐུ་གཟུགས་བསྐྱེད་ཆོག་ལྟར་བྲིས་པའི་ཙཀླི་གཟུག༔ སྟེང་དུ་དར་ནག་གི་ལྡིང་གུར་ཕུབ༔ མདུན་དུ་དམར་གཏོར་ཆེ་བ་ལ་འཁོར་བརྒྱད་ཀྱིས་བསྐོར་བ་བཤམས༔ གཞན་ཡང་མཆོད་རྫས་ཤ་ཁྲག་ཅི་རིགས་བཤམས༔ གཞི་བདག་ལ་མཆོད་གཏོར་དང་གསེར་སྐྱེམས་བཏང་༔ གཟུ་དཔང་བྱས་མཐར༔ ཨོཾ་སྭཱ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་མདུན་དུ་ཧཿཡིག་སེར་ནག་ལས་དུག་གི་རྒྱ་མཚོ་ཆེན་པོའི་སྟེང་དུ༔ ལ་ཡིག་ལས་དུག་གི་རི་རབ་བང་རིམ་གསུམ་པ་གྲུ་གསུམ་པའི་དབུས་སུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་ལས་ཀྱི་བྲུབ་ཁུང་ནག་པོ་ཁ་རུབ་ཅིང་གཏིང་ཟབ་པ་གཏི་མུག་གི་མུན་ནག་འཐིབ་ཅིང་ཞེ་སྡང་གི་མེ་འབར་བ༔ ང་རྒྱལ་གྱི་བྲག་རི་རྙིལ་ཞིང་འདོད་ཆགས་ཀྱི་དུག་མཚོ་ཁོལ་བ༔ ཕྲག་དོག་གི་རླུང་དམར་གཡོ་ཞིང་ནད་དུག་གི་ན་བུན་འཚུབས་པ༔ ཐུན་མཚོན་གྱི་ཆར་པ་འབེབ་ཅིང་ལས་བྱེད་ཀྱི་ཕོ་ཉ་རྔམས་པ༔ ནང་དུ་ཚུད་པ་ཙམ་གྱིས་ཐར་འཆོར་གྱི་དུས་མེད་པ་ཞིག་ཏུ་བསྐྱེད་དོ༔ བཙོན་ཁང་དེ་ཡི་ནང་དུ་དགྲ་བོ་ཆེ་གེ་མོའི་བླ་ཡིད་ཚེ་བསོད་བཀྲག་མདངས་འདུས་པའི་ངོ་བོ་ནྲྀཿཡིག་ལྗང་ནག་ལས་འོད་འཕྲོས་པས་དགྲ་བོའི་ཚེ་བསོད་བླ་སྲོག་བཀྲག་མདངས་མཐུ་ནུས་ཐམས་ཅད་བསྡུས་ཏེ་ནྲྀཿལ་ཐིམ་དེ་ཡོངས་སུ་གྱུར་པ་ལས་རཱུ་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སུ་བཅུག་ཅིང་བུ་ག་དགུ་ནས་ཁྲག་འཛག་པ་བྱང་སེམས་དཀར་དམར་ཐུར་དུ་བབ་པ༔ མདོག་སྔོ་ལ་མདངས་ཉམས་པ་ཧམ་པ་སྐྱ་བ་རིད་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་གཟའ་བདུད་དུག་གི་སྤུ་གྲི་འཁོར་དང་བཅས་པའི་བདེན་མཐུ་ནུས་སྟོབས་ཀྱིས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ ནྲྀཿཡཾ་ཛ་ཛཿཅི་མང་བརྗོད་མཐར༔ བླ་འགུགས་ཚེ་འགུགས་ཡིད་འགུག་སོགས་བཟླས༔ དེ་སྟེང་ལྷ་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་པདྨ་ཐོད་ཕྲེང་གསལ་བ་ཡི༔ མདུན་དུ་གྲུ་གསུམ་ཁྲག་མཚོ་རྦ་ཀློང་དབུས༔ དགྲ་བགེགས་གཅལ་བཀྲམ་མེ་འབྲུག་རྩལ་ཆེན་སྟེང་༔ གཟའ་བདུད་ཆེན་པོ་སྤུ་གྲི་འབར་བ་ནི༔ སྐུ་མདོག་སྨུག་ནག་དབུ་དགུ་ཕྱག་བཞི་པ༔ གཡས་ཀྱི་ཞལ་གསུམ་དཀར་ལ་རབ་བཞད་པ༔ གཡོན་གྱི་ཞལ་གསུམ་དམར་རྔམས་གཏུམ་ཁྲོ་གདོང་༔ དབུས་ཀྱི་ཞལ་གསུམ་སྨུག་ནག་ཁྲོ་གཏུམ་འབར༔ གཙུག་རལ་གསེབ་ན་བྱ་རོག་མགོ་བོ་ཅན༔ ཞལ་རྣམས་སྤྱན་གསུམ་སྡང་མིག་དགྲ་ལ་འཁྲུགས༔ ཞལ་བསྒྲད་ལྗགས་འདྲིལ་མཆེ་བ་དགྲ་བ་གཙིགས༔ རཏྣ་རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ སྐུ་སྨད་རྔམས་བརྗིད་གདུག་པ་སྦྲུལ་དུ་འཁྱིལ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་མཁའ་ལ་ཕྱར༔ གཡོན་པས་སྦྲུལ་ཞགས་དམ་ཉམས་འཆིང་ཞིང་བསྡམས༔ མཐའ་གཉིས་རྭ་ཡི་མདའ་གཞུ་དགྲ་སྙིང་གཟིར༔ སྐུ་ལས་སྤྱན་མིག་སྟོང་གི་ཁམས་གསུམ་གཟིགས༔ འཁོར་དུ་གདོང་མོ་མཆེད་བཞི་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་ཟོ་དོར་བརྟན་མའི་ཚོགས༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་གསལ་བ་ཡིས༔ ཅི་བཅོལ་བཀའ་ཉན་གསུང་སྡོད་བྱེད་པར་བསམ༔ དེ་ནས་འབོད་སྔགས་ནི༔ ཧྲཱི༔ ཏྲི་རཀྴ་རཱ་ཧུ་ལ་ཤག་རུ་རཾ་ན་གེ་ཙིཏྟ་ཏྲཾ༔ མ་མ་ཡཾ་ཟ་འགྲམ༔ ཧ་ཧེ་ཡོ་གེ་ཤ་ལ་ས་མ་ཡ་ཙིཏྟ་ཕྱུང་ཧྲཱིཾ་ཛ་ཛཿཞེས་འབོད་རྟགས་གཏོར་མ་ལ་མེ་འབར་བ་དང་དུ་བ་འཐུལ་བ་འོད་འཁྱུགས་མེ་སྟག་འཕྲོ་བ་སོགས་འབྱུང་ཚེ་རྦད་པ་འདི་བཟླས༔ ཧཱུྃ་ཏྲི་རཀྴ་རཱ་ཧུ་ལ་ཤག་རུ་རཾ་ན་གེ་ཙིཏྟ་དགྲ་བོའི་ཆེ་གེ་མོའི་སྲོག་ལ་རྦད་རྦད༔ མ་མ་ཡཾ་ཟ་འགྲམ་དགྲ་བོའི་སྲོག་སྙིང་ལ་རྦད་རྦད༔ ཧ་ཧེ་ཡོ་གེ་ཤ་ལ་དགྲ་བོའི་སྲོག་ལ་ཧུར་ཐུམ་མཱ་ར་ཡ་རྦད་རྦད༔ ཅེས་རྦད་ཚེ་སྒྲུབ་ཁང་འོད་ཀྱིས་འགེང་བ་དང་༔ ཐོག་བྲུལ་བ་དང་༔ དགྲ་ལ་ལྟས་ངན་སྣ་ཚོགས་འགྲོ་བ་དང་༔ ཉེ་བའམ་སྒྲུབ་ཁང་དུ་བླ་སྐད་འདོན་པའམ༔ གཤིན་དྲི་རོ་རུལ་གྱི་དྲི་མ་མནམ་པ་རྣམས་དངོས་སུ་འོང་༔ དེ་ནས་བསད་སྔགས་བཟླ་བ་ལ༔ ཧཱུྃ་ཏྲི་རཀྴ་རཱ་ཧུ་ལ་ཤག་རུ་རཀྴ་རག་རཾ་ན་གེ་དགྲ་བོའི་སྲོག་ཆོད་དུང་དུང་༔ མ་མ་ཡཾ་ཟ་འགྲམ་ཧ་ཧེ་ཡོ་གེ་ཤ་ལ་དགྲ་བོའི་སྲོག་དབུགས་ལོངས་ཆོད་གཏུབ་མཱ་ར་ཡ་རྦད་སོད་ཡ་སོད་ཡ༔ ཕོབ་ཡ་ཕོབ་ཡ༔ ཧ་ཧ་ཚལ་པ་ཚལ་པ་ཞུང་ཞུང་ཉིག་ཉིག་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦད་སོད་སོད༔ ཅེས་དུག་ཁྲག་གིས་སྦག་པའི་ཐུན་གྱིས་བྲབ་སྟེ་སྔགས་རྣམས་མི་ཚིག་གིས་བར་མ་ཆད་སྟན་གྱི་དྲོད་མ་ཡལ་ཤེས་པ་གཞན་དུ་མ་ཡེངས་པར་བཟླས་ན་དགྲ་བོ་ཞག་བདུན་ནས་ཤི་བར་ཐེ་ཚོམ་མེད༔ དེ་ནས་ལོག་ནོན་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿཀིང་ཀ་ར་ཀིང་ཀ་ར་དྷ་ཤ་གྷྲི་ཝ༔ དྷ་ཤ་གྷྲི་ལྭ་ཡཀྴ་གྷྲི་ཝ་ཡཀྴ་གྷྲི་ཝ༔ སྲིའི་ཤག་སྲིའི་ཤག༔ འུར་ཝ་འུར་ཝ་ཐུན་ཐུན་བྷྱོ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཞེས་སྔགས་དེ་འབུམ་ཕྲག་གསུམ་བརྗོད་ནས་ཐུན་ཆར་བབས་པས་དགྲ་བགེགས་མྱུར་དུ་བསྒྲལ་བར་འགྱུར༔ རང་ལ་ཡང་འཁུ་ལྡོག་མི་འབྱུང་ཞིང་བཀྲ་ཤིས་བྱེད་ཅིང་སྙིང་ཉེ་སྟེ་ལུས་དང་གྲིབ་མ་ལྟར་འགྲོགས་པར་འགྱུར༔ མཐར་ལིང་ག་གཏུབ་སྟེ་ལིང་རོ་འབྲུ་ནག་དང་ཁྲག་གིས་སྦགས་ནས་དུག་ཤིང་ཚེར་མ་ཅན་གྱི་ཧོམ་བརྩེགས་པའི་ནང་དུ་གཟའ་བདུད་གོང་ལྟར་བསྐྱེད་པའི་སྔགས་འདིས་སྲེག་བླུགས་བྱ༔ ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཕཊཿཛྭ་ལ་རཾ་རཾ༔ ཞེས་ཕུལ་ནས་ཐལ་བ་མིང་རུས་དང་བཅས་པ་ས་གཉན་ལ་གཏད་ཅིང་མནན༔ གཏོར་མ་དགྲ་ཕྱོགས་སུ་འཕང་ནས་ལས་རྗེས་མི་མངོན་པར་བྱའོ༔ དེ་ལྟར་ལས་མཐའ་རྫོགས་མཐར་བར་བར་བསྐུལ་བ་ཟ་ངུ་འབད༔ ལས་མཐའ་གཞུང་ལྟར་རྫོགས་གྱུར་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།ཡི་གེ་པ་ནི་རིག་པའི་རྡོ་རྗེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།