TTDL-ZABTER-13-PA-066: Difference between revisions

From Dudjom Wiki
TTDL-ZABTER-13-PA-066
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volnumtib=༡༣
|volyigtib=
|volumenumber=13
|volumenumber=13
|volumeLetter=PA
|volumeLetter=PA

Revision as of 10:45, 23 August 2024

Wylie title TTDL-ZABTER-13-PA-066.pdf
Location bdud 'joms gling pa zab gter
Volume 13, Text 66, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་གནད་དབབ་བདེན་ཚིག་གྲུབ་པ་བཞུགས་སོ༔ ན་མོ་གུ་རུ་རཏྣ་སིདྡྷི་ཧཱུྃ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་རྟེན་འབྲེལ་ཟབ་མོའི་བདེན་པའི་མཐུ་དང་བྱིན་རླབས་ཀྱིས༔ ཁམས་གསུམ་སྲིད་གསུམ་བརྟན་གཡོ་འཁོར་འདས་ཀྱི་ཁམས་ལ་བརྟེན་ནས་ཡོངས་སུ་གྲུབ་པའི་བཀའ་སྲུང་མ་མགོན་ལྕམ་དྲལ་ལ་སོགས་པའི་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདག་གིས་བསྐྱེད་བསྒོམ་དམིགས་གསལ་གྱི་ལྷ་ཚོགས་འདི་རྣམས་ལ་གཉིས་སུ་མེད་པར་འདུས་ཤིང་ཐིམ་པར་གྱུར་ཅིག༔ འགྱུར་མེད་རབ་ཏུ་གནས་ཤིང་རབ་ཏུ་བརྟན་པར་གྱུར་ཅིག༔ ཡོངས་སུ་ཚངས་ཤིང་ཡོངས་སུ་རྫོགས་པར་གྱུར་ཅིག༔ ད་ནས་བཟུང་སྟེ་རྟག་ཏུ་བདག་མདུན་སར་མི་འབྲལ་བའི་གྲོགས་དང་བྲན་འབངས་ལས་བྱེད་ཀྱི་ཕོ་ཉ་རུ་འཁོར་ཞིང་མཆིས་པར་གྱུར་ཅིག༔ དུས་དེ་རིང་ནས་བཟུང་སྟེ་བདག་གིས་བཀའ་སྲུང་མ་མགོན་ལྕམ་དྲལ་གཟའ་བདུད་དུག་གི་སྤུ་གྲི་འདི་གང་ལ་རྦད་པ་ཙམ་གྱིས་ཡུལ་གཞན་ལ་མི་འབྱམས་པར་རྦད་པའི་ཡུལ་དགྲ་བགེགས་དེ་ཡི་བླ་ཚེ་སྲོག་གསུམ་ལ་ཐོག་ལྟར་དུ་འབབ་པར་གྱུར་ཅིག༔ མཐུ་སྟོབས་ནུས་པ་ཐམས་ཅད་གང་ལའང་ཐོགས་རྡུག་མེད་པར་གྱུར་ཅིག༔ གང་ལ་དམིགས་པའི་ཡུལ་དགྲ་བགེགས་གནོད་བྱེད་དེ་ཡི་ཚེ་བླ་སྲོག་གསུམ་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་གསོད་པར་གྱུར་ཅིག༔ ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་གཞོམ་པར་གྱུར་ཅིག༔ བ་མོ་ལ་ཉི་ཟེར་ཕོབ་པ་བཞིན་དུ་ལྷག་མེད་དུ་སྐམ་པར་གྱུར་ཅིག༔ རྩྭ་ཕུང་སྐམ་པོ་ལ་མེ་མཆེད་པ་བཞིན་དུ་བསྲེག་པར་གྱུར་ཅིག༔ ས་མཁར་ལ་སྒྱོགས་རྡོས་ཕོག་པ་བཞིན་དུ་གཏོར་བར་གྱུར་ཅིག༔ འབྲུ་དྲུག་སེར་བས་བཅོམ་པ་བཞིན་དུ་བཅོམ་པར་གྱུར་ཅིག༔ བརླག་པར་གྱུར་ཅིག༔ བསྣུབ་པར་གྱུར་ཅིག༔ རྗེས་ཤུལ་ལྷག་མེད་དུ་བརླག་པར་གྱུར་ཅིག༔ སྔགས་མཁན་རང་ལ་སླར་མི་ལོག་པར་གྱུར་ཅིག༔ བདག་གི་མཐུ་ནུས་རྦད་བསྐུལ་དམོད་དབལ་ཐམས་ཅད་བན་བོན་ཀླ་ཀློ་ལྷ་འདྲེ་གང་གིས་ཀྱང་བཟློག་མི་ཐུབ་པར་གྱུར་ཅིག༔ མི་བཟློག་པར་གྱུར་ཅིག༔ རྦད་བསྐུལ་གྱི་ཡུལ་དགྲ་བོ་གང་ཡིན་དེ་དག་ལོ་ཟླར་འགྱངས་སུ་མི་འཆོར་བར་སྐད་ཅིག་ཉིད་ལ་མར་མེ་རླུང་གིས་བསད་པ་བཞིན་དུ་བརླག་པར་གྱུར་ཅིག༔ བསད་པར་གྱུར་ཅིག༔ བདག་གིས་ཚེ་འདིར་ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི་མཐུ་སྟོབས་འགྲུབ་ཅིང་ཕྱི་མ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་གྱུར་ཅིག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་སོགས༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་སོགས༔ སངས་རྒྱས་སྐུ་གསུམ་བརྙེས་པའི༴༈ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་དང་དྲང་སྲོང་རིག་པ་འཛིན་པ་སྨོན་ལམ་ལ་མངའ་བརྙེས་ཤིང་བདེན་ཚིག་གྲུབ་པར་རྣམས་ཀྱིས་བདེན་པས་སྨོན་ལམ་བཏབ་པ་དེ་རྣམས་ཐམས་ཅད་ཚིག་གཅིག་ཀྱང་མ་ལུས་ཆུད་མི་ཟ་བར་དེ་རིང་ཉིད་དུ་འགྲུབ་པར་གྱུར་ཅིག༔ ཨཱ་ལི་ཀཱ་ལི་རྟེན་སྙིང་འདོན༔ དེ་དག་རིམ་བཞིན་བདུན་ཕྲག་རེ་གྲངས་བྱ༔ གནད་དེས་བཀའ་སྲུང་དྲེགས་པ་མྱུར་འགྲུབ་འགྱུར༔ སུ་ལ་མ་སྤེལ་རང་གི་སྙིང་ལ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་མཁའ་འགྲོ་ལས་ཀྱི་དབང་མོས་ཁྱེད་ཀྱི་བརྒྱུད་འཛིན་རྣམས་ཀྱི་སྐལ་བར་བསྔགས་པ་ཡིན་པས་དམ་དུ་སྦོས་ལ་གནད་དུ་ཟུངས་ཤིག།ཅེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།