TTDL-ZABTER-15-BA-062: Difference between revisions

From Dudjom Wiki
TTDL-ZABTER-15-BA-062
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=dag snang ye shes drwa ba
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|versonotes=bdud 'joms
|volnumtib=༡༥
|volyigtib=
|volumenumber=15
|volumenumber=15
|volumeLetter=BA
|volumeLetter=BA

Revision as of 15:07, 28 August 2024

Wylie title TTDL-ZABTER-15-BA-062.pdf
Location bdud 'joms gling pa zab gter
Volume 15, Text 62, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་སྒྲུབ་ཐམས་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༢༨༡རང་ཉིད་ལྷ་རུ་གསལ་བ་ཡི་མདུན་མཁར་སྔགས་ཀྱི་སྲུང་མ་ནི༔ ཚིག་བཞིན་དོན་མ་འཛོལ་བར་བསྐྱེད༔ མཆོད་རྫས་འབྱོར་ཚོགས་བཤམས་ཏེ་འབུལ༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་ཡི་དམ་དྲག་པོ་ཧེ་རུ་ཀའི་མདུན་དུ་སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཙ་ཏི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས་པའི་ཉམས་དང་ལྡན་ཞིང་༔ སྤྱན་གཅིག་དབྱིངས་ལ་གཟིགས་ཤིང་མཆེ་གཅིག་མདུན་དུ་གཙིགས་པ༔ རལ་པ་འབྲུ་གཅིག་གནམ་ལ་གཟིངས་ཤིང་ཁྲོ་གཉེར་ཆགས་པ༔ ཕྱག་གཡས་པས་དགྲ་སྙིང་དམར་རློན་ཞལ་དུ་ཁྱེར་ཞིང་གཡོན་པས་སྡིགས་འཛུབ་ཀྱི་རྩེ་ནས་ལྕགས་སྤྱང་གི་ཚྭ་ཚྭ་བགྱེད་པ༔ ནུ་མ་གཡས་ལས་བདུད་རྩི་དཀར་པོ་འབེབས་ཤིང་སྒྲུབ་ལ་དངོས་གྲུབ་སྟེར་བ༔ གཡོན་པར་ཁྲག་ཆར་འཕྲོས་པས་དགྲ་ལ་དལ་ཡམས་གཏོང་བ༔ ཞབས་གཉིས་གར་སྟབས་མཛད་པའི་གཡས་རྟིང་བྷ་གར་གཏད་ཅིང་༔ གཡོན་པས་བསྟན་དགྲའི་སྙིང་གར་བརྫིས་པ༔ སྐུ་ལ་སྦྲུལ་ཆུན་དང་མགོ་ཕྲང་དང་སོར་ཕྲེང་གིས་བརྒྱན་པ༔ དཔྲལ་བར་མེ་ཏོག་མནྡ་ར་བ་བཞད་ཅིང་༔ བསྐལ་པའི་མེ་རླུང་འཚུབས་མའི་ཀློང་དུ་སྲིད་པ་མ་མོའི་དཀྱིལ་འཁོར་དུ་བཞེངས་པར་གྱུར༔ ཧོ༔ དགོངས་སུ་གསོལ་ལོ༔ ལན་གསུམ་བརྗོད༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་སྤུན་དྲུག༔ བྲན་མོ་ཆེན་མོ་བཅུ་བཞི༔ གཡོག་མོ་ལྔ་བཅུ་རྩ་བརྒྱད༔ ཡང་གཡོག་འབུམ་ཁྲི་འབུམ་སྟོང་༔ མདོར་ན་སྲིད་པ་མ་མོའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་དད་པས་དྲན་ནོ༔ དམ་ཚིག་གིས་འབོད་དོ༔ རྩེ་གཅིག་དུ་བརྟེན་ནོ༔ རྟག་ཏུ་མཆོད་ཀྱིས༔ སྒྲུབ་པའི་གནས་འདིར་བཞེངས་ཤིག༔ གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛ༔ མ་བྷྱོ་ཛ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ སྤྱན་འདྲེན་པ་ནི༔ མ་བྷྱོ༔ བདག་མེད་ཤེས་རབ་རོལ་པའི་དབྱིངས་༔ མ་འགགས་བདེ་བ་ཆེན་པོ་ནས༔ ཀུན་ཟླུམ་ཐིག་ལེ་ཨེ་ཀ་ཛ༔ སྒྱུ་འཕྲུལ་དང་བཅས་གཤེགས་སུ་གསོལ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ནི༔ བྷྱོ༔ ལྷན་སྐྱེས་ཡེ་ཤེས་ཆེན་པོ་རུ༔ དབྱིངས་ཀྱི་རྗེ་མོ་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ དེ་ནས་བསྟོད་པ་ནི༔ བྷྱོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ བྱང་ཆུབ་ཆེན་པོར་རོལ་པ་མོ༔ དབྱིངས་ཀྱི་དབྱིངས་ཕྱུག་ཤེས་རབ་ཆེ༔ རྗེ་མོ་ཨེ་ཀ་ཙ་ཏིར་བསྟོད༔ དབྱིངས་ལ་ཐ་དད་མི་མངའ་ཡང་༔ སྣ་ཚོགས་ཐབས་དང་ཐུགས་རྗེའི་འཕྲུལ༔ གདུལ་བྱའི་མོས་ངོར་ཆུ་ཟླ་ལྟར༔ སྣང་བའི་འབུམ་ཕྲག་མཁའ་འགྲོར་བསྟོད༔ འཛབ་དམིགས་ནི༔ དབྱིངས་ཀྱི་རྗེ་མོའི་ཐུགས་ཀ་རུ༔ ཉི་སྟེང་དྭངས་མའི་ཐིག་ལེའི་ཀློང་༔ མ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ བཟླས་པས་དངོས་གྲུབ་ཀུན་སྩོལ་དམིགས༔ མ་མ་ཨེ་ཀ་ཙ་ཏི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལས་ལ་སྦྱོར་བའི་སྔགས༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ་རུ་ལུ་རུ་ལུ་སརྦ་ས་མ་ཡ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ འདི་ཡིས་དབྱེར་མེད་འགྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་གར་གྱི་དབང་ཕྱུག་དང་༔ ཨ་བྷྱ་དྷརྨ་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནས་མཁའི་མཛོད་ལས་བསྒྱུར་བའོ༔ དགོའོ།།ལེགས་སོ།།།སརྦ་མངྒ་ལཾ།།།།