TTDL-ZABTER-15-BA-010: Difference between revisions

From Dudjom Wiki
TTDL-ZABTER-15-BA-010
No edit summary
No edit summary
Line 12: Line 12:
|terma=Yes
|terma=Yes
|deity=
|deity=
|cycle=dag snang ye shes drwa ba
|cycle=chos nyid nam mkha'i klong mdzod
|cycletib=དག་སྣང་ཡེ་ཤེས་དྲྭ་བ་
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|versonotes=bdud 'joms 'jam dpal smra seng
|volnumtib=༡༥
|volnumtib=༡༥
|volyigtib=བ
|volyigtib=བ
Line 25: Line 25:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒྲུབ་པའི་གཞུང་བསྲང་བསྙེན་སྒྲུབ་མཐར༔ ཁྲུས་བྱ་བགེགས་བསྐྲད་སྲུང་གུར་དང་༔ སྐྱབས་འགྲོ་སེམས་བསྐྱེད་ཞུ་གནང་སོགས༔ གཞན་དང་མཐུན་པ་ཉིད་དུ་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མ་ཆགས་པདྨ་འདབ་བརྒྱད་ཉི་ཟླ་སེང་གེའི་ཁྲི་ཡི་སྟེང་དུ༔ མངོན་རྟོགས་བསྐྱེད་ཆོག་ཇི་བཞིན་བྱ༔ དེ་ལྟར་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་སློབ་མ་ལྷར་གསལ་བ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར༔ ན་མོ་མཉྫུ་ཤཱྀ་ཛྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏི་ཥྠ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་དབང་བསྐུར་བ་ནི༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཆོས་ཉིད་གཞལ་ཡས་ཁང་༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་གྱི་སྐུ་གཏད་ལ༔ ཧཱུྃཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དཔལ༔ འཇམ་དཔལ་སྨྲ་བའི་སེང་གེ་ཡི༔ སྐུ་ཡི་དབང་བསྐུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབྱངས་ཅན་མའི་སྐུ་གཏད་ལ༔ ཧཱུྃ་འཁོར་འདས་སྟོང་ཆེན་དབྱིངས་ཀྱི་མཁར༔ བདེ་བ་ཆེན་པོས་རྒྱས་འདེབས་མ༔ དབྱངས་ཅན་ལྷ་མོའི་དབང་བསྐུར་རོ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ རྩ་སྔགས་མཐརཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ལ༔ བྷནྡྷ་བདུད་རྩི་ཐོགས་ཏེ༔ ཧཱུྃཿབྷནྡྷ་བདུད་རྩིའི་དམ་རྫས་དང་༔ ཨཱ་ལི་ཀཱ་ལི་རང་བྱུང་སྒྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཤེར་དབང་བསྐུར་པ་ལ༔ རལ་གྲི་ཧྲཱི༔ ས་མཚན་ཅན་གཏད་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་ངོ་བོ་ཉིད༔ རལ་གྲི་ཧྲཱི༔ ས་མཚན་ཐུགས་ཀྱི་རྟགས༔ སྐལ་ལྡན་ཁྱོད་ཀྱི་སྙིང་གར་བཞག༔ མཁྱེན་གཟིགས་ཤེས་རབ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ ཤེལ་དཀར་དྲི་མ་མེད་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྐུ་དང་ཡེ་ཤེས་མངོན་གྱུར་བས༔ མཚན་མ་ཚིགས་བྲལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་བདེན་པ་བརྡར་ཞིང་དབང་བཞི་ཡོངས་སུ་རྫོགས་པའི་སྨོན་ལམ་རྒྱས་གདབ་བོ༔ བསྐྱེད་དང་དམིགས་པའི་གནད་ལྡན་པས༔ དབང་འདི་ཐོབ་མཐར་སྨྲ་བཅད་ཀྱི༔ གནད་དང་ལྡན་པས་བསྒྲུབ་བརྩོན་ན༔ ཤེས་རབ་མེ་ལྟར་འབར་བ་དང་༔ མཐར་ཐུག་མངོན་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར༔ རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་གྱིས་བྲིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།}}
{{TibP|དྡྂ།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒྲུབ་པའི་གཞུང་བསྲང་བསྙེན་སྒྲུབ་མཐར༔ ཁྲུས་བྱ་བགེགས་བསྐྲད་སྲུང་གུར་དང་༔ སྐྱབས་འགྲོ་སེམས་བསྐྱེད་ཞུ་གནང་སོགས༔ གཞན་དང་མཐུན་པ་ཉིད་དུ་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མ་ཆགས་པདྨ་འདབ་བརྒྱད་ཉི་ཟླ་སེང་གེའི་ཁྲི་ཡི་སྟེང་དུ༔ མངོན་རྟོགས་བསྐྱེད་ཆོག་ཇི་བཞིན་བྱ༔ དེ་ལྟར་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་སློབ་མ་ལྷར་གསལ་བ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར༔ ན་མོ་མཉྫུ་ཤཱྀ་ཛྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏི་ཥྠ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་དབང་བསྐུར་བ་ནི༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཆོས་ཉིད་གཞལ་ཡས་ཁང་༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་གྱི་སྐུ་གཏད་ལ༔ ཧཱུྃཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དཔལ༔ འཇམ་དཔལ་སྨྲ་བའི་སེང་གེ་ཡི༔ སྐུ་ཡི་དབང་བསྐུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབྱངས་ཅན་མའི་སྐུ་གཏད་ལ༔ ཧཱུྃ་འཁོར་འདས་སྟོང་ཆེན་དབྱིངས་ཀྱི་མཁར༔ བདེ་བ་ཆེན་པོས་རྒྱས་འདེབས་མ༔ དབྱངས་ཅན་ལྷ་མོའི་དབང་བསྐུར་རོ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ རྩ་སྔགས་མཐརཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ལ༔ བྷནྡྷ་བདུད་རྩི་ཐོགས་ཏེ༔ ཧཱུྃཿབྷནྡྷ་བདུད་རྩིའི་དམ་རྫས་དང་༔ ཨཱ་ལི་ཀཱ་ལི་རང་བྱུང་སྒྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཤེར་དབང་བསྐུར་པ་ལ༔ རལ་གྲི་ཧྲཱི༔ ས་མཚན་ཅན་གཏད་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་ངོ་བོ་ཉིད༔ རལ་གྲི་ཧྲཱི༔ ས་མཚན་ཐུགས་ཀྱི་རྟགས༔ སྐལ་ལྡན་ཁྱོད་ཀྱི་སྙིང་གར་བཞག༔ མཁྱེན་གཟིགས་ཤེས་རབ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ ཤེལ་དཀར་དྲི་མ་མེད་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྐུ་དང་ཡེ་ཤེས་མངོན་གྱུར་བས༔ མཚན་མ་ཚིགས་བྲལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་བདེན་པ་བརྡར་ཞིང་དབང་བཞི་ཡོངས་སུ་རྫོགས་པའི་སྨོན་ལམ་རྒྱས་གདབ་བོ༔ བསྐྱེད་དང་དམིགས་པའི་གནད་ལྡན་པས༔ དབང་འདི་ཐོབ་མཐར་སྨྲ་བཅད་ཀྱི༔ གནད་དང་ལྡན་པས་བསྒྲུབ་བརྩོན་ན༔ ཤེས་རབ་མེ་ལྟར་འབར་བ་དང་༔ མཐར་ཐུག་མངོན་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར༔ རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་གྱིས་བྲིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 08:57, 29 August 2024

Wylie title TTDL-ZABTER-15-BA-010.pdf
Location bdud 'joms gling pa zab gter
Volume 15, Text 10, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms 'jam dpal smra seng
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒྲུབ་པའི་གཞུང་བསྲང་བསྙེན་སྒྲུབ་མཐར༔ ཁྲུས་བྱ་བགེགས་བསྐྲད་སྲུང་གུར་དང་༔ སྐྱབས་འགྲོ་སེམས་བསྐྱེད་ཞུ་གནང་སོགས༔ གཞན་དང་མཐུན་པ་ཉིད་དུ་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མ་ཆགས་པདྨ་འདབ་བརྒྱད་ཉི་ཟླ་སེང་གེའི་ཁྲི་ཡི་སྟེང་དུ༔ མངོན་རྟོགས་བསྐྱེད་ཆོག་ཇི་བཞིན་བྱ༔ དེ་ལྟར་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་སློབ་མ་ལྷར་གསལ་བ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར༔ ན་མོ་མཉྫུ་ཤཱྀ་ཛྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏི་ཥྠ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་དབང་བསྐུར་བ་ནི༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཆོས་ཉིད་གཞལ་ཡས་ཁང་༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་གྱི་སྐུ་གཏད་ལ༔ ཧཱུྃཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དཔལ༔ འཇམ་དཔལ་སྨྲ་བའི་སེང་གེ་ཡི༔ སྐུ་ཡི་དབང་བསྐུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབྱངས་ཅན་མའི་སྐུ་གཏད་ལ༔ ཧཱུྃ་འཁོར་འདས་སྟོང་ཆེན་དབྱིངས་ཀྱི་མཁར༔ བདེ་བ་ཆེན་པོས་རྒྱས་འདེབས་མ༔ དབྱངས་ཅན་ལྷ་མོའི་དབང་བསྐུར་རོ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ རྩ་སྔགས་མཐརཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ལ༔ བྷནྡྷ་བདུད་རྩི་ཐོགས་ཏེ༔ ཧཱུྃཿབྷནྡྷ་བདུད་རྩིའི་དམ་རྫས་དང་༔ ཨཱ་ལི་ཀཱ་ལི་རང་བྱུང་སྒྲས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཤེར་དབང་བསྐུར་པ་ལ༔ རལ་གྲི་ཧྲཱི༔ ས་མཚན་ཅན་གཏད་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་ངོ་བོ་ཉིད༔ རལ་གྲི་ཧྲཱི༔ ས་མཚན་ཐུགས་ཀྱི་རྟགས༔ སྐལ་ལྡན་ཁྱོད་ཀྱི་སྙིང་གར་བཞག༔ མཁྱེན་གཟིགས་ཤེས་རབ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ ཤེལ་དཀར་དྲི་མ་མེད་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྐུ་དང་ཡེ་ཤེས་མངོན་གྱུར་བས༔ མཚན་མ་ཚིགས་བྲལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་བདེན་པ་བརྡར་ཞིང་དབང་བཞི་ཡོངས་སུ་རྫོགས་པའི་སྨོན་ལམ་རྒྱས་གདབ་བོ༔ བསྐྱེད་དང་དམིགས་པའི་གནད་ལྡན་པས༔ དབང་འདི་ཐོབ་མཐར་སྨྲ་བཅད་ཀྱི༔ གནད་དང་ལྡན་པས་བསྒྲུབ་བརྩོན་ན༔ ཤེས་རབ་མེ་ལྟར་འབར་བ་དང་༔ མཐར་ཐུག་མངོན་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར༔ རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་གྱིས་བྲིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།