TTDL-ZABTER-18-TSHA-009: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-009
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|versonotes=bdud 'joms gsung mgur skor
|volnumtib=༡༨
|volyigtib=
|volumenumber=18
|volumenumber=18
|volumeLetter=TSHA
|volumeLetter=TSHA

Revision as of 12:20, 6 September 2024

Wylie title TTDL-ZABTER-18-TSHA-009.pdf
Location bdud 'joms gling pa zab gter
Volume 18, Text 9, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gsung mgur skor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
[edit]
ཨ་ཧོ།མཁོས་ཆུང་གི་རྒན་པོའི་ཁ་ད་ལ་ཉན་ན། །བྱར་མེད་ཀྱི་ཆོས་ཉིད་འོལ་ཚོད་ཀྱིས་གླུར་འདོམས། །ཞལ་གདམས་ཀྱིས་གཞན་བཅོས་ལྷན་པ་རུ་ལྟ་ཅི། །རང་བཟོ་ཡི་སྒོམ་རོ་ཡིག་རིས་སུ་འདེབས་དང་། །བཟའ་འདོད་ཀྱི་སྤྲང་པོས་གྲོང་སྟོང་ལ་རེ་ལྟར། །ཐོས་པ་ཡི་ཚིག་རེ་རང་རྒྱུད་ལ་སྦྱར་བ། །ཡང་དག་གི་ལམ་ནས་དབེན་པ་རུ་སླེབ་སོང་། །ཕྱི་ནང་གི་ཟང་ཐལ་མཐའ་གྲོལ་ཞིག་མེད་ན། །གཟུང་འཛིན་གྱི་བར་ན་སྟོང་ཉིད་ཀྱི་ཕུར་ཁུང་། །རྫོགས་ཆེན་དུ་རེ་བ་གད་མོ་ཡི་གནས་མངོན། །རྣམ་རྟོག་གི་རང་མངོན་རིག་པ་རུ་འདོད་མི། །ཀུན་གཞི་ཡི་སྒོང་སྦུབས་དུབ་པ་ནི་མ་སངས། །ང་ཁྱོད་དུ་འཕྱན་པའི་ཕྱི་ནང་གི་བར་ན། །རྫོགས་ཆེན་གྱི་རྒྱལ་པོ་བར་དོ་རུ་གབ་པ། །ཆོད་ཆུང་གི་བེམ་སྟོང་མིང་དོན་གཉིས་འཛོལ་སོང་། །རབ་རིབ་ཀྱི་སྣང་ཉམས་ལྷ་སྐུ་རུ་བཟུང་ནས། །སངས་རྒྱས་ཀྱི་ཞལ་ལ་སེམས་ཅན་གྱི་ལྟད་མོ། །གཟུགས་མཚན་གྱིས་བརྒྱན་པའི་ཕྱོགས་མཐའ་རུ་ལྷུང་ཐལ། །ཕྱོགས་མཚམས་སུ་ཞིང་སྟོན་སྣོད་བཅུད་དུ་བཟུང་བས། །དམུས་ལོང་གི་སྤྱོད་ཡུལ་གནས་ལུགས་དེ་དགོད་འཆོར། །ཀུན་རྫོབ་དང་དོན་དམ་རུ་ཤན་ནི་མི་འབྱེད། །སངས་རྒྱས་ནི་སེམས་ཅན་རང་རྒྱུད་པར་བལྟས་ནས། །བགྲོད་སླེབས་ཀྱི་བྱིས་པ་ཉམ་ཐག་ཏུ་ལུས་ཐལ། །ལྟ་བ་ཡི་མཐར་ཐུག་ངེས་ཅན་ཞིག་མེད་ན། །མི་ཚེ་ནམ་ཆུད་ཟོས་སྡུག་ཟད་དུ་ཕུང་ཆེ། །ལུས་ངག་གིས་བསྒྲུབ་བཟླས་རྩིས་གདབ་ཀྱི་གྲངས་རྫོགས། །རང་རྒྱུད་ཀྱི་ཐོག་ཏུ་ཕན་ཐོགས་འདྲ་མཆིས་སམ། །མ་འོངས་པར་སྤྱོད་རྒྱུར་གང་གནས་ལ་ལྟོས་དང་། །འཁོར་འདས་ཀྱི་བྱེད་པོ་རང་སེམས་ལ་ཐུག་པས། །ལུས་ངག་གི་སེམས་ལ་སོ་ནམ་ནི་མི་འོང་། །བྱ་བཞག་དང་བསྒོམ་བཟླས་མེད་པ་རུ་ཞོག་དང་། །གནས་ལུགས་ཀྱི་རང་ཞལ་མ་བཅོས་པར་མངོན་མཐོང་། །སྣོད་བཅུད་དང་ང་བདག་མིང་དོན་ལ་བརྟག་པས། །སྟོང་ཉིད་ཀྱི་ངོ་བོ་ཡུལ་མེད་དུ་ཧར་སངས། །སངས་རྒྱས་དང་སེམས་ཅན་རང་ཚུལ་ལ་བརྟག་ན། །རང་སྣང་ལས་མི་གཞན་ཡིན་ལུགས་དེ་མངོན་འོང་། །རེ་དོགས་ཀྱི་ཡུལ་སྣང་ལྷ་འདྲེ་རུ་བརྟག་ན། །མ་གྲུབ་པའི་ངང་ཚུལ་སྐྱོན་མེད་དུ་ལོས་ཤེས། །དགེ་སྡིག་གིས་ཕན་གནོད་ཡུལ་མེད་ལ་བརྟག་ན། །དོན་དམ་གྱི་ཆོས་ལ་ངེས་ཤེས་ཀྱང་འཁྲུངས་འོང་། །ཉིན་སྣང་དང་མཚན་སྣང་རྒྱུ་མཚན་ལ་བརྟག་ན། །སྣང་སྲིད་འདི་སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བས། །འདི་ཕྱི་ཀུན་སྣང་བ་གནས་འགྱུར་དུ་ཐག་ཆོད། །ཨ་ཧོ། །ཡེ་གཞི་ནི་སྤྲོས་བྲལ་སྟོང་ཉིད་ཀྱི་ངོ་བོ། །སྐུ་ལྔ་དང་ཡེ་ཤེས་རང་བྱུང་གི་བདག་ཉིད། །རྣམ་ཐར་ནི་གསུམ་ལྡན་ཆོས་སྐུ་ཡི་ཁོར་ཡུག།ཁྱབ་བྱེད་ཀྱི་ཤེས་རབ་ཉི་ཞལ་གྱིས་གསལ་བས། །རིག་པ་འདི་སངས་རྒྱས་རློན་པ་རུ་འདུག་གི། །རང་བབས་སུ་ཅོག་བཞག་ངང་གནས་ལ་ཆམ་ཞོག།འཁོར་འདས་ཀུན་རང་སྣང་ངེས་པ་ལས་མི་གཞན། །ཚུལ་བཞིན་དུ་བདེན་ཞེན་འཁྲི་བ་དེ་ཆོད་ཐོངས། །ཡིན་ལུགས་ཀྱི་ཐོག་ཏུ་ཤེས་བཞིན་དང་མི་འབྲལ། །ཤེས་བཞིན་ནི་ཡིད་དང་བློ་བཅོས་ལ་མ་ནོར། །ཁྱབ་བརྡལ་གྱི་ངོ་བོ་མཐའ་དབུས་དང་བྲལ་སོང་། །རང་བྱུང་གི་ཡེ་ཤེས་འགྲོ་འོང་ལས་འདས་པ། །བསྒོམ་བཞག་དང་བཅོས་བསྒྱུར་སྤང་བླང་ཀུན་བྲལ་ཞོག།གཟུང་འཛིན་གྱི་འཆིང་བ་ཡུལ་མེད་དུ་ཞིག་པས། །གཉིས་མེད་ཀྱི་རོལ་པ་ངོ་བོ་རུ་འུབ་ཆུབ། །མཐའ་གྲོལ་གྱི་རིག་པ་རྫོགས་ཆེན་ལ་ཤོར་སོང་། །ཡུལ་གོལ་གྱི་སངས་རྒྱས་སྐམ་པོ་ལ་བལྟས་ན། །ལྕགས་བཏུལ་གྱི་སྒྲ་ལ་ཀུ་ཀུ་ཡིས་རེ་བཞིན། །སྦྱིན་ལེན་གྱི་དངོས་གྲུབ་ཕྱོགས་ཆད་དེ་ཧ་ཧ། །ཆོས་ཉིད་ཀྱི་བདེན་པ་ཟོལ་མེད་དུ་མཐོང་བས། །རིག་འཛིན་གྱི་རྒྱལ་པོའི་དགོངས་རྒྱུད་ཀྱི་ཕ་ཕོག།མ་ནུས་པའི་ཉམས་ཆུང་སྤྲང་པོ་ལ་འཕོས་ནས། །རང་བྱུང་གི་ཡེ་ཤེས་ཀློང་མཛོད་དུ་བརྡོལ་བྱུང་། །ཧེ་ཧེ།མ་སྒོམ་དང་རིག་པ་སྐྱེ་མེད་དུ་སངས་འགྲོ། །མ་བལྟ་དང་གནས་ལུགས་ཆོས་སྐུ་རུ་ངང་གནས། །མ་འཛིན་དང་འཁོར་འདས་རང་སྣང་དུ་རྫོགས་འོང་། །མ་བཞག་དང་ཀ་དག་ཟང་ཐལ་ཞིག་མངོན་འགྱུར། །མ་བཅོས་དང་ཡེ་གཞི་རྫོགས་ཆེན་ནི་ངོ་མ། །མ་བསམ་དང་སངས་རྒྱས་རང་བྱུང་དུ་མཇལ་འོང་། །མ་སྨོན་དང་མི་འགྱུར་གདིང་ཆེན་ཞིག་འཐོབ་འོང་། །མ་རེ་དང་རྒྱུ་འབྲས་གཅིག་ཆར་དུ་ལྟོ་སྦྱོར། །མ་ཆགས་དང་རང་ངོ་ཀ་དག་ཏུ་ཡེ་གནས། །མ་བཙལ་དང་སངས་རྒྱས་འདི་ལས་ནི་མེད་ངེས། །མ་སྐྱོང་དང་ཆོས་ཉིད་གཏན་སྲིད་འདི་ཟིན་ཉེ། །མ་བཅོས་པའི་སྤྲང་པོས་གབ་མེད་ཀྱི་གསང་ཚིག།མ་བཟློག་པར་ཁྱོད་ཀྱིས་བསྐུལ་ངོ་རུ་སྨྲས་ཡོད། །མ་ནོར་བར་ཉམས་ལེན་གནད་བསྣུན་དུ་བྱས་ན། །མ་འབད་པར་སངས་རྒྱས་མི་རིང་བར་ཐོབ་འོང་། །སྤྲང་མ་ནུས་སེམས་ཉིད་ཧད་པོས་བདེ་ཆེན་མཚོས་བསྐུལ་ངོར་སྨྲས་པའོ། །དགེའོ། །། །