TTDL-ZABTER-18-TSHA-001: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-001
No edit summary
No edit summary
 
Line 8: Line 8:
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Advice - zhal gdams
|tibgenre=Advice - zhal gdams
|terma=No
|terma=No
Line 28: Line 27:
|pdflink=File:TTDL-ZABTER-18-TSHA-001.pdf
|pdflink=File:TTDL-ZABTER-18-TSHA-001.pdf
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=TSHA
|volumeLetter=TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
Line 37: Line 35:




༄༅།  །རང་རིག་པ་གཞིར་གནས་ཆོས་ཀྱི་སྐུ། །རྗེ་དུས་གསུམ་སངས་རྒྱས་སྤྱི་གཟུགས་མཆོག།སྐྱབས་གཞན་དུ་མི་འཚོལ་དེ་ལ་འདུད། །བདག་སྣང་ཆའི་འཁྲུལ་པ་བཤིག་ཏུ་གསོལ། །སྔོན་རྒྱ་གར་བྲག་དམར་བྱ་སྐྱིབ་ཚལ། །ངའི་གདུལ་བྱར་གྱུར་པའི་སྐྱེས་བུ་ཁྱོད། །ལས་སྨོན་ལམ་དག་པའི་སྟོབས་དབང་གིས། །ད་རྟེན་བཟང་འབྱོར་དང་སྟོན་འཁོར་འཛོམ། །དོན་ངོ་སྤྲོད་གདམས་པའི་རྟེན་འབྲེལ་འགྲིགས། །དེའི་ཕྱིར་ན་གདམས་ངག་འཆད་ཀྱིས་ཉོན། །ངའི་བླ་མ་མཚོ་སྐྱེས་རྡོ་རྗེ་ཡིས། །ཀློང་ཆོས་ཉིད་ནམ་མཁའ་རྣམ་དག་ནས། །སྐུ་ཡེ་ཤེས་སྒྱུ་མར་རོལ་པའི་གར། །ལྷ་རང་སྣང་སྟོན་པ་དེའི་ཞལ་ནས། །ཀྱེ་ཁྱེའུ་ཆུང་བསམ་དུ་མེད་པ་ཁྱོད། །མཁའ་སེམས་ཉིད་ཧད་པོ་ཨེ་མ་ཧོ། །ཁྱོད་ཀུན་ཤེས་ཀུན་རིག་དབང་པོ་ཡིས། །ཆོས་བདེན་པ་གཉིས་ལ་ལྟད་མོ་ལྟོས། །གནས་འཁོར་བ་ངན་འགྲོའི་སྡུག་བསྔལ་དང་། །ཡར་ཞིང་ཁམས་བཟང་པོའི་བདེ་བ་རྣམས། །ཀུན་འཁྲུལ་དང་དག་པའི་སྣང་ཉམས་ལགས། །དོན་བདེན་གྲུབ་ཅན་དུ་རྟག་པ་མེད། །མི་ཐ་མལ་རྒྱུད་འཁྲུལ་བདེ་སྡུག་དང་། །ལམ་ཉམས་ལེན་སྐྱེས་བུའི་བདེ་སྡུག་ཀུན། །དེ་སློང་བྱེད་རྐྱེན་ལ་ཁྱད་ཡོད་ཀྱང་། །ཉམས་འཁྲུལ་པའི་ངང་ལ་ཁྱད་པར་མེད། །གདོན་བགེགས་ཀྱིས་གཙེས་པའི་སྐྱེས་བུ་དང་། །རྩུབ་ཉམས་ཀྱིས་བསྡུས་པའི་སྐྱེས་བུ་གཉིས། །གེགས་སེལ་བའི་གནད་ལ་ཁྱད་ཡོད་ཀྱང་། །སྡུག་ཉམས་སུ་མྱོང་ལ་ཁྱད་པར་མེད། །ཡར་སྒོམ་ཆེན་བདེ་ཉམས་ལ་ཞེན་དང་། །མར་སྐྱེས་པ་ཆགས་སྦྱོར་གནས་ཞེན་གཉིས། །གནས་འཁོར་བའི་མཐོ་དམན་ཙམ་ཞིག་ལས། །སེམས་ཆགས་པའི་གནས་ལ་བཟང་ངན་མེད། །མི་ཕལ་པ་ཡུལ་འཛིན་གྱིས་འཆིང་དང་། །ཁྱོད་སྒོམ་པའི་ཆིངས་ཀྱིས་བཅིངས་པ་གཉིས། །དོན་སྒོམ་མེད་པ་ལ་མ་ཐུག་བར། །རྒྱུད་འཆིང་བའི་ལས་ལ་བཟང་ངན་མེད། །གཞན་སྒེག་མོས་མེ་ལོང་ལྟ་བ་དང་། །ཁྱོད་སེམས་ཀྱིས་སེམས་ལ་ལྟ་བ་གཉིས། །དོན་ཀུན་སློང་ཙམ་གྱི་ཁྱད་པར་ལས། །དེ་རྒྱུད་དུ་འཁྲུལ་ལ་བཟང་ངན་མེད། །ཁྱོད་གཉིས་འཛིན་འཁྲུལ་པའི་སེམས་མེད་ན། །བགེགས་སྟོང་ཕྲག་བརྒྱད་ཅུ་གང་ནས་བྱུང། །ཁྱོད་གཅེས་འཛིན་སེམས་ཀྱིས་མ་བཟོས་ན། །ནད་བཞི་བརྒྱ་རྩ་བཞིའི་རྩ་བ་ཆད། །ཁྱོད་གཟུང་འཛིན་སེམས་ཀྱི་མ་བཟོས་ན། །ཚེ་འདི་ཕྱི་རྨི་ལམ་གང་ནས་བྱུང་། །དོན་དེ་ཕྱིར་སྣང་བའི་བདེ་སྡུག་ཉམས། །ཀུན་ཟིན་སོ་མེད་པར་ཤེས་པ་ཙམ། །གེགས་གོལ་ས་མེད་པའི་མན་ངག་ཡིན། །ལར་ཉིན་སྣང་མཚན་སྣང་འདི་ཕྱིའི་སྣང་། །དེ་ཐམས་ཅད་ཉམས་སུ་འཁྲུལ་པ་ལས། །དོན་བདེན་གྲུབ་མེད་པ་དེ་ལ་ལྟོས། །དབྱིངས་སྐྱེ་མེད་ཆོས་ཉིད་མཐའ་བྲལ་ལ། །ཡུལ་འཁོར་འདས་མེད་པར་དག་མཉམ་སྟེ། །ཆོས་ལྟ་བ་ཟབ་མོའི་གནད་གཅིག་ཡོད། །ཡེ་གདོད་མའི་གནས་ལུགས་རང་གྲོལ་ལ། །བབ་བཅས་བཅོས་མེད་པར་རང་སར་ཡན། །ཆོས་སྒོམ་པ་ཟབ་མོའི་གནད་གཅིག་གདའ། །སྒོ་རྣམ་གསུམ་མ་བཅོས་ཅོག་བཞག་ནས། །ཚེའི་མཐའ་རུ་སྐྱེལ་ཞིང་ཉམས་ལེན་པར། །ཚུལ་སྤྱོད་པ་བརླིང་པོའི་གནད་གཅིག་ཡོད། །ངའི་གླུ་འདི་ཁྱེའུ་ཆུང་ཁྱོད་ལ་གཏད། །དེ་མ་བརྗེད་ཉམས་སུ་ལེན་མཛོད་དང་། །ཁྱོད་ཚེ་གཅིག་སངས་རྒྱས་ངེས་པར་ཐོབ། །ཅེས་གསུངས་པ་ལ་བརྟེན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན། །བདེ་སྡུག་ཐམས་ཅད་ཉམས་ཀྱི་སྤུན་རིས་ལ། །ངོ་ཤེས་ཙམ་ནི་གེགས་སེལ་གནད་དུ་ཆེ། །སྤང་བླང་བཅོས་བསླད་མེད་པར་རང་སར་ཞོག །བཅོས་བཅོས་རེ་དོགས་གེགས་དང་གོལ་ས་ཡིན། །རྟོགས་པ་སྐྱོན་མེད་ལམ་གྱི་ངོ་བོ་ནི། །ཅི་ཡང་མ་ཡིན་སྤྲོས་པའི་མཐའ་དང་བྲལ། །མ་བལྟས་མ་བསྒོམ་མ་བཟུང་རང་ཡན་པ། །ཤུགས་འབྱུང་ཧར་སངས་དེ་ནི་ཡང་དག་གོ། །རྟོག་པས་དཔྱད་མཐའ་ལས་འདས་སྟོང་པ་ཉིད། །ཚིག་དཔེ་དོན་གྱིས་མི་མཚོན་མཚན་མ་མེད། །རང་ལས་གྲོལ་ས་མེད་པའི་སྨོན་པ་མེད། །ཉམས་སྣང་ཕྱིན་ཅི་ལོག་ཏུ་བསྒྱུར་བའི་རྐྱེན། །འདྲེ་གདོན་བགེགས་ཀྱིས་གནོད་པར་འཛིན་པ་ཡི། །སྨན་དཔྱད་རིམ་གྲོ་ཅི་ཕན་བསྒྲུབ་གྱུར་ན། །ཐམས་ཅད་གནོད་པ་ཆེན་པོར་འགྱུར་བ་ལས། །ཕན་པ་མི་འབྱུང་སྲོག་གི་བདུད་དུའང་འབབ། །དེ་ཕྱིར་རྣལ་འབྱོར་ལམ་དུ་ཞུགས་པ་དག།བདེ་སྡུག་ན་ཚ་ཉམས་སུ་ཤེས་གྱུར་ན། །ས་ལམ་གྱིས་བསླང་ཉམས་ནི་མ་ཡིན་ཀྱང་། །འཁོར་བ་འཁྲུལ་པའི་གཤིས་ཉམས་ཡིན་པའི་ཕྱིར། །རྐྱེན་ངན་དངོས་གྲུབ་མཆོག་ཏུ་བསྒྱུར་བ་དང་། །ལྟས་ངན་གཡང་དུ་ལེན་པའི་མན་ངག་ཡིན། །དེ་ཕྱིར་འཁྲུལ་པའི་སེམས་སྣང་བདེ་སྡུག་ཀུན། །ཐམས་ཅད་ཉམས་སུ་ཤེས་པ་གནད་དུ་གཅེས། །ཆོས་ཉིད་བདེན་པ་མངོན་སུམ་རིག་པ་ཡིས། །འཁོར་འདས་སྒྱུ་མར་རོལ་པའི་རྒན་པོས་སྨྲས། །། །}}
༄༅།  །རང་རིག་པ་གཞིར་གནས་ཆོས་ཀྱི་སྐུ། །རྗེ་དུས་གསུམ་སངས་རྒྱས་སྤྱི་གཟུགས་མཆོག །སྐྱབས་གཞན་དུ་མི་འཚོལ་དེ་ལ་འདུད། །བདག་སྣང་ཆའི་འཁྲུལ་པ་བཤིག་ཏུ་གསོལ། །སྔོན་རྒྱ་གར་བྲག་དམར་བྱ་སྐྱིབ་ཚལ། །ངའི་གདུལ་བྱར་གྱུར་པའི་སྐྱེས་བུ་ཁྱོད། །ལས་སྨོན་ལམ་དག་པའི་སྟོབས་དབང་གིས། །ད་རྟེན་བཟང་འབྱོར་དང་སྟོན་འཁོར་འཛོམ། །དོན་ངོ་སྤྲོད་གདམས་པའི་རྟེན་འབྲེལ་འགྲིགས། །དེའི་ཕྱིར་ན་གདམས་ངག་འཆད་ཀྱིས་ཉོན། །ངའི་བླ་མ་མཚོ་སྐྱེས་རྡོ་རྗེ་ཡིས། །ཀློང་ཆོས་ཉིད་ནམ་མཁའ་རྣམ་དག་ནས། །སྐུ་ཡེ་ཤེས་སྒྱུ་མར་རོལ་པའི་གར། །ལྷ་རང་སྣང་སྟོན་པ་དེའི་ཞལ་ནས། །ཀྱེ་ཁྱེའུ་ཆུང་བསམ་དུ་མེད་པ་ཁྱོད། །མཁའ་སེམས་ཉིད་ཧད་པོ་ཨེ་མ་ཧོ། །ཁྱོད་ཀུན་ཤེས་ཀུན་རིག་དབང་པོ་ཡིས། །ཆོས་བདེན་པ་གཉིས་ལ་ལྟད་མོ་ལྟོས། །གནས་འཁོར་བ་ངན་འགྲོའི་སྡུག་བསྔལ་དང་། །ཡར་ཞིང་ཁམས་བཟང་པོའི་བདེ་བ་རྣམས། །ཀུན་འཁྲུལ་དང་དག་པའི་སྣང་ཉམས་ལགས། །དོན་བདེན་གྲུབ་ཅན་དུ་རྟག་པ་མེད། །མི་ཐ་མལ་རྒྱུད་འཁྲུལ་བདེ་སྡུག་དང་། །ལམ་ཉམས་ལེན་སྐྱེས་བུའི་བདེ་སྡུག་ཀུན། །དེ་སློང་བྱེད་རྐྱེན་ལ་ཁྱད་ཡོད་ཀྱང་། །ཉམས་འཁྲུལ་པའི་ངང་ལ་ཁྱད་པར་མེད། །གདོན་བགེགས་ཀྱིས་གཙེས་པའི་སྐྱེས་བུ་དང་། །རྩུབ་ཉམས་ཀྱིས་བསྡུས་པའི་སྐྱེས་བུ་གཉིས། །གེགས་སེལ་བའི་གནད་ལ་ཁྱད་ཡོད་ཀྱང་། །སྡུག་ཉམས་སུ་མྱོང་ལ་ཁྱད་པར་མེད། །ཡར་སྒོམ་ཆེན་བདེ་ཉམས་ལ་ཞེན་དང་། །མར་སྐྱེས་པ་ཆགས་སྦྱོར་གནས་ཞེན་གཉིས། །གནས་འཁོར་བའི་མཐོ་དམན་ཙམ་ཞིག་ལས། །སེམས་ཆགས་པའི་གནས་ལ་བཟང་ངན་མེད། །མི་ཕལ་པ་ཡུལ་འཛིན་གྱིས་འཆིང་དང་། །ཁྱོད་སྒོམ་པའི་ཆིངས་ཀྱིས་བཅིངས་པ་གཉིས། །དོན་སྒོམ་མེད་པ་ལ་མ་ཐུག་བར། །རྒྱུད་འཆིང་བའི་ལས་ལ་བཟང་ངན་མེད། །གཞན་སྒེག་མོས་མེ་ལོང་ལྟ་བ་དང་། །ཁྱོད་སེམས་ཀྱིས་སེམས་ལ་ལྟ་བ་གཉིས། །དོན་ཀུན་སློང་ཙམ་གྱི་ཁྱད་པར་ལས། །དེ་རྒྱུད་དུ་འཁྲུལ་ལ་བཟང་ངན་མེད། །ཁྱོད་གཉིས་འཛིན་འཁྲུལ་པའི་སེམས་མེད་ན། །བགེགས་སྟོང་ཕྲག་བརྒྱད་ཅུ་གང་ནས་བྱུང། །ཁྱོད་གཅེས་འཛིན་སེམས་ཀྱིས་མ་བཟོས་ན། །ནད་བཞི་བརྒྱ་རྩ་བཞིའི་རྩ་བ་ཆད། །ཁྱོད་གཟུང་འཛིན་སེམས་ཀྱི་མ་བཟོས་ན། །ཚེ་འདི་ཕྱི་རྨི་ལམ་གང་ནས་བྱུང་། །དོན་དེ་ཕྱིར་སྣང་བའི་བདེ་སྡུག་ཉམས། །ཀུན་ཟིན་སོ་མེད་པར་ཤེས་པ་ཙམ། །གེགས་གོལ་ས་མེད་པའི་མན་ངག་ཡིན། །ལར་ཉིན་སྣང་མཚན་སྣང་འདི་ཕྱིའི་སྣང་། །དེ་ཐམས་ཅད་ཉམས་སུ་འཁྲུལ་པ་ལས། །དོན་བདེན་གྲུབ་མེད་པ་དེ་ལ་ལྟོས། །དབྱིངས་སྐྱེ་མེད་ཆོས་ཉིད་མཐའ་བྲལ་ལ། །ཡུལ་འཁོར་འདས་མེད་པར་དག་མཉམ་སྟེ། །ཆོས་ལྟ་བ་ཟབ་མོའི་གནད་གཅིག་ཡོད། །ཡེ་གདོད་མའི་གནས་ལུགས་རང་གྲོལ་ལ། །བབ་བཅས་བཅོས་མེད་པར་རང་སར་ཡན། །ཆོས་སྒོམ་པ་ཟབ་མོའི་གནད་གཅིག་གདའ། །སྒོ་རྣམ་གསུམ་མ་བཅོས་ཅོག་བཞག་ནས། །ཚེའི་མཐའ་རུ་སྐྱེལ་ཞིང་ཉམས་ལེན་པར། །ཚུལ་སྤྱོད་པ་བརླིང་པོའི་གནད་གཅིག་ཡོད། །ངའི་གླུ་འདི་ཁྱེའུ་ཆུང་ཁྱོད་ལ་གཏད། །དེ་མ་བརྗེད་ཉམས་སུ་ལེན་མཛོད་དང་། །ཁྱོད་ཚེ་གཅིག་སངས་རྒྱས་ངེས་པར་ཐོབ། །ཅེས་གསུངས་པ་ལ་བརྟེན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན། །བདེ་སྡུག་ཐམས་ཅད་ཉམས་ཀྱི་སྤུན་རིས་ལ། །ངོ་ཤེས་ཙམ་ནི་གེགས་སེལ་གནད་དུ་ཆེ། །སྤང་བླང་བཅོས་བསླད་མེད་པར་རང་སར་ཞོག །བཅོས་བཅོས་རེ་དོགས་གེགས་དང་གོལ་ས་ཡིན། །རྟོགས་པ་སྐྱོན་མེད་ལམ་གྱི་ངོ་བོ་ནི། །ཅི་ཡང་མ་ཡིན་སྤྲོས་པའི་མཐའ་དང་བྲལ། །མ་བལྟས་མ་བསྒོམ་མ་བཟུང་རང་ཡན་པ། །ཤུགས་འབྱུང་ཧར་སངས་དེ་ནི་ཡང་དག་གོ། །རྟོག་པས་དཔྱད་མཐའ་ལས་འདས་སྟོང་པ་ཉིད། །ཚིག་དཔེ་དོན་གྱིས་མི་མཚོན་མཚན་མ་མེད། །རང་ལས་གྲོལ་ས་མེད་པའི་སྨོན་པ་མེད། །ཉམས་སྣང་ཕྱིན་ཅི་ལོག་ཏུ་བསྒྱུར་བའི་རྐྱེན། །འདྲེ་གདོན་བགེགས་ཀྱིས་གནོད་པར་འཛིན་པ་ཡི། །སྨན་དཔྱད་རིམ་གྲོ་ཅི་ཕན་བསྒྲུབ་གྱུར་ན། །ཐམས་ཅད་གནོད་པ་ཆེན་པོར་འགྱུར་བ་ལས། །ཕན་པ་མི་འབྱུང་སྲོག་གི་བདུད་དུའང་འབབ། །དེ་ཕྱིར་རྣལ་འབྱོར་ལམ་དུ་ཞུགས་པ་དག །བདེ་སྡུག་ན་ཚ་ཉམས་སུ་ཤེས་གྱུར་ན། །ས་ལམ་གྱིས་བསླང་ཉམས་ནི་མ་ཡིན་ཀྱང་། །འཁོར་བ་འཁྲུལ་པའི་གཤིས་ཉམས་ཡིན་པའི་ཕྱིར། །རྐྱེན་ངན་དངོས་གྲུབ་མཆོག་ཏུ་བསྒྱུར་བ་དང་། །ལྟས་ངན་གཡང་དུ་ལེན་པའི་མན་ངག་ཡིན། །དེ་ཕྱིར་འཁྲུལ་པའི་སེམས་སྣང་བདེ་སྡུག་ཀུན། །ཐམས་ཅད་ཉམས་སུ་ཤེས་པ་གནད་དུ་གཅེས། །ཆོས་ཉིད་བདེན་པ་མངོན་སུམ་རིག་པ་ཡིས། །འཁོར་འདས་སྒྱུ་མར་རོལ་པའི་རྒན་པོས་སྨྲས། །། །}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 13:46, 6 September 2024

Wylie title a skyabs bla ma drag rtsal gyi dris lan TTDL-ZABTER-18-TSHA-001.pdf
Location bdud 'joms gling pa zab gter
Volume 18, Text 1, Pages 1-7 (Folios 1a1 to 4a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. A skyabs bla ma drag rtsal gyi dris lan. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 1-7. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

།ཆོས་ཉིད་བདེན་པ་མངོན་སུམ་རིག་པ་ཡིས། །འཁོར་འདས་སྒྱུ་མར་རོལ་པའི་རྒན་པོས་སྨྲས།

/chos nyid bden pa mngon sum rig pa yis/_/'khor 'das sgyu mar rol pa'i rgan pos smras/

[edit]
༄༅། །ཨ་སྐྱབས་བླ་མ་དྲག་རྩལ་གྱི་དྲིས་ལན་བཞུགས་སོ། །


༄༅། །རང་རིག་པ་གཞིར་གནས་ཆོས་ཀྱི་སྐུ། །རྗེ་དུས་གསུམ་སངས་རྒྱས་སྤྱི་གཟུགས་མཆོག །སྐྱབས་གཞན་དུ་མི་འཚོལ་དེ་ལ་འདུད། །བདག་སྣང་ཆའི་འཁྲུལ་པ་བཤིག་ཏུ་གསོལ། །སྔོན་རྒྱ་གར་བྲག་དམར་བྱ་སྐྱིབ་ཚལ། །ངའི་གདུལ་བྱར་གྱུར་པའི་སྐྱེས་བུ་ཁྱོད། །ལས་སྨོན་ལམ་དག་པའི་སྟོབས་དབང་གིས། །ད་རྟེན་བཟང་འབྱོར་དང་སྟོན་འཁོར་འཛོམ། །དོན་ངོ་སྤྲོད་གདམས་པའི་རྟེན་འབྲེལ་འགྲིགས། །དེའི་ཕྱིར་ན་གདམས་ངག་འཆད་ཀྱིས་ཉོན། །ངའི་བླ་མ་མཚོ་སྐྱེས་རྡོ་རྗེ་ཡིས། །ཀློང་ཆོས་ཉིད་ནམ་མཁའ་རྣམ་དག་ནས། །སྐུ་ཡེ་ཤེས་སྒྱུ་མར་རོལ་པའི་གར། །ལྷ་རང་སྣང་སྟོན་པ་དེའི་ཞལ་ནས། །ཀྱེ་ཁྱེའུ་ཆུང་བསམ་དུ་མེད་པ་ཁྱོད། །མཁའ་སེམས་ཉིད་ཧད་པོ་ཨེ་མ་ཧོ། །ཁྱོད་ཀུན་ཤེས་ཀུན་རིག་དབང་པོ་ཡིས། །ཆོས་བདེན་པ་གཉིས་ལ་ལྟད་མོ་ལྟོས། །གནས་འཁོར་བ་ངན་འགྲོའི་སྡུག་བསྔལ་དང་། །ཡར་ཞིང་ཁམས་བཟང་པོའི་བདེ་བ་རྣམས། །ཀུན་འཁྲུལ་དང་དག་པའི་སྣང་ཉམས་ལགས། །དོན་བདེན་གྲུབ་ཅན་དུ་རྟག་པ་མེད། །མི་ཐ་མལ་རྒྱུད་འཁྲུལ་བདེ་སྡུག་དང་། །ལམ་ཉམས་ལེན་སྐྱེས་བུའི་བདེ་སྡུག་ཀུན། །དེ་སློང་བྱེད་རྐྱེན་ལ་ཁྱད་ཡོད་ཀྱང་། །ཉམས་འཁྲུལ་པའི་ངང་ལ་ཁྱད་པར་མེད། །གདོན་བགེགས་ཀྱིས་གཙེས་པའི་སྐྱེས་བུ་དང་། །རྩུབ་ཉམས་ཀྱིས་བསྡུས་པའི་སྐྱེས་བུ་གཉིས། །གེགས་སེལ་བའི་གནད་ལ་ཁྱད་ཡོད་ཀྱང་། །སྡུག་ཉམས་སུ་མྱོང་ལ་ཁྱད་པར་མེད། །ཡར་སྒོམ་ཆེན་བདེ་ཉམས་ལ་ཞེན་དང་། །མར་སྐྱེས་པ་ཆགས་སྦྱོར་གནས་ཞེན་གཉིས། །གནས་འཁོར་བའི་མཐོ་དམན་ཙམ་ཞིག་ལས། །སེམས་ཆགས་པའི་གནས་ལ་བཟང་ངན་མེད། །མི་ཕལ་པ་ཡུལ་འཛིན་གྱིས་འཆིང་དང་། །ཁྱོད་སྒོམ་པའི་ཆིངས་ཀྱིས་བཅིངས་པ་གཉིས། །དོན་སྒོམ་མེད་པ་ལ་མ་ཐུག་བར། །རྒྱུད་འཆིང་བའི་ལས་ལ་བཟང་ངན་མེད། །གཞན་སྒེག་མོས་མེ་ལོང་ལྟ་བ་དང་། །ཁྱོད་སེམས་ཀྱིས་སེམས་ལ་ལྟ་བ་གཉིས། །དོན་ཀུན་སློང་ཙམ་གྱི་ཁྱད་པར་ལས། །དེ་རྒྱུད་དུ་འཁྲུལ་ལ་བཟང་ངན་མེད། །ཁྱོད་གཉིས་འཛིན་འཁྲུལ་པའི་སེམས་མེད་ན། །བགེགས་སྟོང་ཕྲག་བརྒྱད་ཅུ་གང་ནས་བྱུང། །ཁྱོད་གཅེས་འཛིན་སེམས་ཀྱིས་མ་བཟོས་ན། །ནད་བཞི་བརྒྱ་རྩ་བཞིའི་རྩ་བ་ཆད། །ཁྱོད་གཟུང་འཛིན་སེམས་ཀྱི་མ་བཟོས་ན། །ཚེ་འདི་ཕྱི་རྨི་ལམ་གང་ནས་བྱུང་། །དོན་དེ་ཕྱིར་སྣང་བའི་བདེ་སྡུག་ཉམས། །ཀུན་ཟིན་སོ་མེད་པར་ཤེས་པ་ཙམ། །གེགས་གོལ་ས་མེད་པའི་མན་ངག་ཡིན། །ལར་ཉིན་སྣང་མཚན་སྣང་འདི་ཕྱིའི་སྣང་། །དེ་ཐམས་ཅད་ཉམས་སུ་འཁྲུལ་པ་ལས། །དོན་བདེན་གྲུབ་མེད་པ་དེ་ལ་ལྟོས། །དབྱིངས་སྐྱེ་མེད་ཆོས་ཉིད་མཐའ་བྲལ་ལ། །ཡུལ་འཁོར་འདས་མེད་པར་དག་མཉམ་སྟེ། །ཆོས་ལྟ་བ་ཟབ་མོའི་གནད་གཅིག་ཡོད། །ཡེ་གདོད་མའི་གནས་ལུགས་རང་གྲོལ་ལ། །བབ་བཅས་བཅོས་མེད་པར་རང་སར་ཡན། །ཆོས་སྒོམ་པ་ཟབ་མོའི་གནད་གཅིག་གདའ། །སྒོ་རྣམ་གསུམ་མ་བཅོས་ཅོག་བཞག་ནས། །ཚེའི་མཐའ་རུ་སྐྱེལ་ཞིང་ཉམས་ལེན་པར། །ཚུལ་སྤྱོད་པ་བརླིང་པོའི་གནད་གཅིག་ཡོད། །ངའི་གླུ་འདི་ཁྱེའུ་ཆུང་ཁྱོད་ལ་གཏད། །དེ་མ་བརྗེད་ཉམས་སུ་ལེན་མཛོད་དང་། །ཁྱོད་ཚེ་གཅིག་སངས་རྒྱས་ངེས་པར་ཐོབ། །ཅེས་གསུངས་པ་ལ་བརྟེན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན། །བདེ་སྡུག་ཐམས་ཅད་ཉམས་ཀྱི་སྤུན་རིས་ལ། །ངོ་ཤེས་ཙམ་ནི་གེགས་སེལ་གནད་དུ་ཆེ། །སྤང་བླང་བཅོས་བསླད་མེད་པར་རང་སར་ཞོག །བཅོས་བཅོས་རེ་དོགས་གེགས་དང་གོལ་ས་ཡིན། །རྟོགས་པ་སྐྱོན་མེད་ལམ་གྱི་ངོ་བོ་ནི། །ཅི་ཡང་མ་ཡིན་སྤྲོས་པའི་མཐའ་དང་བྲལ། །མ་བལྟས་མ་བསྒོམ་མ་བཟུང་རང་ཡན་པ། །ཤུགས་འབྱུང་ཧར་སངས་དེ་ནི་ཡང་དག་གོ། །རྟོག་པས་དཔྱད་མཐའ་ལས་འདས་སྟོང་པ་ཉིད། །ཚིག་དཔེ་དོན་གྱིས་མི་མཚོན་མཚན་མ་མེད། །རང་ལས་གྲོལ་ས་མེད་པའི་སྨོན་པ་མེད། །ཉམས་སྣང་ཕྱིན་ཅི་ལོག་ཏུ་བསྒྱུར་བའི་རྐྱེན། །འདྲེ་གདོན་བགེགས་ཀྱིས་གནོད་པར་འཛིན་པ་ཡི། །སྨན་དཔྱད་རིམ་གྲོ་ཅི་ཕན་བསྒྲུབ་གྱུར་ན། །ཐམས་ཅད་གནོད་པ་ཆེན་པོར་འགྱུར་བ་ལས། །ཕན་པ་མི་འབྱུང་སྲོག་གི་བདུད་དུའང་འབབ། །དེ་ཕྱིར་རྣལ་འབྱོར་ལམ་དུ་ཞུགས་པ་དག །བདེ་སྡུག་ན་ཚ་ཉམས་སུ་ཤེས་གྱུར་ན། །ས་ལམ་གྱིས་བསླང་ཉམས་ནི་མ་ཡིན་ཀྱང་། །འཁོར་བ་འཁྲུལ་པའི་གཤིས་ཉམས་ཡིན་པའི་ཕྱིར། །རྐྱེན་ངན་དངོས་གྲུབ་མཆོག་ཏུ་བསྒྱུར་བ་དང་། །ལྟས་ངན་གཡང་དུ་ལེན་པའི་མན་ངག་ཡིན། །དེ་ཕྱིར་འཁྲུལ་པའི་སེམས་སྣང་བདེ་སྡུག་ཀུན། །ཐམས་ཅད་ཉམས་སུ་ཤེས་པ་གནད་དུ་གཅེས། །ཆོས་ཉིད་བདེན་པ་མངོན་སུམ་རིག་པ་ཡིས། །འཁོར་འདས་སྒྱུ་མར་རོལ་པའི་རྒན་པོས་སྨྲས། །། །