TTDL-ZABTER-18-TSHA-031: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-031
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|volnumtib=༡༨
|pagestatus=Temporary stub only
|volyigtib=
|tibgenre=Advice - zhal gdams
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|volumenumber=18
|volumenumber=18
|volumeLetter=TSHA
|volumeLetter=TSHA

Revision as of 15:31, 6 September 2024

Wylie title TTDL-ZABTER-18-TSHA-031.pdf
Location bdud 'joms gling pa zab gter
Volume 18, Text 31, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
ཀྱཻ་ཧོ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །རྙེད་པར་དཀའ་བའི་དལ་འབྱོར་མི་ལུས་ཐོབ། །མཇལ་བར་དཀའ་བའི་མཚན་ལྡན་བླ་མ་མཇལ། །འཕྲད་པར་དཀའ་བའི་དམ་པའི་ཆོས་དང་འཕྲད། །འབྱོར་བར་དཀར་བའི་རང་དབང་རང་ལ་འབྱོར། །དེ་འདྲའི་རྟེན་འབྲེལ་འཛོམ་པའི་དུས་སྐབས་འདིར། །མི་ཚེའི་ལྷག་མ་སྟོང་ཟད་མ་བྱེད་པར། །བློ་ཐག་རིང་པོའི་སྣ་ཁ་བསྟུང་མཛོད་ལ། །ཚེ་མཇུག་ཆོས་ལ་དྲིལ་ཞིང་སྒྲུབ་ལ་འབུངས། །ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ། །གཏན་དུ་སྡོད་གྲབ་བྱེད་པ་བདུད་ཀྱིས་བསླུས། །དེ་དོན་ཤེས་མཛོད་སྒོམ་པ་ལྷུར་ལེན་མཛོད། །བདག་རྟོག་གཅིག་པུས་ཁམས་གསུམ་འཁོར་བར་འཁྲུལ། །ཉིན་སྣང་རྨི་སྣང་བར་སྲིད་སྣང་བ་ཀུན། །བདག་སྣང་ལུས་འདི་མཆེད་འགགས་གནས་འགྱུར་བྱེད། །བརྟན་གཡོའི་སྣང་བ་སྒྱུ་མའི་འཕྲུལ་བཞིན་སྣང་། །མ་བརྟག་མ་དཔྱད་པས་ན་བདེན་གྲུབ་ཅན། །བརྟག་ཅིང་དཔྱད་ན་ཐམས་ཅད་ནམ་མཁའི་ངང་། །ཆུ་ཟླ་དང་ནི་འཇའ་ཚོན་སྨིག་རྒྱུ་ལྟར། །ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། །སྟོང་པ་ཉིད་ལ་རྒྱུ་རྐྱེན་རྟེན་འབྲེལ་གྱིས། །འདུས་བྱས་ཆོས་ཀུན་མེད་བཞིན་སྣང་བ་སྟེ། །གཞིའི་ངོ་བོ་མ་རིག་རྐྱེན་གྱིས་སྒྲིབ། །ཆོས་ཉིད་ཆོས་ཅན་ནམ་མཁའི་འཁོར་ལོར་བསྒྲིབ། །ནམ་མཁའ་ཉིད་ལ་འཁོར་འདས་གྲུབ་པ་མེད། །དེ་ཕྱིར་རྡོ་རྗེ་འཆང་གིས་ལུང་འདི་བཞག།ཆོས་ཀུན་ནམ་མཁའ་ཉིད་ཀྱི་མཚན་ཉིད་དོ། །ནམ་མཁའ་རང་གི་མཚན་ཉིད་དེ་བཞིན་ཉིད། །ཅེས་པ་དང་ནི་ཡང་ཅིག་འདི་ལྟ་སྟེ། །ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལ། །ཞེས་དང་ཨོ་རྒྱན་ཆེན་པོའི་ཞལ་སྔ་ནས། །འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ཀུན་གྱི་མཛོད། །སྣོད་བཅུད་དཔལ་ཡོན་འདི་ལས་བྱུང་། །གསུངས་བཞིན་སྣོད་བཅུད་འདོད་ཡོན་སྣང་བ་ཀུན། །ཆོས་ཉིད་ནམ་མཁའ་ཉིད་ཀྱི་རོལ་པ་རུ། །ཐག་ཆོད་ངེས་ཤེས་གཏིང་ནས་སྐྱེས་གྱུར་ན། །ལྟ་བའི་རྒྱལ་པོ་ལོགས་ན་ཡོད་མ་ཡིན། །ཤེས་རིག་རྡོ་རྗེ་རྣོན་པོའི་མིག་ཡངས་པོས། །ནམ་མཁའི་ཆོས་ཉིད་མངོན་དུ་གྱུར་པ་ལས། །བསྒོམ་པའི་རྒྱལ་པོ་ལོགས་ན་ཡོད་མ་ཡིན། །དྲན་ཤེས་བག་ཡོད་བརྟེན་པའི་གནད་ལྡན་ན། །སྤྱོད་པ་བྱ་བ་ལོགས་ན་ཡོད་མ་ཡིན། །སྒོ་གསུམ་བྱ་བཏང་བྱར་མེད་གནས་པ་ལས། །མཉམ་བཞག་བྱ་བ་ལོགས་ན་ཡོད་མ་ཡིན། །དུས་ཀུན་ཆོས་ཉིད་མངོན་གྱུར་སྐྱོང་བ་ལས། །རྗེས་ཐོབ་བྱ་བ་ལོགས་ན་ཡོད་མ་ཡིན། །འཁོར་བ་རང་བཞིན་མེད་པར་ཤེས་པ་དང་། །སྣང་སྲིད་སྒྱུ་མ་ཡིན་པར་ངོ་ཤེས་ན། །ལམ་གྱི་ལྟ་བ་དེ་ལ་ཟེར་བ་ཡིན། །འཁོར་འདས་འུབ་ཆུབ་རོལ་པར་མངོན་གྱུར་ན། །ལམ་གྱི་རིག་པ་དེ་ལ་ཟེར་བ་ཡིན། །ཤེས་པ་དང་པོ་མ་དག་ཡུལ་དུ་མཆེད། །ཤེས་པ་ཕྱི་མས་མངོན་དུ་བྱ་བ་ལས། །འཁོར་བ་བྱ་བ་གཞན་ན་ཡོད་མ་ཡིན། །ཤེས་པ་དང་པོ་འོད་གསལ་རོལ་པ་རུ། །གོ་འཕོས་ཤེས་པ་རང་གིས་མངོན་བྱེད་པ། །མྱུར་ལམ་འཕོ་བ་ཆེན་པོར་ལྷུན་གྱིས་གྲུབ། །ཐོད་རྒལ་བྱ་བ་ལོགས་ན་ཡོད་མ་ཡིན། །སྙིང་ཕྱུང་ལག་མཐིལ་བཀྲམ་པའི་མན་ངག་འདི། །ཉར་ཚག་མ་བྱེད་ལག་ལེན་ཐེབ་པར་མཛོད། །དུས་གསུམ་རྒྱལ་བའི་ཞལ་བསྡུར་བྱས་ན་ཡང་། །དེ་ལས་ཟབ་པའི་གདམས་ངག་སྟོན་རྒྱུ་མེད། །དེ་དོན་ཡིད་ལ་ཞོག་དང་གཏན་བདེ་ཐོབ། །མ་བརྗེད་མ་བརྗེད་ཀུན་བཟང་བསྟན་འཛིན་པ། །བསྟན་པ་ཨི་ཟིན་གང་ཟག་ཁྱོད་ལ་རག།ཞེས་པ་འདི་ཀུན་བཟང་བསྟན་འཛིན་གྱི་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།