DUDJOM-THROMA-033: Difference between revisions

From Dudjom Wiki
DUDJOM-THROMA-033
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དབུ་ཁྲིད་བརྡ་ཡིག་༢༩༧༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  ནག་འགྱེད་སྒྲིབ་པ་ཀུན་སེལ་བཞུགས་སོ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ༠༠༠༠༠བརྡ་ཡིག་༢༩༧༔  སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད༔  མོས་གུས་དྲག་པོས་གསོལ་བཏབ་སྟེ༔  ཐོ་རང་སྒྲིབ་པ་སྦྱོང་བའི་ཕྱིར༔  ནག་འགྱེད་བྱ་བའི་རིམ་པ་ལ༔  ཕཊ་ཕཊ་ཕཊ༔  སྟེང་ཕྱོགས་ཁྲུ་བདུན་འཕགས་མའི་ནམ་མཁའ་ལ༔  རང་ཉིད་ཐ་མལ་གནས་པའི་གནས་དྲུག་ཏུ༔  ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ གསལ་བ་ལས༔  འོད་འཕྲོས་འགྲོ་དྲུག་སེམས་ཅན་མ་ལུས་པའི༔  སྡིག་སྒྲིབ་བག་ཆགས་སྡུག་བསྔལ་ཀུན་བསྡུས་བསྟིམ༔  སྤྱི་བོར་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་དང་༔  སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས༔  ནམ་མཁར་སྐར་ཚོགས་བཀྲ་ཞིང་གསལ་བ་ཡི༔  སྐུ་ལས་དག་བྱེད་ཡེ་ཤེས་བདུད་རྩི་ནི༔  ཆུ་ཀླུང་དྲག་པོ་ལྟ་བུར་བབས་པ་ཡིས༔  ནད་རྣམས་རྣག་ཁྲག་གདོན་རྣམས་འབུ་སྲིན་དང་༔  སྡིག་སྒྲིབ་དུད་སོལ་ཁུ་བའི་རྣམ་པ་རུ༔  ས་གཞི་ཀ་པཱ་ལར་གྱུར་སྣོད་དུ་བབས༔  མདོག་ནག་མཛེས་སྡུག་ལྷ་འདྲེའི་ཡིད་འཕྲོག་པ༔  འབྲུ་གསུམ་ནུས་པས་མྱོང་གྲོལ་བདུད་རྩིར་བསྒྱུར༔  ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔  ཕཊ་ཕཊ་ཕཊ༔  ཡ་གི་སྲིད་རྩེ་མན་ཆད་ནས༔  མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔  སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔  མ་ལུས་འདིར་གཤེགས་འདིར་འདུས་ལ༔  རིགས་དྲུག་ས་བོན་སྒྲིབ་གཉིས་བག་ཆགས་ཀུན༔  བཀྲུས་པའི་ཁུ་བ་འདི་རོལ་མཉེས་ཚིམས་གྱུར༔  ཕཊ་ཕཊ་ཕཊ༔  ཟ་འདྲེ་ཕུང་སྲི་ཤི་གཤེད་གྲི་བདུད་དང་༔  ཕོ་གདོན་མོ་གདོན་ཀླུ་གདོན་ཐམས་ཅད་དང་༔  གནས་གདོན་ལུས་གདོན་ལན་ཆགས་ཤ་མཁོན་བདག༔  མ་ལུས་ལུས་པ་མེད་པ་ཁྱེད་རྣམས་ཀྱིས༔  སྡིག་སྒྲིབ་བག་ཆགས་བཀྲུས་པའི་ཁུ་བ་འདི༔  ལྷག་མེད་རོལ་ལ་ངོམས་ཤིང་ཚིམས་པར་གྱུར༔  ཕཊ་ཕཊ་ཕཊ༔  ཧབ་ཐོབ་རོལ་པས་སོལ་ཕུང་ལྟ་བུར་གྱུར༔  ངོམས་ཤིང་ཚིམས་ནས་དགའ་བདེའི་ཉམས་སྐྱེས་ངང་༔  ཆབ་གཅིག་འོད་ཞུ་ཐིག་ལེ་ནག་པོར་གྱུར༔  སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཀློང་བརྒྱུད་ནས༔  ཆོས་དབྱིངས་མཉམ་པ་ཉིད་དུ་འབྱམས་ཀླས་སོ༔  སྣང་སྲིད་འཁོར་འདས་དུ་མ་རོ་གཅིག་ཏུ༔  ཀ་དག་ཀུན་ཏུ་བཟང་མོར་སངས་རྒྱས་སོ༔  ཕཊ་ཕཊ་ཕཊ༔  དེ་ནས་རིལ་པོར་འགྱེད་པ་ལ༔  རང་ལུས་ཆེ་བ་རི་རབ་ཙམ་གྱུར་པའི༔  ལུས་ནང་དབུ་མ་མཚན་ཉིད་བཞི་ལྡན་ནང་༔  སྙིང་དབུས་རིག་པ་དྭངས་མའི་ཐིག་ལེ་ནི༔  སྟེང་ཕྱོགས་ནམ་མཁའ་རྣམ་དག་དབྱིངས་དང་འདྲེས༔  དབྱིངས་ལས་ཁྲོས་མ་ནག་མོའི་སྐུ་རུ་བཞེངས༔  ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔  ཁམས་གསུམ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་༔  བག་ཆགས་ནད་གདོན་མ་ལུས་བསྡུས་ཏེ་བསྟིམ༔  ཆེ་བརྗིད་མདོག་ནག་ལྷ་འདྲེའི་ཡིད་འཕྲོག་གྱུར༔  ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔  ཕཊ་ཕཊ་ཕཊ༔  ཀྱཻ༔  འདུས་ཤིག་འདུས་ཤིག་འདིར་འདུས་ཤིག༔  སྣང་ཞིང་སྲིད་པའི་ལྷ་འདྲེ་འདུས༔  ལན་ཆགས་བདག་པོ་བདག་མོ་འདུས༔  ཤ་ཟ་ཁྲག་འཐུང་ཕོ་མོ་འདུས༔  དུར་ཁྲོད་བམ་གྱི་ཚོགས་ལ་འདུས༔  ཕཊ་ཕཊ་ཕཊ༔  ཀྱཻ༔  ཕོ་གདོན་ལས་ཀྱི་རྒྱལ་འགོང་དང་༔  མོ་གདོན་ལས་ཀྱི་བསེན་མོ་དང་༔  ཀླུ་གདོན་ལས་ཀྱི་ས་བདག་རྣམས༔  དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔  ཕཊ་ཕཊ་ཕཊ༔  མཐོ་བ་སྲིད་རྩེ་མན་ཆད་ནས༔  དམའ་བ་དམྱལ་ཁམས་ཡན་ཆད་ཀྱི༔  སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔  མི་རོ་བམ་ཆེན་འདི་ལ་རོལ༔  ཕཊ་ཕཊ་ཕཊ༔  གནས་གདོན་དག་ནི་ལུས་གདོན་དང་༔  ལན་ཆགས་བུ་ལོན་ཤ་མཁོན་བདག༔  མ་ལུས་ལུས་པ་མེད་པ་ཡིས༔  མི་རོ་བམ་ཆེན་འདི་ལ་རོལ༔  ཕཊ་ཕཊ་ཕཊ༔  ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔  ངས་ཤ་ཁྲག་རུས་པ་སྟོན་མོར་འགྱེད༔  དེ་ལྷག་མ་མེད་པར་ཧབ་ཐོབ་རོལ༔  ཁྱེད་དགའ་མགུ་ཡི་རང་ཚིམ་གྱུར་ནས༔  ངའི་བུ་ལོན་ལན་ཆགས་བྱང་གྱུར་ཅིག༔  ཕཊ་ཕཊ་ཕཊ༔  ཐམས་ཅད་དགའ་མགུ་ཟག་མེད་བདེ་བས་མྱོས༔  འོད་ཕུང་མཐིང་ནག་རོལ་པར་མེར་གྱིས་ཞུ༔  བདག་དང་ཡུལ་སྣང་དབྱེར་མེད་རོ་གཅིག་ཏུ༔  སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་དབྱིངས་སུ་ཐིམ༔  ཆོས་ཉིད་སྤྲོས་མཐའ་བྲལ་བར་རྫོགས་སངས་རྒྱས༔  ཕཊ་ཕཊ་ཕཊ༔  དེ་ལྟར་ནག་པོར་འགྱེད་པ་ཡིས༔  ནད་གདོན་ཀུན་སེལ་སྒྲིབ་པ་འདགས༔  འཕྲལ་ཕུག་ཀུན་ཏུ་དགེ་ལེགས་འཕེལ༔  ཡོན་ཏན་ཡེ་ཤེས་མངོན་དུ་འགྱུར༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  ཨྠིྀ༔  ཞེས་པ་འདི་ནི་སྐལ་བཟང་སློབ་བུ་འགས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།  །།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=033
|pdflink=File:DUDJOM-THROMA-033.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|དབུ་ཁྲིད་བརྡ་ཡིག་༢༩༧༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  ནག་འགྱེད་སྒྲིབ་པ་ཀུན་སེལ་བཞུགས་སོ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ༠༠༠༠༠བརྡ་ཡིག་༢༩༧༔  སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད༔  མོས་གུས་དྲག་པོས་གསོལ་བཏབ་སྟེ༔  ཐོ་རང་སྒྲིབ་པ་སྦྱོང་བའི་ཕྱིར༔  ནག་འགྱེད་བྱ་བའི་རིམ་པ་ལ༔  ཕཊ་ཕཊ་ཕཊ༔  སྟེང་ཕྱོགས་ཁྲུ་བདུན་འཕགས་མའི་ནམ་མཁའ་ལ༔  རང་ཉིད་ཐ་མལ་གནས་པའི་གནས་དྲུག་ཏུ༔  ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ གསལ་བ་ལས༔  འོད་འཕྲོས་འགྲོ་དྲུག་སེམས་ཅན་མ་ལུས་པའི༔  སྡིག་སྒྲིབ་བག་ཆགས་སྡུག་བསྔལ་ཀུན་བསྡུས་བསྟིམ༔  སྤྱི་བོར་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་དང་༔  སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས༔  ནམ་མཁར་སྐར་ཚོགས་བཀྲ་ཞིང་གསལ་བ་ཡི༔  སྐུ་ལས་དག་བྱེད་ཡེ་ཤེས་བདུད་རྩི་ནི༔  ཆུ་ཀླུང་དྲག་པོ་ལྟ་བུར་བབས་པ་ཡིས༔  ནད་རྣམས་རྣག་ཁྲག་གདོན་རྣམས་འབུ་སྲིན་དང་༔  སྡིག་སྒྲིབ་དུད་སོལ་ཁུ་བའི་རྣམ་པ་རུ༔  ས་གཞི་ཀ་པཱ་ལར་གྱུར་སྣོད་དུ་བབས༔  མདོག་ནག་མཛེས་སྡུག་ལྷ་འདྲེའི་ཡིད་འཕྲོག་པ༔  འབྲུ་གསུམ་ནུས་པས་མྱོང་གྲོལ་བདུད་རྩིར་བསྒྱུར༔  ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔  ཕཊ་ཕཊ་ཕཊ༔  ཡ་གི་སྲིད་རྩེ་མན་ཆད་ནས༔  མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔  སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔  མ་ལུས་འདིར་གཤེགས་འདིར་འདུས་ལ༔  རིགས་དྲུག་ས་བོན་སྒྲིབ་གཉིས་བག་ཆགས་ཀུན༔  བཀྲུས་པའི་ཁུ་བ་འདི་རོལ་མཉེས་ཚིམས་གྱུར༔  ཕཊ་ཕཊ་ཕཊ༔  ཟ་འདྲེ་ཕུང་སྲི་ཤི་གཤེད་གྲི་བདུད་དང་༔  ཕོ་གདོན་མོ་གདོན་ཀླུ་གདོན་ཐམས་ཅད་དང་༔  གནས་གདོན་ལུས་གདོན་ལན་ཆགས་ཤ་མཁོན་བདག༔  མ་ལུས་ལུས་པ་མེད་པ་ཁྱེད་རྣམས་ཀྱིས༔  སྡིག་སྒྲིབ་བག་ཆགས་བཀྲུས་པའི་ཁུ་བ་འདི༔  ལྷག་མེད་རོལ་ལ་ངོམས་ཤིང་ཚིམས་པར་གྱུར༔  ཕཊ་ཕཊ་ཕཊ༔  ཧབ་ཐོབ་རོལ་པས་སོལ་ཕུང་ལྟ་བུར་གྱུར༔  ངོམས་ཤིང་ཚིམས་ནས་དགའ་བདེའི་ཉམས་སྐྱེས་ངང་༔  ཆབ་གཅིག་འོད་ཞུ་ཐིག་ལེ་ནག་པོར་གྱུར༔  སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཀློང་བརྒྱུད་ནས༔  ཆོས་དབྱིངས་མཉམ་པ་ཉིད་དུ་འབྱམས་ཀླས་སོ༔  སྣང་སྲིད་འཁོར་འདས་དུ་མ་རོ་གཅིག་ཏུ༔  ཀ་དག་ཀུན་ཏུ་བཟང་མོར་སངས་རྒྱས་སོ༔  ཕཊ་ཕཊ་ཕཊ༔  དེ་ནས་རིལ་པོར་འགྱེད་པ་ལ༔  རང་ལུས་ཆེ་བ་རི་རབ་ཙམ་གྱུར་པའི༔  ལུས་ནང་དབུ་མ་མཚན་ཉིད་བཞི་ལྡན་ནང་༔  སྙིང་དབུས་རིག་པ་དྭངས་མའི་ཐིག་ལེ་ནི༔  སྟེང་ཕྱོགས་ནམ་མཁའ་རྣམ་དག་དབྱིངས་དང་འདྲེས༔  དབྱིངས་ལས་ཁྲོས་མ་ནག་མོའི་སྐུ་རུ་བཞེངས༔  ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔  ཁམས་གསུམ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་༔  བག་ཆགས་ནད་གདོན་མ་ལུས་བསྡུས་ཏེ་བསྟིམ༔  ཆེ་བརྗིད་མདོག་ནག་ལྷ་འདྲེའི་ཡིད་འཕྲོག་གྱུར༔  ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔  ཕཊ་ཕཊ་ཕཊ༔  ཀྱཻ༔  འདུས་ཤིག་འདུས་ཤིག་འདིར་འདུས་ཤིག༔  སྣང་ཞིང་སྲིད་པའི་ལྷ་འདྲེ་འདུས༔  ལན་ཆགས་བདག་པོ་བདག་མོ་འདུས༔  ཤ་ཟ་ཁྲག་འཐུང་ཕོ་མོ་འདུས༔  དུར་ཁྲོད་བམ་གྱི་ཚོགས་ལ་འདུས༔  ཕཊ་ཕཊ་ཕཊ༔  ཀྱཻ༔  ཕོ་གདོན་ལས་ཀྱི་རྒྱལ་འགོང་དང་༔  མོ་གདོན་ལས་ཀྱི་བསེན་མོ་དང་༔  ཀླུ་གདོན་ལས་ཀྱི་ས་བདག་རྣམས༔  དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔  ཕཊ་ཕཊ་ཕཊ༔  མཐོ་བ་སྲིད་རྩེ་མན་ཆད་ནས༔  དམའ་བ་དམྱལ་ཁམས་ཡན་ཆད་ཀྱི༔  སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔  མི་རོ་བམ་ཆེན་འདི་ལ་རོལ༔  ཕཊ་ཕཊ་ཕཊ༔  གནས་གདོན་དག་ནི་ལུས་གདོན་དང་༔  ལན་ཆགས་བུ་ལོན་ཤ་མཁོན་བདག༔  མ་ལུས་ལུས་པ་མེད་པ་ཡིས༔  མི་རོ་བམ་ཆེན་འདི་ལ་རོལ༔  ཕཊ་ཕཊ་ཕཊ༔  ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔  ངས་ཤ་ཁྲག་རུས་པ་སྟོན་མོར་འགྱེད༔  དེ་ལྷག་མ་མེད་པར་ཧབ་ཐོབ་རོལ༔  ཁྱེད་དགའ་མགུ་ཡི་རང་ཚིམ་གྱུར་ནས༔  ངའི་བུ་ལོན་ལན་ཆགས་བྱང་གྱུར་ཅིག༔  ཕཊ་ཕཊ་ཕཊ༔  ཐམས་ཅད་དགའ་མགུ་ཟག་མེད་བདེ་བས་མྱོས༔  འོད་ཕུང་མཐིང་ནག་རོལ་པར་མེར་གྱིས་ཞུ༔  བདག་དང་ཡུལ་སྣང་དབྱེར་མེད་རོ་གཅིག་ཏུ༔  སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་དབྱིངས་སུ་ཐིམ༔  ཆོས་ཉིད་སྤྲོས་མཐའ་བྲལ་བར་རྫོགས་སངས་རྒྱས༔  ཕཊ་ཕཊ་ཕཊ༔  དེ་ལྟར་ནག་པོར་འགྱེད་པ་ཡིས༔  ནད་གདོན་ཀུན་སེལ་སྒྲིབ་པ་འདགས༔  འཕྲལ་ཕུག་ཀུན་ཏུ་དགེ་ལེགས་འཕེལ༔  ཡོན་ཏན་ཡེ་ཤེས་མངོན་དུ་འགྱུར༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  ཨྠིྀ༔  ཞེས་པ་འདི་ནི་སྐལ་བཟང་སློབ་བུ་འགས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:30, 16 July 2025

Wylie title DUDJOM-THROMA-033.pdf
Location khros ma'i sgrub skor
Volume 1, Text 33, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག་༢༩༧༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནག་འགྱེད་སྒྲིབ་པ་ཀུན་སེལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༢༩༧༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད༔ མོས་གུས་དྲག་པོས་གསོལ་བཏབ་སྟེ༔ ཐོ་རང་སྒྲིབ་པ་སྦྱོང་བའི་ཕྱིར༔ ནག་འགྱེད་བྱ་བའི་རིམ་པ་ལ༔ ཕཊ་ཕཊ་ཕཊ༔ སྟེང་ཕྱོགས་ཁྲུ་བདུན་འཕགས་མའི་ནམ་མཁའ་ལ༔ རང་ཉིད་ཐ་མལ་གནས་པའི་གནས་དྲུག་ཏུ༔ ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ གསལ་བ་ལས༔ འོད་འཕྲོས་འགྲོ་དྲུག་སེམས་ཅན་མ་ལུས་པའི༔ སྡིག་སྒྲིབ་བག་ཆགས་སྡུག་བསྔལ་ཀུན་བསྡུས་བསྟིམ༔ སྤྱི་བོར་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་དང་༔ སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས༔ ནམ་མཁར་སྐར་ཚོགས་བཀྲ་ཞིང་གསལ་བ་ཡི༔ སྐུ་ལས་དག་བྱེད་ཡེ་ཤེས་བདུད་རྩི་ནི༔ ཆུ་ཀླུང་དྲག་པོ་ལྟ་བུར་བབས་པ་ཡིས༔ ནད་རྣམས་རྣག་ཁྲག་གདོན་རྣམས་འབུ་སྲིན་དང་༔ སྡིག་སྒྲིབ་དུད་སོལ་ཁུ་བའི་རྣམ་པ་རུ༔ ས་གཞི་ཀ་པཱ་ལར་གྱུར་སྣོད་དུ་བབས༔ མདོག་ནག་མཛེས་སྡུག་ལྷ་འདྲེའི་ཡིད་འཕྲོག་པ༔ འབྲུ་གསུམ་ནུས་པས་མྱོང་གྲོལ་བདུད་རྩིར་བསྒྱུར༔ ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ ཕཊ་ཕཊ་ཕཊ༔ ཡ་གི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ མ་ལུས་འདིར་གཤེགས་འདིར་འདུས་ལ༔ རིགས་དྲུག་ས་བོན་སྒྲིབ་གཉིས་བག་ཆགས་ཀུན༔ བཀྲུས་པའི་ཁུ་བ་འདི་རོལ་མཉེས་ཚིམས་གྱུར༔ ཕཊ་ཕཊ་ཕཊ༔ ཟ་འདྲེ་ཕུང་སྲི་ཤི་གཤེད་གྲི་བདུད་དང་༔ ཕོ་གདོན་མོ་གདོན་ཀླུ་གདོན་ཐམས་ཅད་དང་༔ གནས་གདོན་ལུས་གདོན་ལན་ཆགས་ཤ་མཁོན་བདག༔ མ་ལུས་ལུས་པ་མེད་པ་ཁྱེད་རྣམས་ཀྱིས༔ སྡིག་སྒྲིབ་བག་ཆགས་བཀྲུས་པའི་ཁུ་བ་འདི༔ ལྷག་མེད་རོལ་ལ་ངོམས་ཤིང་ཚིམས་པར་གྱུར༔ ཕཊ་ཕཊ་ཕཊ༔ ཧབ་ཐོབ་རོལ་པས་སོལ་ཕུང་ལྟ་བུར་གྱུར༔ ངོམས་ཤིང་ཚིམས་ནས་དགའ་བདེའི་ཉམས་སྐྱེས་ངང་༔ ཆབ་གཅིག་འོད་ཞུ་ཐིག་ལེ་ནག་པོར་གྱུར༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཀློང་བརྒྱུད་ནས༔ ཆོས་དབྱིངས་མཉམ་པ་ཉིད་དུ་འབྱམས་ཀླས་སོ༔ སྣང་སྲིད་འཁོར་འདས་དུ་མ་རོ་གཅིག་ཏུ༔ ཀ་དག་ཀུན་ཏུ་བཟང་མོར་སངས་རྒྱས་སོ༔ ཕཊ་ཕཊ་ཕཊ༔ དེ་ནས་རིལ་པོར་འགྱེད་པ་ལ༔ རང་ལུས་ཆེ་བ་རི་རབ་ཙམ་གྱུར་པའི༔ ལུས་ནང་དབུ་མ་མཚན་ཉིད་བཞི་ལྡན་ནང་༔ སྙིང་དབུས་རིག་པ་དྭངས་མའི་ཐིག་ལེ་ནི༔ སྟེང་ཕྱོགས་ནམ་མཁའ་རྣམ་དག་དབྱིངས་དང་འདྲེས༔ དབྱིངས་ལས་ཁྲོས་མ་ནག་མོའི་སྐུ་རུ་བཞེངས༔ ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔ ཁམས་གསུམ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་༔ བག་ཆགས་ནད་གདོན་མ་ལུས་བསྡུས་ཏེ་བསྟིམ༔ ཆེ་བརྗིད་མདོག་ནག་ལྷ་འདྲེའི་ཡིད་འཕྲོག་གྱུར༔ ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ ཕཊ་ཕཊ་ཕཊ༔ ཀྱཻ༔ འདུས་ཤིག་འདུས་ཤིག་འདིར་འདུས་ཤིག༔ སྣང་ཞིང་སྲིད་པའི་ལྷ་འདྲེ་འདུས༔ ལན་ཆགས་བདག་པོ་བདག་མོ་འདུས༔ ཤ་ཟ་ཁྲག་འཐུང་ཕོ་མོ་འདུས༔ དུར་ཁྲོད་བམ་གྱི་ཚོགས་ལ་འདུས༔ ཕཊ་ཕཊ་ཕཊ༔ ཀྱཻ༔ ཕོ་གདོན་ལས་ཀྱི་རྒྱལ་འགོང་དང་༔ མོ་གདོན་ལས་ཀྱི་བསེན་མོ་དང་༔ ཀླུ་གདོན་ལས་ཀྱི་ས་བདག་རྣམས༔ དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔ ཕཊ་ཕཊ་ཕཊ༔ མཐོ་བ་སྲིད་རྩེ་མན་ཆད་ནས༔ དམའ་བ་དམྱལ་ཁམས་ཡན་ཆད་ཀྱི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ མི་རོ་བམ་ཆེན་འདི་ལ་རོལ༔ ཕཊ་ཕཊ་ཕཊ༔ གནས་གདོན་དག་ནི་ལུས་གདོན་དང་༔ ལན་ཆགས་བུ་ལོན་ཤ་མཁོན་བདག༔ མ་ལུས་ལུས་པ་མེད་པ་ཡིས༔ མི་རོ་བམ་ཆེན་འདི་ལ་རོལ༔ ཕཊ་ཕཊ་ཕཊ༔ ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ ངས་ཤ་ཁྲག་རུས་པ་སྟོན་མོར་འགྱེད༔ དེ་ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཁྱེད་དགའ་མགུ་ཡི་རང་ཚིམ་གྱུར་ནས༔ ངའི་བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཐམས་ཅད་དགའ་མགུ་ཟག་མེད་བདེ་བས་མྱོས༔ འོད་ཕུང་མཐིང་ནག་རོལ་པར་མེར་གྱིས་ཞུ༔ བདག་དང་ཡུལ་སྣང་དབྱེར་མེད་རོ་གཅིག་ཏུ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་དབྱིངས་སུ་ཐིམ༔ ཆོས་ཉིད་སྤྲོས་མཐའ་བྲལ་བར་རྫོགས་སངས་རྒྱས༔ ཕཊ་ཕཊ་ཕཊ༔ དེ་ལྟར་ནག་པོར་འགྱེད་པ་ཡིས༔ ནད་གདོན་ཀུན་སེལ་སྒྲིབ་པ་འདགས༔ འཕྲལ་ཕུག་ཀུན་ཏུ་དགེ་ལེགས་འཕེལ༔ ཡོན་ཏན་ཡེ་ཤེས་མངོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་སྐལ་བཟང་སློབ་བུ་འགས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།