TTDL-ZABTER-10-THA-011: Difference between revisions
No edit summary |
No edit summary |
||
| Line 38: | Line 38: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ {{TibChung|དག་སྣང་ཡེ་ཤེས་དྲྭ་བ་ལས༔ གསོལ་འདེབས་མུ་ཏིག་ཕྲེང་མཛེས་བཞུགས་སོ༔ }} | {{TibP|༁ྃ༔ {{TibChung|དག་སྣང་ཡེ་ཤེས་དྲྭ་བ་ལས༔ གསོལ་འདེབས་མུ་ཏིག་ཕྲེང་མཛེས་བཞུགས་སོ༔ }} སྷ་ངྼ་ཎྣ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ {{TibChung|ཟོལ་མེད་མོས་གུས་དྲག་པོས་དུས་གསུམ་དུ༔ བླ་མ་ཡིད་ལ་དྲན་ཅིང་འདི་བརྗོད་ན༔ དབང་བྱིན་ནུས་པ་རྒྱུད་ལ་རབ་ཏུ་འཇུག༔ རྣམ་མཁྱེན་ལམ་གྱི་བར་ཆད་ངེས་པར་སེལ༔ }} ཨེ་མ་ཧོ༔ ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ ཐུགས་རྗེའི་བདག་ཉིད་རིགས་གསུམ་འགྲོ་བའི་མགོན༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ གདུལ་དཀའ་འདུལ་མཛད་རྣམ་འདྲེན་སངས་རྒྱས་སྟོང་༔ དེ་སྲས་བྱང་སེམས་ཉན་རང་འཕགས་ཚོགས་དང་༔ འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ གཞོན་ནུ་བུམ་པའི་སྐུ་བརྙེས་དགའ་རབ་རྗེ༔ འཇའ་ལུས་དབང་ཕྱུག་མཁས་པ་ཤྲཱི་སེང་༔ རྒྱལ་བའི་དབང་པོ་ཨོ་རྒྱན་པདྨ་འབྱུང་༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ རྒྱལ་བསྟན་ཉིན་བྱེད་དབང་པོ་ཞི་བ་འཚོ༔ བསྟན་པའི་ཞིང་གྱུར་མངའ་བདག་ཁྲི་སྲོང་རྗེ༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་བི་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མཚོ་རྒྱལ་མ༔ མཁས་ཤིང་གྲུབ་པ་ཕུལ་ཕྱིན་བཻ་རོ་རྗེ༔ ཟབ་རྒྱའི་མཛོད་འཛིན་རྗེ་འབངས་ཉི་ཤུ་ལྔ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཐེག་གསུམ་སྒོར་ཞུགས་ཡང་དག་དོན་ལྡན་ཅིང་༔ གྲུབ་པ་མངོན་གྱུར་མཆོག་གི་དངོས་གྲུབ་བརྙེས༔ མཐོང་ཐོས་དྲན་རེག་ཐར་པའི་ལམ་དུ་གཟུད༔ བསྟན་འཛིན་སྐྱེས་བུ་རྣམས་ལ་གསོལ་བ་འདེབས༔ བདག་ནི་ཚེ་རབས་ཚེ་བརྒྱུད་ཐམས་ཅད་དུ༔ སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་༔ འདི་ཕྱིའི་མི་མཐུན་རྒུད་པ་ཀུན་ལས་སྐྱོབས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་དབྱུང་ནས༔ དོན་གཉིས་ལྷུན་གྲུབ་སྐུ་གཉིས་མངོན་གྱུར་ཤོག༔ {{TibChung|ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་ངས༔ འགྲོ་བ་དད་ལྡན་བསོད་ནམས་བསྐྱེད་པའི་ཕྱིར༔ བདུད་རྩིའི་ཟེག་མ་འདི་ཡང་སྟེར་བ་ཡིན༔ དུས་གསུམ་རྒྱུན་ཆད་མེད་པར་ཉམས་སུ་ལོངས༔ ཞེས་པ་འདི་ནི་བཙུན་མ་ཆོས་དབྱིངས་སྒྲོན་གྱིས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་ཀློང་གི་བརྗོད་ལས་བསྒྱུར་བའི་ཡི་གེ་པ་ནི་རིག་པའི་རྡོ་རྗེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 13:25, 18 July 2025
| Wylie title | dag snang ye shes drwa ba las: gsol 'debs mu tig phreng mdzes: | |
|---|---|---|
| Location | bdud 'joms gling pa zab gter Volume 10, Text 11, Pages 123-124 (Folios 1a1 to 1b6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba las gsol 'debs mu tig phreng mdzes. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 123-124. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: brgyud 'debs Verso: bdud 'joms khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Lineage Supplications - brgyud 'debs | |
| Cycle | དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba) | |
| Deity | khros ma nag mo | |
| Colophon |
ཞེས་པ་འདི་ནི་བཙུན་མ་ཆོས་དབྱིངས་སྒྲོན་གྱིས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་ཀློང་གི་བརྗོད་ལས་བསྒྱུར་བའི་ཡི་གེ་པ་ནི་རིག་པའི་རྡོ་རྗེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། | |
|
zhes pa 'di ni btsun ma chos dbyings sgron gyis bskul ngor/_khrag 'thung bdud 'joms rdo rjes ye shes klong gi brjod las bsgyur ba'i yi ge pa ni rig pa'i rdo rje phun tshogs bkra shis so/_/dge'o// | ||