DJYD-KABUM-08-NYA-006: Difference between revisions
No edit summary |
m (Text replacement - "ཨཱ༔ " to "ཨཱཿ") |
||
| Line 41: | Line 41: | ||
(1བ) འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་ག་ཕན་བདེའི་སྣང་བ་ཞེས་བ། ཨོཾ་སྭསྟི་སིདྡྷཾ། ཟླ་གཞོན་བྱེ་བའི་མདངས་ཀྱིས་མི་བསྒྲུན་པའི། །མཚན་དཔེའི་མཛེས་སྐུ་ཐུགས་རྗེའི་འོད་དཀར་ཅན། །སྐྱེ་རྒུའི་ལས་ཉོན་ཚ་གདུང་སེལ་བའི་གཉེན། །བླ་མ་ནམ་མཁའི་རྒྱལ་པོས་ཀུན་དགེར་མཛོད། །ལས་ཀྱི་ཁ་སྐོང་ཕྲིན་ལས་རྩལ་འབྱིན་ཅིང་། །འདོད་པའི་དངོས་གྲུབ་བདེ་བླག་སྒྲུབ་བྱེད་པ། །སྲེག་བླུག་ཆོ་གའི་ལས་རིམ་འཇུག་བདེའི་ཁྲིགས། །རྣམ་གསལ་ཕན་བདེའི་སྣང་བ་འདི་ན་སྤྲོ། །(དེ་ཡང་མངོན་པར་འདོད་པའི་ལས་དང་དངོས་གྲུབ་(2ན)མཐའ་དག་བདེ་བླག་ཏུ་སྒྲུབ་པར་བྱེད་པ་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་གའི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །) | (1བ) འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་ག་ཕན་བདེའི་སྣང་བ་ཞེས་བ། ཨོཾ་སྭསྟི་སིདྡྷཾ། ཟླ་གཞོན་བྱེ་བའི་མདངས་ཀྱིས་མི་བསྒྲུན་པའི། །མཚན་དཔེའི་མཛེས་སྐུ་ཐུགས་རྗེའི་འོད་དཀར་ཅན། །སྐྱེ་རྒུའི་ལས་ཉོན་ཚ་གདུང་སེལ་བའི་གཉེན། །བླ་མ་ནམ་མཁའི་རྒྱལ་པོས་ཀུན་དགེར་མཛོད། །ལས་ཀྱི་ཁ་སྐོང་ཕྲིན་ལས་རྩལ་འབྱིན་ཅིང་། །འདོད་པའི་དངོས་གྲུབ་བདེ་བླག་སྒྲུབ་བྱེད་པ། །སྲེག་བླུག་ཆོ་གའི་ལས་རིམ་འཇུག་བདེའི་ཁྲིགས། །རྣམ་གསལ་ཕན་བདེའི་སྣང་བ་འདི་ན་སྤྲོ། །(དེ་ཡང་མངོན་པར་འདོད་པའི་ལས་དང་དངོས་གྲུབ་(2ན)མཐའ་དག་བདེ་བླག་ཏུ་སྒྲུབ་པར་བྱེད་པ་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་གའི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །) | ||
(དང་པོ་ནི། གང་དུ་བྱ་བའི་ས་གཞི་དེ་ཉིད་སྔར་མ་སྦྱངས་པ་ཡིན་ན་སྒྲུབ་ཁོག་བཞིན་སའི་ཆོ་ག་རྒྱས་པར་བྱ་བའམ། བསྡུ་ན་ཞིང་སྐྱོང་གཞི་བདག་རྣམས་ལ་གཏོར་མ་དང་གསེར་སྐྱེམས་བྱིན་གྱིས་བརླབས་པ་བསྔོས་ཏེ་གནང་བ་ཞུ། གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་སྙིང་པོ་ཡི་གེ་བཅུ་པ་དང་།) | (དང་པོ་ནི། གང་དུ་བྱ་བའི་ས་གཞི་དེ་ཉིད་སྔར་མ་སྦྱངས་པ་ཡིན་ན་སྒྲུབ་ཁོག་བཞིན་སའི་ཆོ་ག་རྒྱས་པར་བྱ་བའམ། བསྡུ་ན་ཞིང་སྐྱོང་གཞི་བདག་རྣམས་ལ་གཏོར་མ་དང་གསེར་སྐྱེམས་བྱིན་གྱིས་བརླབས་པ་བསྔོས་ཏེ་གནང་བ་ཞུ། གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་སྙིང་པོ་ཡི་གེ་བཅུ་པ་དང་།) ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། (ཅེས་ལན་བདུན་ཙམ་བཟླ་བ་ཀུན་རྫོབ་ཀྱི་སྦྱོང་བ་དང་།) སྭ་བྷཱ་ཝ(ས་ཆོས་ཐམས་ཅད་སྟོང་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་སྟེ་ལས་ཐུན་མོང་གི་སྦྱོར་བའོ། །) | ||
(གཉིས་པ་དངོས་གཞི་ལ་གཉིས། སྐབས་དོན་ཞི་བའི་སྦྱིན་སྲེག་དང་། (2བ)དེ་ཉིད་རྒྱས་པའི་སྲེག་བླུག་ཏུ་ཁ་བསྒྱུར་ཚུལ་ལོ། །དང་པོ་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། བཀྲ་ཤིས་པའི་ས་ལས་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་མེ་ཐབ་བྱ་སྟེ། དེའང་རྒྱུན་གྱི་ལག་ལེན་དུ་བརྩིག་ཐབ་དང་བརྐོས་ཐབ་མི་འགྲུབ་པའི་དབང་དུ་བྱས་ཏེ། སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་ལ། པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་ལྟེ་བར་རྃ་གྱིས་མཚན་པ། པདྨའི་ཕྱི་སྐོར་དུ་སོར་བཞི་པའི་མུ་རན་ལ་མེ་རི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། དེ་ཕྱིར་ཁ་ཁྱེར་སོར་བཞི་པ་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཟླུམ་པོར་བརྩིག་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཡེ་ཤེས་པ་དང་(3ན)འཇིག་རྟེན་པར་ཉེར་སྤྱོད་ལྔ་ཚར་གཉིས་བཅས་འགོད། དུང་ཞལ་ལམ་ཉ་ལྕིབས་ལྟ་བུའི་སྣོད་དུ་ཆུ་གཉིས་སོ་སོའི་རྫས་ཐུན་མོང་པ་དྲི་མེ་ཏོག་ཏིལ་ཀུ་ཤ་འབྲས་ཡོས་རྣམས་དང་། ཁྱད་པར་འོ་མ་མེ་ཏོག་དཀར་པོ་དྲི་དཀར་པོ་རྣམས་སྦྱར་བ་བཟེད་ཞལ་དང་བཅས་པའང་འདུ་བྱ། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ཁས་བྱུང་བའི་ཡམ་ཤིང་སོར་བཞི་པ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དྰུརྦ། ཀུ་ཤ། ཡུངས་དཀར། ཤིང་ཏོག་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམས། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བྃ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་དང་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་པའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཁ་ཤར་དུ་ཕྱོགས་པར་མཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །(3བ)སྒྲུབ་མཆོད་དང་འབྲེལ་བའི་ཚེ་སྙིང་པོ་ལ་)ཕཊ་ཛཿ(བཏགས་པ་བརྗོད་པས།) རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ལྷའི་རྣམ་པས་ཐོན་ནས་ལས་རིམ་ལ་འཇུག་པར་(མོས་ལ། ཚུལ་བཞིན་བསྒྲུབས་པའི་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་རྡོ་དྲིལ་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། (ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།) | (གཉིས་པ་དངོས་གཞི་ལ་གཉིས། སྐབས་དོན་ཞི་བའི་སྦྱིན་སྲེག་དང་། (2བ)དེ་ཉིད་རྒྱས་པའི་སྲེག་བླུག་ཏུ་ཁ་བསྒྱུར་ཚུལ་ལོ། །དང་པོ་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། བཀྲ་ཤིས་པའི་ས་ལས་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་མེ་ཐབ་བྱ་སྟེ། དེའང་རྒྱུན་གྱི་ལག་ལེན་དུ་བརྩིག་ཐབ་དང་བརྐོས་ཐབ་མི་འགྲུབ་པའི་དབང་དུ་བྱས་ཏེ། སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་ལ། པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་ལྟེ་བར་རྃ་གྱིས་མཚན་པ། པདྨའི་ཕྱི་སྐོར་དུ་སོར་བཞི་པའི་མུ་རན་ལ་མེ་རི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། དེ་ཕྱིར་ཁ་ཁྱེར་སོར་བཞི་པ་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཟླུམ་པོར་བརྩིག་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཡེ་ཤེས་པ་དང་(3ན)འཇིག་རྟེན་པར་ཉེར་སྤྱོད་ལྔ་ཚར་གཉིས་བཅས་འགོད། དུང་ཞལ་ལམ་ཉ་ལྕིབས་ལྟ་བུའི་སྣོད་དུ་ཆུ་གཉིས་སོ་སོའི་རྫས་ཐུན་མོང་པ་དྲི་མེ་ཏོག་ཏིལ་ཀུ་ཤ་འབྲས་ཡོས་རྣམས་དང་། ཁྱད་པར་འོ་མ་མེ་ཏོག་དཀར་པོ་དྲི་དཀར་པོ་རྣམས་སྦྱར་བ་བཟེད་ཞལ་དང་བཅས་པའང་འདུ་བྱ། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ཁས་བྱུང་བའི་ཡམ་ཤིང་སོར་བཞི་པ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དྰུརྦ། ཀུ་ཤ། ཡུངས་དཀར། ཤིང་ཏོག་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམས། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བྃ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་དང་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་པའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཁ་ཤར་དུ་ཕྱོགས་པར་མཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །(3བ)སྒྲུབ་མཆོད་དང་འབྲེལ་བའི་ཚེ་སྙིང་པོ་ལ་)ཕཊ་ཛཿ(བཏགས་པ་བརྗོད་པས།) རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ལྷའི་རྣམ་པས་ཐོན་ནས་ལས་རིམ་ལ་འཇུག་པར་(མོས་ལ། ཚུལ་བཞིན་བསྒྲུབས་པའི་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་རྡོ་དྲིལ་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། (ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།) ཨོཾ་བཛྲ་གྷཎྜེ་ཨཱཿ(ཞེས་དྲིལ་བུ་གསོར་ཞིང་དཀུར་བརྟེན།) ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨཀོ྅ཧཾ། (ཞེས་པད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་།) སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་(4ན)བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་གྱུར་པར་(བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་རྣམས་བསང་སྦྱང་།) སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་(བསམ་ཞིང་།) རྡོ་དྲིལ་དང་བཅས་དགང་བླུགས་འཛིན་པས་བསྲེག་རྫས་རྣམས་ལ་གཡས་སྐོར་དུ་རེག་ལ། ཨོཾ་སྭཱཧཱ། (ཡམ་ཤིང་ལ།) ཨོཾ་ཨཱཿསྭཱཧཱ། (ཞུན་མར་ལ།) ཨོཾ་ཤྲཱི་སྭཱཧཱ། (འབྲུ་རྣམས་ལ།) ཨོཾ་ཛྲིཾ་སྭཱཧཱ། (རྫས་གཞན་རྣམས་ལ།) ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཨཱཿཧཱུྃ། (ཞེས་སྔགས་རྣམས་ལན་གསུམ་གསུམ་དུ་བརྗོད་པས་བརླབ་བོ། །དེ་ནས་བགེགས་ལ་གཏོར་མ་བྱིན་ཏེ་བཀའ་བསྒོ་ཞིང་མཚམས་བཅད། བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ།) ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། (ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག །)ཧཱུྃ་ཧཱུྃ་ཧཱུྃ་(ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུ་དང་ལས་སྔགས་ཀྱིས་བསང་ལ།) ཨོཾ། ཀུ་ཤ་(4བ)འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ། (ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་དགྲམ་ཞིང་སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ ། དེ་ནས་ཐབ་བསང་སྦྱང་།) སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་དབྱུ་གཏོ་དཀར་པོར་རྃ་གྱིས་མཚན་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བགྲང་ཕྲེང་། གཡོན་གཉིས་རིལ་(5ན)བ་དང་སྐྱབས་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། གསུས་ཁྱིམ་ཆེ་ལ་བྲང་རུས་བཀྲ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་དཀར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་།) ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ ཨནྷེ་རཱ་ཛ་འཁོར་དང་བཅས༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ དགྱེས་པའི་གདན་ལ་བཞུགས་ཀྱང་འཚལ༔ ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨཱ་གཙྪ་ཡ༔ མ་མ་ཤཱིནྟཾ་ཀུ་རུ་སྭཱཧཱ༔ (ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་ཆུ་འཐོར་(5བ)ཞིང་ལས་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད།) ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ (ཞེས་དམ་དབྱེར་མེད་དུ་བསྟིམ།) དག་པ་རབ་འབྱམས་མཆོད་པའི་རྫས༔ སྟོང་གསུམ་ཀུན་གྱི་དྲི་ཆབ་མཆོག༔ སྤོས་སྨན་གཙང་སྦྱར་དམ་པ་འདིས༔ མི་གཙང་དྲི་ཚོགས་དག་གྱུར་ཅིག༔ (དུང་ཞལ་སོ་སོ་ནས་ཆུ་གཉིས་བཟེད་ཞལ་དུ་བྲིམ་ཞིང་།) ཨོཾ་ཨནྷེ་དེ་ཝ་ཏཱ་ས་པ་རི་ཝཱ་ར་ཨརྒྷཾ་བྲ་ཏཱི་ཙྪ་སྭཱཧཱ༔ (ཞེས་མཆོད་ཡོན་དང་། དེ་བཞིན་དུ།) པཱ་དྱཾ་(སྦྱར་བས་ཞབས་བསིལ་ཕུལ།) ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོར་དབང་བསྐུར་བ༔ ཤེས་རབ་མཆོག་གིས་ཉོན་མོངས་བསྲེག༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ (ཞེས་ཕྱག་བྱ།) ཧོཿ ལྷ་རྫས་བཟང་པོ་ལས་བྱུང་བའི༔ མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ཕྱི་མཆོད་རྣམ་པ་སྣ་ཚོགས་འདི༔ མེ་ལྷའི་རྒྱལ་པོ་ཁྱེད་ལ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་པུཥྤེ་དྷུ་པེ་(སོགས་ནས།) ཤཔྡ་པྲ་ཏཱི་ཙྪ་པཱུ་ཛ་ཧོཿ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ནང་གི་མཆོད་པ་སྣ་ཚོགས་འབུལ༔ (6ན)ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་རཱུ་པ་(སོགས།) སྤརྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ བདུད་རྩི་སྨན་དང་བ་ལི་ཏཾ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ཁྱོད༔ འགྲོ་བ་སེམས་ཅན་དོན་སླད་དུ༔ གནས་འདིར་བསྲེག་བླུགས་མཆོད་པ་བཞེས༔ ཞི་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ (ཅེས་ཕྱི་ནང་གི་མཆོད་པས་མཆོད། དེ་ནས་བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི།) མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ་ལ།) ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱཧཱ༔ (ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་།) ཨོཾ་ཨགྣེ་དེ་བ་ཡ་ཨཱ་དི་བྱ་པ་ཏི་བྷྱཿཨ་བེ་ཤ་མ་ཧཱ་ཤྲཱི་ཡེ་(6བ)ཧ་བྱ་ཀ་བྱ་བྷ་ཧ་ན་ཡེ་སྭཱཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། (ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགས་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ཞིང་།) བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ (ཞེས་སྦྱར་བས་སྲེག་བླུགས་བདུན་ལ་སོགས་པ་འབུལ་ལོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟ་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་།) ཨོཾ་བོ་དྡྷི་བྲིཀྵ་ཡ་སྭཱཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། (མར་ཁུ།) ཨོཾ་ཨགྣ་ཡེ་སྭཱཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ༴ (ཏིལ།) ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ༔ སྡིག་སྒྲིབ་ཞི་(7ན)བ་ལ༴ ཞོ་ཟན་ནམ་ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ༴ (འབྲས།) ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ༴ (སོ་བ།) ཨོཾ་བཛྲ་བཱི་ཛ་ཡ་སྭཱཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ (གྲོ།) ཨོཾ་བཛྲ་གྷ་སྨ་རཱི་སྭཱཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ༴ (དཱུརྦ།) ཨོཾ་བཛྲ་ཨ་ཡུ་ཥེ་སྭཱཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ༴ (ཀུ་ཤ།) ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ༴ (ཡུངས་དཀར།) ཨོཾ་བཛྲ་སིདྡྷ་ཡེ་སྭཱཧཱ༔ གདོན་བགེགས་འཇོམས་པ་ལ༴ (ཤིང་ཏོག །)ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏི་སྭཱཧཱ༔ རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ༴ (དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། བསྟོད་པ་ནི།) ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྒྲུབ་མཛད་པ༔ བདག་གཞན་དོན་གཉིས་མྱུར་འགྲུབ་སྩོལ༔ འཇིགས་བྱེད་མེ་ལྷ་ཉིད་ལ་བསྟོད༔ མེ་ལྷའི་(7བ)རྒྱལ་པོ་དགའ་བའི་མཆོག༔ ཚངས་དབང་འཇིག་རྟེན་སྐྱོང་བྱེད་སྲས༔ བགེགས་ཚོགས་མ་ལུས་སྲེག་མཛད་པའི༔ གཟི་བརྗིད་རྒྱལ་པོ་ཉིད་ལ་འདུད༔ ཉོན་མོངས་སྲེག་པའི་ཡེ་ཤེས་འོད༔ མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལྡན༔ ཉེས་པའི་སྐྱོན་རྣམས་སེལ་མཛད་པ༔ དྲང་སྲོང་ཆེན་པོ་ཉིད་ལ་འདུད༔ དམ་བཅས་བཞིན་དུ་མེ་ཡི་ལས༔ ནུས་པར་བྱིན་གྱིས་བརླབ་ཏུ་གསོལ༔ (ཞེས་བསྟོད།) ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་གདོན་རྣམས་ལས་ཐར་བ་དང་གློ་བུར་ཡེ་འགྲོགས་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་ཆད་མི་འབྱུང་བ་མཛད་དུ་གསོལ། མི་ཁ་སྨྲ་མཆུ་དགྲ་རྐུན་བྱད་ལྟེམས་སྦྱོར་བ་རྩུབ་མོ་དང་ཉེ་བར་འཚེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་(8ན)ཐམས་ཅད་ཕྱིར་ཟློག་པར་མཛད་དུ་གསོལ། ལས་དང་ཉོན་མོངས་བག་ཆགས་ཤེས་བྱའི་དྲི་མ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱིནྟཾ་ཀུ་རུ་སྭཱཧཱ། (ཞེས་འདོད་དོན་གསོལ་ལ།) ཨོཾ་ཨཱཿཧཱུྃ་མུཿ(ས་ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་བསམ་མོ། །དེ་དག་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་ལ་བསང་སྦྱང་།) ཧྲཱིཿ དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས༔ མ་ཆགས་སྣ་ཚོགས་པད་མའི་སྟེང་༔ (ཞེས་སོགས་ནས།) ངོ་མཚར་རྒྱལ་བའི་ཕོ་བྲང་གསལ༔ ཞེས་པའི་བར་གྱི་རྟེན་སྣོད་ཀྱི་བཀོད་པ་གསལ་གདབ། སྐབས་འདིར་སྦྱིན་སྲེག་རྐྱང་པའི་ཚེ་ན་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས་སུ། ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་༔ (ཞེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་སྙིང་པོ་བཟླ་བཞིན་པས་མེ་ཏོག་ཐབ་ཏུ་དོར་བའི་མཐར།) ཧྲཱིཿ རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ (8བ)(ཞེས་སོགས་ཀྱིས་ལས་བྱང་བཞིན་གཙོ་འཁོར་ཡོངས་རྫོགས་གསལ་གདབ། གང་ལྟར་ཡང་བཞུགས་སུ་གསོལ་བ་ནས་བཟུང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་བར་དུ་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ།) དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་(ཞེས་སོགས་འདོན་པ་སྤོས་ཏེ། སྙིང་པོ་ཡི་གེ་བཅུ་པས་དགང་ཞིང་སྤྱི་དྲིལ་སྤེལ་ཚིག་དང་བཅས་པས་ལན་ཉེར་གཅིག་སོགས་འབུལ། དེ་ནས་ཡམ་ཤིང་སོགས་བསྲེག་རྫས་གཞན་ཐམས་ཅད་ཡིག་བཅུ་ལ་རྫས་སྔགས་སྦྱར་བས་ལན་བཅུ་ལ་སོགས་པ་ཇི་ལྟར་རིགས་པ་ཕུལ་མཐར་སོ་སོའི་སྤེལ་ཚིག་ཀྱང་གོང་བཞིན་སྦྱར། ཚུལ་དེ་ལྟ་བུས་རྫས་རྣམས་རྫོགས་པ་དང་ཚོགས་ཕུད་ཀྱི་ཆ་ཤས་ཀྱང་།) ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་སརྦ་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ (ཞེས་འབུལ། དེ་ནས་ལས་བྱང་བཞིན་བསྟོད་དེ།) ཧོཿ འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་(སོགས་གོང་བཞིན་འདོད་པའི་དོན་ལ་གསོལ་བ་བཏབ་པས།) ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་(9ན)རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ལ་སོགས་པའི་ཉེས་པ་ཐམས་ཅད་དག་ཅིང་ཞི་བར་(བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།) ཨོཾ་བཛྲ་ཝ་སྟྲ་ཡ་སྭཱཧཱ༔ (ཞེས་གོས་ཟུང་དང་།) ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱཧཱ། (ཞེས་སོ་རྩི་དབུལ། ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤྭ་ལོ་ཀ་གཅིག་གིས་བསྟོད།) མ་རྙེད་ཡོངས་སུ་མ་ཚང་དང་། །(སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།) ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །(ཅེས་སོགས་ནས།) བཛྲ་མུཿ (ཞེས་སེ་གོལ་གྱི་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་སྐབས།) ཐབ་ཀྱི་ཡེ་ཤེས་པ་སྒྲུབ་པའི་དཀྱིལ་འཁོར་དུ་གཤེགས་པར་(བསམ་ལ་ཚོམ་བུ་སླར་སྒྲུབ་ཁང་དུ་སྤྱན་དྲང་ངོ་། །དེ་དག་ནི་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །) | ||
(གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།) བཛྲ་ས་མཱ་ཛཿ(ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།) ཛཿཧཱུྃ་བྃ་ཧོཿ(ས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་(9བ)སྤེལ་ཚིག་མེད་པའི་སྔགས་ཀྱིས་འབུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར།) པུཥྤེ་(སོགས་ཉེར་སྤྱོད་ལྔས་མཆོད།) ཧཱུྃ༔ ཕྲིན་ལས་སྒྲུབ་མཛད་ཆེ་བའི་མཆོག༔ མེ་ལྷའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ (ཞེས་བསྟོད།) ཨ་ཀཱ་རོ(ས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། སྔར་བཞིན་ནོངས་པ་བཤགས་ནས།) བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །(ཞེས་སྙན་མནན་ཏེ།) ཨོཾ་ཨགྣ་ཡེ་གཙྪ། (ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་ལ་བསྡུ། མེ་རང་ཞིར་གཏོང་བའམ་ལོང་མེད་ན་འོ་མ་དང་དྲི་བཟང་པོའི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།། །།) | (གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།) བཛྲ་ས་མཱ་ཛཿ(ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།) ཛཿཧཱུྃ་བྃ་ཧོཿ(ས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་(9བ)སྤེལ་ཚིག་མེད་པའི་སྔགས་ཀྱིས་འབུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར།) པུཥྤེ་(སོགས་ཉེར་སྤྱོད་ལྔས་མཆོད།) ཧཱུྃ༔ ཕྲིན་ལས་སྒྲུབ་མཛད་ཆེ་བའི་མཆོག༔ མེ་ལྷའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ (ཞེས་བསྟོད།) ཨ་ཀཱ་རོ(ས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། སྔར་བཞིན་ནོངས་པ་བཤགས་ནས།) བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །(ཞེས་སྙན་མནན་ཏེ།) ཨོཾ་ཨགྣ་ཡེ་གཙྪ། (ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་ལ་བསྡུ། མེ་རང་ཞིར་གཏོང་བའམ་ལོང་མེད་ན་འོ་མ་དང་དྲི་བཟང་པོའི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།། །།) | ||
(༈ ། གཉིས་པ་དེ་ཉིད་རྒྱས་པའི་སྲེག་བླུག་ཏུ་ཁ་བསྒྱུར་ཚུལ་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་ (10ན)བསྐྲུན་པའི་ཐབ་སྟེགས་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུ་འམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཆུ་གཉིས་ཀྱི་སྣོད་གསེར་དངུལ་སོགས་སུ་རྫས་ཞོ་མེ་ཏོག་སེར་པོ་དྲི་སེར་པོ་རྣམས་སྦྱར་བ། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བིཝ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་(10བ)རིགས་ཀྱི་ཁྱིམ་དང་གཙུབས་ཤིང་ལས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས།) སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་དབྱུག་ཏོ་སེར་པོ་རྃ་གྱིས་མཚན་པ་ལས་རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བསྒྲང་ཕྲེང་། གཡོན་གཉིས་རིལ་བ་དང་མཆོག་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་(11ན)སྐྱེས་སེར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། དྲང་སྲོང་གི་ཚོགས་ཀྱིས་(སོགས་སྔར་ལྟར་དང་། མ་མ་ཤཱིནྟཾ་ཀུ་རུའི་མལ་དུ།) མ་མ་པུཥྚི་ཀུ་རུ་ཨོཾ༔ (ཞེས་དང་། ཞི་བའི་མལ་དུ་རྒྱས་པ་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས།) ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། (ཞེས་དང་།) གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས།) ན་མོ། རིག་པའི་རྒྱལ་པོ༴ (སོགས་གོང་ལྟར་ལ།) བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་(11བ)ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་སྦྱར། འདས་པའི་དགང་བླུགས་སྐབས།) དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་(ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།) ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་(བསམ། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བའི་ཚེ་སྦྱིན་སྲེག་གི་མེ་ལ་འོ་ཐུག་བསྒྲུབ་སྟེ། རིན་པོ་ཆེའི་སྣོད་གཙང་མ་དྲིས་བྱུགས་ཤིང་མེ་ཏོག་དཀར་པོའི་ཕྲེང་བས་བཅིངས་པའི་ནང་དུ། འོ་མ་དང་། འབྲས་མ་གྲུགས་པ། མར། སྦྲང་རྩི། ཀ་ར་རྣམས་ཧྲཱིཿཡིག་ལས་བྱུང་བའི་ཞལ་ཟས་སུ་མོས་པ་བླུགས་གཟར་གྱིས་(12ན)བླུགས་ལ་ཐབ་ཀྱི་ནང་མཉྗིའི་སྟེགས་ལ་བཙུག །རང་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བསམ་ལ།) | (༈ ། གཉིས་པ་དེ་ཉིད་རྒྱས་པའི་སྲེག་བླུག་ཏུ་ཁ་བསྒྱུར་ཚུལ་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་ (10ན)བསྐྲུན་པའི་ཐབ་སྟེགས་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུ་འམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཆུ་གཉིས་ཀྱི་སྣོད་གསེར་དངུལ་སོགས་སུ་རྫས་ཞོ་མེ་ཏོག་སེར་པོ་དྲི་སེར་པོ་རྣམས་སྦྱར་བ། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བིཝ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་(10བ)རིགས་ཀྱི་ཁྱིམ་དང་གཙུབས་ཤིང་ལས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས།) སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་དབྱུག་ཏོ་སེར་པོ་རྃ་གྱིས་མཚན་པ་ལས་རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བསྒྲང་ཕྲེང་། གཡོན་གཉིས་རིལ་བ་དང་མཆོག་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་(11ན)སྐྱེས་སེར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། དྲང་སྲོང་གི་ཚོགས་ཀྱིས་(སོགས་སྔར་ལྟར་དང་། མ་མ་ཤཱིནྟཾ་ཀུ་རུའི་མལ་དུ།) མ་མ་པུཥྚི་ཀུ་རུ་ཨོཾ༔ (ཞེས་དང་། ཞི་བའི་མལ་དུ་རྒྱས་པ་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས།) ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། (ཞེས་དང་།) གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས།) ན་མོ། རིག་པའི་རྒྱལ་པོ༴ (སོགས་གོང་ལྟར་ལ།) བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་(11བ)ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་སྦྱར། འདས་པའི་དགང་བླུགས་སྐབས།) དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་(ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།) ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་(བསམ། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བའི་ཚེ་སྦྱིན་སྲེག་གི་མེ་ལ་འོ་ཐུག་བསྒྲུབ་སྟེ། རིན་པོ་ཆེའི་སྣོད་གཙང་མ་དྲིས་བྱུགས་ཤིང་མེ་ཏོག་དཀར་པོའི་ཕྲེང་བས་བཅིངས་པའི་ནང་དུ། འོ་མ་དང་། འབྲས་མ་གྲུགས་པ། མར། སྦྲང་རྩི། ཀ་ར་རྣམས་ཧྲཱིཿཡིག་ལས་བྱུང་བའི་ཞལ་ཟས་སུ་མོས་པ་བླུགས་གཟར་གྱིས་(12ན)བླུགས་ལ་ཐབ་ཀྱི་ནང་མཉྗིའི་སྟེགས་ལ་བཙུག །རང་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བསམ་ལ།) ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་དི་བྱ་ཨགྣེ་ས་མཱ་དྷི་ན་པྲི་ཎ་ནེ་སྭཱཧཱ། (ཞེས་བཟླ་བཞིན་དུ་བསྐོལ་བ་ནི་ཙཱ་རུའི་བཟའ་བ་ཞེས་བཀྲ་ཤིས་པའི་ཟས་ཏེ། ལྷ་མཆོད་པ་དང་དགའ་སྟོན་དུ་རོལ་པས་ལེགས་པའི་ཡོན་ཏན་མྱུར་དུ་སྐྱེད་པའི་རྟེན་འབྲེལ་གྱི་ཆོ་ག་མཐུ་དང་ལྡན་པའོ། །དེ་དག་ནི་རྫས་ལ་བརྟེན་པ་ཕྱིའི་སྦྱིན་སྲེག་གོ ། གཞན་དུ་རྣལ་འབྱོར་པ་ཏིང་ངེ་འཛིན་ལས་སུ་རུང་ཞིང་ཡོ་བྱད་མི་འབྱོར་པའམ་སྤྲོས་པ་ལ་མི་དགའ་བས་ནི་ཆོ་གའི་རིམ་པ་དེ་དག་བསམ་གཏན་ཁོ་ནས་ཀྱང་དོན་འགྲུབ་ལ། རང་ལུས་ལྷའི་དཀྱིལ་འཁོར་དུ་གསལ་བས་ལ་ཁ་ཟས་ཟག་མེད་བདུད་རྩིའི་དྭངས་མ་འབུལ་བ་ནང་གི་བསྲེག་བླུགས་དང་། དཔྱིད་ཐིག་འབར་བཞུའི་བདུད་རྩིས་འཁོར་ལོ་བཞི་ཡན་ལག་དང་བཅས་པའི་ལྷ་རྣམས་དགའ་བས་ཚིམས་པ་གསང་བའི་བསྲེག་བླུགས་དང་། རིག་སྟོང་རྡོ་རྗེའི་མེ་རང་བྱུང་དུ་འབར་བ་ལ་གཟུང་འཛིན་རྟོག་པའི་བུད་ཤིང་ཤར་གྲོལ་དུ་བསྲེགས་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་ཁྱབ་བརྡལ་ཆེན་པོར་འོད་དུ་གསལ་བ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། དེ་དག་ཕྱི་མ་ཕྱི་མ་མཆོག་ཏུ་གྱུར་ལ། དེའང་སྔ་མ་སྔོན་དུ་སོང་བས་ཕྱི་མའི་མངོན་རྟོགས་བསྐྱེད་པའི་རྒྱུ་མཐུན་དུ་འགྱུར་ཞིང་། བློ་རབ་ཁ་ཅིག་དང་པོ་ཉིད་ནས་མཆོག་གི་སྦྱིན་སྲེག་ལ་ལོངས་སྤྱད་(12བ)པས་ཀྱང་དོན་གཉིས་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །དཀྱིལ་འཁོར་འཁོར་ལོའི་ཞལ་སྒོའི་དམ་ཚིག་གང་། །མཆོད་སྦྱིན་དགའ་སྟོན་བདེ་ཆེན་བདུད་རྩིའི་རོས། །དགང་ཞིང་བླུགས་པའི་ཐབས་མཁས་ཚུལ་ཆེན་པོས། །བསོད་ནམས་ཚོགས་མཐར་བྱེད་འདི་མྱུར་བདེའི་སྐྱེས། །ཡེ་ཤེས་རྡོ་རྗེའི་མེ་ལྕེ་རབ་འབར་བས། །ཉོན་མོངས་ཉེས་པའི་ཚང་ཚིང་ཀུན་བསྲེགས་ནས། །རང་བྱུང་འོད་གསལ་ནམ་མཁའི་རྒྱལ་པོའི་ཞལ། །ཆོས་ཉིད་མིག་གིས་མངོན་སུམ་ལེགས་མཇལ་ཤོག །དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་ག་ཕན་བདེའི་སྣང་བ་ཞེས་བྱ་བ་འདིའང་། དགོངས་པ་ཡོངས་འདུས་རྩ་བའི་སྲེག་བླུགས་ཀྱི་གཞུང་བཞིན་འཇུག་བདེ་བཀླག་པས་གྲུབ་པར་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་རིན་སྤུངས་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 11:10, 5 August 2025
| Wylie title | dam chos sprul sku'i snying thig las 'phags mchog nam mkha'i rgyal po'i sbyin sreg gi cho ga phan bde'i snang ba | |
|---|---|---|
| Location | bdud 'joms rin po che bka' 'bum Volume 8, Text 6, Pages 171-194 (Folios 1a1 to 12b5) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dam chos sprul sku'i snying thig las 'phags mchog nam mkha'i rgyal po'i sbyin sreg gi cho ga phan bde'i snang ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 171-194. Kalimpong: Dupjung Lama, 1979-1985. | |
| Side notes | Recto: sbyin sreg Verso: bdud 'dul thugs chen | |
| More details More details | ||
| Tertön | བདུད་འདུལ་རྡོ་རྗེ་ (bdud 'dul rdo rje) | |
| Genre | Fire Offerings - sbyin sreg | |
| Cycle | དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig) | |
| Deity | thugs rje chen po, nam mkha' rgyal po | |
| Colophon |
།དེ་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྦྱིན་སྲེག་གི་ཆོ་ག་ཕན་བདེའི་སྣང་བ་ཞེས་བྱ་བ་འདིའང་། དགོངས་པ་ཡོངས་འདུས་རྩ་བའི་སྲེག་བླུགས་ཀྱི་གཞུང་བཞིན་འཇུག་བདེ་བཀླག་པས་གྲུབ་པར་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་རིན་སྤུངས་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་གནས་སུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
|
/de ltar 'phags mchog nam mkha'i rgyal po'i sbyin sreg gi cho ga phan bde'i snang ba zhes bya ba 'di'ang /___dgongs pa yongs 'dus rtsa ba'i sreg blugs kyi gzhung bzhin 'jug bde bklag pas grub par rig 'dzin gyi myu gu 'jigs bral ye shes rdo rjes mon gyi spa gro rin spungs kun tu bzang po'i nags klung nyams dga' ba'i gnas su legs par sbyar ba ste/___'dis kyang las dang dngos grub thams cad thogs med yid bzhin du 'grub pa'i rgyur gyur cig___/sarba dA mang+ga laM// | ||