DJYD-KABUM-07-JA-012: Difference between revisions
m (Text replacement - "ཀྲོ་ངྷ" to "ཀྲོ་དྷ") |
No edit summary |
||
| Line 28: | Line 28: | ||
|versonotes=bdud 'dul dgongs 'dus | |versonotes=bdud 'dul dgongs 'dus | ||
|colophontib=།དེ་ལྟར་སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་འདི་ལྟར་ལག་ལེན་འཇུག་པ་བདེ་བའི་ཁྲིགས་སུ་བསྡེབས་པར་གྱིས་ཞེས་བཀས་རྗེས་སུ་གནང་བ་དད་པས་སྤྱི་བོར་མཆོད་དེ། པྲ་ཁྲིད་གཏེར་གཞུང་རྩ་བར་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་དག་ལས་བླངས་ཤིང་དཀྱུས་ཀྱི་ཕྱག་ལེན་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ཆུ་སྟོད་ཉ་བའི་ཤེས་རབ་ཀྱི་ཆའི་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ། གྲུབ་པའི་བསྟི་གནས་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་པ་མཆོག་གི་གླིང་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ལམ་འདི་ཉིད་ལ་མི་ཕྱེད་པའི་དད་གུས་ཀྱི་གཡར་དམ་ལྷུར་ལེན་པ་དགེ་སྦྱོང་པདྨ་བློ་གསལ་དང་འཇིགས་མེད་རང་གྲོལ་ཏེ་རྣམ་པ་གཉིས་ཀྱིས་སོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་འགྲོ་བ་ཐམས་ཅད་གུ་རུ་རྩ་བ་གསུམ་གྱི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། | |colophontib=།དེ་ལྟར་སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་འདི་ལྟར་ལག་ལེན་འཇུག་པ་བདེ་བའི་ཁྲིགས་སུ་བསྡེབས་པར་གྱིས་ཞེས་བཀས་རྗེས་སུ་གནང་བ་དད་པས་སྤྱི་བོར་མཆོད་དེ། པྲ་ཁྲིད་གཏེར་གཞུང་རྩ་བར་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་དག་ལས་བླངས་ཤིང་དཀྱུས་ཀྱི་ཕྱག་ལེན་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ཆུ་སྟོད་ཉ་བའི་ཤེས་རབ་ཀྱི་ཆའི་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ། གྲུབ་པའི་བསྟི་གནས་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་པ་མཆོག་གི་གླིང་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ལམ་འདི་ཉིད་ལ་མི་ཕྱེད་པའི་དད་གུས་ཀྱི་གཡར་དམ་ལྷུར་ལེན་པ་དགེ་སྦྱོང་པདྨ་བློ་གསལ་དང་འཇིགས་མེད་རང་གྲོལ་ཏེ་རྣམ་པ་གཉིས་ཀྱིས་སོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་འགྲོ་བ་ཐམས་ཅད་གུ་རུ་རྩ་བ་གསུམ་གྱི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། | ||
|colophonwylie= | |colophonwylie=de ltar sgrub chen gyi pra khrid khrigs su bsdebs pa dngos grub 'dod 'jo'i bum bzang zhes bya ba 'di ni/___khyab bdag bla ma mtsho skyes rdo rje 'chang gi ngo bor bzhugs pa gar gyi dbang phyug sangs rgyas rdo rje 'dus pa rtsal gyi zhal snga nas lam 'di'i ring lugs 'dzin pa rnams kyi 'jug sgor 'di ltar lag len 'jug pa bde ba'i khrigs su bsdebs par gyis zhes bkas rjes su gnang ba dad pas spyi bor mchod de/___pra khrid gter gzhung rtsa bar skabs su babs pa'i kha skong du 'os pa rnams rigs mthun gyi gter kha dag las blangs shing dkyus kyi phyag len rnam gsal bklag chog gi tshul du/___rig 'dzin gyi myu gu 'jigs bral ye shes rdo rjes rang lo sum cu tham pa'i thog tu son pa dpal gdong gi lo chu stod nya ba'i shes rab kyi cha'i mkha' 'gro 'du ba'i dus bzang po la/___grub pa'i bsti gnas chos sdings rin chen spungs kyi yang dben 'od gsal theg pa mchog gi gling du sbyar ba las/___thog ma'i yi ge pa ni lam 'di nyid la mi phyed pa'i dad gus kyi g.yar dam lhur len pa dge sbyong pad+ma blo gsal dang 'jigs med rang grol te rnam pa gnyis kyis so/___/'dis kyang zab lam gyi phrin las gong nas gong du 'phel zhing rgyas pa dang 'gro ba thams cad gu ru rtsa ba gsum gyi go 'phang la myur du reg pa'i rgyur gyur cig/___//___sarba dA mang+ga laM// | ||
|pdflink=File:DJYD-KABUM-07-JA-012.pdf | |pdflink=File:DJYD-KABUM-07-JA-012.pdf | ||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | ||
| Line 39: | Line 39: | ||
{{TibP|༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། །། | {{TibP|༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། །། | ||
༄༅། །སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ། ཁྱབ་བདག་བླ་མ་རྩ་གསུམ་འཁོར་ལོའི་རྣམ་པར་རོལ་པ་ལ་གུས་པས་ཕྱག་འཚལ་ལོ། །སི་ནྔྷུའི་མཚོ་གླིང་འདབ་སྟོང་བཞད་དབུས་སུ། །རང་བྱུང་མཚན་དཔེའི་སྐུར་སྣང་རིགས་བརྒྱའི་བདག །མཚོ་སྐྱེས་རྡོ་རྗེ་འཆང་དབང་ཐོད་ཕྲེང་རྩལ། །སྒྱུ་འཕྲུལ་དྲྭ་བའི་གར་མཁན་དེར་ཕྱག་འཚལ། །གང་གི་ཐུགས་བཅུད་ཟབ་ལམ་སྙིང་པོའི་ཕུལ། །ཡང་གསང་བླ་མེད་རྩ་གསུམ་འཁོར་ལོའི་ལྷ། །ཚོམ་བུ་ཚོགས་སུ་བསྙེན་ཅིང་སྒྲུབ་པའི་ཁྲིགས། །དངོས་གྲུབ་འདོད་(2ན)པ་འཇོ་བའི་བུམ་བཟང་སྤྲོ། །(དེའང་དམ་ཆོས་དགོངས་པ་ཡོངས་འདུས་ཡང་གསང་བླ་མེད་གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་གསལ་བར་བྱེད་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ།)གང་ཞིག་བསྒྲུབ་པར་བྱ་བའི་གཞི། གང་གིས་སྒྲུབ་པར་བྱེད་པའི་ཐབས། དེ་ཉིད་མངོན་པར་གྲུབ་པའི་འབྲས་བུའོ། །དང་པོ་ནི། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཁྱབ་བདག་པདྨ་གར་གྱི་དབང་ཕྱུག་ཐོད་ཕྲེང་རྩལ་ཅེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་བཞུགས་པ་དེ་ཉིད་དོ། །གཉིས་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་(2བ)སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། ཇི་སྐད་དུ། སྟོན་པ་གནས་དང་འཁོར་དང་དུས། །ཡོ་བྱད་ལ་སོགས་གཞིར་ལྡན་ནས། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔར་ངེས་པ་ལས། དང་པོ་སྟོན་པ་ནི། པྲ་ཁྲིད་རྩ་བར། ཕུན་སུམ་ཚོགས་པའི་སྟོན་པ་གང་ཞེ་ན༔ བདེ་གཤེགས་བཀའ་བབས་ལུང་དང་རྟོགས་པས་ཟིན༔ དབང་བཞི་ཡོངས་རྫོགས་དཀྱིལ་འཁོར་དམ་ལ་གནས༔ ལྟ་བས་ཐག་ཆོད་ཏིང་འཛིན་དྲོད་ཚད་ཕེབས༔ དགག་སྒྲུབ་སྤངས་བླངས་འཛིན་བྲལ་མན་ངག་ལྡན༔ གསང་སྔགས་ཟབ་མོའི་བསྐྱེད་རྫོགས་དོན་ལ་གོམས༔ ཐོས་པས་རྒྱུད་གྲོལ་སྙིང་རྗེ་ཆེན་པོ་ཡིས༔ འགྲོ་ཀུན་ཐུགས་རྗེས་བུ་བཞིན་སྐྱོང་མཁས་པ༔ ངང་རིང་ཆེ་འཛིན་བྲལ་བའི་བླ་མ་དེ་ཉིད་བརྟེན༔ ཞེས་སོ། །གཉིས་པ་གནས་ནི། བཀྲ་ཤིས་གངས་རྒྱུད་བྱིན་ཆགས་རི་འདབས་དང་༔ གནམ་ས་འཁོར་ལོ་པདྨ་ཁ་སྦྱོར་འདྲ༔ སྔོན་ཡང་གྲུབ་ཐོབ་གོང་མས་ཞབས་བཅག་པར༔ སྒྲུབ་ཁང་ཡིད་མཐུན་ལེགས་པར་བརྩིག༔ ཅེས་དང་། གནས་ཡིད་དུ་འོང་བ༔ ཤར་རི་དམའ་ཞིང་ལྷོ་རི་གཞོལ་བ༔ ནུབ་རི་མཐོ་ཞིང་བྱང་རི་སྐྱོབ་པ༔ མདུན་ན་མེ་ཏོག་དང་ཆུ་ཀླུང་ཙནྡན་གྱི་ནགས་ཚལ་ལ་སོགས་པ་ཡལ་ག་རྒྱས་པའི་ཤིང་ཡོད་པར་ཁུ་བྱུག་ལ་སོགས་པས་ཡིད་འོང་སྙན་པའི་སྒྲ་སྒྲོགས་པ༔ དེ་ལྟ་བུའི་གནས་ཡིད་དང་མཐུན་པར་ཕོ་བྲང་སུམ་བརྩེགས་སུ་བརྩིག་ལ༔ བསྐོར་ཁང་ལ་སོགས་ཞལ་བ་དང་རི་མོ་ཡིད་དང་མཐུན་པར་(3ན)བྲི་ཞིང་བག་དྲོ་ལྷུན་ཆགས་པར་བྱའོ༔ མེ་ཏོག་གི་དོར་ལ་སོགས་སྐྱེད་མོས་ཚལ་རྣམས་ཀྱང་ལེགས་པར་བྱའོ༔ ཞེས་སོ། །གསུམ་པ་འཁོར་ནི། རྡོ་རྗེ་རྒྱལ་ཚབ་རྒྱལ་ཐེབས་དང་༔ ཤེས་རབ་གཟུངས་མ་མཛེས་སྡུག་མཚན་ལྡན་དང་༔ ཀརྨ་ལས་གིང་བརྡ་སྦྱོར་རྡུལ་ཕྱག་སོགས༔ མདོར་ན་བསླབ་ཤེས་ལྡན་ཅིང་བརྩོན་འགྲུས་ལྡན༔ སྡུག་སྲན་ཆེ་ཞིང་གཏོང་ཕོད་ཆེ༔ འཁོར་བར་སུན་ཕྱུངས་མོས་གུས་སྐྱོ་ཤས་ལྡན༔ ཚེ་འདི་བློས་བཏང་བྱང་ཆུབ་སྒྲུབ་ལ་བརྩོན༔ བླ་མས་ཅི་གསུངས་བཀའ་བཞིན་བསྒྲུབ༔ ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཅན༔ དེ་ལྟ་བུ་ཡི་སློབ་མ་རྒྱུད་མཐུན་བཙལ༔ ཅེས་སོ། །བཞི་པ་དུས་ནི། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། ཤིན་ཏུ་སྐར་མ་རྒྱལ་རྣམ་ལ། ཞེས་དང་། ཟླ་བ་སྐྱེ་དུས་གཟའ་ཕུར་བུ༔ དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས༔ ཞེས་སོ། ལྔ་པ་ཡོ་བྱད་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་བཏང་། དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་བསྟེན་དང་བར་ཆད་ཟློག །ཡོ་བྱད་དམ་པ་བསྡུ་བྱ་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། སྔོན་དུ་འགྲོ་བའི་ལས་རིམ་དང་། དངོས་གཞིའི་གཞུང་བསྲང་བའོ། །དང་པོ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། །དང་པོ་ནི། སྒྲུབ་པ་ལ་འཇུག་པའི་སྔ་ལོགས་སུ་འགལ་རྐྱེན་ཞི་ཞིང་བསོད་ནམས་ཀྱི་(3བ)དཔུང་བསྐྱེད་པའི་ཕྱིར་སྒོ་གསུམ་གྱི་སྒྲིབ་སྦྱོང་ཅི་ནུས་དང་། མགྲོན་བཞི་ལ་མཆོད་སྦྱིན། དགེ་འདུན་ལ་བསྙེན་བཀུར། རྩ་བ་གསུམ་གྱི་ཚོགས་སྐོང་། སཱཙྪ་གདབ་ཅིང་། སྲོག་བསླུ། ལམ་འཕྲང་འཆོས་པ་སོགས་དང་། ཁྱད་པར་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་གཤེགས། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲ་ལྔ་བཀླག་པ་སོགས་དགེ་བའི་དཔུང་རྒྱ་ཆེར་བསྐྱེད། པྲ་ཁྲིད་དུ་ཐོག་མར་སློབ་དཔོན་ལ་གསོལ་གདབ་གནང་སྦྱིན་སོགས་འབྱུང་བ་ནི་དབང་སྒྲུབ་ལ་དགོངས་པ་ཡིན་པས་སྐབས་སུ་བབས་ན་གཏེར་གཞུང་ལས་ཤེས་ཤིང་། སྒྲུབ་ཆེན་དཀྱུས་ལ་མི་དགོས་པས་འདིར་མ་བཀོད་དོ། །གཉིས་པ་ལ་ལྔ། སའི་ཆོ་ག །ལྷག་པར་གནས་པ། མཚམས་བཅད་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། ཕྲིན་ལས་ལ་འཇུག་པའི་ཡན་ལག་གོ །དང་པོ་ལའང་ལྔ་ལས། ཐོག་མར་སའི་མཚན་ཉིད་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྨོས་ཤིང་ཤེས་པར་འདོད་ན་གཞན་དུ་བལྟའོ། །གཉིས་པས་བསླང་བ་ནི། སྣང་བ་མི་ལས་རང་དབང་དུ་གྱུར་པ་གཞིར་བྱས་ཏེ། མི་སྣང་བ་ལས་བསླང་བ་ལ། སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཕུག་ལོགས་སུ་སྟེགས་བུ་གཙང་མར་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་བཤམས། དེའི་(4ན)མདུན་ཕྱོགས་སོགས་གང་དུ་བྱ་བའི་དཀྱིལ་འཁོར་གྱི་གཞི་དེར་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་ཐེབ་རིལ་གྱིས་མཚན་པ་དང་། ཞིང་སྐྱོང་སྤྱིའི་དཀར་གཏོར་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔས་གཡས་སུ་བསྐོར། ཕྱོགས་གང་བདེར་ལས་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་བཅས་པ་དང་། ཉེ་ལོགས་སུ་དུང་ཞལ་དྲི་བཟང་གི་ཆུས་བཀང་བའང་བཞག །གཞན་ཡང་ས་བཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། ལས་བྱང་རྒྱུན་གྱི་རྣལ་འབྱོར་གསང་སྒྲུབ་ཕྲིན་ལས་ལམ་ཁྱེར་ལྟ་བུའི་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། (ལས་བུམ་བསང་སྦྱང་།)སྟོང་པའི་ངང་ལས་ལས་ཀྱི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གསལ་བ། བུམ་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྙིང་པོར་པདྨ་དམར་པོ་འདབ་མ་བརྒྱད་རབ་ཏུ་གྱེས་པའི་སྟེང་དུ་ཉི་མའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ངོ་བོ་རྟ་མགྲིན་ལ་རྣམ་པ་ཁྲོ་བོ་བདུད་རྩི་འཁྱིལ་བ་(4བ)སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་པ་ལས་ཀྱང་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཉིས་བདུད་རྩི་ཐབས་སྦྱོར་གྱི་བར་ན་བུམ་པ་བདུད་རྩིས་བཀང་བ་བསྣམས་པ། ཞི་མ་ཁྲོའི་རྒྱན་ཆ་ལུགས་རྣམས་དང་ལྡན་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)ཛ༔ ཧཱུྃ་བྃ་ཧོཿ(ས་དབྱེར་མེད་དུ་བསྟིམ།)སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་(བསམ་ལ།)ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ༔ (དེ་བཞིན་དུ་)ཤཔྡའི་(བར་སྦྱར་བས་མཆོད།)ཧཱུྃ་ཧྲཱིཿ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ འཇིགས་རྔམས་གཏུམ་པས་ལོག་འདྲེན་འབྱུང་པོ་འདུལ༔ ཐབས་མཁས་རོལ་པ་འབར་བའི་ཆ་ལུགས་ཅན༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ (ཅེས་བསྟོད།)ཐུགས་ཀར་ཧྲཱིཿདམར་པོའི་མཐའ་སྐོར་དུ་སྔགས་(5ན)ཀྱིས་གཡས་བསྐོར་དུ་འཁོར་ཞིང་སྔགས་འབྲུ་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་(མོས་ལ། གཟུངས་ཐག་བླངས་ཏེ།)ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ (ཅེས་བརྒྱ་རྩ་ཙམ་བཟླས་མཐར།)ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། (ཅེས་ཕྲིན་ལས་བཅོལ།)ལྷ་འོད་དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་འདྲེས་པས་ཆུའི་རྡུལ་ཇི་སྙེད་པ་ཁྲོ་བོའི་རང་བཞིན་དུ་གྱུར་ཏེ་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་(མོས་ཤིང་། ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་དེས་བྱའོ། །དེ་ནས་མཆོད་གཏོར་རྣམས་)ཨ་མྲྀ་ཏས་(བསང་།)སྭ་བྷཱ་ཝ(ས་སྦྱང་།)ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ (ཞེས་དང་།)གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ (ཞེས་ལན་གསུམ་གྱིས་བརླབ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག་པའི་ཚུལ་(5བ)བྱ་ཞིང་།)ཧཱུཾ་ཧཱུཾ་ཧྲཱི་ཧྲཱིཿ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱི་མདོག་ཅན་རཏྣའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་གཏེར་བུམ་བསྣམས་པ། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བ་ལ། འཁོར་ས་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམ་ལ། ཧཱུྃ་ཧྲཱིཿ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ མཁའ་ཁྱབ་སེམས་ཅན་དོན་གྱི་ཕྱིར༔ བདག་ནི་རྣལ་འབྱོར་རྡོ་རྗེ་འཛིན༔ བྱང་ཆུབ་སེམས་མཆོག་ངེས་བསྒྲུབ་པས༔ མཆོད་འབུལ་འདི་བཞེས་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་སྡོམ་པའི་ལྷ་དགུ་དང་༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ས་གླུད་མཆོད་གཏོར་འདི་བཞེས་ལ༔ རིན་ཆེན་ས་འདི་བདག་ལ་སྩོལ༔ འབྱུང་བ་ས་ཡི་བདག་པོ་རྣམས༔ གནས་རྟེན་གཞན་དུ་སྤོས་མཛོད་ལ༔ ས་འདི་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷཱུ་ཏ་པཱུ་ཛ་གྲྀཧྞ་ཁཱ་ཧི༔ (ལན་གསུམ།)ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ༔ །(ཞེས་དང་།)སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཉོན་མོངས་པའི་བདུད་བཏུལ་ནས་སངས་(6ན)རྒྱས་ཏེ༔ བཀའ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་ཆེན་གྱི་སྟེང་དུ་མཛད་ཅིང་༔ སའི་ལྷ་མོ་ཁྱོད་ཀྱིས་བྱིན་པར་མཛད་པ་ཡིན་པས༔ དེ་བཞིན་བདག་རྡོ་རྗེ་འཛིན་པས་ཀྱང་རྒྱུ་ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་བར་བྱ་བའི་ཕྱིར༔ རྩ་གསུམ་དགོངས་པ་ཡོངས་འདུས་ཀྱི་ཕོ་བྲང་གནས་འདིར་འདེབས་པར་འཚལ་པས༔ ས་འདིའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་ས་གླུད་མཆོད་པ་འདི་བཞེས་ལ༔ གནས་འདི་བརྟན་ཅིང་བཀྲ་ཤིས་བྱིན་ཆགས་ནས་ཆེ་བཙན་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད་ཅིག༔ (ཅེས་བདེན་པ་བརྡར་ལ།)ལྷ་མོས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་(བསམ་ཞིང་། མཆོད་གཏོར་ཕྱི་རོལ་དུ་འདུལ། སླར་ཡང་ཁྱད་པར་གྱི་ཞིང་སྐྱོང་གཞི་བདག་རྣམས།)བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སཱཧཱ༔ (ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།)ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་(6བ)སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་རླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་སྩལ་སུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱར་གཙྪ༔ ས། གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་(བསམ་ལ། གཏོར་མ་གསེར་སྐྱེམས་ཕྱི་རོལ་དུ་འབུལ་ཞིང་མཆོད་པ་རྣམས་བསྡུ། དེ་ནས་ས་གཞིར་ཉེས་པའི་ཚོགས་རྣམས་ཞི་ཞིང་བཀྲ་ཤིས་པའི་རྟེན་འབྲེལ་དུ་རིན་པོ་ཆེའམ་རྫའི་བུམ་པར་ལྔ་ཚན་ལྔ་དང་འབྲུ་སྣ་རིན་ཆེན་ཆོས་སྨན་གྱིས་གཏམས་པ་ཐོགས་ལ།)ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་ཐམས་ཅད་འབྱུང་བར་གྱུར་པར་(བསམ་ཞིང་།)ཨོཾ་ཨཱཿཧཱུྃ། (ལན་བདུན་གྱིས་བྱིན་བརླབས།)ས་ཡི་ལྷ་མོ་འཁོར་དང་བཅས༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས༔ བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི༔ དཀྱིལ་འཁོར་བྲི་ཕྱིར་གཏེར་དུ་འབུལ༔ (ཞེས་སྟེགས་བུའི་དབུས་སུ་གཞུག་ཅིང་ཤིས་པ་བརྗོད་དོ། །གསུམ་པ་ས་བཟུང་བ་ནི།)སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་བཟུང་ནས་སྟེགས་བུའི་མདུན་དུ་འཁོད་(7ན)ལ། རང་ཉིད་འོད་འབར་ཐོད་ཕྲེང་རྩལ་དུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུར་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར་(པར་བསམ་ཞིང་།)ཨོཾ་ཧྲཱིཿཔདྨ་ནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ (ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས།)དེ་ལས་འོད་ཟེར་འཕྲོས་ས་གཞི་ལ་ཁྱབ་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་(བསམ་མོ། །བཞི་པ་ས་སྦྱོང་བ་ནི།)རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པ་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་(གསལ་ལ།)ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ༔ སྭ་བྷཱ་ཝ་ཤུདྡྷོ྅ཧཾཿ (ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག་པར་བྱའོ། །ལྔ་པ་སྲུང་བ་ནི། ལས་བྱང་ལྟར་བགེགས་ལ་གཏོར་མ་སྦྱིན་ཅིང་བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་རྒྱང་(7བ)རིང་དུ་བསྐྲད་མཐར།)བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་(པར་མོས་ཏེ། ལས་ཕུར་བསྒྲིལ་ཞིང་།)ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ (ལན་གསུམ།)ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཐམས་ཅད་ཁེངས་པར་(བསམ་མོ། །གཉིས་པ་ལྷག་པར་གནས་པ་ནི། ལྷ་དང་བུམ་པ་སློབ་མ་རྣམས་སྟ་གོན་དུ་བསྒྲུབ་པ་སྟེ་སྨིན་དབང་གཙོར་འདོན་སྐབས་དབང་ཆོག་བཞིན་ལག་ཏུ་ལེན་ཅིང་། ཚོགས་སྒྲུབ་རྐྱང་པ་ལ་ནི་དེ་དག་མི་དགོས་པས་བཀའ་བརྒྱད་སོགས་ཡོངས་གྲགས་ཕྱག་ལེན་གཞན་ལས་ཀྱང་མི་འབྱུང་མོ། དཀྱིལ་འཁོར་འབྲི་བར་གནང་བ་ཞུ་བའི་དོན་དུ་ལྷ་སྟ་གོན་ཙམ་བྱས་ནའང་ལེགས་པའི་ཡན་ལག་ལས་ལྷག་སྐྱོན་དུ་མི་འགྱུར་བས་བྱེད་པར་སྤྲོ་ན་འོག་གི་གསང་མཚམས་ཟིན་པ་དང་སྦྱར་རོ། །གསུམ་པ་མཚམས་བཅད་པ་ལ་གསུམ་གྱི། དང་པོ་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གྱི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སྡེ་བཞིའི་སྐུ་གཟུགས་སྔགས་བྱང་འདོད་གསོལ་ཅན་རྒྱལ་མཚན་ནམ་བ་དན་ཕྱོགས་མདོག་བཅས་བཙུགས། སོ་སོར་མཆོད་(8ན)གཏོར་དཀར་ཟླུམ་དང་ཆུ་གཉིས་ཉེར་སྤྱོད་ལྔ་བཤམ། སྒྲུབ་པ་པོ་རྣམས་སྒྲུབ་ཁང་ནས་དོན་ཏེ་ཐོག་མར་ཤར་གྱི་ཐོ་མདུན་དུ་འཁོད་ལ། སྔར་ས་ལྷའི་སྐབས་བཞིན་མཆོད་གཏོར་བྱིན་གྱིས་རླབས། ཐོ་སྐུ་རྟེན་དང་བཅས་པ་ཨ་མྲྀ་ཏས་བསང་།)སྭ་བྷཱ་ཝ(ས་སྦྱང་།)སྟོང་པའི་ངང་ལས་ངྷྲྀ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་ཅིང་དྲི་ཟའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)ཛཿཧཱུཾ་བཾ་ཧོཿ(ས་རྟེན་ལ་བསྟིམ།)ཨོཾ་དྷྲྀཥྚ་རཥྚ་ཡ་སྭཱཧཱ༔ (ལན་བདུན།)ཨོཾ་བཛྲ་ཨརྒྷཾ་(སོགས་ཀྱིས་ཉེར་སྤྱོད་དང་། སྔགས་སྔ་མའི་མཐར།)བ་ལིཾ་ཏ་ན་ན་ཁ་དནྟུ་གྲྀ་ཧྞ་ཧཱུཾ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ (ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།)ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཞི་བའི་ལས་མཛད་མདོག་དཀར་པི་ཝཾ་བསྣམས༔ མཆོད་སྦྱིན་གཏོར་མ་བཟང་པོ་འདི་བཞེས་ལ༔ གནས་འདིར་སྒྲུབ་པ་མཐའ་རུ་མ་ཕྱིན་བར༔ དྲི་ཟའི་གདོན་ཚོགས་མ་ལུས་མཚམས་ཅོད་ཅིག༔ (ཅེས་ཕྲིན་(8བ)ལས་བཅོལ། རང་སྔགས་དང་།)ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱཧཱ༔ (ཞེས་བརྟན་བཞུགས་བྱའོ། །དེ་བཞིན་དུ་ལྷོར་ཕྱིན་ལ་མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་།)སྟོང་པའི་ངང་ལས་བཻ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་ཅིང་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོད་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)ཛཿཧཱུཾ་བྃ་ཧོཿ(ས་བསྟིམ།)ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱཧཱ༔ (ལན་བདུན།)ཨོཾ་བཛྲ་ཨརྒྷཾ་(སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མ་མཐར།)ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ལས་མཛད་མདོག་སྔོན་རལ་གྲི་བསྣམས༔ མཆོད་སྦྱིན༴ གནས་འདིར༴ གཤིན་རྗེའི་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ (ཅེས་དང་། སྔར་ལྟར་བརྟན་བཞུགས་བྱ། ནུབ་ཏུ་ཕྱིན་ལ་མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་།)སྟོང་པའི་ངང་ལས་བི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་སྤྱན་མི་བཟང་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས་བསྣམས་(9ན)ཤིང་ཀླུའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)ཛཿཧཱུཾ་བཾ་ཧོཿ(ས་བསྟིམ།)ཨོཾ་བི་རུ་པཀྵ་ཡ་སྭཱཧཱ༔ (ལན་བདུན།)ཨོཾ་བཛྲ་ཨརྒྷཾ་(སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར།)ཧཱུཾཿ ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ དབང་གི་ལས་མཛད་མ་མདོག་དམར་སྦྲུལ་ཞགས་བསྣམས༔ མཆོད་སྦྱིན༴ གནས་འདིར༴ ཀླུ་ཡི་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ (ཅེས་དང་། བརྟན་བཞུགས་བྱ། བྱང་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་།)སྟོང་པའི་ངང་ལས་ཀུ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ལྗང་ནག་རྒྱལ་མཛན་དང་ནེའུ་ལེ་འཛིན་ཅིང་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)ཛཿཧཱུཾ་བཾ་ཧོཿ(ས་བསྟིམ། ) (9བ)ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱཧཱ༔ (ལན་བདུན།)ཨོཾ་བཛྲ་ཨརྒྷཾ་(སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར།)ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཡོན་ཏན་རབ་རྫོགས་མདོག་ལྗང་ནེའུ་ལེ་བསྣམས༔ མཆོད་སྦྱིན༴ གནས་འདིར༴ གནོད་སྦྱིན་གདོན་ཚོགས་མ་ལུས་མཚམས་ཆོད་ཅིག༔ (ཅེས་དང་བརྟན་བཞུགས་བྱ་ཞིང་།)ཧཱུཾ་ཧྲཱིཿ རྒྱལ་བའི་བཀའ་ཉན་བསྟན་པ་སྲུང་མཛད་པ༔ ཕྱོགས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ གཙང་སྦྱར་མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ མ་དག་གདོན་བགེགས་ཚོགས་རྣམས་མཚམས་ཆོད་ཅིག༔ (ཅེས་ཐུན་མོང་དུ་ཕྲིན་ལས་བཅོལ། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་ཞིང་ཤིས་པ་བརྗོད་དོ། །གཉིས་པ་བར་མཚམས་བཅད་པ་ལ་གཉིས་ཀྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི་ཡིག་དང་། དེ་མཐར་མགྲིན་པའི་ཐད་ནས་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་དུ་ཡ་མ་དམ་སྲི་གཾ་བ་རི་མཱ་ར་ཡ་ཛཿནན། ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་(10ན)མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར་བ་བྲིས་ལ། སྒྲུབ་ཁང་གི་སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་ཟུས་པར་གན་རྐྱལ་དུ་བཀོད། གུ་གུལ། ཐུན་རྫས། དུར་རྡོ་ལ་རི་གླིང་དང་རྒྱ་གྲམ་བྲིས་པ། ས་ཆུ་མེ་རླུང་། སཱཙྪྭ་ནག་པོ་སོགས་འདུ་བྱས་ནས། གསེར་སྐྱེམས་ཐོགས་ལ།)རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ (ལན་གསུམ་གྱིས་བརླབས་ཏེ།)ཧཱུཾ། །རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་དབང་དྲག་པདྨའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས༴ །(ཅེས་གསེར་སྐྱེམས་(10བ)ཕུལ།)ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ (ཅེས་པས།)རང་ཉིད་དབང་ཆེན་རྟ་མགྲིན་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་(པའི་ང་རྒྱལ་བསྐྱེད་དེ།)ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིབ་ཅིང་ཉམ་ཐག་པའི་ལུས་ཅན་དུ་(གསལ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས།)ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་ངོ་བོ་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་(11ན)གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ (ཞེས་ལན་གསུམ་གྱིས་དགུག་བསྟིམ་བྱས་ལ། དྲག་སྔགས་དང་བཅས་ཕུར་པ་གདབ། ཐུན་རྫས་ཀྱིས་བྲབ་ཅིང་།)ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་སྡིག་ཏོ་ཅན༔ དམ་ཉམས་གསང་སྔགས་བསྟན་པའི་རུ་དྲ་ཁྱོད༔ བླ་མ་ལ་བསྡོས་དཀོན་མཆོག་དབུ་འཕང་སྨད༔ བསྟན་ལ་གནོད་ཅིང་མཆེད་ལྕམ་ཡོངས་ལ་འཚེ༔ བཀའ་འདས་ཁྱོད་ཉིད་ནམ་ཡང་མི་བཏང་བས༔ འབར་བའི་མཚོན་ཆ་ལྔ་ཡིས་དུམ་བུར་གཏུབ༔ ལས་ཀྱི་གཤིན་རྗེ་ནག་པོའི་ཁ་རུ་བསྟབ༔ གླིང་བཞི་རི་རབ་ཆེན་པོའི་འོག་ཏུ་མནན༔ སྐྱེ་བ་ཇི་སྲིད་བསྐལ་པ་མ་སྟོངས་པར༔ མནན་པ་ཡིན་གྱི་ནམ་ཡང་མ་ལྡངས་ཤིག༔ ཡ་མ་དམ་སྲི་མཱ་ར་ཡ་ནན་ནན༔ (ས་སོགས་འབྱུང་རིམ་གྱིས་གཡོགས་ཤིང་རི་གླིང་རྒྱ་གྲམ་གྱིས་རྒྱས་བཏབ་ལ།)ཧཱུྃ༔ ཆོས་སྐུ་ཉག་གཅིག་ཐབས་ཤེས་སྐུ་གསུང་ཐུགས༔ ཚད་མེད་བཞི་དང་ཡེ་ཤེས་རྣམ་པ་ལྔ༔ ཕྱིན་དྲུག་ཡན་ལག་བདུན་དང་རྣམ་ཐར་བརྒྱད༔ ཐེག་པ་རིམ་དགུ་ས་བཅུའི་དབང་ཕྱུག་རྒྱལ༔ དོན་རྟགས་གཉིས་མེད་ཆེན་པོས་རྒྱས་གདབ་བོ༔ ཨོཾ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན༔ (11བ)(ཞེས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་རྒྱལ་འཁོར་བཅས་ཀྱི་ཕོ་བྲང་བཏབ་པར་བསམ་ཞིང་། མཆེད་ལྕམ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། ཕྱི་སྒོའི་གོང་དུ་ལུག་གི་སོག་པ་ལ་གཤིན་རྗེའི་སྐུ་མངོན་རྟོགས་ལྟར་བྲིས་པ་འདོད་གསོལ་ཅན་དང་། རྒྱབ་ཏུ་སྐྱེར་པའི་ཕུར་པར་སྙིང་པོ་བྲིས་པ་བཅས་གདགས། མཆོད་པ་ཉེར་སྤྱོད་དང་དམར་གཏོར་བཤམ་ལ།)རཾ་ཡཾ་ཁཾ་(གིས་བསང་སྦྱང་།)སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷཉྫ་འབར་བར་གཏོར་རྫས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་(པར་བསམ་ལ།)ཨོཾ་ཨཱཿཧཱུྃ༔ (ཞེས་ལན་གསུམ་གྱིས་བྱིན་བརླབས། རྟེན་བསང་སྦྱང་།)སྟོང་པའི་ངང་ལས་ཧཱུཾ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཐོ་བ་འཛིན་པ། དུར་ཁྲོད་ཀྱི་ཆས་ཅན་ཁྲོ་གཏུམ་འཇིགས་པའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)ཛཿཧཱུཾ་བཾ་ཧོཿ (ས་བསྟིམ།)ཨོཾ་(12ན)བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུཾ་ཕཊ༔ (ཅེས་བདུན་ནམ་ཉེར་གཅིག་བཟླ།)ཨོཾ་བཛྲ་ཨརྒྷཾ་(སོགས་ཀྱིས་ཉེར་སྤྱོད་དང་། སྙིང་པོའི་ཤམ་དུ།)བ་ལིཾ་ཏ་ནན་ཁ་དནྟུ་གྲྀཧྞ་ཧཱུཾ་ཁཱ་ཧི་ཁཱ་ཧི། (ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།)ཧཱུཾ༔ བཅོམ་ལྡན་གཤིན་རྗེའི་གཤེད་པོ་ནི༔ ལས་ཀྱི་ཕོ་ཉ་ཀུན་གྱི་བདག༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་ལ་མི་དབང་གདོན་དང་བགེགས༔ སྡེ་བརྒྱད་ཁྱོད་ཀྱི་འཁོར་ལགས་པས༔ རྣམ་སྨིན་བྱང་ཆུབ་ཆོས་ཤོད་ལ༔ ས་འདི་ཡན་ཆད་མ་བཏང་ཞིག༔ (ཅེས་ཕྲིན་ལས་བཅོལ། རྩ་སྔགས་དང་།)སུ་པྲ་ཏིཥྛས་(བརྟན་བཞུགས་བྱ། ནང་སྒོར་ར་སོག་ལ་འཁྱིལ་བའི་སྐུ་བྲིས་པ་དང་སྐྱེར་ཕུར་སྔགས་ལྡན་གདགས། མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་།)སྟོང་པའི་ངང་ལས་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་ཞགས་པ་འཛིན་པ། དུར་ཁྲོད་ཀྱི་ཆས་ཅན་ཁྲོ་གཏུམ་འཇིགས་པའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ (ས་སྤྱན་དྲངས།)ཛཿཧཱུྃ་བཾ་ཧོཿ(ས་བསྟིམ།)ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ༔ (ཅེས་བདུན་ནམ་ཉེར་གཅིག་བཟླ།)ཨོཾ་(12བ)བཛྲ་ཨརྒྷཾ་(སོགས་ཀྱིས་ཉེར་སྤྱོད་དང་། སྙིང་པོའི་ཤམ་དུ་གོང་བཞིན་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ་ལ།)ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཁྱོད༔ འདིར་བཞུགས་གདོན་བགེགས་མཚམས་ཆོད་ཅིག༔ དངོས་གྲུབ་འབྱུང་བའི་གནས་འདི་རུ༔ བདུད་རྩི་སྨན་གྱི་སྲུང་མ་མཛོད༔ དམ་སྲི་ཐལ་བ་རྡུལ་དུ་རློག༔ (ཅེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱའོ། །གསུམ་པ་གསང་མཚམས་བཅད་པ་ལ་གཉིས་ཀྱི། དང་པོ་མ་ཏྲཾ་བསྒྲལ་བ་ནི། ཁམས་ལ་མ་ཏྲཾ་གི་གཟུགས་མགོ་གསུམ་ལག་དྲུག་རྐང་པ་བཞི་པ་ཅན་བཅོས་ཏེ་དཀྱིལ་འཁོར་གྱི་གཞི་དེར་མགོ་ལྷོ་ནུབ་ཏུ་བསྟན་ལ་གན་རྐྱལ་དུ་བཞག །སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་དེར་ཕྱོགས་པས་འཁོད་ལ། རྟ་སྔགས་བརྗོད་པས།)བདག་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དྲེགས་པ་ཐམས་ཅད་ཀྱི་རྗེ་བཙན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར་(པར་མོས།)དཀྱིལ་འཁོར་གྱིས་མི་དམིགས་པ་ལས་མ་ཏྲཾ་རུ་དྲ་མཱ་ར་ཡ་ཛཿ (ཞེས་པས།)བདུད་པོ་མ་ཏྲཾ་རུ་ཏྲ་མགོ་གསུམ་ལག་དྲུག་ཁ་དོག་ཐལ་སྐྱ་གཟུགས་ཆེ་ལ་མི་སྡུག་པ་འདར་ཞིང་དངངས་པའི་རྣམ་པ་ཅན་དུ་གྱུར་(པར་བསམ་ཞིང་། རང་གི་དུག་གསུམ་གྱི་རང་མདངས་རུ་དྲ་སྡེ་གསུམ་དུ་ཤར་(13ན)བའི་ངེས་པ་བསྐྱེད་པ་ལས་ཕྱི་ནས་འགུགས་བསྟིམ་མི་དགོས་པར་བཞེད། དྲག་སྔགས་སོ་ལྔ་པ་བརྗོད་ལ་ཕུར་བསྐོར་ཚམ་རྔམས་དང་བཅས་ཏེ།)ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་ལ་བར་བཅད་ཅིང་༔ སངས་རྒྱས་བསྟན་ལ་གནོད་བྱས་པས༔ པདྨ་དབང་གིས་ཁྱོད་བསྒྲལ་ནས༔ ཁོག་པ་གཞལ་ཡས་ཁང་དུ་བརླབས༔ དེ་བཞིན་ཞིང་བཅུའི་རུ་དྲ་ཁྱོད༔ བདག་མེད་རྟོགས་པའི་ཕུར་བུས་བསྒྲལ༔ ཨོཾ་ཏྲི་ཤུཛྙཱ་ན་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ (ཞེས་ཕུར་བུ་བཏབ་ཅིང་རལ་བྲིས་ལྷུ་ཕྲལ་ལ། སྟེགས་བུའི་ལྷོ་ནུབ་ཏུ་མགོ། ནུབ་ཏུ་སྙིང་། ནུབ་བྱང་དུ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་རྣམས་ཕྱོགས་མཚམས་མ་འཆོལ་བར་བཀོད་ནས།)མ་ཏྲཾ་རུ་དྲ་ཨེ་རཱ་ཙ་མ་ངྷ་ལ་བྷྲཱུྃ༔ རང་གི་ཐུགས་ཀ་ནས་བྷྲཱུཾྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར་(པར་བསམ་མོ། །གཉིས་པ་ཕུར་བུ་གདབ་པ་ནི། སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་བྱུགས་ཤིང་དར་གྱི་ཅོད་པན་ཅན་བཅུ་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་ཨེ་བཅུ་བཀོད། (13བ)ཀཱི་ལ་ཡའི་ཛཔྲ་ལན་གསུམ་བརྗོད་བཞིན་ཕུར་བུ་རྣམས་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། རཏྐས་བྱུགས་པ་རྣམས་བྱས་ལ། བསང་སྦྱང་།)ཕུར་བུ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ (ས་སྤྱན་དྲངས།)ཛཿཧཱུཾ་བཾ་ཧོཿ(ས་བསྟིམ།)ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་དབང་བསྐུར་ཏེ་བྱིན་བརླབས།)རང་ཉིད་ལྟར་བསལ་བའི་ཐུགས་ཀ་ནས་ཁྲོ་བོ་ཊཀྐི་རཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་(བསམ་ཞིང་། སློབ་དཔོན་གྱིས་ལག་གཡས་ཐོ་བ་དང་། གཡོན་པས་ཕུར་བུ་རྣམས་རིམ་པར་ཐོགས་ལ།)ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུཾ་ཕཌ༔ (དེ་བཞིན་དུ་གོང་འོག་གི་སྔགས་ཚིག་འགྲེས་སྦྱར་ཏེ།)བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ (14ན)ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཌ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཌ༔ ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ (ཅེས་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་བསྐོར། མཚམས་བཞི་བྱང་ཤར་ནས་གཡོན་བསྐོར། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས།)བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་(པར་བསམ་ཞིང་།)ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས། ཐམས་ཅད་ཁྱབ་པར་(མོས་ལ།)ལས་བྱང་བཞིན་སྲུང་འཁོར་གསལ་གདབ་པོ། བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་བཞི་ལས། དང་པོ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་དྲི་བཟང་གི་ཆུ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བ་ཐོགས་ལ། ཧཱུྃ༔ བཀའ་གསང་རྨད་བྱུང་དཀྱིལ་འཁོར་དུ༔ བདུད་རྩི་ལྔ་ཡིས་ཆག་ཆག་འདེབས༔ བྱུང་དང་འབྱུང་འགྱུར་དཀྱིལ་འཁོར་མཆོག༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་གསལ༔ ཨོཾ་སརྦ་པཉྩ་གུ་ཧྱ་མཎྜ་ལ་ཏྲཱཾ༔ (ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་(14བ)བསྐོར་དུ་ཁྱིམ་མེད་པར་བྱུག་གོ །གཉིས་པ་ཐིག་གདབ་པ་ནི། མཚན་ཉིད་དང་ལྡན་པའི་ཐིག་སྐུད་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམ་ཕྲ་སྒོའི་པཉྩ་རེ་ཁཱ་དང་མཉམ་པ་འདུ་བྱ། སློབ་དཔོན་ནུབ་ནས་ཤར་དང་གཟུངས་མའམ་དེར་མོས་པའི་ལས་རྡོར་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་དེ།)བདག་དང་གཟུངས་མ་འོད་འབར་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་(མོས་ལ། ཐིག་སྣེ་ལྟེ་བར་བཟུང་ཞིང་།)གུ་རུ་རྩ་གསུམ་ལྷ་ཚོགས་རྣམས༔ གསང་བ་ཡེ་ཤེས་ཐིག་གདབ་མཛོད༔ མཚན་ལྡན་རིག་མ་ཡིད་འོང་མས༔ ཡང་གསང་འགྱུར་མེད་ཐིག་གདོབ་ཅིག༔ ཛྙཱ་ན་མ་དྷ་ལ་ཧཱུཾ་བྷྲཱུཾ༔ (ཞེས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྦྲེང་བས་རྒྱལ་བའི་དཀྱིལ་འཁོར་རང་བྱུང་བར་བསམ་ལ། གོང་གི་སྔགས་བརྗོད་བཞིན་དུ་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། གདབ་ཚུལ་རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གོང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་བཅུས་ཏེ་སེ་གོལ་གྱིས། ཐོག་མར་སློབ་དཔོན་ནུབ་ཏུ་འདུག །སློབ་བུ་ཤར་དུ་གནས་པ་ཡིས། །ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །སློབ་མ་བྱང་གནས་གཉིས་པ་གདབ། །སློབ་(15ན)དཔོན་མེ་ཡི་མཚམས་སུ་དང་། །སློབ་མ་དབང་ལྡན་གནས་པ་ཡིས། །ཤར་གྱི་ལོགས་ཐིག་གདབ་པར་བྱ། །སློབ་དཔོན་རླུང་དང་སློབ་མ་ནི། །སྲིན་པོར་གནས་པས་ནུབ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། དབང་ལྡན་གནས་པས་བྱང་ཕྱོགས་གདབ། སློབ་དཔོན་མེ་དང་སློབ་མ་ནི། སྲིན་པོར་གནས་པས་ལྷོར་ཕྱོགས་གདབ། སློབ་དཔོན་དེ་ཉིད་སློབ་མ་ནི། རླུང་གནས་ཟུར་ཐིག་དང་སོ་གདབ། སློབ་དཔོན་སྲིན་པོ་སློབ་མ་ནི། །དབང་ལྡན་གནས་པས་གཉིས་པ་སྟེ། །ཀུན་ལ་གཡས་བསྐོར་ཁྱད་པར་དུ། །ཚངས་ལོག་རྒྱབ་འགྲོས་ཚུལ་གྱིས་གདབ། །ཅེས་པ་ལྟར་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་མོས་ཤིང་སློབ་དཔོན་ནུབ་ཏུ་གནས་པས་སྲད་བུ་བསྡུ། དེ་ནས་ས་ལ་ལས་ཀྱི་ཐིག་གདབ་པ་ནི། ཐིག་སྐུད་སྙིང་གའི་ཐད་དུ་བཟུང་ལ།)གུ་རུ་རྩ་གསུམ་ལྷ་ཡི་ལྷ༔ རིག་འཛིན་དྷཱ་ཀི་འཁོར་དང་བཅས༔ བླ་མེད་དངོས་གྲུབ་དུས་འདིར་ཐོབ༔ ཡེ་ཤེས་རྡོ་རྗེའི་ཐིག་གདབ་མཛོད༔ གསང་བ་ཡུམ་གྱི་བྷ་གའི་ས་གཞི་ལ༔ ཡེ་ཤེས་བོ་ངྷི་ཙིཏྟའི་ཐིག་སྤྲོས་པས༔ བླ་མེད་རྩ་བ་གསུམ་གྱི་དཀྱིལ་འཁོར་གསལ༔ བྷྲཱུཾ་ཛྙཱ་ན་མ་ངྷ་ལ་ཧཱུྃ་བྷྲཱུྃ༔ (ཞེས་བརྗོད་ཅིང་། ཇི་ལྟར་གདབ་པའི་ཚུལ་ནི། དང་པོ་(15བ)ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པ་བརྐྱངས་པ་ཡིས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །ངོས་དེར་ཇི་ལྟར་འཚམས་པ་ཡི། །ལོགས་ཐིག་བཞི་བཏབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོ། །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་བཏབ་རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ངོ་། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཁ་གུ་འབྱུང་། །ཆ་ཆེན་ཕྱི་མ་ཕྱེད་བགོས་ལ། །ཕྱེ་མ་དེ་ཡང་ཕྱེད་དུ་བཅད། །རྭ་ཕྱེད་ཤར་བུ་གདའ་ཡབ་འབྱུང་། མདའ་ཐིག་ཕྱི་རུ་ཆེན་གཉིས། །ནང་མ་ཆ་བཞིར་བགོ་བར་བྱ། །རྟ་བབ་སྣམ་བུ་བཞི་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །དེ་རྗེས་ནང་གི་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་(16ན)བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །རྩིག་མུན་ཀ་བ་ཀ་རྒྱན་འབྱུང་། །རྟ་བབ་ཕྱི་མཐའི་རིམ་པ་ཡང་། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་རྗེས་གསུམ་པོ་རེ་རེ་ཐུང་། །མིག་གསུམ་སྐོར་ཚུལ་རྟ་བབ་ཀྱི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། ཆ་ཕྲན་གཅིག་རེ་གཡས་གཡོན་བསྐོར། །སྣ་ཚོགས་རྡོ་རྗེའི་རྭ་སྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། དེ་ནས་ཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །མདའ་ཐིག་རྩེ་ནས་ཕྱི་རོལ་དུ། །ཆ་ཆེན་ཕྱེད་དང་གཅིག་དང་ཕྱེད། །གཅིག་བསྐོར་པདྨ་དུར་ཁྲོད་དང་། །རྡོ་ར་མེ་རི་རྣམས་སུ་འགྱུར། །ལྷ་གནས་བསྐོར་ཚུལ་ལྟེ་བ་ནས། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་ཕྱིའི་མུ་ཁྱུད། །མུ་ཁྱུད་དེ་ནས་ལྟེ་བའི་བར། །ཆ་མཉམ་བཞི་བགོ་བསྐོར་བའི་ནང་། །ཆ་ཕྲན་གཅིག་གི་མུ་ཁྱུད་བསྐོར། །ནང་ནས་རིམ་བཞིན་ལྟེ་བ་དང་། །མུ་ཁྱུད་འདབ་བཞི་འདབ་མ་དྲུག །འདབ་བརྒྱད་མུ་ཁྱུད་རྣམས་སུ་འགྱུར། །ཞེས་པ་ལྟར་མ་འཁྲུལ་བར་གདབ་བོ། །གསུམ་པ་ཚོན་དགྱེ་བ་ནི། ཚོན་སྣོད་དབུས་དཀར་ཤར་སྔོ་ལྷོ་སེར་ནུབ་(16བ)དམར་བྱང་ལྗང་ཀུ་བཞག་པར་ཨོཾ་ཧཱུཾ་སྭཱ་ཨཾ་ཧཱ་ལྔ་བྲིས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་སྟེ།)རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཁ་དོག་ལྔ་ལྡན་ལ། རྣམ་པ་རིན་པོ་ཆེའི་རྡུལ་ཚོན་འོད་འབར་བར་གྱུར་(བར་བསམ་ལ་འབྲུ་ལྔ་བརྒྱ་རྩ་བརྗོད།)ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ (ཞེས་བརྗོད་ཅིང་དབུས་ཀྱི་ཕུར་ཁུང་རིམ་པས་མཐིང་ལྗང་དཀར་སེར་དམར་པོ་རྣམས་བླུགས་ལ་བཀང་སྟེ་འབྱུང་བ་རིམ་བརྩེགས་སུ་ཕོ་བྲང་བཞེངས་པར་བསམ། སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་རེ་ཁཱ་གཅིག་དྲངས་ཏེ།)ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ གུ་རུ་རྩ་གསུམ་ས་ཐོབ་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ༔ ཞེས་བརྗོད་ལ། ཚོན་ཇི་ལྟར་དགྱེ་བའི་ཚུལ་ནི། །ལྟེ་བ་དཀར་ལ་མུ་ཁྱུད་ལྗང་། །འདབ་བཞི་ཕྱོགས་མདོག་འདབ་དྲུག་དང་། །འདབ་བརྒྱད་མཛེས་ཚོན་མུ་ཁྱུད་མཐིང་། །གྲུ་ཆད་སྒོ་ཁྱམ་ཕྱོགས་ཀྱི་མདོག །རྩིག་པ་ནང་ནས་རིམ་པ་བཞིན། །དཀར་མཐིང་སེར་དམར་ལྗང་ཀུའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་ཡབ་དཀར་པོ་པད་འདབ་རིས། །མུན་པ་པ་ཏི་གླང་རྒྱབ་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་ཚོན། །རྟ་བབ་སྣམ་བུ་བཞི་པོ་ལ། །ནང་ནས་དམར་སྔོ་ལྗང་སེར་རམ། །ཡང་ན་སེར་མཐིང་དམར་ལྗང་བྱ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་གསེར་མདོག་(17ན)གདུགས་དཀར་པོ། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །པདྨ་སྣ་ཚོགས་དུར་ཁྲོད་ཀྱི། །གཞི་མ་ནག་ལ་རྒྱན་མཛེས་ཚོན། །རྡོར་གཞི་ནག་རྡོར་ཕྲེང་སེར། །མེ་རི་སྣ་ཚོགས་ཆོས་འཁོར་རོ། །ལྷ་གནས་རྣམས་སུ་མཚན་མ་ནི། །སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་ནམ། །མ་འགྲུབ་གཙོ་འཁོར་རང་རང་གི །སྐུ་མདོག་དང་མཚུངས་ཚོན་སྤུང་བྱ། །ཚོན་རྩི་མི་མཐུག་མི་སྲབ་ཅིང་། །མ་འདྲེས་ཆད་དང་ཡོ་བ་སོགས། །ཉེས་པའི་སྐྱོན་ཀུན་རབ་སྤངས་ཏེ། །སྒྲིན་པོའི་བློ་ཡིས་ལེགས་པར་བྲི། ཞེས་པ་ལྟར་མཛེས་ཤིང་ཡིད་དུ་འོང་ལ་དང་བ་འདྲེན་པར་དགྱེའོ། །གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་མི་འགྲུབ་པའི་ཕྱོགས་ལ་གོང་གི་ཆག་ཆག་གྲུབ་པ་དང་སྤྲོ་ན་ཡེ་ཐིག་ཙམ་བཏབ་ལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། གང་ལྟར་ཡང་མཐར་སློབ་དཔོན་གྱིས་དཀྱིལ་འཁོར་བསྐོར་ཞིང་དྲིལ་བུ་གསིལ། ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་བཟླས་པས་མེ་ཏོག་འཐོར་ལ།)ཧཱུྃ༔ བླ་མ་རྩ་གསུམ་གསང་བའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ གཟུགས་ཀྱི་སྐུར་བཞེངས་གནས་མཆོག་འདི་ཉིད་དུ༔ འགྲོ་བ་སེམས་ཅན་མ་ལུས་དོན་གྱི་ཕྱིར༔ མཚོན་པར་བརྡ་ཡི་དཀྱིལ་འཁོར་འདི་ཉིད་ལ༔ གཉིས་མེད་བརྟན་པར་བཞུགས་ལ་བྱིན་གྱིས་(17བ)རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་གཉའ་ན་ཨ་བེ་ཤ་ཡ་ཨ་ཨཱཿ(ཞེས་བྱིན་དབབ་ཅིང་། སྔར་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པ་ཡིན་ན་དཀྱིལ་འཁོར་ལ་བསྟིམ། དེ་རྣམས་ཀྱིས་ཉིན་དང་པོའི་བྱ་བ་གྲུབ་བོ། །བཞི་པ་རྒྱན་འགོད་པ་ནི། ཐོག་མར་དམ་ཚིག་གི་ཡོ་བྱད་རྣམས་ཉེར་བསྡོག་བྱ་སྟེ། སྐུ་རྟེན་གུ་རུའི་སྐུ་ཚབ་གཏེར་བྱོན་ནམ་སྒྲུབ་དུས་ལྟར་ཚད་ལྡན་དུ་བཞེངས་པའི་སྐུ་འབག་བྱིན་ལྡན། གསུང་རྟེན་རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ་དར་དམར་གྱི་ན་བཟས་དྲིལ་བ། ཐུགས་རྟེན་རྡོ་རྗེ་ཐོད་པ་མཚན་ལྡན་ཤེལ་རྡོ་ཁ་ཊྭཱཾ་ཀ་དང་། འཛོམ་ན་གཞུང་ནས་གསུངས་པ་ལྟར་ཚད་ལྡན་དུ་འདུ་བྱས་པའི་རྩ་བ་གསུམ་གྱི་བླ་རྡོ་སྲོག་འཁོར། ཡོན་ཏན་གྱི་རྟེན་རྡོ་རྗེ་དྲིལ་བུ་དར་དཀར་དམར་གྱིས་བཅིངས་པ་དང་དབུ་རྒྱན་ཅོད་པན། ཕྲིན་ལས་ཀྱི་རྟེན་གནམ་ལྕགས་ཀྱི་ཕུར་པ་དར་དམར་མཐིང་གི་ཅོད་པན་འཕུར་བ། སྒྲུབ་གཏོར་རིན་ཆེན་འབར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གཟུགས་རྡོར་དང་བཅས་པ། ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་ཨ་མྲྀ་ཏས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་མཆོག་དབང་གི་སྐབས་བཞིན་བྲིས་པས་བཀབ་ལ། བཀྲ་ཤིས་ཚེའི་འབྲང་རྒྱས་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ། བཅུད་ལེན་གྱི་རིལ་བུ། མངར་གསུམ་སྦྱར་བའི་ཚེའི་(18ན)ཛ་གད། ཚེ་མདའ་རྒོད་སྒྲོ་མ་དར་སྣ་ལྔ་དང་རཏྣས་བརྒྱན་པ། སྒྲུབ་དབང་དང་འབྲེལ་ན་ཙཀླི་སོགས་དབང་རྫས་ཚང་བ་དང་། ཁྱད་པར་མྱང་གྲོལ་སིདྡྷི་རིལ་བུ་བསྒྲུབ་པ་ལ་རྩ་བ་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གཏའ་ཕབ་འཁྲུལ་མེད་ཁུངས་ལྡན་ལ་གཞི་བྱས། སྐྱོབ་གནས་ཆེན་རྣམས་ནས་བྱུང་བའི་ཅུ་གང་དང་སིནྡྷུ་ར། ཨ་རུ། བ་རུ། སྐྱུ་རུ་ར་སྟེ་འབྲས་བུ་གསུམ། གསེར། དངུལ། བྱེ་རུ། དུང་། མུ་ཏིག་སྟེ་རིན་པོ་ཆེ་ལྔ། ནས། འབྲས། གྲོ། སྲན་དཀར། སོ་བ་སྟེ་འབྲུ་ལྔ། ཤུ་དག །དབང་ལག །སླེས་ཏྲེ། ཀཎྜ་ཀ་རི། ཨུ་རུ་སྟེ་སྨན་ལྔ། ལན་ཚྭ། མར། སྦྲང་། བུ་རམ། ཏིལ་མར་ཏེ་སྙིང་པོ་ལྔ། ཙནྡན་དཀར་དམར། གུར་གུམ། ག་བུར། ལི་ཤི་སྟེ་དྲི་ལྔ། ར་མཉེ། ཉེ་ཤིང་། གཟེ་མ། ལྕ་བ། བ་སྤྲུ་སྟེ་རྩ་བ་ལྔ། བ་ལུ་དང་མཚེ་ཅུང་ཟད་རེ་བཅས་སྨན་སྣ་རྣམས་ཞིབ་པར་བཏགས་ཏེ་འབྲས་དཀར་པོའི་ཕྱེ་མ་དང་སྦྱར་ལ། སྐྱེ་བདུན་སྐུ་ཤ །གདུང་དང་རིང་བསྲེལ། བདུད་རྩི་ཆོས་སྨན་སོགས་སེལ་མེད་ཁུངས་བཙུན་གྱི་བྱིན་རྟེན་རྣམས་ཆང་བཟང་པོའི་ཉིང་ཁུར་སྦང་བས་སྦྲུས་ཏེ་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་ཞིང་མཚལ་བཟང་པོའི་ན་བཟའ་གསོལ་བ་བྷནྡྷ་མཚན་ལྡན་དུ་བླུགས་ལ་དར་དམར་གྱི་ཁེབས་དང་དབུ་རྒྱན་ཅོད་པན་གྱིས་སྤྲས་པ་བཅས། གཞན་ཡང་མཆོད་རྫས་(18བ)གཏོར་མ། རྒྱན་བཀོད་ཀྱི་ཡོ་ཁྱད་སོགས་འོག་ཏུ་ཉེ་བར་མཁོ་བའི་ཆས་རྣམས་མ་ཚང་བ་མེད་པར་འདུ་བྱས་ནས། རྒྱན་བཀོད་དངོས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྒྲུབ་རྫས་རྣམས་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ཛཔྲ་དབྱངས་དང་བཅས་སློབ་དཔོན་གྱིས་དྲིལ་སྤོས་འཛིན་པས་སྣ་དྲངས་ཏེ། རྒྱལ་ཚབ་སོགས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་རྣམས་རིམ་པར་ཐོགས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་མདུན་དུ་འཁོད་ལ།)ཧཱུྃ༔ ཡང་གསང་བླ་མེད་མཆོག་གི་དཀྱིལ་འཁོར་འདིར༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ གུ་རུ་པདྨ་ཡི་དམ་དྷཱ་ཀི་ཡི༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་རྫས། ཡོན་ཏན་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་ཡེ་ཤེས་སྐྱེ་བ་མེད་པའི་ངང་༔ གུ་རུ་པད་འབྱུང་རྩ་གསུམ་ལྷ་ཡི་ཚོགས། ཐུགས་རྗེ་སྤྲུལ་བསྒྱུར་གཙོ་འཁོར་བཅས་རྣམས་ཀྱིས༔ འགྲོ་ཀུན་སྲིད་མཚོ་སྒྲོལ་ཞིང་ཐར་ལམ་འདྲེན༔ གསང་བའི་རྫས་མཆོག་སྨན་གཏོར་རཀྟ་དང་༔ ཕྱི་ནང་སྣོད་(19ན)བཅུད་བུམ་པའི་གཞལ་ཡས་གསལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་པའི་དཔལ༔ མ་རིག་རྣམ་རྟོག་དྲྭ་བ་གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ཉོན་མོངས་འབིག་པའི་མདའ༔ དྲི་མེད་རྣམ་དག་སྐུ་གསུམ་མེ་ལོང་མཛེས༔ སྐུ་ལྔ་མཚོན་ཕྱིར་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བས་མཚན༔ དར་འཕྱང་གཟུངས་ཐག་འཕན་འཕྱང་ལྡ་ལྡི་དང་༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོབ་ཡོལ་བ་དང་༔ རྒྱན་དྲུག་ཅོད་པན་མི་ཐུབ་རྒྱལ་མཚན་དང་༔ རྡོ་རྗེ་དྲིལ་བུ་རྔ་ཆེན་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང་༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ མཚན་ལྡན་རིག་མ་ཡིད་འོང་བདེ་བའི་ལམ། བཟླས་པའི་སྒྲ་དང་དག་པར་རབ་འབྱམས་ལྷ༔ གིང་དང་ལས་པ་ཡིད་བཞིན་རེ་སྐོང་སྒྲུབ༔ ཐམས་ཅད་ཡོངས་རྫོགས་བདེ་ཆེན་རོལ་པའི་ངང་༔ སྐུ་གསུང་ཐུགས་ཡོན་མཆོད་རྫས་དཔག་མེད་རྣམས༔ ཕོ་བྲང་གཞལ་ཡས་འདིར་ནི་རྣམ་པར་བཀོད༔ རྣལ་འབྱོར་བདག་ཅག་དངོས་གྲུབ་མཆོག་བརྙེས་ཤིང་༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་སྐེམ་བྱའི་ཕྱིར༔ གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཕོ་(19བ)བྲང་གཞལ་ཡས་འདི་ལ་བརྟན་པར་བཞུགས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་ཡོངས་རྫོགས་ཤོག༔ (ཅེས་རོལ་མོ་དང་བཅས་དཀྱིལ་འཁོར་དབུས་ཀྱི་འཕྲུལ་སྟེགས་སུ་མྱང་གྲོལ་རིལ་བུའི་བྷནྡྷ་ཉིད་དཔྲལ་བ་མདུན་བསྟན་དུ་བཀོད་པའི་ཁར་གཟུངས་ཐག་རྡོ་རྗེ་བཞག །མདུན་དུ་རྣམ་བུམ། ཚེ་འབྲང་། ཚེ་རིལ་ཆང་། མདའ་དར། གཡས་སུ་དབུ་རྒྱན། རྡོ་དྲིལ། རྒྱབ་ཏུ་གསང་ཐོད། སྒྲུབ་གཏོར། གཡོན་དུ་ཕུར་བུ་སོགས་དང་། ལྡིང་ཁྲི་གོང་མའི་དབུས་སུ་སྐུ་འབག །མཐའ་སྐོར་དུ་རྟེན་གཞན་རྣམས་འགོད་ཅིང་། རྡོ་རའི་སྟེང་དུ་སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་དང་། མ་ཏྲཾ་ཡང་སྔར་གྱི་གོ་རིམ་ལས་མ་འཆུག་པར་བཀོད། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཅས་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་དང་བ་དན་བཞི་བཞི། དར་གྱི་ལྡ་ལྡི། རིན་པོ་ཆེའི་དྲྭ་ཕྱེད། སྟེང་ན་གདུགས་དང་བླ་བྲེ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་སོགས་ཕྱག་ལེན་མཐོང་བརྒྱུད་བཞིན་བཀོད་པས་མཛེས་བརྗིད་ཆགས་པར་བཀྲམ། ཕྱི་རོལ་གྱི་ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ། ནུབ་ཏུ་རྩ་བའི་མཆོད་གཏོར་རྒྱན་སྤྲོས་ཅན་དང་། དེའི་གཡས་ནས་གཡས་སུ་(20ན)ཆོས་སྐྱོང་ཕོ་རྒྱུད་སྤྱིའི་གཏོར་སྤུངས། དམ་ཅན་སྒོས་སྲུང་། ཆད་མདོ། སྨན་ཐོད། གཡོན་ནས་གཡོན་དུ་མོ་རྒྱུད་སྤྱིའི་གཏོར་སྤུངས། ཚེ་རིང་མཆེད་ལྔ། བརྟན་མ། རཀྟའི་སྣོད་རྣམས་དང་། བྱང་དུ་དྲག་པོའི་ཉེར་སྤྱོད་བཅས་བཤམ། སྤྲོ་ན་དཀྱིལ་འཁོར་མཐའི་ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་། མཆོད་པ་སྨན་རཀ་གཏོར་མ་མར་མེ་རྣམས་བརྒྱ་རྩ་སོགས་གང་འབྱོར། མདུན་ཁོ་ནར་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད། ལྷོ་ནུབ་ཏུ་ལྕགས་ཧོམ་ནང་ཉུ་ལེའི་ལིང་ག །ལས་ཕུར། ཐུན་རྫས་སོགས་བཀོད། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོ་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར་རྣམས་དང་། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག་ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང་གཏོར་མའི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པའི་ཡན་ལག་རྣམས་མ་ཚང་བ་མེད་པར་བཤམས་ལ། མཆོད་རྫས་སྤྱི་ཁྱབ་ཏུ་དམིགས་ཏེ།)བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་(20བ)ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། (ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །འདི་ཉིན་སྔ་དྲོ་རྡོ་རྗེ་རྒྱལ་ཐེབས་སོགས་ཀྱིས་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །ལྔ་པ་ཕྲིན་ལས་ལ་འཇུག་པའི་ཡན་ལག་ལ་ལྔ་ལས། དང་བོ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱི་གཙོ་བོས་འདུས་པའི་གྲལ་གཤམ་ནས་འབྲེལ་ཆགས་པའི་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས།)ཀྱེ་ཧོ༔ རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་ཀུན་གྱི་གཙོ༔ རྒྱལ་བའི་གདུང་འཚོབ་སྟོན་པ་ཀུན་བཟང་དངོས༔ དངོས་གྲུབ་ཀུན་འབྱུང་ཐར་པའི་གྲོང་ཁྱེར་དུ༔ འགོད་མཛད་མཉམ་མེད་བླ་མ་ཨོ་རྒྱན་རྗེ༔ སྟོན་པའི་བཀའ་བཞིན་མངའ་གསོལ་བརྟན་པར་བཞུགས༔ མཚན་ལྡན་རིག་མ་ཡིད་བཞིན་བདེ་སྟེར་མ༔ རྒྱལ་བའི་ཡུམ་གྱུར་མངའ་གསོལ་བརྟན་པར་བཞུགས༔ དབང་སྒྲུབ་ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཕྱིར༔ སློབ་དཔོན་འོས་རྣམས་མངའ་གསོལ་བརྟན་པར་བཞུགས༔ ཕྱི་ནང་མཚམས་གཅོད་བདུད་དཔུང་ཀུན་འཇོམས་ཕྱིར༔ རྡོ་རྗེ་མཚམས་པར་མངའ་གསོལ་བརྟན་པར་(21ན)བཞུགས༔ མངོན་སྤྱོད་དྲག་པོས་བར་ཆད་ཉུ་ལེ་སྐྲོད༔ རྡོ་རྗེ་གིང་ཆེན་མངའ་གསོལ་བརྟན་པར་བཞུགས༔ དངོས་གྲུབ་བར་ཆད་ཡེ་ཤེས་དབྱིངས་སུ་མཁྱེན༔ ཡེ་ཤེས་སྤྱན་ལྡན་མངའ་གསོལ་བརྟན་པར་བཞུགས༔ ཕུད་དང་གཙང་སྦྲ་མཁའ་ཤིང་ལག་ལེན་འབྱེད༔ ཕུད་འདྲེན་ཕྱག་ཚང་མངའ་གསོལ་བརྟན་པར་བཞུགས༔ གཡོས་མཁས་ལྷག་ཆད་མེད་ཅིང་རྣམ་གཡེང་སྤངས༔ རྡོ་རྗེ་བྱན་མོར་མངའ་གསོལ་བརྟན་པར་བཞུགས་༔ ཐབས་མཁས་སྤྱོད་འཛོམ་དག་པ་གསུམ་ལྡན་པ༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་བརྟན་པར་བཞུགས༔ ཀུན་གྱི་བརྡ་སྤྲོད་སྤོས་འཛིན་གར་མཁན་མ༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་བརྟན་པར་བཞུགས༔ ཉོན་མོངས་རབ་སྤོང་བླ་མེད་མཆོག་སྒྲུབ་པ༔ འཁོར་ལོས་བསྒྱུར་རྒྱལ་མཆེད་དང་ལྕམ་དྲལ་རྣམས༔ ཐམས་ཅད་མངའ་གསོལ་གནས་འདིར་བརྟན་པར་བཞུགས༔ (ཞེས་ལས་ཀྱི་རྡོ་རྗེས་བདུད་རྩིའི་སྐྱེམས་སོ་སོར་དྲངས་ལ་མངའ་གསོལ་ལོ། །དེ་ནས་མཚན་ཉིད་དང་ལྡན་པའི་རིག་མ་རྒྱན་གྱིས་སྤྲས་པ་དངོས་སམ་གཞུང་གི་ས་ཁོངས་ཙམ་དུ་གཟུགས་བརྙན་འབུར་རམ་རི་མོར་བྲིས་པ་(21བ)འདུ་བྱས་ལ། ལས་ཀྱི་རྒྱལ་ཐབས་ཀྱིས་དབྱངས་དང་བཅས་ཏེ།)ཀྱེ་ཧོཿ རིག་མ་མཚན་ལྡན་དགའ་བཞིའི་གནས་སྟེར་མ༔ རྩ་བཟང་ཡིད་འཕྲོག་བདེ་བས་ཚིམ་པར་བྱེད༔ ཐབས་ཤེས་དབྱེར་མེད་ཡིད་བཞིན་བདེ་བ་སྐྱེད༔ རྡོ་རྗེ་རྒྱལ་པོ་དཔའ་བོ་ཁྱོད་ལ་འབུལ༔ (ཅེས་རྡོ་རྗེ་སློབ་དཔོན་ལ་ཕུལ་བ་གཡོན་ཕྱོགས་སུ་བཀོད། འདིའང་སྒྲུབ་དབང་གི་སྐབས་དོན་ལ་དགོངས་པ་ཡིན་པས་དཀྱུས་སུ་མ་བྱས་ཀྱང་ཆོག་གོ། གཉིས་པ་བསྲེ་བསྣན་བྱ་བ་ནི། དབང་མ་ཐོབ་ཅིང་སྔོན་ཆད་སྒྲུབ་གྲལ་དུ་མ་བཞུགས་པའི་མཆེད་གསར་བུ་ཡོད་ན་དེ་རྣམས་གཞུང་གྲལ་ལས་ལོགས་སུ་ཕྱེས་ཏེ་སློབ་དཔོན་གྱི་གསུང་ཐོས་པའི་ཉེ་ཕྱོགས་སུ་འཁོད། སློབ་དཔོན་གྱིས་ལས་བྱང་ལྟར་བདུད་རྩི་བྱིན་རླབས་སྔོན་དུ་འགྲོ་བས་སྨན་མཆོད་མཚན་དོན་ཁཱཧི་བཅས་ཀྱིས་རྒྱས་པར་ཕུལ་བའི་ལྷག་མ་ལ།)སྟོན་པ་རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གཙོ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་ཡི་གེ་ཧཱུཾ་ལས་ལས་ཀྱི་ཧེ་རུ་ཀ་རྔམས་ཤིང་བརྗིད་པ་འཕྲོས་པའི་ཐུགས་ཀ་ནས་ཡཾ་མཐིང་ནག་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས་ཏེ་བདུད་རྩི་ལ་ཐིམ་པར་(བསམ་ཞིང་།)ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ༔ (ཅེས་བརྒྱ་རྩ་བཟླས་པས་དམ་ཆུར་བྱིན་གྱིས་(22ན)བརླབས།)ཧཱུྃ་ཧྲཱིཿ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ (ཞེས་སོགས་ཀྱིས་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། གསར་བུ་རྣམས་ཀྱི་རྒྱུད་སྦྱོང་བའི་ཕྱིར་སྐྱབས་སེམས་ཚོགས་བསགས་རྗེས་ཟློས་ལན་གསུམ་རེ་བྱས་མཐར།)ཧྲཱིཿ རྒྱུ་ལམ་འབྲས་བུ་དབྱེར་མེད་པའི༔ རིན་ཆེན་གྲུ་གཟིངས་ལྟ་བུའི་ལམ༔ ཐེག་མཆོག་སྒོ་འདིར་འཇུག་གོ་ཅོག༔ ལྟ་སྤྱོད་དྲི་མེད་དམ་ཚིག་བསྲེ༔ (ཞེས་བརྗོད་ལ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ངག་ཏུ་སྦྱིན་ཏེ།)ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ གལ་ཏེ་སྙིང་རིང་བརྙས་གྱུར་ན༔ ཡཀྵ་རྡོ་རྗེ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞིབ་སྟེ་འཐུང་༔ སྙིང་ལ་ཡང་དག་རབ་གནས་པའི༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་བསྲུང་མཆོག་ཉམས་ན་བརླག༔ ས་མ་ཡ་ཨི་དན་ན་ར་ཀན་པཀྵ་སི་ཡཀྵ་ཧཱུྃ༔ (ཞེས་དམ་ལ་བཞག །མཆེད་གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་ལ་འཁོད་དུ་བཅུག་ལ།)དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདྲེས་པ་ཡིན་པས་དམ་ཚིག་གཞུང་(22བ) བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལས་མི་འགལ་དམ་ཚིག་མཆོག༔ འདི་ནས་ཀུན་མཁྱེན་མ་ཐོབ་བར༔ སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུཾ་ཨཱཿ (ཞེས་བརྗོད་དུ་བཅུག་སྟེ་མཆེད་གསར་རྙིང་གཉིས་ཀར་བདུད་རྩི་གཡས་བསྐོར་གཡོན་བསྐོར་བསྣོལ་མར་དྲང་། དམ་ཚིག་གི་བསླབ་བྱ་སྤྱི་ལྟར་རྒྱས་པར་འཆད་པའམ། མདོར་བསྡུས་ཙམ་དུ།)ཀྱེ་ཧོཿ འདིར་འཚོགས་སྐལ་ལྡན་མཆེད་དང་ལྕམ་དྲལ་རྣམས༔ མ་ཡེངས་དྲན་པའི་འཛིན་ཕུར་ཐོབ་ལ་ཉོན༔ བླ་མེད་སྒྲུབ་པ་ཆེན་པོ་ནི༔ ཡང་གསང་བླ་མའི་དཀྱིལ་འཁོར་འདིར༔ ཞུགས་ནས་ཉེ་རིང་ཕྱོགས་འཛིན་སྤོངས༔ ཕྲ་མ་རྩོད་ལེན་ལོག་ཆོས་སྤོངས༔ ལོག་ལྟ་བག་མེད་བྲེ་མོའི་གཏམ༔ ལོག་སྤྱོད་མྱོས་ཆང་འཐུང་བ་དང་༔ ལེ་ལོ་གཉིད་ལོག་འཐབ་རྩོད་ལ་སོགས་པ༔ ལུས་ངག་ཡིད་ཀྱི་མི་དགེའི་ལས་རྣམས་སྤོངས༔ བརྩོན་འགྲུས་ངེས་འབྱུང་མོས་གུས་དག་སྣང་དང་༔ བླ་མ་ལ་གུས་རྡོ་རྗེ་རྒྱལ་ཐེབས་དང་༔ ཤེས་རབ་གཟུངས་མ་ལས་ཀྱི་རྒྱལ་ཐེབས་(23ན)དང་༔ མཆེད་ལྕམ་ལ་གུས་གདུང་སེམས་ཆེ་བར་མཛོད༔ གསང་སྔགས་བླ་མེད་དོན་གྱི་དཀྱིལ་འཁོར་འདི༔ མཐོང་བ་ཙམ་གྱིས་སྐད་ཅིག་ཚེ་འདིར་གྲོལ། བླ་མེད་མཆོག་གི་དངོས་གྲུབ་མ་གཏོགས་པར༔ ཐུན་མོང་དངོས་གྲུབ་ཕྲན་བུར་མ་སེམས་ཤིག༔ ཡང་གསང་བླ་མེད་དཀྱིལ་འཁོར་གྱི༔ སྒྲུབ་ཆེན་བསྐྱེད་རྫོགས་ཟབ་མོ་ནི༔ མཐོང་ཐོས་སྐལ་ལྡན་ཨུ་དུམྺ་ར་བཞིན༔ བསྐལ་པ་བརྒྱར་ཡང་འདི་འདྲ་རྙེད་མི་འགྱུར༔ དེ་ཕྱིར་ཡེངས་མེད་བརྩོན་ཅིག་བུ་མཆོག་རྣམས༔ (ཞེས་གདམས་པར་བྱའོ། །གསུམ་པ་ཆས་སུ་འཇུག་པ་ནི། ཞི་ཆས་དར་བེར། རིན་ཆེན་རྩེ་བྲན། དར་གྱི་ཅོད་པན། མགུར་ཆུ། དོ་ཤལ། སྐ་རགས། རྡོ་དྲིལ་རྣམས་གཟུགས་སུ་བཅོས་པའམ་དངོས། ཁྲོ་ཆས་ཐོད་པ་ཚར་གསུམ་གྱི་ཕྲེང་བ། གླང་ཀོ། སྦྲུལ་ཆུན། ཞིང་ལྤགས། སྟག་ཤམ། དཔལ་འབར་མེ། མཚལ་དང་ཁྲག་ཆེན་བསྲེས་པ། དཀར་དང་ཐལ་ཆེན་བསྲེས་པ། ས་སེར་དང་ཞག་ཆེན་བསྲེས་པ། འདེབས་པའི་ཡོ་བྱད་རྡོ་རྗེ་ཕྱེད་པ་དང་པདྨ་འདབ་བརྒྱད་ཉི་ཟླའི་སྤར་རྣམས་རེ་རེ་བཞིན་ཐོགས་པ་གྲལ་སྟབས་སུ་འཁོད། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་བོར་ལེན་ཚུལ་གྱིས།)ཧཱུྃ༔ གདོད་ནས་མ་སྐྱེས་(23བ)ཐུགས་རྗེ་ཞི་བའི་དབྱིངས༔ སེམས་ཅན་དོན་ལ་སྤྲུལ་བསྒྱུར་སྣ་ཚོགས་ཀྱི༔ ཐབས་དང་ཤེས་རབ་ཕྱག་རྒྱའི་རྟགས་མཆོག་དང་༔ ཡེ་ཤེས་ལྔ་ལྡན་མཛེས་པའི་རྒྱན་ཆ་འདིས༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་༔ དཔའ་བོ་དཔའ་མོ་རྣམས་ལ་མངའ་གསོལ་ལོ༔ (ཞེས་པས་ཞི་ཆས་རྣམས་དང་།)ཧཱུྃ༔ ཐོད་ཕྲེང་སྐུ་གསུང་ཐུགས་ཀྱི་རྟགས་ཀྱི་རྒྱན༔ སྟོབས་བཅུའི་དོན་རྟོགས་ཐེག་ཆེན་ཀོ་རློན་རྒྱན༔ དྲེགས་པའི་བདུད་འདུལ་སྦྲུལ་གྱི་ཆུན་འཕྱང་ལྡན༔ ཚུལ་ཁྲིམས་གོ་ཆ་སྟོང་ཉིད་གཡང་གཞིའི་གོས༔ རྟག་ཆད་མཐའ་བྲལ་དཔའ་བོའི་སྟག་ཤམ་མཛེས༔ གཟིག་ཤམ་དོན་དམ་བཅུད་ཀྱི་རྒྱན་དུ་ཆེ༔ ཆགས་བྲལ་སྒྱུ་མར་རོལ་པར་རཀྟས་མཚན༔ གདུག་ཅན་མཐར་བྱེད་ཐལ་བའི་ཚོམ་བུར་ལྡན༔ ཐུགས་རྗེ་ཡེ་ཤེས་དབྱིངས་འདུལ་མེ་ཕུང་འབར༔ ཁྲོ་རྒྱལ་དུར་ཁྲོད་རབ་འཇིགས་ཆས་སུ་ཞུགས༔ རང་རང་རྟགས་ཀྱི་ཆ་ལུགས་རྫོགས་པ་དང་༔ ཉོན་མོངས་མ་སྤངས་རང་དག་རྒྱན་དུ་ཆེ༔ དཀྱིལ་འཁོར་ལྷ་རྣམས་དགྱེས་པའི་ཕྱག་རྒྱར་འབུལ༔ (ཞེས་པས་ཁྲོ་ཆས་རྣམས་སློབ་དཔོན་ནས་བརྩམས་འདུས་པ་ཀུན་ལ་(24ན)འགྲིམ་ཞིང་རྒྱན་དང་གོས་རྣམས་བགོ་བའི་ཚུལ་བྱ། དཔྲལ་བར་རཀྟའི་ཉི་ཟླ། མཁུར་ཚོས་གཉིས་ལ་ཐལ་ཆེན་གྱི་རྡོ་རྗེ་ཕྱེད་པ་རེ། ཁ་ལ་ཞག་གི་པདྨ་འདབ་བརྒྱད་རྣམས་བྲིའོ། །བཞི་པ་བརྡ་སྦྱར་བ་ནི། ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས།)ཨོཾ་མ་ཧཱ་བཛྲ་ཧཱུྃ༔ (ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།)ཨོཾ་བཛྲ་གཎྜེ་ཨཱཿ (ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།)ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ (ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རྒྱ་ཆེར་བསྒྲག །དེ་ནས་ལས་བྱང་ལྟར་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་བཙལ་བ་སྔོན་དུ་འགྲོ་བས།)ཧཱུཾ༔ རྣམ་དག་ལྷུན་གྲུབ་གཞལ་ཡས་འདིར༔ པདྨ་ཉི་ཟླ་འོད་ཀློང་དུ༔ ཡེ་ནས་རང་བྱུང་ལྷུན་གྲུབ་ལྷ༔ གུ་རུ་རྩ་གསུམ་ལྷ་ཚོགས་རྣམས༔ ཉི་མ་དང་ནི་འོད་ཟེར་བཞིན༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ (ཞེས་ལྷ་རྣམས་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་པར་བསམ་མོ། །ལྔ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་རྒྱན་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་དེ་དཀྱིལ་འཁོར་ལ་བསྐོར། སྤོས་ཀྱི་དུད་སྤྲིན། དར་སྣའི་གཡབ་མོ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།)(24བ)རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་རླབས་དབང་བསྐུར་དངོས་སྒྲུབ་སྩོལ་ཞིང་ཕྲིན་ལས་བསྒྲུབ་པར་(མོས་ལ། གཏེར་གཞུང་བྱིན་འབེབས་ཟུར་བྱང་ལྟར་རམ་ལས་བྱང་བཞིན་བྱིན་དབབ་པས་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པ་ཉིད་དུ་གྱུར་པར་བསམ་ཞིང་ཛཔྲ་དབྱངས་བྱ། དེ་ནས་བདག་བསྐྱེད་རྒྱུན་སྤྱོད་མཐར་དབྱུང་བས་ཉིན་གཉིས་པའི་བྱ་བ་གྲུབ། དེ་རྣམས་ཀྱིས་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ་རྫོགས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་བསྒྲུབ་པའི་རིམ་པ་ལ་གསུམ། ཕྲིན་ལས་ཀྱི་གཞུང་བསྲང་བ། སྒྲུབ་པའི་བར་ཆད་བསལ་བ། རྟགས་ཚད་གཏན་ལ་འབེབས་པའོ། །དང་པོ་ནི། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་བྱས་དྲིས་བྱུགས་ཤིང་རྒྱན་གོས་བཟང་པོས་བརྒྱན། དང་བའི་ཡིད་ཀྱིས་དཀྱིལ་འཁོར་ལ་ཕྱོགས་པར་འཁོད་དེ། ཉིན་གསུམ་པ་ནས་བཟུང་ཕྲིན་ལས་ཀྱི་བྱང་བུ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་ཉིད་ཉིན་མཚན་ཐུན་དྲུག་གམ་བཞིའི་རིམ་པས་ཉམས་སུ་ལེན་པར་བྱ་བ་ལས། ཐུན་དང་པོ་ལ་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚོགས་བསགས་སྔོན་གཏོར་(25ན)ནས་བརྩམས་སྔོན་འགྲོའི་ལས་རིམ་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་སྟེ། མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྒོམ་ལ། ཡེ་ཤེས་པ་སྤྱན་འདྲེན་ཅིང་བཞུགས་གསོལ་ཕྱག་མཆོད་བསྟོད་བཤགས་རྣམས་ཚང་བར་བྱ། ཛཔྲ་བསྐུལ་སྔོན་དུ་འགྲོ་བས་བསྙེན་པའི་བཟླས་པ་ཅུང་ཟད་མཐར། སྒྲུབ་པའི་དམིགས་གནད་དང་བཅས་ཐོད་ཕྲེང་རྩལ་གྱི་བཟླས་པ་ལ་གཙོ་བོར་བྱ་ཞིང་། མཐར་ལས་སྦྱོར་ཡང་ཉུང་ཙམ་རེ་སྦྱར། ཁྱད་པར་མྱང་གྲོལ་རིལ་བུ་བསྒྲུབ་པའི་སྐབས་སུ་དེ་ཉིད་ལ་དམིགས་ཏེ།)བྷནྡྷ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་བཅུད་རྫས་རིལ་བུ་རྣམས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་སུ་གསལ་བར་གྱུར་(པར་མོས་ལ། །)བདག་མདུན་ལྷ་ཚོགས་ཐུགས་ལས་འོད་འཕྲོས་པས། །རབ་འབྱམས་རྒྱལ་བའི་ཞིང་ཁམས་དཔག་མེད་ནས། །ཕྱོགས་དུས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །གུ་རུ་རྩ་གསུམ་འཆི་མེད་ཚེ་ཡི་ལྷ། །དྲང་སྲོང་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡི། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་མ་ལུས་དང་། །འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །(25བ)དྭངས་མའི་རྩི་བཅུད་འོད་ཟེར་ཚུལ་དུ་བསྡུས། །རིལ་བུ་ལ་ཐིམ་ཟེར་རླངས་གཟི་བྱིན་འབར། །ཀུན་ཀྱང་རྩ་བ་གསུམ་གྱི་རང་བཞིན་དུ། །གྱུར་ཏེ་ལྷ་སྔགས་ཡོམ་ཡོམ་ཤིག་ཤིག་གཡོ། །གྲོལ་བ་རྣམ་བཞིས་འཁོར་བ་དོང་སྤྲུགས་གྱུར། (ཅེས་གསལ་བཏབ་ལ་གཟུངས་ཐག་བླངས་ཏེ་སྙིང་པོ་ཐོད་ཕྲེང་རྩལ་གྱི་ཤམ་དུ། ཨ་ར་པ་ཙ་མི་ཏ་ཧྲི་ད་ཡེ་སྭཱ་ཧཱ༔ ཞེས་བཏགས་པ་ཉིད་གཙོ་བོར་བཟླ་ཞིང་། འདི་ནས་བཟུང་སྟེ་སྔགས་ཀྱི་གསུང་སྒྲ་རྒྱུན་མི་འཆད་པར་བྱ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེས་སྔགས་ཀྱི་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་མདོར་བསྡུས་རྗེས་སུ།)ཨེ་མ་ཧོཿ གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་མ་རིག་ཉོན་མོངས་དབང་གྱུར་པས༔ བསྙེན་སྒྲུབ་ཟབ་མོར་འབད་པར་དམ་བཅས་ཀྱང་༔ མ་རིག་ལོག་རྟོག་ཚོད་ཡོད་ལེ་ལོ་ཡིས༔ རྩ་བ་ཡན་ལག་འགལ་འཁྲུལ་ཅི་མཆིས་རྣམས༔ འགྱོད་པས་བཤགས་སོ་ཕྱིན་ཆད་མི་བགྱིད་སྡོམ༔ བཟོད་པར་གསོལ་ལོ་ཚངས་པའི་དངོས་གྲུབ་སྩོལ༔ (ཞེས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།)ཨེ་མ༔ གུ་རུ་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ༔ ཁྱོད་འདྲ་ལྟ་བུ་སྐད་ཅིག་ཚེ་འདི་(26ན)ལ༔ བདག་ཅག་གདོད་མའི་ཀུན་བཟང་མྱུར་འགྲུབ་ཤོག༔ གུ་རུ་རྩ་གསུམ་ལྷ་ཚོགས་ས་ཐོབ་ཕྱིར༔ སྲོག་གི་ཕྱིར་ཡང་མི་བཏང་སྒྲུབ་ལགས་ཀྱི༔ ཐུགས་རྗེའི་དམ་བཅའ་མ་གཡེལ་བྱིན་གྱིས་རློབས༔ སྙིགས་མའི་བསྐལ་པ་དུས་ཀྱི་ཐ་མ་འདིར༔ སྔོན་བྱོན་རྒྱལ་བ་རྣམས་ཀྱི་མཛད་པ་ལྟར༔ བདག་གིས་འགྲོ་དྲུག་སེམས་ཅན་དོན་སྒྲུབ་ཀྱི༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་དཔང་མཛོད་ལ༔ བདག་གི་བསམ་པ་སྐྱོན་མེད་འགྲུབ་གྱུར་ཅིག༔ འདའ་ཀ་ཁྱོད་ཀྱི་རྩ་བ་གསུམ་དུ་བསྲུང་༔ དམ་ཚིག་ཟུང་འབྲེལ་ཕྲེང་ཐག་ལུ་གུ་རྒྱུད༔ རིག་པ་སྲོག་བསྡུས་སྐུ་གསུམ་མ་ཐོབ་བར༔ ལུས་དང་སྲོག་ལ་བབ་ཀྱང་ཕྱིར་མི་བཏང་༔ ཙིཏྟ་ས་མ་ཡ་ཧཱུཾ༔ (ཞེས་དམ་བཅའ་བཟུང་། དེ་ནས་འོག་ཏུ་སྨོས་པ་ལྟར་ཉུ་ལེ་བསྐྲད་པ་དང་བྱིན་འབེབས་མདོར་བསྡུས་བྱས་པས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་ལས་བྱང་གི་མཆོད་བརླབ་ནས་བཟུང་ཉུལ་བསྐྲད་བྱིན་འབེབས་བར་སྔར་དང་འདྲ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་བཟླས་པ་མཆོད་བསྟོད་བཤགས་པ་དམ་བཟུང་བཅས་གྲུབ་པ་དང་། མ་གཟའ་རྡོར་གསུམ་གཙོ་བོར་གྱུར་པའི་དམ་ཅན་སྤྱི་དང་བྱེ་བྲག་གཏེར་སྲུང་ཚེ་རིང་མ་སོགས་ཀྱི་གཏོར་ཆོག་(26བ)བཏང་། ཚོགས་མཆོད་རྒྱས་པར་འབུལ་ཞིང་ལྷག་མ་བཙོན་དུ་འཛིན། གཏོར་སྐྱོང་རྟ་བྲོ་གཏང་རག་ནོངས་བཤགས་མདུན་དཀྱིལ་བརྟན་བཞུགས་བདག་བསྐྱེད་རྒྱུན་སྤྱོད་བསྔོ་སྨོན་ཤིས་བརྗོད་བཅས་གྲུབ་ནས། ས་སྲོད་ཙམ་ལ་ཉུ་ལེ་བསྐྲད་གཟིར་དང་བྱིན་འབེབས་རྒྱས་པར་བྱ། མཚན་ཐུན་དང་པོར་སྐྱབས་སེམས་ཚོགས་བསགས་མཚམས་གཅོད་ནས་བཟུང་གཞན་ཉིན་ཐུན་དང་འདྲ་བ་ལས། ཐུན་མཇུག་སོ་སོར་བར་ཆད་གསལ་ཞིང་བྱིན་དབབ་པ་དང་། ཐོར་ཐུན་གཤམ་དུ་ཚོགས་མཆོད་རེའང་བྱས་ལ་རྒྱུན་སྤྱོད་མཐར་དབྱུང་། དེ་ལྟ་བུའི་འགྲོས་ཀྱིས་དངོས་གཞིའི་སྒྲུབ་ཞག་བདུན་ལ་སོགས་པ་ཇི་ཙམ་བྱ་བའི་གཞུང་བསྲང་བར་བྱའོ། །གཉིས་པ་ནི། པྲ་ཁྲིད་རྩ་བར། ངེས་མེད་ཤེས་པ་མི་གསལ་བ༔ དྲི་ངན་མནམ་དང་སྙིང་མི་དགའ༔ དགེ་སྦྱོར་མི་འདོད་སྙིང་རླུང་ལངས༔ བླ་མར་ཐེ་ཚོམ་ཟ་ཞིང་མཛད་སྤྱོད་ལོག་པར་བལྟ༔ དག་སྣང་མོས་གུས་ལྡོག་ཅིང་འགྲོ་སྙིང་འདོད༔ རིག་པ་འཚུབས་ཤིང་གླུ་བྲོར་དགའ༔ མཆེད་དང་ལྕམ་དྲལ་རྣམས་ལ་སྐྱོན་དུ་བལྟ༔ སྒྲོ་སྐུར་འདེབས་ཤིང་ཁེ་རྒྱལ་འདོད༔ བྱིང་ཞིང་རྨུག་དང་འཐིབ་པ་དང་༔ བག་མི་བྲོ་ཞིང་ཤེས་པ་འཕྱོ་བའི་དུས༔ ཕོ་ཉ་བསྐུལ་སོགས་ནན་དུ་བྱ༔ དུས་དྲུག་རྦད་ཅིང་བསྐུལ་བ་ཡིས༔ སྒྲུབ་པའི་བར་ཆད་སེལ་བར་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར་བར་ཆད་ཀྱི་མཚན་མ་བྱུང་ན། སྤྱིར་རེ་དོགས་ཀྱི་ཞེ་ན་འཁྲིས་བཅད་དེ་ལྟ་(27ན)བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་ཉུ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། སློབ་དཔོན་ནམ་རྒྱལ་ཐེབས་དྲག་པོའི་ཆས་སུ་ཞུགས་པའི་མདུན་དུ་ལིངྒ་བཀོད་ལ།)ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་(པར་བསམ་ཞིང་།)ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་(སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།)བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ (ཞེས་ལན་གསུམ་གྱིས་འགུག་གཞུག་བྱ། གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ཞིང་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི།)ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་(27བ)པ༔ དབང་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ༔ (ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་པས་གདབ་ཅིང་ཊཀྐིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི།)ཧཱུཾ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕོ་ཉ་མོ༔ དྲག་མོ་ཆེན་མོ་དམར་ཆེན་གཏུམ་པའི་ཞལ༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་ཟླའི་ཟེར་འཕྲོ་མ༔ སྨིན་མ་གློག་འཁྱུག་སྲིད་གསུམ་འོད་དུ་འབར༔ བ་སྤུའི་གསེབ་ནས་ཐོག་གི་བུ་ཡུག་འབེབས༔ ཤངས་ནས་རྡོ་རྗེའི་ཧཱུཾ་གླུ་འབྲུག་ལྟར་སྒྲོགས༔ བཞད་(28ན)པ་ཧ་ཧཱུཾ་གནམ་ལྕགས་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་སྲིད་གསུམ་གཞོབ་ཏུ་སྲེག༔ ཞལ་ནས་སོད་ཆོད་རྒྱོབ་སོད་འབྲུག་སྒྲ་སྒྲོགས༔ འཇིགས་པའི་ལག་དམར་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུར་བསྐལ་པའི་མེ་ཆེན་འབར༔ སྐུ་ལས་གནམ་ལྕགས་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་སྐར་ལྟར་འཁྲུགས༔ ཞབས་ཀྱི་ཕུར་པས་སྲིན་མོའི་ཚོགས་རྣམས་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་རྒྱུན་འབེབས༔ རབ་འཇིགས་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཞལ་དུ་ཁྲུམ་ཁྲུམ་གསོལ༔ དཔལ་གྱི་ཕོ་ཉ་མི་བཟད་རབ་འབར་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ སྟེང་འོག་ཕྱོགས་མཚམས་རྣམས་སུ་ཁ་བལྟ་ཞིང་༔ ཕྱོགས་སྐྱོང་ཕོ་མོ་ཐམས་ཅད་ཞབས་ཀྱིས་གནོན༔ བཀའ་ལས་འདས་པའི་སྙིང་ཁྲག་དྲོན་མོ་འཐུང་༔ སྲིན་ལ་བབས་(28བ)ན་སྲོག་སྙིང་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་ཆེན་ཐུགས་སྤྲུལ་དཔལ་གྱི་ཕོ་ཉ་མོ༔ དམ་ཉམས་དགྲ་བགེགས་རྒྱལ་འགོང་འབྱུང་པོ་དང་༔ དམ་སྲི་ཉུ་ལེ་བགེགས་ཚོགས་མ་ལུས་ཀུན༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེག༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུཾ་ཧཱུཾ༔ གྲུ་བུ་གྲུ༔ ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེད་ཐུན་ཐུན༔ ན་ཤ་སྟམྦྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙེཏྟ་རྦད་ནན༔ སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ནན༔ (ཞེས་དྲག་སྔགས་རྫས་དུད་དང་བཅས་ཐུན་གྱིས་བྲབ་ཅིང་། ཁྱད་པར་གིང་དཀར་ནག་གི་ཕྱག་མཚན་གྲི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པ་དང་། རལ་གྲི། འུག་མགོའི་ཐོ་བ། ཁྱད་པར་གྱི་དབྱུག་པ་རྣམས་ཀྱིས་བསྡིགས་ནས་རྒྱང་རིང་དུ་བསྐྲད། དེ་མཐར་སྤོས་དང་རོལ་མོ་སོགས་ཀྱིས་གཟི་བྱིན་བསྐྱེད་དེ་བྱིན་དབབ་ཅིང་ཛཔྲ་དབྱངས་གྱེར་རོ། །གསུམ་པ་ནི། པྲ་ཁྲིད་རྩ་བར། དེ་ནས་གྲུབ་རྟགས་ཀྱི་རིམ་པ་ནི༔ ཉམས་དགའ་ཞིང་ཤེས་པ་སྤྲོ་བ༔ བག་དྲོ་ཞིང་བྱིན་ཆགས་པ༔ བླ་མ་སངས་རྒྱས་དངོས་སུ་མཐོང་བ་(29ན)དང་༔ ཏིང་ངེ་འཛིན་གསལ་ཞིང་དཀྱིལ་འཁོར་དང་སྒྲུབ་རྫས་ལ་འོད་ཟུག་པ༔ བུམ་ཆུ་སྨན་རཀ་ཁོལ་བ༔ དྲི་བཟང་འཐུལ་ཞིང་ཕུར་པ་འཁྲབ་པ༔ ཡོན་ཆབ་མི་འཁེངས་ཤིང་མར་མེ་འཛིན་པ༔ རྨི་ལམ་དུ་ཉི་ཟླ་ཤར་བ་དང་༔ གྱེན་ལ་འཛེག་པ་དང་༔ རོལ་མོའི་རིགས་བྱེད་རྣམས་སྒྲོགས་པ་དང་༔ ཆུ་ལས་བརྒལ་བ་དང་༔ བུ་མོ་བཟང་མོས་ཟས་དང་རྒྱན་ཕྲེང་གི་རིགས་རྣམས་རང་ལ་སྟེར་བ་དང་༔ ཟམ་འཕྲང་དང་ལམ་གྱི་རིགས་བྱེད་རྣམས་འཆོས་པ་དང་༔ དར་འཕྱར་བ་དང་༔ དུང་འབུད་པ་དང་༔ ཁྲི་སྟན་བཟང་པོ་བཤམས་པ་དང་༔ ཁྲུས་བྱས་པ་དང་༔ བྲག་གཤག་པ་དང་༔ རྦབ་གཏོང་བ་དང་༔ ཤིང་གཅོད་པ་དང་༔ ལིང་བཀྱེ་བ་དང་༔ དེ་ལ་སོགས་པ་ཡ་མཚན་པའི་ལྟས་དཔག་ཏུ་མེད་པ་འབྱུང་ངོ་། ཞེས་དང་། ཁྱད་པར་རིལ་བུ་གྲུབ་པའི་རྟགས་ནི། རིལ་བུ་མང་དུ་འཕེལ་བ་དང་༔ སྒྲུབ་ཁང་ཕྱི་ནང་དུ་འཕུར་བ་སོགས་འབྱུང་ངོ་༔ ཞེས་གསུངས་པ་ལྟར་ལྟས་བཟང་གཏན་ལ་ཕེབས་པའམ་གྲངས་དང་དུས་ཀྱི་དམ་བཅའ་ཐེམས་ནས་དུས་ཀྱི་དངོས་གྲུབ་བསྐུལ་ཞིང་། གློ་བུར་དུ་དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་མ་ཐག་རྒྱུན་གྱི་དངོས་གྲུབ་བསྐུལ་བ་གནད་དུ་ཆེའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཞི། བདག་དོན་དངོས་གྲུབ་བླང་བ། གཞན་དོན་དབང་བསྐུར་བ། གཉིས་ཀའི་དོན་དུ་ཚེ་སྒྲུབ་པ། མཇུག་སྡུད་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ནི། སྒྲུབ་(29བ)པ་སང་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པར་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་ཞོ་མར་འོ་མ་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་ནོར་བུ་འབར་བའི་དབྱིངས་ཅན་རྒྱན་ལྡན་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཅས་འགོད། དེ་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་མངར་གསུམ་ཨ་མྲྀ་ཏ་དང་སྦྱར་བའི་ཆང་བཟང་པོས་བཀང་བ་བཞག་ལ་དར་དམར་མཐིང་གིས་ཁ་བཀབ། མཐའ་སྐོར་དུ་འབྲང་རྒྱས། ལ་དུ། ཟླ་རྒྱས། ཟླ་ཕྲུམ། གལ་ཕྱེ། རྒུན་འབྲུམ། བཅའ་ལྒ་སོགས་སྤོད་དང་ཤིང་ཏོག་གི་རིགས། མཱཾ་ས། མ་ད་ན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པ་ལེགས་པར་བཤམ། འདི་ཉིན་པདྨ་རྒྱལ་ཐེབས་སོགས་ཀྱིས་དབང་གི་སྦྱིན་སྲེག་ཀྱང་བྱ། ཕྱིར་ནང་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་གྲུབ་པ་ན་གཟུངས་ཐག་བསྡུས་ལ་བསྙེན་རྒྱུན་སྔ་མ་གྲོལ་ནས་སྙིང་པོ་ལ་དངོས་གྲུབ་བླང་བའི་སྔགས་བཏགས་པ་བཟླ། ཆོས་སྐྱོང་གི་གཏོར་འབུལ་གྲུབ་པ་དང་། དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚོགས་ཚར་གཅོད་པའི་ཕྱིར་ལས་བྱང་ལྟར་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད་དེ་སྲུང་འཁོར་བསྒོམ།)ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་ཡི་(30ན)དམ་དྷཱ་ཀི་དགོངས༔ (ཞེས་སོགས་དང་ཡི་གེ་བརྒྱ་པ་བཟླས་པས་མཁོན་ལྕུགས་སྦྱང་། སྤོས་དང་རོལ་མོར་བཅས་པས་བྱིན་དབབ་མཐར། ཁྱད་པར་དངོས་གྲུབ་བསྐུལ་བའི་ཛཔྲ་བཟླ་བ་ནི།)གུ་རུ་རྩ་བ་གསུམ་གྱི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་པས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས། བདག་ལ་ཐིམ་པས་ནུས་པ་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་(བསམ་ཞིང་། དངོས་གྲུབ་རྫས་ཀྱི་ཁར་གཟུངས་ཐག་རྡོ་རྗེ་བཞག་པའི་སྣེ་མོ་ནས་བཟུང་ལ་རྩ་སྔགས་ཤམ་དུ།)ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾ༔ (ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ། བཟླས་པ་གྲུབ་ནས་གཟུངས་ཐག་བསྡུས་ལ།)དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་ཐམས་ཅད་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པར་(མོས་ཏེ། རྡོ་རྗེ་རྒྱལ་ཚབ་པས་མྱང་གྲོལ་རིལ་བུམ། ཡུམ་(30བ)གྱིས་རྣམ་བུམ། ལས་རྡོར་སོགས་ཀྱིས་བདུད་རྩི་དང་ལས་བཞིའི་འབྲང་རྒྱས་སོགས་སྒྲུབ་རྫས་རྣམས་སྦྲེང་ཚར་དུ་ཐོགས་ལ།)ཧཱུཾ༔ གུ་རུ་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ ལུས་ངག་ཡིད་གསུམ་རབ་གུས་གདུང་བ་ཡིས༔ བསྙེན་སྒྲུབ་ཟབ་མོས་ཐུགས་དམ་གནད་བསྐུལ་གྱི༔ དེང་སང་སྐྱ་རེངས་དང་པོ་འཆར་དུ་ཉེ༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་ལ་ཁད༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་མཐའ་རུ་ཕྱིན༔ བསྙེན་སྒྲུབ་ཞག་གི་གྲངས་ཀྱང་དེང་ཚང་བས༔ མཆོག་ཐུན་དངོས་གྲུབ་དམ་པ་ཆར་དུ་ཕོབ༔ ཐུན་མོང་མ་ཡིན་ཁྱད་པར་གནད་ཀྱི་མཆོག༔ རྒྱལ་བའི་ཐུགས་གསང་དཔལ་གྱི་བེའུ་ནས༔ ཉག་གཅིག་ཟེར་འཕྲོས་ཐིག་ལེ་ལུ་གུ་རྒྱུད༔ སྐལ་ལྡན་སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ (ཞེས་དང་།)ཧཱུྃ༔ ཆོས་དབྱིངས་མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཆགས་སྐྱོན་བྲལ་པདྨའི་ལྗགས་མངའ་བ༔ ཚངས་དབྱངས་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དྲུག་མ་ལུས་ཐུགས་(31ན)རྗེས་ཡོངས་སྒྲོལ་བ༔ སྤྲོས་བྲལ་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རིན་ཆེན་འགྲོ་བའི་རེ་འདོད་སྐོང་༔ མི་ཟད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཡི༔ ཐོགས་མེད་ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ༔ དེ་ལྟར་དངོས་གྲུབ་སྩོལ་བར་མི་དམིགས་ཀྱང་༔ རྒྱལ་བ་ཐུགས་རྗེ་བྱིན་རླབས་རང་བཞིན་ལ༔ དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན༔ སྐྱབས་ལས་མི་གཡེལ་གཡར་དམ་གཅིག་པ་ལ༔ ཡེ་ཤེས་ལྷ་མཆོག་ཁྱེད་རྣམས་དགོངས་ནས་ཀྱང་༔ དངོས་གྲུབ་དམ་པ་དུས་འདིར་སྩལ་དུ་གསོལཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ༔ སརྦ་སིདྡྷི་ཧྲཱིཿ (ཞེས་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས་ཤིང་། རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་ལ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་མེར་གྱིས་འཁྱིལ་བར་མོས་ཏེ་སྤྱི་མགྲིན་སྙིང་གར་ཐིག་ལེ་བྱ། ལྕེ་ཐོག་ཏུ་མྱང་བས་ལུས་ཕྱི་གཞལ་ཡས་ཁང་ལ་ནང་རྩ་ཁམས་ཐམས་ཅད་ལྷ་ཚོགས་སུ་བསམ་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ།)བདག་ཉིད་ལྷ་དང་དངོས་གྲུབ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་(31བ)དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་(པར་བལྟའོ། །སྐབས་འདིར་གཙོ་བོ་རྡོ་རྗེ་རྒྱལ་པོའམ་རིན་ཆེན་རྒྱལ་ཐེབས་སོགས་ཀྱིས་རྒྱས་པའི་སྦྱིན་སྲེག་བྱ་ཞིང་དངོས་གྲུབ་ཀྱི་ཕུད་ཀྱང་མེ་ཐབ་ཏུ་འབུལ་ལོ། །གཉིས་པ་གཞན་དོན་དབང་བསྐུར་བ་ནི། སྒྲུབ་ཁང་དུ་འཇུག་པར་འོས་པའི་མཆེད་ནང་མ་ལ་བླ་མའི་དོན་དབང་སྙིང་པོ་བསྡུས་པ་ཙམ་བསྐུར་བའམ། ཐུན་མོང་དུ་སྒྲུབ་ཆེན་བྱིན་རླབས་ཀྱི་དབང་བསྐུར་བ་ལ། སློབ་མ་རྣམས་ཀྱིས་ཕྱག་དང་མཎྜལ་ཕུལ་ནས།)ཀྱེ་ཧོཿ བླ་མ་མཆོག་དང་རྩ་གསུམ་ལྷ་ཚོགས་རྣམས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དཔལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར༔ ཡིད་བཞིན་ནོར་བུ་བླ་མེད་མཆོག་གི་རྫས༔ བདག་ཅག་རྣམས་ལ་སྩོལ་ཅིག་སྐུ་དྲིན་ཅན༔ (ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱིས་མྱང་གྲོལ་ཕོ་བྲང་གིས་དབང་བསྐུར་ཞིང་།)ཧཱུྃ༔ གུ་རུ་རྩ་གསུམ་གསང་བའི་ལྷ་ཚོགས་ཀྱི༔ བླ་མེད་གསང་བ་བཅུད་ཀྱི་དངོས་གྲུབ་མཆོག༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ སྐུ་བཞིའི་འབྲས་བུ་ཚེ་འདིར་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུཾ༔ (32ན)(ཞེས་དབང་བསྐུར་ཏེ་དམ་རྫས་སྦྱིན་ལ་མྱང་དུ་གཞུག །སྤྲོ་ན་བཀྲ་ཤིས་རྫས་རྟགས་སྣ་བདུན་རྣམས་ཀྱང་གཏད་ལ་ཤིས་པ་བརྗོད་དོ། གསུམ་པ་ཚེ་སྒྲུབ་པ་ནི། སྔར་ནས་ཚེ་རྟེན་བཤམས་པ་ལ་དམིགས་ཏེ།)བདག་མདུན་སྐད་ཅིག་གིས་འོད་འབར་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བའི་ཁོང་གསེང་གི་དབུས་སུ་ཧཱུཾ་ཡིག་དམར་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཚེའི་བཅུད་རྣམས་འཇའ་འོད་ཐིག་ལེ་ཡི་གེ་ཨ་ནྲྀ་ཧྲཱིཿགསུམ་གྱི་རྣམ་པ་ཅན་དུ་བསྡུས་ནས་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་(མོས་ལ།)ཨོཾ་བཛྲ་ཨཱ་ཡུ་ཤེ་ཧཱུཾ་བྷྲཱུཾ་ནྲྀ་ཛཿ (ཞེས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར། ཚེ་འགུགས་བསྐུལ་བའི་སླད་དུ་མདའ་དར་གཡབ་ཅིང་།)ཧཱུཾ་ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་གསལ་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་ཚེ་དར་འཛིན༔ ཕྱག་གཡོན་མཉམ་གཞག་ཚེ་བུམ་འཛིན༔ གསང་བ་ཐུགས་ཀྱི་གྭའུ་ནས༔ སྙིང་པོ་ཐུགས་(32བ)བཅུད་ཨཱ་ཡུ་འདི༔ རྒྱལ་བའི་ཚེ་བཞག་གནས་འདི་ཡིན༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཧཱུྃ་ཧྲཱིཿ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་བཞི་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གསང་བ་བཞི་ཡིས་རྒྱས་ཐོབ་ཅིག༔ (ཅེས་བསྐུལ། འདིར་དཀྱུས་ཀྱི་ཉམས་ལེན་འཇུག་པ་བདེ་བའི་ཕྱིར་ཅུང་ཟད་བསྡུས་པ་སྟེ། རྒྱས་པ་ལ་མོས་ན་རིགས་ལྔ་ཚེ་དཔག་མེད་གཙོ་འཁོར་གྱི་བསྒོམ་བཟླས་ཚེ་འགུགས་བསྐུལ་བ་སོགས་པྲ་ཁྲིད་རྩ་བའི་གཞུང་ལྟར་སྦྱར་རོ། །མཐར་ཚེ་བརྟན་པར་བྱ་བ་ནི།)ཧཱུཾ་བྷྲཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ (ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ལ།)ཧཱུཾ་ཧྲཱིཿ སྙིང་པོ་བརྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་མཆོག༔ སྤྲོས་པས་སྟོང་ཁམས་བཀྲག་མདངས་ལྡན༔ བསྡུས་པས་རྣལ་འབྱོར་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་སྐལ་ལྡན་རྣལ་འབྱོར་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་དོན་རྟོགས་ཤོག༔ (ཅེས་སློབ་དཔོན་གྱིས་ཚེ་འབྲང་གི་དབང་བླང་ཞིང་མཆེད་ལྕམ་རྣམས་ལའང་(33ན)དབང་བསྐུར། ཚེ་རིལ་དང་ཚེ་ཆང་ལ་ལོངས་སྤྱད་དེ། མེ་ཏོག་འཐོར་ཞིང་།)ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱཿ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུཾ་ཛྙཱ་ན་ཧཱུཾ་ཧོཿ (ཞེས་ཚེ་བརྟན་པའི་བཀྲ་ཤིས་བརྗོད་དོ། །དེ་རྣམས་ཀྱིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རིམ་པ་རྫོགས་པ་ཡིན་ནོ། །བཞི་པ་མཇུག་མཐའ་རྒྱས་ཀྱི་རིམ་པ་ལ་དགུ་ལས། དང་པོ་ཚོགས་དང་གཏོར་མ་བཏང་བ་ནི། ལས་བྱང་གི་ཚོགས་བྱིན་བརླབ་ནས་བརྩམས་ཚོགས་མཆོད་རྒྱས་པར་བྱ། ཞལ་བསྟབ་སྐབས་ཉུ་ལེའི་ལིངྒ་མེ་ཧོམ་དུ་བསྲེགས་ཏེ་ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ཚོགས་ལ་རོལ་མཐར་ལྷག་མ་བསྡུས་ལ་སྔར་གྱི་ལྷག་གཏོར་གཏར་བཟུང་བ་ལྷན་ཅིག་ལྷག་ཆོག་བྱ་ཞིང་ལས་ཀྱི་གིང་པས་རྒྱུག་མདུར་གར་སྟབས་ཀྱིས་ཁྱེར་ཏེ་སྒྲུབ་ཁང་གི་ལྷོ་ནུབ་གོམས་པ་བདུན་ཅུའི་མཚམས་སུ་བསྐྱལ། བསྐུལ་དང་གཏོར་འབུལ་བྱས་ལ་(33བ)བཀའ་སྲུང་གི་གཏོར་མ་དང་ཆད་བརྟན་རྣམས་མེ་སྒྲོན་དང་བཅས་ཡང་ཐོག་ཏུ་འབུལ་ཞིང་རྟ་བྲོ་བརྡུང་ངོ་། །གཉིས་པ་གཏེར་སྦེད་པ་ནི། སྔར་གྱི་གཞི་སྙིང་དུ་བཞག་པའི་གཏེར་བུམ་ཁ་ཕྱེས་ལ་རིལ་བུ་རྟེན་གཏོར་སོགས་སྒྲུབ་རྫས་དང་དངོས་གྲུབ་ཀྱི་ཕུད་བཅུག་སྟེ་ཁ་དམ་བར་བཅད་ནས་རིགས་ལྔའི་ཕྱག་མཚན་བྲིས་པ་ཉིད་སློབ་དཔོན་ནམ་རྒྱལ་ཚབ་པའི་ཕྱག་ཏུ་ཐོགས་ལ།)ཧཱུྃ༔ འབྱུང་ལྔ་ཡེ་ནས་མངོན་སངས་རྒྱས༔ ས་ཡི་ལྷ་མོའི་མཁའ་ཕྱེས་ཤིག༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་སྣ་འབྲུ༔ སྨན་སྣ་དམ་རྫས་གཏོར་ཆེན་སོགས༔ མི་ཟད་གཏེར་མཆོག་འདི་སྦས་པས༔ འདིར་འཚོགས་རྣལ་འབྱོར་བདག་ཅག་རྣམས༔ སྙིང་པོ་བྱང་ཆུབ་མ་ཐོབ་བར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་ཁྱོད་ཀྱི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ཀུན་ལྡན་ཤོག༔ ནད་ཡམས་མུ་གེ་མཚོན་འཁྲུགས་སོགས༔ འཇིགས་པ་བརྒྱད་ལས་སྐྱོབ་པར་ཤོག༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པས༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ (34ན)བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱ་ཡུ་སིདྡྷི་བྷྲཱུྃ་བྷྲཱུྃ༔ (ཞེས་སྒྲུབ་ཁང་གི་ཕུག་སོགས་ཕྱོགས་གང་བདེར་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ་ཞིང་ནོངས་པ་བཟོད་པར་གསོལ་ལ།)ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །(ཅེས་སོགས་དང་།)ཛྙཱ་ན་མཎྜ་ལ་བཛྲ་མུཿ(ས་རྡུལ་ཚོན་གྱི་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པའི་དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷར་ལྡངས་ཏེ།)ཧཱུཾ་ཧྲཱིཿ རྣམ་དག་ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས༔ ཡེ་ནས་མ་བཅོས་རང་བྱུང་དཀྱིལ་འཁོར་ལྷ༔ དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ལུ་གུ་རྒྱུད༔ ཐུགས་རྗེས་འགྲོ་ཀུན་འདྲེན་པའི་སྤྱོད་ལམ་བྱ༔ (ཞེས་དང་།)རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ མེ་དཔུང་འབར་བའི་ཀློང་དཀྱིལ་དུ༔ འགྱུར་མེད་རྡོ་རྗེའི་འོད་སྐུར་གྱུར༔ རྡོ་རྗེ་འཛིན་པས་འཇིགས་མི་ཚུག༔ གནོད་བྱེད་བགེགས་ཀྱིས་སྨོས་ཅི་དགོས༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ༔ (ཞེས་རྒྱས་གདབ་བོ། །བཞི་པ་མཚམས་བཀྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་སྔར་བཞིན་སོང་སྟེ་མངོན་པར་བཤམས་པའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས། སོ་(34བ)སོའི་རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་དང་།)ཨརྒྷཾ་(སོགས་ཀྱིས་ཉེར་སྤྱོད་ཕུལ་ལ།)ཧཱུཾ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུཿ(ཞེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། ཕྱོགས་གཞན་གསུམ་ལའང་དེས་འགྲེས་ཏེ་སོ་སོའི་སྔགས་བརྗེ་བ་དང་། ཕྲིན་བཅོལ་རྐང་པ་དང་པོའི་མལ་དུ།)རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ (ཞེས་བསྒྱུར། སྒོ་བྱང་ཕྱི་ནང་ཐུན་མོང་དུ་མཆོད་པ་བྱིན་བརླབས། རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་གཏོར་མ་དང་། ཉེར་སྤྱོད་སྔར་བཞིན་ཕུལ་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་༔ བགེགས་ཚོགས་གཉེན་པོ་གཤིན་རྗེ་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་གནས་འདིར༔ ཕྱི་ནང་སྒོ་སྲུང་མཛད་པ་ཡི༔ ཕྲིན་ལས་མཐར་ཕྱིན་ངོ་མཚར་ཆེ༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་(35)གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྟེན་བསང་སྦྱང་།)སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས།)འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་(བལྟས་ལ།)ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ཀྱིས་མཆོད།)ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་ཕུ་སྭཱ་ཧཱ། (ཞེས་ལན་གསུམ་གྱིས་འོ་ཐུག་གི་གཏོར་མ་ཕུལ།)གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་(36ན)ཕྱག་འཚལ་བསྟོད། (ཅེས་བསྟོད།)ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། (ཞེས་རྡུལ་ཚོན་གཏད་དེ་ཆུར་སྦྱང་བ་དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ཞིང་།)ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། (ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས།)ཛཿཧཱུཾ་བཾ་ཧོཿས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་(མོས། མཆོད་གཏོར་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ།)ཨོཾ་རུ་རུ་སྥུ་རུ་སོགས་སྤྱན་མའི་སྔགས་བཟླ་བཞིན་དུ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་སོགས་ལ་འཐོར་བར་བྱའོ། །དྲུག་པ་གཏང་རག་འབུལ་བ་ནི། སློབ་དཔོན་དཀྱིལ་འཁོར་ཤུལ་གྱི་ཁྲིའུ་ལ་བཞུགས་སུ་གསོལ་ནས་སྐུ་ཡོན་དང་སྐྱེམས་འབུལ་བར་གསུངས་པ་ལྟར་དེར་རམ་མི་འགྲུབ་ན་རང་མལ་དུ་བཞུགས་པ་ལ་ཕྱག་བྱ། ( ལུས་ལོངས་སྤྱོད་འབུལ་བའི་བློས།)ཨེ་མ༔ ཡང་(36བ)གསང་བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེ་སྤུན་གྲོགས་ལྕམ་དྲལ་རྣམས༔ དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་མཆོག༔ སྟོན་པའི་རྒྱལ་ཚབ་འགྲན་གྱི་ཟླ་བྲལ་བ༔ སློབ་དཔོན་ཁྱོད་ཀྱི་སློབ་མར་དམ་བཅས་ནས༔ སྒོ་གསུམ་དགེ་བར་གྱུར་པའི་དམ་ཚིག་རྣམས༔ དོན་ལ་གཟུང་འཛིན་རྣམ་རྟོག་མཚན་བྲལ་ཡང་༔ ལུས་ངག་དགེ་བར་མཐུན་པའི་ཚུལ་ཙམ་དུ༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་སོགས༔ གསང་སྔགས་གཞུང་ལས་འགལ་གྱུར་ཅི་མཆིས་པ༔ གུས་ལྡན་རྣམ་དག་བློ་ཡིས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡང་གསང་བླ་མེད་རྩ་གསུམ་དཀྱིལ་འཁོར་དུ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་ས་ཐོབ་ཕྱིར༔ སྒྲུབ་པ་ཆེན་པོ་ངོ་མཚར་མཐའ་བྲལ་བ༔ སྒྲུབ་དབང་ཟབ་མོ་གནང་བ་སྐུ་དྲིན་ཆེ༔ ཕྱག་རྒྱ་བརྡ་དང་གསང་བའི་དམ་རྫས་ཀྱིས༔ ཐེག་རིམ་དགུ་ཡི་ས་ལམ་ཡོངས་རྫོགས་ནས༔ སྨིན་གྲོལ་ལམ་བཀོད་སྐུ་གསུམ་རང་རྙེད་པའི༔ ཐུགས་རྗེ་བརྩེ་བས་བཟུང་བ་སྐུ་དྲིན་ཆེ༔ སངས་རྒྱས་མ་ལུས་སེམས་ལས་མི་འདའ་ཕྱིར༔ འདའ་དཀའི་(37ན)དམ་ཚིག་གསུངས་པ་བཀའ་དྲིན་ཆེ༔ འཇིག་རྟེན་འདི་ན་ཕ་མའི་ཚུལ་དུ་གནས༔ ཕྱི་མ་བདེ་ཆེན་ལམ་སྣ་འདྲེན་མཛད་པ༔ བཀའ་དྲིན་བསམ་ན་བསྐལ་པར་མི་འཁོར་ཏེ༔ ལོངས་སྤྱོད་འབྱོར་ཚོགས་ཆུང་བ་མཐོལ་བཤགས་ན༔ སྐྱེ་ཀུན་མི་འབྲལ་ཐུགས་རྗེས་བཟུང་དུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་རུ་དམ་གཅིག་པའི༔ རྡོ་རྗེ་སློབ་དཔོན་ཤེས་རབ་གཟུངས་མ་དང་༔ མཆེད་དང་ལྕམ་དྲལ་མ་ལུས་ཐམས་ཅད་ཀུན༔ སྐྱེ་ཀུན་མི་འབྲལ་རྟག་ཏུ་འགྲོགས་པར་སྨོན༔ ཡང་དག་ལམ་སྟོན་འཁོར་བའི་དུཿཁ་གཅོད༔ འཇིག་རྟེན་འདི་ན་སྐུ་དྲིན་འགྲན་ཟླ་མེད༔ བཀའ་དྲིན་བཟང་ཡང་བསྙེན་བཀུར་རྔོ་མ་ཐོགས༔ སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང་༔ ཉེས་ལྟུང་སྒྲིབ་པར་མི་འགྱུར་དག་བྱའི་ཕྱིར༔ མཐོལ་བཤགས་བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ (ཞེས་ཞབས་སྤྱི་བོར་བླངས་ཤིང་བདུད་རྩིའི་སྐྱེམས་དྲངས། འདི་ཉིད་སྒྲུབ་དབང་ཁྱད་པར་བ་དང་མི་འབྲེལ་བའི་སྐབས་གཞན་དུ་མ་བྱས་ཀྱང་རུང་སྟེ་སྒྲུབ་ཆེན་དཀྱུས་ཀྱི་ཕྱག་བཞེས་སུ་མི་འབྱུང་ངོ་། །བདུན་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ཀྱི་ལག་བསྣོལ་བའི་སྲིན་(37བ)ལག་སྦྲེལ་བའམ་དར་དཀར་རམ་ཕྲེང་བ་ལུ་གུ་རྒྱུད་དུ་སྦྲེལ། མར་མེ་དང་སྤོས་ཀྱི་རེང་བུ་རེ་ཐོགས། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས།)ཧཱུྃ་ཧྲཱིཿ ཡང་གསང་བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཛིན་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་༔ མ་རིག་མུན་པའི་སྨག་ཏུ་མི་ལྟུང་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་ཤོག༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྟུང་ཞིང་༔ གཅན་གཟན་གདུག་པའི་ངར་སྐད་མི་སྒྲོགས་ཤིང་༔ མཚོན་ཆ་གདུག་པའི་དབལ་གྱིས་མི་ཕོག་གཤོག༔ དགེ་བའི་བཤེས་གཉེན་སྐུ་དྲིན་ཆེ་བ་དང་། ཤེས་རབ་ལས་འབྲེལ་མཚན་ལྡན་གཟུངས་མ་དང་༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་རྣམས༔ ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་སངས་རྒྱས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་གྱུར་པའི་ཚེ༔ མ་རིག་དབང་གིས་དམྱལ་བར་ལྟུང་སྲིད་ན༔ (38ན)སྣང་གསལ་མར་མེས་ཚ་གྲང་སྡུག་བསྔལ་སོལ༔ ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་བསྙིལ༔ འདོད་ཆགས་དབང་གིས་ཀླ་ཀློའི་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་དང་སྦྱོར༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་སྐྱེས་ན༔ སྣང་གསལ་མར་མེས་ལྟུང་བའི་སྡུག་བསྡལ་སོལ༔ གཏི་མུག་དབང་གིས་བྱོལ་སོང་གནས་འགྲིམ་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་སྦོར༔ སེར་སྣའི་དབང་གིས་ཡི་དྭགས་གནས་སྐྱེས་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་སྡུག་བསྔལ་སོལ༔ རྒྱུ་རྐྱེན་འདི་ཡིས་ས་བཅུ་ཡོངས་བགྲོད་ཚེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ གསལ་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་བྱིན་རླབས་ཀྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་རྫོགས་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན༔ འཁོར་ལོ་ཚོགས་ཆེན་པདྨ་བཀོད་པའི་ས༔ དྷེ་ཝ་ཀོ་ཤ་ཀུན་བཟང་བླ་མེད་ས༔ རྡོར་སེམས་མིང་ས་ལྕང་ལོ་(38བ)ཅན་གྱིས༔ བླ་མའི་ས་དང་སྲིད་གསུམ་གཞི་རྫོགས་ས༔ རྩོལ་བྲལ་ཐིག་ལེའི་ས་རུ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ (ཅེས་འདུས་པ་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་འདུན་པ་རྩེ་གཅིག་པས་གདབ། གཞན་ཡང་ལས་བྱང་གི་དཀྱུས་སུ་བསྟན་པ་ཉིད་དང་།)ཧྲཱིཿ ཡང་གསང་བླ་མེད་དགོངས་འདུས་དཀྱིལ་འཁོར་འདིར༔ རྨད་བྱུང་སྒྲུབ་ཆེན་འདི་བགྱིས་དགེ་རྩ་དང་༔ དུས་གསུམ་བསགས་པའི་དགེ་བ་དཔག་མེད་མཐུས༔ མཐའ་ཡས་སྐྱེ་འགྲོ་སེམས་ཅན་མ་ལུས་ཀུན༔ སྒྲིབ་པ་ཀུན་བྲལ་ཚོགས་གཉིས་མྱུར་རྫོགས་ཤོག༔ ལྟ་སྒོམ་སྤྱོད་འབྲས་མ་ནོར་ལམ་མཆོག་རྣམས༔ ས་ལམ་ཇི་བཞིན་མྱུར་དུ་མཐར་ཕྱིན་ཏེ༔ སྐུ་བཞི་ཡེ་ཤེས་ལྔ་པོ་མངོན་གྱུར་པ༔ སྐྱེ་མེད་ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ སངས་རྒྱས་བསྟན་པ་རིན་ཆེན་ཡུན་གནས་ཤིང་༔ གསང་སྔགས་བསྟན་པ་མི་ནུས་དར་བ་དང་༔ བསྟན་འཛིན་དཔོན་སློབ་མི་འབྲལ་དར་ཞིང་རྒྱས༔ འཁོར་བའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག༔ སྒྲུབ་གནས་འདི་ཡང་བཀྲ་ཤིས་བྱིན་ཆགས་ཤིང་༔ ཕྱི་རབས་(39ན)བརྒྱུད་འཛིན་སུ་དང་སུས་བསྒྲུབ་པ༔ གྲུབ་པ་མྱུར་ཐོབ་གདོད་མའི་ས་ནོན་ཏེ༔ བདག་གཞན་དོན་གཉིས་འབད་མེད་འགྲུབ་པར་ཤོག༔ མི་ནད་ཕྱུགས་ནད་དལ་ཡམས་རྒྱུན་ཆོད་ཅིང་༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས༔ དགྲ་བགེགས་མཐའ་དམག་རྡུལ་དུ་བརླག་པ་དང་༔ དུས་འཁྲུགས་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག༔ བདག་ཀྱང་ཚེ་རིང་ནད་མེད་ཕུན་ཚོགས་ཤིང་༔ དཔལ་འབྱོར་ལོངས་སྤྱོད་མངའ་ཐང་མཐའ་རྒྱས་ནས༔ མཆོག་ཐུན་དངོས་གྲུབ་རེ་འདོད་མ་ལུས་པ༔ ཀུན་ནས་ཀུན་ཀྱང་ཡིད་བཞིན་འགྲུབ་པར་ཤོག༔ ཡུལ་རིས་རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་ཤིང་༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་མཆོག་གྱུར་པ༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་ཆར་ཆེན་པོ༔ རྒྱུན་ཆད་མེད་པར་རྟག་ཏུ་འབེབས་པར་ཤོག༔ ཨོཾ་སྭསྟི་སིདྡྷི་བྷྲཱུཾ་བྷྲཱུཾ༔ (ཞེས་སྨོན་ལམ་ནན་ཏན་དུ་བྱའོ། །བརྒྱད་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ། ཞལ་ནས་གསུངས་པའི་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ལ་ཡུན་(39བ)རིང་བར་བསྒྲག་གོ །དགུ་པ་དགའ་སྟོན་དང་གནས་སྲུང་བ་ནི། པྲ་ཁྲིད་རྩ་བར། དེ་ནས་མཚམས་བཀྲོལ་ལ་ཞག་གསུམ་གྱི་བར་དུ་ཐག་རིང་ལ་མི་འགྲོ༔ ལས་བྱང་ཚར་རེ་ནར་མར་བཏང་༔ སྐབས་སུ་ཚོགས་འཁོར་རེ་བྱ༔ དམ་མེད་མཛེ་ཡུག་རྣམས་སྒྲུབ་ཁང་དུ་འོང་མི་འཇུག༔ སྒྲུབ་པའི་ཡོ་བྱད་རྣམས་ཆ་གསུམ་དུ་བགོས་ལ༔ ཆ་གཅིག་རྡོ་རྗེ་སློབ་དཔོན་ལ་འབུལ༔ ཆ་གཅིག་རྒྱལ་ཐེབས་དང་ཤེས་རབ་གཟུངས་མ་རྣམས་ལ་འབུལ༔ ཆ་གཅིག་ཚར་སྟོན་བྱ་ཞིང་༔ དགེ་སློང་བཞི་སྡེ་བོན་རྩིས་སྨན་པ་བཞི་སྡེ་དང་༔ གཞན་ཡང་རྒྱལ་བློན་འབངས་སྤྲང་བཞི་སྡེ༔ བྱིས་པར་བྱིས་སྟོན༔ ཐ་ན་ཁྱི་ཕག་ཡན་ལ་སྣ་རེ་གཏོང་ངོ་༔ ཞེས་གསུངས་པ་ལྟར་ནུས་པས་ཇི་ཙམ་ལྕོགས་པ་བྱ་ཞིང་༔ གནས་སྲུང་བ་དང་དགའ་སྟོན་གྱི་རིམ་པ་ཇི་ཙམ་བྱས་པ་དེ་ཙམ་དུ་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེའི་སྣང་བ་ཟད་མི་ཤེས་པས་ཁྱབ་ཅིང་རྟག་པར་འགྱུར་རོ། །སྤྱི་དོན་གསུམ་པ་མངོན་པར་གྲུབ་པའི་འབྲས་བུ་ནི། སྤྱིར་གུ་རུའི་ཐུགས་སྒྲུབ་ཉམས་སུ་བླང་བ་དང་། བྱེ་བྲག་ཚོམ་བུ་ཚོགས་སྒྲུབ་འདྲ་འབག་མོས་སློབ་ཙམ་བགྱིས་པའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་ན། ཚུལ་བཞིན་སྒྲུབ་པ་རྣམས་ལྟ་ཅི་སྨོས་ཏེ། མདོར་ན་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་གུ་རུ་རིན་པོ་ཆེའི་ཐུགས་རྗེས་ཟིན་ཏེ་པདྨ་འོད་ཀྱི་ཞིང་ཁམས་སུ་དབུགས་དབྱུང་ནས། རིག་འཛིན་བཞིའི་ས་ལམ་མིག་(40ན)འཕྲུལ་ལྟར་བགྲོད་དེ་ཀུན་བཟང་པདྨ་ཀ་རའི་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ལ་དབང་འབྱོར་བར་འགྱུར་བ་ནི་ནམ་ཡང་མི་བསླུ་བའི་ཚད་མ་ཉིད་དུ་ངེས་པའོ། །ཧ་ཅང་མ་སྤྲོས་ཧ་ཅང་མ་བསྡུས་ཤིང་། །རྩ་བའི་གཞུང་གི་དགོངས་དོན་མ་བསླད་པར། །དམ་པའི་མན་ངག་ལག་ལེན་འཇུག་བདེའི་ཁྲིགས། །དངོས་གྲུབ་འདོད་པ་འཇོ་བའི་གཏེར་དུ་མཚོན། །འདིས་ཀྱང་ངོ་མཚར་ཟབ་ལམ་མཆོག་འདི་ཉིད། །ཚོམ་བུ་ཚོགས་སུ་བསྙེན་ཅིང་སྒྲུབ་པ་ཡི། རིག་པ་འཛིན་པས་ས་ཆེན་ཡོངས་གང་ནས། །གྲོལ་བ་རྣམ་བཞིས་འཁོར་བ་དོང་སྤྲུགས་ཤོག །དེ་ལྟར་སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་འདི་ལྟར་ལག་ལེན་འཇུག་པ་བདེ་བའི་ཁྲིགས་སུ་བསྡེབས་པར་གྱིས་ཞེས་བཀས་རྗེས་སུ་གནང་བ་དད་པས་སྤྱི་བོར་མཆོད་དེ། པྲ་ཁྲིད་གཏེར་གཞུང་རྩ་བར་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་དག་ལས་བླངས་ཤིང་དཀྱུས་ཀྱི་ཕྱག་ལེན་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ཆུ་སྟོད་ཉ་བའི་(40བ)ཤེས་རབ་ཀྱི་ཆའི་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ། གྲུབ་པའི་བསྟི་གནས་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་པ་མཆོག་གི་གླིང་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ལམ་འདི་ཉིད་ལ་མི་ཕྱེད་པའི་དད་གུས་ཀྱི་གཡར་དམ་ལྷུར་ལེན་པ་དགེ་སྦྱོང་པདྨ་བློ་གསལ་དང་འཇིགས་མེད་རང་གྲོལ་ཏེ་རྣམ་པ་གཉིས་ཀྱིས་སོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་འགྲོ་བ་ཐམས་ཅད་གུ་རུ་རྩ་བ་གསུམ་གྱི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 13:23, 8 August 2025
| Wylie title | dam chos dgongs pa yongs 'dus las sgrub chen gyi pra khrid khrigs su bsdebs pa dngos grub 'dod 'jo'i bum bzang | |
|---|---|---|
| Location | bdud 'joms rin po che bka' 'bum Volume 7, Text 12, Pages 279-358 (Folios 1a1 to 40b3) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus las sgrub chen gyi pra khrid khrigs su bsdebs pa dngos grub 'dod 'jo'i bum bzang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 279-358. Kalimpong: Dupjung Lama, 1979-1985. | |
| Side notes | Recto: khog dbub Verso: bdud 'dul dgongs 'dus | |
| More details More details | ||
| Tertön | བདུད་འདུལ་རྡོ་རྗེ་ (bdud 'dul rdo rje) | |
| Genre | Structural Arrangement for Ritual Practice - sgrub khog | |
| Cycle | བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus) | |
| Colophon |
།དེ་ལྟར་སྒྲུབ་ཆེན་གྱི་པྲ་ཁྲིད་ཁྲིགས་སུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་འདི་ལྟར་ལག་ལེན་འཇུག་པ་བདེ་བའི་ཁྲིགས་སུ་བསྡེབས་པར་གྱིས་ཞེས་བཀས་རྗེས་སུ་གནང་བ་དད་པས་སྤྱི་བོར་མཆོད་དེ། པྲ་ཁྲིད་གཏེར་གཞུང་རྩ་བར་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་དག་ལས་བླངས་ཤིང་དཀྱུས་ཀྱི་ཕྱག་ལེན་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ཆུ་སྟོད་ཉ་བའི་ཤེས་རབ་ཀྱི་ཆའི་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ། གྲུབ་པའི་བསྟི་གནས་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་པ་མཆོག་གི་གླིང་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ལམ་འདི་ཉིད་ལ་མི་ཕྱེད་པའི་དད་གུས་ཀྱི་གཡར་དམ་ལྷུར་ལེན་པ་དགེ་སྦྱོང་པདྨ་བློ་གསལ་དང་འཇིགས་མེད་རང་གྲོལ་ཏེ་རྣམ་པ་གཉིས་ཀྱིས་སོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་འགྲོ་བ་ཐམས་ཅད་གུ་རུ་རྩ་བ་གསུམ་གྱི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། | |
|
de ltar sgrub chen gyi pra khrid khrigs su bsdebs pa dngos grub 'dod 'jo'i bum bzang zhes bya ba 'di ni/___khyab bdag bla ma mtsho skyes rdo rje 'chang gi ngo bor bzhugs pa gar gyi dbang phyug sangs rgyas rdo rje 'dus pa rtsal gyi zhal snga nas lam 'di'i ring lugs 'dzin pa rnams kyi 'jug sgor 'di ltar lag len 'jug pa bde ba'i khrigs su bsdebs par gyis zhes bkas rjes su gnang ba dad pas spyi bor mchod de/___pra khrid gter gzhung rtsa bar skabs su babs pa'i kha skong du 'os pa rnams rigs mthun gyi gter kha dag las blangs shing dkyus kyi phyag len rnam gsal bklag chog gi tshul du/___rig 'dzin gyi myu gu 'jigs bral ye shes rdo rjes rang lo sum cu tham pa'i thog tu son pa dpal gdong gi lo chu stod nya ba'i shes rab kyi cha'i mkha' 'gro 'du ba'i dus bzang po la/___grub pa'i bsti gnas chos sdings rin chen spungs kyi yang dben 'od gsal theg pa mchog gi gling du sbyar ba las/___thog ma'i yi ge pa ni lam 'di nyid la mi phyed pa'i dad gus kyi g.yar dam lhur len pa dge sbyong pad+ma blo gsal dang 'jigs med rang grol te rnam pa gnyis kyis so/___/'dis kyang zab lam gyi phrin las gong nas gong du 'phel zhing rgyas pa dang 'gro ba thams cad gu ru rtsa ba gsum gyi go 'phang la myur du reg pa'i rgyur gyur cig/___//___sarba dA mang+ga laM// | ||