DJYD-KABUM-09-TA-009: Difference between revisions
From Dudjom Wiki
DJYD-KABUM-09-TA-009
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
(1ན) (གཏེར་གསར་སྨན་བླའི་རྗེས་གནང་གི་ཆོ་ག་བྱིན་རླབས་ཆུ་རྒྱུན་ཅེས་བྱ་བ་བཞུགས་སོ། །)ངོ་མཚར་བསམ་ཡས་སྨོན་ལམ་མཐུ་གྲུབ་པས། །མཁའ་མཉམ་འགྲོ་ཀུན་སྒྲོལ་མཛད་བཅོམ་ལྡན་འདས། །སངས་རྒྱས་སྨན་གྱི་བླ་མར་གུས་བཏུད་ནས། །རྗེས་གནང་བྱིན་རླབས་ཆུ་རྒྱུན་འདི་ན་སྦྲེང་། (འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་མདུན་དུ་བུམ་པ་མགུལ་ཆིངས་སྔོན་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་ཅན་བཀོད་ལ་མཐར་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། ཆོ་ག་ལྟར་སྐྱབས་སེམས་དང་ཚད་མེད་བཞིའི་མཐར། བདག་བསྐྱེད་ནི།) ཨོཾ་སྭ་བྷཱ་ཝ་(ས་བསང་སྦྱང་།) སྟོང་པའི་ངང་ལས་ས་ཕྱོགས་ལྟ་ན་སྡུག་གི་ཞིང་ཁམས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་སྐུ་མདོག་མཐིང་སྔོན་བཻཌཱུརྻའི་མདངས་ཅན་ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་མཉམ་གཞག་ལྷུང་བཟེད་རྣམ་པར་རྒྱལ་བས་བཀང་བ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་(1བ)སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཧཱུྃ་མཐིང་གི་མཐར་གཟུངས་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་ཡིད་བཞིན་དུ་བསྒྲུབ་པར་མོས་ལ། ན་མོ་བྷ་ག་ཝ་ཏེ་(སོགས་བཟླས་པ་ཅི་ནུས་བྱ། དེ་ནས།) ན་མོ། བདེན་པ་གཉིས་ཀྱི་(སོགས་མཆོད་པ་བྱིན་རླབས་ནས་མདུན་བསྐྱེད་བསྟོད་ཕྱག་གི་བར་དུ་བཏང་། བཟླས་པའི་འགོར།) མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཧཱུྃ་མཐིང་གི་མཐར་གཟུངས་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་ཡིད་བཞིན་དུ་བསྒྲུབ་པར་(མོས་ཤིང་། གཟུངས་རིང་ཐུང་གི་བཟླས་པ་ཅི་འགྲུབ་དང་།) བུམ་པ་རང་བྱུང་གཞལ་ཡས་ཁང་པ་རུ། །བཅོམ་ལྡན་སྨན་བླ་འཁོར་བཅས་གསལ་བ་ཡི། །སྐུ་ལས་དུག་གསུམ་ནད་སེལ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་བདུད་རྩིས་གང་བར་གྱུར། །(ཅེས་དམིགས་ལ་བཟླས་པ་ཅི་འགྲུབ་བྱས་པའི་མཐར།)ཨོཾ་ཨཱཿཧཱུྃ། ལྷ་འོད་དུ་ཞུ་བ་བུམ་ཆུ་དབྱེར་མེད་གྱུར་པར(བསམ།) དཀོན་མཆོག་རིན་ཆེན་(སོགས་སྨོན་ལམ་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་གྲལ་དུ་འཁོད་ཅིང་མེ་ཏོག་བཀྲམ་བསྡུ་བྱས་ལ།)འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་(2ན)ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་སངས་རྒྱས་སྨན་གྱི་བླ་མའི་རྗེས་གནང་ཟབ་མོ་ནོད་ཅིང་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་དུ་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་གཙོ་བོར་གྱུར་པའི་བདེ་བར་གཤེགས་པ་བདུན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ངོ་མཚར་ཁྱད་དུ་འཕགས་པའི་མཐུ་ལས་མཚན་ཐོས་པ་དང་གཟུངས་སྔགས་བཅང་བ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དགོས་པ་ཚད་མེད་པ་དང་ལྡན་པར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་མདོ་སྡེ་དག་ལས་ཡང་ཡང་བསྔགས་པར་མཛད་པ་འདི་ལ་མདོ་སྔགས་བཀའ་གཏེར་གྱི་ཕྱོགས་སུ་སྒྲུབ་ཐབས་རྗེས་གནང་གི་རིམ་པ་ཅི་རིགས་པར་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རིག་འཛིན་བདུད་འཇོམས་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་ལུགས་ཀྱི་བྱིན་རླབས་རྗེས་གནང་གི་ཆོ་ག་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་འོས་སྔོན་དུ་གྲུབ་ཟིན་པ་ལགས་པས་ཁྱེད་རང་རྣམས་ཀྱི་ངོ་སྐལ་(2བ)དུ་བབ་པ་མཎྜལ་འབུལ་བའི་བྱ་བ་ལ་འཇུག་པར་ཞུ། (ཞེས་མཎྜལ་འབུལ་དུ་གཞུག །)ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་མི་ཕྱེད་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །མ་ལུས་ཀྱི་རྗེས་གནང་སྩལ་དུ་གསོལ། །(ལན་གསུམ།) དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་གཞི་བསྒྲུབ་པའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། །སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པ་བཅོམ་ལྡན་འདས་སྨན་བླ་བདེ་གཤེགས་མཆེད་བརྒྱད་ལ་སངས་རྒྱས་བྱང་སེམས་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྤྱོད་པ་ལ་ཚུལ་བཞིན་སློབ་པའི་འདུན་པ་དང་བཅས་ཏེ་འདིའི་རྗེས་ཟླསོ་མཛོད། ན་མོ༔ བདག་དང་མཐའ་ཡས་(སོགས་ལན་གསུམ། བསགས་སྦྱོང་ཀུན་གྱི་སྙིང་པོ་ཡན་ལག་བདུན་པ་སོ་སོའི་དམིགས་དོན་གསལ་ཐོབ་ལ་འདིའི་རྗེས་བཟློས་མཛོད།) ན་མོ༔ བདག་དང་མཁའ་མཉམ་(སོགས་ཡན་ལག་བདུན་པ་ལན་གསུམ།) དེ་དག་གི་རྒྱུད་སྣོད་རུང་དུ་བྱས་ནས་རྗེས་གནང་(3ན)དངོས་ལ་གསུམ་ལས། དང་པོ་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་བསྐྱེད་དབྱེར་མ་མཆིས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་ཏེ་ཁྱེར་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བར་མོས་ཤོག །ཧཱུྃ། བཅོམ་ལྡན་བདེ་གཤེགས་སྨན་གྱི་བླའི། །བྱིན་རླབས་རང་བཞིན་བདུད་རྩིའི་ཆུས། །སྐལ་ལྡན་ཁྱེད་ལ་དབང་བསྐུར་བས། །བག་ཆགས་དྲི་མ་ཀུན་བྱང་ཤོག (གཟུངས་སྔགས་མཐར།) ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། (ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན།) ཞེས་གསུངས་ཤིང་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས་སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་ཀྱི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་སྔོན་བཻཌཱུརྻའི་མདངས་ཅན་ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་མཉམ་གཞག་ལྷུང་བཟེད་རྣམ་པར་རྒྱལ་བས་བཀང་བ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་ཤིང་འོད་ཟེར་མཐའ་ཡས་མུ་མེད་པར་འཕྲོ་བའི་སྐུ་ཅན་དུ་ལམ་གྱིས་གྱུར་པར་མོས་མཛོད། (3བ)གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་བསྐྱེད་གཉིས་སུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བཻཌཱུརྻ་ཞུན་མའི་མདངས་ཅན་བྱུང་། ཁྱེད་རང་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་གཟུངས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། (གཟུངས་སྔགས་ཚར་གསུམ་རྗེས་ཟློས་བྱར་གཞུག)། དང་པོས་བྱིན་གྱིས་བརླབ། གཉིས་པས་བརྟན་པར་བྱས། གསུམ་པས་གསུང་རིགས་སྔགས་ཀྱི་ནུས་པ་རྒྱུད་ལ་ཞུགས་པར་མོས་ཤིག །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་བཅོམ་ལྡན་འདས་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་མདུན་བསྐྱེད་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ། ཁྱེད་རང་ལྷར་གསལ་པ་འོད་དུ་ཞུ་ནས་དབྱིངས་སུ་ཡལ་ཏེ་བཅོམ་ལྡན་འདས་ཀྱི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་འོད་གསལ་ཆེན་པོའི་ངང་ལ་མཉམ་པར་འཇོག་མཛོད། (ཅེས་ངོ་སྤྲོད།) དེ་དག་གིས་བཅོམ་ལྡན་སྨན་གྱི་བླ་མའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དེང་ཕྱིན་ཆད་སྐུ་ཕྱག་རྒྱ་བསྒོམ་པ། གསུང་རིགས་སྔགས་བཟླ་བ། ཐུགས་ཡེ་ཤེས་(4ན)ཆེན་པོ་རྣལ་འབྱོར་དུ་བྱེད་པ་ལས་མི་འདའ་བར་མཛོད་ཅིག །ཇི་སྐད་བསྒོས་པའི་ཐ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་(སོགས་དམ་ཚིག་ལས་དང་། གཏང་རག་ལུས་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། གསུམ་པ་ནི། སློབ་དཔོན་གྱིས་མཆོད་བསྟོད་འདོད་གསོལ་ནོངས་བཤགས་དང་། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་གཤེགས་གསོལ་གང་འོས་བྱ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་སླར་ཡང་སྣང་སྟོང་སྒྱུ་མའི་སྐུར་ལྡང་ལ་དགེ་བསྔོ་ཤིས་བརྗོད་མཐར་དབྱུང་བས་གྲུབ་བོ། །རང་བཟོ་མ་ཡིན་གཞུང་གི་དགོངས་པར་འབྱོར། །དོན་མེད་མ་ཡིན་གཞན་ལ་སྨན་མཐོང་ནས། །གསལ་བདེར་སྤེལ་འདིས་འབྲེལ་བཅས་འགྲོ་བ་ཀུན། །ལྟ་ན་སྡུག་གི་ཞིང་དུ་དབུགས་འབྱིན་ཤོག །ཅེས་པའང་དགེ་བའི་བཤེས་གཉེན་རཏྣའི་མཚན་ཅན་གྱིས་བསྐུལ་བ་ལས་ཤཱཀྱའི་དགེ་བསྙེན་བྱང་སེམས་རིག་པ་འཛིན་པ་བློ་གྲོས་དྲི་མེད་ཕན་བདེའི་འོད་ཟེར་རམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།། སརྦ་དཱ་མངྒ་ལཾ། །) | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=09 | |||
|volumeLetter=TA | |||
|textnuminvol=009 | |||
|pdflink=File:DJYD-KABUM-09-TA-009.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-09-TA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|(1ན) (གཏེར་གསར་སྨན་བླའི་རྗེས་གནང་གི་ཆོ་ག་བྱིན་རླབས་ཆུ་རྒྱུན་ཅེས་བྱ་བ་བཞུགས་སོ། །)ངོ་མཚར་བསམ་ཡས་སྨོན་ལམ་མཐུ་གྲུབ་པས། །མཁའ་མཉམ་འགྲོ་ཀུན་སྒྲོལ་མཛད་བཅོམ་ལྡན་འདས། །སངས་རྒྱས་སྨན་གྱི་བླ་མར་གུས་བཏུད་ནས། །རྗེས་གནང་བྱིན་རླབས་ཆུ་རྒྱུན་འདི་ན་སྦྲེང་། (འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་མདུན་དུ་བུམ་པ་མགུལ་ཆིངས་སྔོན་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་ཅན་བཀོད་ལ་མཐར་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། ཆོ་ག་ལྟར་སྐྱབས་སེམས་དང་ཚད་མེད་བཞིའི་མཐར། བདག་བསྐྱེད་ནི།) ཨོཾ་སྭ་བྷཱ་ཝ་(ས་བསང་སྦྱང་།) སྟོང་པའི་ངང་ལས་ས་ཕྱོགས་ལྟ་ན་སྡུག་གི་ཞིང་ཁམས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་སྐུ་མདོག་མཐིང་སྔོན་བཻཌཱུརྻའི་མདངས་ཅན་ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་མཉམ་གཞག་ལྷུང་བཟེད་རྣམ་པར་རྒྱལ་བས་བཀང་བ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་(1བ)སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཧཱུྃ་མཐིང་གི་མཐར་གཟུངས་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་ཡིད་བཞིན་དུ་བསྒྲུབ་པར་མོས་ལ། ན་མོ་བྷ་ག་ཝ་ཏེ་(སོགས་བཟླས་པ་ཅི་ནུས་བྱ། དེ་ནས།) ན་མོ། བདེན་པ་གཉིས་ཀྱི་(སོགས་མཆོད་པ་བྱིན་རླབས་ནས་མདུན་བསྐྱེད་བསྟོད་ཕྱག་གི་བར་དུ་བཏང་། བཟླས་པའི་འགོར།) མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཧཱུྃ་མཐིང་གི་མཐར་གཟུངས་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་ཡིད་བཞིན་དུ་བསྒྲུབ་པར་(མོས་ཤིང་། གཟུངས་རིང་ཐུང་གི་བཟླས་པ་ཅི་འགྲུབ་དང་།) བུམ་པ་རང་བྱུང་གཞལ་ཡས་ཁང་པ་རུ། །བཅོམ་ལྡན་སྨན་བླ་འཁོར་བཅས་གསལ་བ་ཡི། །སྐུ་ལས་དུག་གསུམ་ནད་སེལ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་བདུད་རྩིས་གང་བར་གྱུར། །(ཅེས་དམིགས་ལ་བཟླས་པ་ཅི་འགྲུབ་བྱས་པའི་མཐར།)ཨོཾ་ཨཱཿཧཱུྃ། ལྷ་འོད་དུ་ཞུ་བ་བུམ་ཆུ་དབྱེར་མེད་གྱུར་པར(བསམ།) དཀོན་མཆོག་རིན་ཆེན་(སོགས་སྨོན་ལམ་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་གྲལ་དུ་འཁོད་ཅིང་མེ་ཏོག་བཀྲམ་བསྡུ་བྱས་ལ།)འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་(2ན)ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་སངས་རྒྱས་སྨན་གྱི་བླ་མའི་རྗེས་གནང་ཟབ་མོ་ནོད་ཅིང་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་དུ་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་གཙོ་བོར་གྱུར་པའི་བདེ་བར་གཤེགས་པ་བདུན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ངོ་མཚར་ཁྱད་དུ་འཕགས་པའི་མཐུ་ལས་མཚན་ཐོས་པ་དང་གཟུངས་སྔགས་བཅང་བ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དགོས་པ་ཚད་མེད་པ་དང་ལྡན་པར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་མདོ་སྡེ་དག་ལས་ཡང་ཡང་བསྔགས་པར་མཛད་པ་འདི་ལ་མདོ་སྔགས་བཀའ་གཏེར་གྱི་ཕྱོགས་སུ་སྒྲུབ་ཐབས་རྗེས་གནང་གི་རིམ་པ་ཅི་རིགས་པར་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རིག་འཛིན་བདུད་འཇོམས་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་ལུགས་ཀྱི་བྱིན་རླབས་རྗེས་གནང་གི་ཆོ་ག་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་འོས་སྔོན་དུ་གྲུབ་ཟིན་པ་ལགས་པས་ཁྱེད་རང་རྣམས་ཀྱི་ངོ་སྐལ་(2བ)དུ་བབ་པ་མཎྜལ་འབུལ་བའི་བྱ་བ་ལ་འཇུག་པར་ཞུ། (ཞེས་མཎྜལ་འབུལ་དུ་གཞུག །)ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་མི་ཕྱེད་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །མ་ལུས་ཀྱི་རྗེས་གནང་སྩལ་དུ་གསོལ། །(ལན་གསུམ།) དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་གཞི་བསྒྲུབ་པའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། །སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པ་བཅོམ་ལྡན་འདས་སྨན་བླ་བདེ་གཤེགས་མཆེད་བརྒྱད་ལ་སངས་རྒྱས་བྱང་སེམས་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྤྱོད་པ་ལ་ཚུལ་བཞིན་སློབ་པའི་འདུན་པ་དང་བཅས་ཏེ་འདིའི་རྗེས་ཟླསོ་མཛོད། ན་མོ༔ བདག་དང་མཐའ་ཡས་(སོགས་ལན་གསུམ། བསགས་སྦྱོང་ཀུན་གྱི་སྙིང་པོ་ཡན་ལག་བདུན་པ་སོ་སོའི་དམིགས་དོན་གསལ་ཐོབ་ལ་འདིའི་རྗེས་བཟློས་མཛོད།) ན་མོ༔ བདག་དང་མཁའ་མཉམ་(སོགས་ཡན་ལག་བདུན་པ་ལན་གསུམ།) དེ་དག་གི་རྒྱུད་སྣོད་རུང་དུ་བྱས་ནས་རྗེས་གནང་(3ན)དངོས་ལ་གསུམ་ལས། དང་པོ་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་བསྐྱེད་དབྱེར་མ་མཆིས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་ཏེ་ཁྱེར་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བར་མོས་ཤོག །ཧཱུྃ། བཅོམ་ལྡན་བདེ་གཤེགས་སྨན་གྱི་བླའི། །བྱིན་རླབས་རང་བཞིན་བདུད་རྩིའི་ཆུས། །སྐལ་ལྡན་ཁྱེད་ལ་དབང་བསྐུར་བས། །བག་ཆགས་དྲི་མ་ཀུན་བྱང་ཤོག (གཟུངས་སྔགས་མཐར།) ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། (ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན།) ཞེས་གསུངས་ཤིང་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས་སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་ཀྱི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་སྔོན་བཻཌཱུརྻའི་མདངས་ཅན་ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་མཉམ་གཞག་ལྷུང་བཟེད་རྣམ་པར་རྒྱལ་བས་བཀང་བ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་ཤིང་འོད་ཟེར་མཐའ་ཡས་མུ་མེད་པར་འཕྲོ་བའི་སྐུ་ཅན་དུ་ལམ་གྱིས་གྱུར་པར་མོས་མཛོད། (3བ)གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་བསྐྱེད་གཉིས་སུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བཻཌཱུརྻ་ཞུན་མའི་མདངས་ཅན་བྱུང་། ཁྱེད་རང་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་གཟུངས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། (གཟུངས་སྔགས་ཚར་གསུམ་རྗེས་ཟློས་བྱར་གཞུག)། དང་པོས་བྱིན་གྱིས་བརླབ། གཉིས་པས་བརྟན་པར་བྱས། གསུམ་པས་གསུང་རིགས་སྔགས་ཀྱི་ནུས་པ་རྒྱུད་ལ་ཞུགས་པར་མོས་ཤིག །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་བཅོམ་ལྡན་འདས་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་མདུན་བསྐྱེད་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ། ཁྱེད་རང་ལྷར་གསལ་པ་འོད་དུ་ཞུ་ནས་དབྱིངས་སུ་ཡལ་ཏེ་བཅོམ་ལྡན་འདས་ཀྱི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་འོད་གསལ་ཆེན་པོའི་ངང་ལ་མཉམ་པར་འཇོག་མཛོད། (ཅེས་ངོ་སྤྲོད།) དེ་དག་གིས་བཅོམ་ལྡན་སྨན་གྱི་བླ་མའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དེང་ཕྱིན་ཆད་སྐུ་ཕྱག་རྒྱ་བསྒོམ་པ། གསུང་རིགས་སྔགས་བཟླ་བ། ཐུགས་ཡེ་ཤེས་(4ན)ཆེན་པོ་རྣལ་འབྱོར་དུ་བྱེད་པ་ལས་མི་འདའ་བར་མཛོད་ཅིག །ཇི་སྐད་བསྒོས་པའི་ཐ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་(སོགས་དམ་ཚིག་ལས་དང་། གཏང་རག་ལུས་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། གསུམ་པ་ནི། སློབ་དཔོན་གྱིས་མཆོད་བསྟོད་འདོད་གསོལ་ནོངས་བཤགས་དང་། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་གཤེགས་གསོལ་གང་འོས་བྱ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་སླར་ཡང་སྣང་སྟོང་སྒྱུ་མའི་སྐུར་ལྡང་ལ་དགེ་བསྔོ་ཤིས་བརྗོད་མཐར་དབྱུང་བས་གྲུབ་བོ། །རང་བཟོ་མ་ཡིན་གཞུང་གི་དགོངས་པར་འབྱོར། །དོན་མེད་མ་ཡིན་གཞན་ལ་སྨན་མཐོང་ནས། །གསལ་བདེར་སྤེལ་འདིས་འབྲེལ་བཅས་འགྲོ་བ་ཀུན། །ལྟ་ན་སྡུག་གི་ཞིང་དུ་དབུགས་འབྱིན་ཤོག །ཅེས་པའང་དགེ་བའི་བཤེས་གཉེན་རཏྣའི་མཚན་ཅན་གྱིས་བསྐུལ་བ་ལས་ཤཱཀྱའི་དགེ་བསྙེན་བྱང་སེམས་རིག་པ་འཛིན་པ་བློ་གྲོས་དྲི་མེད་ཕན་བདེའི་འོད་ཟེར་རམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།། སརྦ་དཱ་མངྒ་ལཾ། །)}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:18, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 9, Text 9, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||