DJYD-KABUM-09-TA-022: Difference between revisions
From Dudjom Wiki
DJYD-KABUM-09-TA-022
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
(1ན)(ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་རྒྱུན་ཁྱེར་རྣལ་འབྱོར་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །)ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། (ངོ་བོ་སྤྲོས་པ་མེད་པའི་དོན་ལ་འཇོག་སྟེ་རྣམ་པ་ལམ་བྱེད་སྣོད་བཅུད་དག་པའི་འཁོར་ལོར་སྦྱར་བར་འདོད་པས། སྦྱོར་བ་ནི།) ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་ཕུར་པའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛ༔ (ས་མདུན་མཁར་སད་པ་ལ།) ཧོཿབདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་ཡོམ་ཏན་རྫོགས༔ མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ (ཞེས་སྐྱབས་སུ་འགྲོ་ཞིང་༔ ) ཧོཿའཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ གཉིས་མེད་རོལ་པ་བྱང་ཆུབ་སེམས༔ རང་བྱུང་ཡེ་ཤེས་ཆེན་པོས་བརྡལ༔ བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔ (ཞེས་སེམས་བསྐྱེད།) ཛཿཧཱུྃ་བཾ་ཧོཿ(ས་སྐྱབས་ཡུལ་རྣམས་རང་ལ་བསྡུའོ། །དངོས་གཞི་ལ་གསུམ་གྱི། དང་པོ་བསྐྱེད་པའི་རྣལ་འབྱོར་ནི།) ཨཿཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བྱེད་ཡེ་ཤེས་རང་ཞལ་གཟིགས༔ མ་འགགས་རྒྱུ་ཡི་ས་བོན་ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ བརྡ་དོན་རྟགས་ཀྱིས་མཚོན་པ་ཡི༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ བྱོལ་སོང་གཙོ་(1བ)བརྒྱད་ཀྱིས་བཏེགས་པའི༔ རིན་ཆེན་ཁྲི་སྟེང་པད་ཟླ་དང་༔ ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔ རིག་པ་རྒྱུ་ཡི་ཧེ་རུ་ཀའི༔ འཕྲོ་འདུའི་སྦྱོར་བས་དོན་གཉིས་བྱས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ ཁམ་ནག་དབུ་སྐྲ་གྱེན་དུ་རྫེས༔ ཐོད་སྐམ་དབུ་བརྒྱན་ཅོད་པན་མཛེས༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་འཕྱར༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ མཐིང་སྐྱ་ཁ་ཊྭཱཾ་ཐོད་ཁྲག་སྟོབ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔ ཞལ་སྦྱོར་དྲག་པོའི་གད་རྒྱང་སྒྲོགས༔ རིགས་བདག་ཀུན་ཏུ་བཟང་པོ་ཤར༔ རྡོ་རྗེའི་སྐུ་ཡི་གནས་རྣམས་སུ༔ སྲས་(2ན)མཆོག་ཁྲོ་བཅུ་ཁྲ་ཐབས་དང་༔ སྒོ་སྐྱོང་དམ་ཅན་བཀའ་སྡོད་ཚོགས༔ ཏིལ་གྱི་གོང་བུ་ཕྱུར་བཞིན་གསལ༔ ངོ་བོ་གཙོ་ལ་རང་རྩལ་འཁོར༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ དུས་གསུམ་འདུ་འབྲལ་མེད་པའི་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ (ཅེས་གསལ་བཏབ་ལ། བསྐྱེད་པའི་གསལ་སྣང་ཡུལ་གསུམ་གྱད་དུ་གྱུར་ཏེ་གོམས་པ་མངོན་དུ་བྱེད་པ་ལ་བསླབ། གདོད་ནས་ཡོངས་གྲུབ་ཆེན་པོའི་ངོ་བོར་དམ་ཡེ་གཉིས་སུ་འཛིན་པ་སོགས་ཐ་སྙད་ཀྱི་ཚུལ་ལས་འདས་མོད་ཀྱི། ལམ་པ་དང་པོའི་ལས་ཅན་གྱི་ངོར་ཐ་མལ་གྱི་སྣང་ཞེན་སྦྱོར་ཕྱིར་ཡན་ལག་གི་ལས་ལ་འཇུག་པར་འདོད་ན།) ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ རི་སྟོང་རྡོ་རྗེ་གཞོན་ནུ་ཆེ༔ ཐུགས་རྗེའི་རང་རྩལ་འཁོར་དང་བཅས༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛ༔ ཧཱུྃ་བཾ་ཧོ༔ (ཞེས་བདག་ཉིད་དམ་ཚིག་པ་ལ་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ༔ ) ཧཱུྃ༔ བདག་རྟོག་རུ་ཏྲ་བསྒྲལ་བ་ལས༔ དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔ སྣ་ཚོགས་སྣང་བའི་ལོངས་སྤྱོད་དཔལ༔ རྡོ་རྗེ་ཕུར་པའི་ལྷ་ལ་འབུལ༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔ དག་གྲོལ་རོལ་པའི་ཧེ་རུ་ཀ༔ རྟོག་གཉིས་རུ་ཏྲའི་སྙིང་ཁྲག་འབྱིན༔ མི་སྲུན་(2བ)རྡོ་རྗེ་སྲིན་པོར་བསྟོད༔ (ཅེས་ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་མཆོད་ཅིང་བསྟོད། གཉིས་པ་བཟླས་པའི་རྣལ་འབྱོར་ནི།) ཧཱུྃ༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ (ཞེས་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པས།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ (ཅེས་བཟླས་ཞིང་། གཞན་ཡང་སྔགས་ཀྱི་ཚུལ་མཐའ་དག་མན་ངག་གི་ངེས་པ་བཞིན་ཉམས་སུ་ལེན་ནོ། །གསུམ་པ་ཟུང་འཇུག་གི་རྣལ་འབྱོར་ནི།) སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔ སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་བསྐྱེད་པའི་སྣང་ཆ་ཐམས་ཅད་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབྱིངས་སུ་བསྡུས་ཏེ་མཉམ་པར་བཞག༔ ) ཐབས་དང་ཤེས་རབ་གཉིས་སུ་མེད༔ མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔ ཕཊ་ཕཊ་ཕཊ༔ (ཅེས་སླར་ཡང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་བལྟས་ལ་ཟུང་འཇུག་གི་ཏིང་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །རྗེས་ནི།) ཧོཿདུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔ (ཅེས་དགོངས་(3ན)པ་ཁྱད་པར་ཅན་གྱི་བྱ་བས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། ཞེས་པའང་ལམ་འདིར་མོས་པ་ལྷུར་ལེན་པ་དགེ་སྦྱོང་ཤེས་རབ་གོ་ཆས་བསྐུལ་བ་ལས། དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་གསེང་གཅིག་ལ་ཤར་མར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །།།) | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=09 | |||
|volumeLetter=TA | |||
|textnuminvol=022 | |||
|pdflink=File:DJYD-KABUM-09-TA-022.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-09-TA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|(1ན)(ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་རྒྱུན་ཁྱེར་རྣལ་འབྱོར་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །)ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། (ངོ་བོ་སྤྲོས་པ་མེད་པའི་དོན་ལ་འཇོག་སྟེ་རྣམ་པ་ལམ་བྱེད་སྣོད་བཅུད་དག་པའི་འཁོར་ལོར་སྦྱར་བར་འདོད་པས། སྦྱོར་བ་ནི།) ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་ཕུར་པའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛ༔ (ས་མདུན་མཁར་སད་པ་ལ།) ཧོཿབདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་ཡོམ་ཏན་རྫོགས༔ མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ (ཞེས་སྐྱབས་སུ་འགྲོ་ཞིང་༔ ) ཧོཿའཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ གཉིས་མེད་རོལ་པ་བྱང་ཆུབ་སེམས༔ རང་བྱུང་ཡེ་ཤེས་ཆེན་པོས་བརྡལ༔ བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔ (ཞེས་སེམས་བསྐྱེད།) ཛཿཧཱུྃ་བཾ་ཧོཿ(ས་སྐྱབས་ཡུལ་རྣམས་རང་ལ་བསྡུའོ། །དངོས་གཞི་ལ་གསུམ་གྱི། དང་པོ་བསྐྱེད་པའི་རྣལ་འབྱོར་ནི།) ཨཿཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བྱེད་ཡེ་ཤེས་རང་ཞལ་གཟིགས༔ མ་འགགས་རྒྱུ་ཡི་ས་བོན་ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ བརྡ་དོན་རྟགས་ཀྱིས་མཚོན་པ་ཡི༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ བྱོལ་སོང་གཙོ་(1བ)བརྒྱད་ཀྱིས་བཏེགས་པའི༔ རིན་ཆེན་ཁྲི་སྟེང་པད་ཟླ་དང་༔ ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔ རིག་པ་རྒྱུ་ཡི་ཧེ་རུ་ཀའི༔ འཕྲོ་འདུའི་སྦྱོར་བས་དོན་གཉིས་བྱས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ ཁམ་ནག་དབུ་སྐྲ་གྱེན་དུ་རྫེས༔ ཐོད་སྐམ་དབུ་བརྒྱན་ཅོད་པན་མཛེས༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་འཕྱར༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ མཐིང་སྐྱ་ཁ་ཊྭཱཾ་ཐོད་ཁྲག་སྟོབ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔ ཞལ་སྦྱོར་དྲག་པོའི་གད་རྒྱང་སྒྲོགས༔ རིགས་བདག་ཀུན་ཏུ་བཟང་པོ་ཤར༔ རྡོ་རྗེའི་སྐུ་ཡི་གནས་རྣམས་སུ༔ སྲས་(2ན)མཆོག་ཁྲོ་བཅུ་ཁྲ་ཐབས་དང་༔ སྒོ་སྐྱོང་དམ་ཅན་བཀའ་སྡོད་ཚོགས༔ ཏིལ་གྱི་གོང་བུ་ཕྱུར་བཞིན་གསལ༔ ངོ་བོ་གཙོ་ལ་རང་རྩལ་འཁོར༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ དུས་གསུམ་འདུ་འབྲལ་མེད་པའི་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ (ཅེས་གསལ་བཏབ་ལ། བསྐྱེད་པའི་གསལ་སྣང་ཡུལ་གསུམ་གྱད་དུ་གྱུར་ཏེ་གོམས་པ་མངོན་དུ་བྱེད་པ་ལ་བསླབ། གདོད་ནས་ཡོངས་གྲུབ་ཆེན་པོའི་ངོ་བོར་དམ་ཡེ་གཉིས་སུ་འཛིན་པ་སོགས་ཐ་སྙད་ཀྱི་ཚུལ་ལས་འདས་མོད་ཀྱི། ལམ་པ་དང་པོའི་ལས་ཅན་གྱི་ངོར་ཐ་མལ་གྱི་སྣང་ཞེན་སྦྱོར་ཕྱིར་ཡན་ལག་གི་ལས་ལ་འཇུག་པར་འདོད་ན།) ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ རི་སྟོང་རྡོ་རྗེ་གཞོན་ནུ་ཆེ༔ ཐུགས་རྗེའི་རང་རྩལ་འཁོར་དང་བཅས༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛ༔ ཧཱུྃ་བཾ་ཧོ༔ (ཞེས་བདག་ཉིད་དམ་ཚིག་པ་ལ་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ༔ ) ཧཱུྃ༔ བདག་རྟོག་རུ་ཏྲ་བསྒྲལ་བ་ལས༔ དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔ སྣ་ཚོགས་སྣང་བའི་ལོངས་སྤྱོད་དཔལ༔ རྡོ་རྗེ་ཕུར་པའི་ལྷ་ལ་འབུལ༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔ དག་གྲོལ་རོལ་པའི་ཧེ་རུ་ཀ༔ རྟོག་གཉིས་རུ་ཏྲའི་སྙིང་ཁྲག་འབྱིན༔ མི་སྲུན་(2བ)རྡོ་རྗེ་སྲིན་པོར་བསྟོད༔ (ཅེས་ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་མཆོད་ཅིང་བསྟོད། གཉིས་པ་བཟླས་པའི་རྣལ་འབྱོར་ནི།) ཧཱུྃ༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ (ཞེས་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པས།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ (ཅེས་བཟླས་ཞིང་། གཞན་ཡང་སྔགས་ཀྱི་ཚུལ་མཐའ་དག་མན་ངག་གི་ངེས་པ་བཞིན་ཉམས་སུ་ལེན་ནོ། །གསུམ་པ་ཟུང་འཇུག་གི་རྣལ་འབྱོར་ནི།) སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔ སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་བསྐྱེད་པའི་སྣང་ཆ་ཐམས་ཅད་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབྱིངས་སུ་བསྡུས་ཏེ་མཉམ་པར་བཞག༔ ) ཐབས་དང་ཤེས་རབ་གཉིས་སུ་མེད༔ མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔ ཕཊ་ཕཊ་ཕཊ༔ (ཅེས་སླར་ཡང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་བལྟས་ལ་ཟུང་འཇུག་གི་ཏིང་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །རྗེས་ནི།) ཧོཿདུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔ (ཅེས་དགོངས་(3ན)པ་ཁྱད་པར་ཅན་གྱི་བྱ་བས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། ཞེས་པའང་ལམ་འདིར་མོས་པ་ལྷུར་ལེན་པ་དགེ་སྦྱོང་ཤེས་རབ་གོ་ཆས་བསྐུལ་བ་ལས། དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་གསེང་གཅིག་ལ་ཤར་མར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །།།)}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:18, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 9, Text 22, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||