TTDL-ZABTER-05-CA-017: Difference between revisions
No edit summary |
m (Text replacement - "ཧོ༔" to " ཧོཿ") |
||
| Line 43: | Line 43: | ||
ཐྂ༎༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲག་ཟློག་གནམ་ལྕགས་འཁོར་ལོ་འདིར༔ དང་པོ་བཅའ་གཞིའི་རིམ་པ་ལ༔ གནམ་ལྕགས་འཁོར་ལོ་རིམ་གསུམ་གྱི༔ ལྟེ་བར་དམར་གྱི་གཏོར་ཆེན་བཞག༔ གཡས་གཡོན་དམར་གཏོར་གཉིས་བཞག་སྟེ༔ ཕྱོགས་བཞིར་གཏོར་ཕྲན་རེ་རེ་བཞག༔ དེ་མཐར་དམར་གྱི་གཏོར་ཕྲན་བཅུ༔ ཕྱོགས་བཞིར་གཏོར་ཕྲན་བཞི་བཞག་གོ༔ དེ་ཡི་ཕྱི་རིམ་གཏོར་ཆུང་བཅུ་གཉིས་བཞག༔ དེ་མཐར་ཕྱོགས་བཞིར་གཏོར་ཆུང་བཞི༔ ཕྱི་རིམ་བ་ལིང་ཉེར་བརྒྱད་བཞག༔ ཟན་དུམ་སྐྱུ་གུ་རྣམ་ལྔ་དང་༔ ཤ་ཁྲག་མཚེ་དང་རྩང་གིས་བསྐོར༔ ཁྲག་ལིང་ཤ་དུམ་གཏོར་མ་བཤམ༔ ལྷ་ཡི་ཏིང་འཛིན་གདིང་ལྡན་ངང་༔ ཧཱུྃ༔ ཡེ་ཤེས་བླ་མེད་གསང་ཆེན་དཀྱིལ་འཁོར་ནས༔ ཕྲིན་ལས་མངོན་སྤྱོད་རོལ་པའི་སྒྱུ་འཕྲུལ་གྱི༔ རབ་འཇིགས་དྲག་པོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ སྣང་བས་གར་ཁྱབ་མེ་རི་འབར་བའི་ཞིང་༔ སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་པའི་དལ༔ སྒྲ་རུ་གྲགས་པ་དྲག་སྔགས་རང་སྒྲ་ལྡིར༔ ལས་མཁན་ཕོ་ཉ་བཀའ་སྡོད་སྤྲིན་ལྟར་གཏིབས༔ མཚོན་ཐུན་དྲག་པོ་ཐོག་སེར་ལྟ་བུར་འབེབས༔ བསྐལ་བའི་མེ་རླུང་འཚུབས་མ་རབ་ཏུ་གཡོ༔ དགྲ་དཔུང་མ་ལུས་ཐལ་བའི་རྡུལ་བཞིན་རློག༔ བགེགས་དཔུང་རྗེས་ཤུལ་མེད་པར་གཞོམ་པར་བྱེད༔ ཧཱུྃ༔ དྲག་པོ་ལས་ཀྱི་བཤའ་ཁང་ཡངས་པའི་ནང་༔ ཞིང་བཅུའི་དགྲ་བགེགས་བསྒྲལ་བའི་ཕུང་པོ་བརྡལ༔ གཏི་མུག་ཤ་ཡི་རི་བོ་སྤུངས་སེ་སྤུང་༔ འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ༔ ཞེ་སྡང་རུས་པའི་གྲམ་ཁྲོད་ཉི་ལི་ལི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དཔའ་སྐྱེམས་ལགས༔ ཧཱུྃ༔ གཞོམ་བྲལ་དོན་གྱི་འོག་མིན་ཆེན་པོའི་ཞིང་༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ་ཆེན་པོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ འགགས་མེད་ལྷུན་གྲུབ་བཀོད་པ་རང་བྱུང་བའི༔ ཐུགས་རྗེའི་རོལ་པ་འགྲོ་བའི་དཔལ་དུ་ཤར༔ གདུལ་དཀའ་འདུལ་ཕྱིར་ཐབས་ཀྱིས་སྐུར་བཞེངས་ལ༔ ཁམས་གསུམ་འཁོར་བ་སྐུ་གསུམ་དབྱིངས་སུ་སྒྲོལ༔ སྐྱེ་འགགས་འགྱུར་མེད་གདོད་མའི་ཡེ་གདངས་ལས༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུར་ཤར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་རབ་དཀར་གྱེན་ལ་གཟིགས་པ་ཡིས༔ ལྷ་ཡི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ གཡོན་ཞལ་དམར་ནག་ཐུར་དུ་གཟིགས་པ་ཡིས༔ ས་བདག་ཀླུ་གཉན་གདོན་ཚོགས་དགྲ་ལ་ཟློག༔ དབུས་ཞལ་མཐིང་ནག་ཕྱོགས་བཅུར་གཟིགས་པ་ཡིས༔ ཕྱོགས་སྐྱོང་སྡེ་བརྒྱད་གདོན་ཚོགས་དགྲ་ལ་ཟློག༔ དབུ་སྐྲ་དམར་སེར་སྲིད་རྩེར་འབར་བ་ཡིས༔ སྣང་སྲིད་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས༔ ཆོས་ཀྱི་བདེན་པ་སྡང་བའི༴བར་མས་རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས༔ ཉོན་མོངས་དུག་ལྔ་སྡང་བའི༴གཡོན་གྱི་དང་པོས་མེ་དཔུང་བསྣམས་པ་ཡིས༔ སྒྲིབ་གཉིས་བག་ཆགས་སྡང་བའི༴བར་མས་ཁ་ཊྭཱྃ་རྩེ་གསུམ་བསྣམས་པ་ཡིས༔ དུག་གསུམ་གཡོ་འཁྲུགས་སྡང་བའི༴ཐ་གཉིས་རི་རབ་ཕུར་པ་འདྲིལ་བ་ཡིས༔ ཁམས་གསུམ་འཁྲུལ་འཁོར་སྡང་བའི༴ཞབས་བཞི་བརྒྱད་ཀྱི་འདོར་སྟབས་བགྲད་པ་ཡིས༔ བདུད་དང་རཱུ་དྲ་སྡང་བའི༴རྡོ་རྗེ་གཤོག་པས་བར་སྣང་ཁེངས་པ་ཡིས༔ གཟའ་དང་རྒྱུ་སྐར་དམག་དཔུང་དགྲ་ལ་ཟློག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་ཡིས༔ དཔའ་བོ་མཁའ་འགྲོའི་བཀའ་ཆད༴སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མས༔ འཁོར་འདས་ཡོངས་ཀྱི་རྒོལ་ངན༴སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཛ་ཊཱི་མས༔ སྲིད་པ་མ་མོའི་འཁྲུགས་རྒོལ་དགྲ་ལ་ཟློག༔ ཧཱུྃ༔ དབུས་ཕྱོགས་དཔལ་ཆེན་བུདྡྷ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་གཟུགས་ཀྱི་ཕུང་པོ་རོལ༔ དབུས་ཀྱི་དགྲ་བགེགས་བཟློག་ཅིག་དགྲ་ལ་བསྒྱུར༔ ཤར་ཕྱོགས་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་རྣམ་ཤེས༴ཤར་གྱི་དགྲ་བགེགས་བཟློག་ཅིག༴ལྷོ་ཕྱོགས་དཔལ་ཆེན་རཏྣ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཚོར་བའི༴ལྷོ་ཡི་དགྲ་བགེགས་བཟློག་ཅིག༴ནུབ་ཕྱོགས་དཔལ་ཆེན་པདྨ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་འདུ་ཤེས༴ནུབ་ཀྱི་དགྲ་བགེགས་བཟློག་ཅིག༴བྱང་ཕྱོགས་དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་འདུ་བྱེད༴བྱང་གི་དགྲ་བགེགས་བཟློག་ཅིག༴ཧཱུྃ༔ སྟེང་ཕྱོགས་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ བཞེངས་ཤིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷ་ཡི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ ཤར་ཕྱོགས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴དྲི་ཟའི་གདོན་ཚོགས་སྡང་བའི༴ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴མེ་ལྷའི་གདོན་ཚོགས་སྡང་བའི༴ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴གཤིན་རྗེའི་གདོན་ཚོགས་སྡང་བའི༴ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴སྲིན་པོའི་གདོན་ཚོགས་སྡང་བའི༴ནུབ་ཕྱོགས་ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴ཆུ་ལྷའི་གདོན་ཚོགས་སྡང་བའི༴ནུབ་བྱང་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴རླུང་ལྷའི་གདོན་ཚོགས་སྡང་བའི༴བྱང་ཕྱོགས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴གནོད་སྦྱིན་གདོན་ཚོགས་སྡང་བའི༴བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴དབང་ལྡན་གདོན་ཚོགས་སྡང་བའི༴འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴ས་བདག་ཀླུ་གཉན་གདོན་ཚོགས༴ཧཱུྃ༔ རྡོ་རྗེ་སྒྲ་འབྱིན་དགྲ་བགེགས་ཀླད་ཁྲག་རོལ༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ་ཞིང་ཟློག༔ རྡོ་རྗེ་སྙེམས་མས་དགྲ་བགེགས་ཀླད༴ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་སྡེར་མོས་དགྲ་བགེགས་ཀླད༴ཤར་ལྷོ་མཚམས་ཀྱི་དགྲ་བགེགས་བསྒྲལ༴དུར་ཁྲོད་བདག་མོས་དགྲ་བགེགས་ཀླད༴ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་གཏུན་ཁུང་དགྲ་བགེགས་ཀླད༴ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་གཏུན་མོས་དགྲ་བགེགས་ཀླད༴ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་མདའ་སྙེམས་དགྲ་བགེགས་ཀླད༴ནུབ་བྱང་མཚམས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་རླུང་འབྱིན་དགྲ་བགེགས་ཀླད༴བྱང་གི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་གསོད་བྱེད་དགྲ་བགེགས་ཀླད༴བྱང་ཤར་མཚམས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་བསྐུལ་བྱེད་དགྲ་བགེགས་ཀླད༴འོག་གི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ་ཞིང་ཟློག༔ ཛཿསྟེང་གི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་ཕག་གདོང་ཀླད་ཁྲག་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ སྟེང་ཕྱོགས་དགྲ་བགེགས་བསྒྲལ་ཏེ་ཟ་ཞིང་ཟློག༔ ཤར་གྱི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སྟག་གདོང་དཀར་པོས་མི་རོ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ཤར་ཕྱོགས་དགྲ་བགེགས་བསྒྲལ་ཏེ༴ཤར་ལྷོའི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ གཡག་གདོང་སྔོན་པོས་རྒྱུ་མ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ཤར་ལྷོའི་དགྲ་བགེགས་བསྒྲལ་ཏེ༴ལྷོ་ཡི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ ཤ་གདོང་སེར་ནག་ཞིང་ཆེན་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ལྷོ་ནུབ་དགྲ་བགེགས་བསྒྲལ་ཏེ༴ནུབ་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ གཟིག་གདོང་དམར་སྐྱས་ཙིཏྟ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ལྷོ་ནུབ་དགྲ་བགེགས་བསྒྲལ་ཏེ༴ནུབ་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ དམར་ནག་བྱི་ལའི་གདོང་ཅན་ཀླད་ཁྲག་ཐོགས༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ནུབ་ཕྱོགས་དགྲ་བགེགས་བསྒྲལ་ཏེ༴ནུབ་བྱང་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སྤྱང་གདོང་དམར་སེར་ཤ་ཆེན་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ནུབ་བྱང་དགྲ་བགེགས་བསྒྲལ་ཏེ༴བྱང་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སེང་གདོང་ལྗང་ནག་མི་རོ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ བྱང་ཕྱོགས་དགྲ་བགེགས་བསྒྲལ་ཏེ༴བྱང་ཤར་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སྲེ་གདོང་སེར་ནག་གློ་སྙིང་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ བྱང་ཤར་དགྲ་བགེགས་བསྒྲལ་ཏེ༴འོག་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ དྲེད་གདོང་ནག་པོས་ཡན་ལག་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ འོག་གི་དགྲ་བགེགས་བསྒྲལ་ཏེ༴བྷྱོཿགསོད་བྱེད་སྨིག་བུའི་མགོ་ཅན་མཁའ་ལ་སྤྱོད༔ སྟེང་གི་དགྲ་བགེགས་གནོད་བྱེད་གསོད་ཅིང་ཟློག༔ གསོད་བྱེད་བྱ་རྒོད་མགོ་ཅན་བརྟུལ་ཞུགས་ལྡན༔ ཤར་གྱི་དགྲ་བགེགས་གནོད་བྱེད༴གསོད་བྱེད་བྱ་རོག་མགོ་ཅན་རིག་པའི་རྒྱལ༔ ཤར་ལྷོའི་དགྲ་བགེགས་གནོད་བྱེད༴གསོད་བྱེད་འུག་པའི་མགོ་ཅན་ཤེས་རབ་ཅན༔ ལྷོ་ཡི་དགྲ་བགེགས་གནོད་བྱེད༴གསོད་བྱེད་ཁྭ་ཏའི་མགོ་ཅན་སྒྲིབ་ཤིང་ཅན༔ ལྷོ་ནུབ་དགྲ་བགེགས་གནོད་བྱེད༴གསོད་བྱེད་པུ་ཤུད་མགོ་ཅན་མིག་རྩི་ཅན༔ ནུབ་ཀྱི་དགྲ་བགེགས་གནོད་བྱེད༴གསོད་བྱེད་ཁྲ་ཡི་མགོ་ཅན་མྱུར་མགྱོགས་ལྡན༔ ནུབ་བྱང་དགྲ་བགེགས་གནོད་བྱེད༴གསོད་བྱེད་ཕ་ཝཾ་མགོ་ཅན་ཐབས་ལ་མཁས༔ བྱང་གི་དགྲ་བགེགས་གནོད་བྱེད༴གསོད་བྱེད་སྲེ་མོང་མགོ་ཅན་རྩལ་ཤུགས་ལྡན༔ བྱང་ཤར་དགྲ་བགེགས་གནོད་བྱེད༴གསོད་བྱེད་བྱི་མའི་མགོ་ཅན་ལས་ལ་དབང་༔ འོག་གི་དགྲ་བགེགས་གནོད་བྱེད༴བྷྱོ༔ ཡེ་ཤེས་ཁྲོ་བོ་ཡབ་ཡུམ་ཕྲིན་ལས་གར༔ ཟ་གསོད་ལས་ཀྱི་ཕྲ་མེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་གདུག་པའི་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་དྲག་པོས་ཟློག་བསྒྱུར་ལས་མཛོད་ཅིག༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ གསང་གསུམ་སྒྱུ་འཕྲུལ་གར་གྱི་རྣམ་རོལ་ལས༔ གཡས་སུ་སྐུ་ཡི་ཁྲ་ཐབས་ཆེན་པོ་བདུན༔ ཕྲིན་ལས་དུས་ལ་བབ་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕོ་གདོན་རྒྱལ་འགོང་མ་ལུས་དགྲ་ལ་ཟློག༔ གཡོན་དུ་གསུང་གི་ཁྲ་ཐབས་ཆེན་པོ་བདུན༔ ཕྲིན་ལས་དུས་ལ་བབ་བོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མོ་གདོན་བསེན་མོ་མ་ལུས་དགྲ་ལ་ཟློག༔ མདུན་དུ་ཐུགས་ཀྱི་ཁྲ་ཐབས་ཆེན་པོ་བདུན༔ ཕྲིན་ལས་དུས་ལ་བབ་བོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཀླུ་གདོན་ས་བདག་མ་ལུས་དགྲ་ལ་ཟློག༔ ཛཿཞི་མཛད་ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ འགུགས་འདྲེན་ལས་ཀྱི་ཕོ་ཉ་ཆེན་མོ་བཞེངས༔ ཞེ་སྡང་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་ཤར་སྒོའི་མཐའ་དམག་དམ་སྲི་ཟློག༔ ཧཱུྃ༔ རྒྱས་མཛད་ལྷོ་ཡི་སྒོ་མ་ཞགས་པ་མ༔ འཛིན་འཆིང་ལས་ཀྱི་ཕོ་ཉ་ཆེན་མོ་བཞེངས༔ ང་རྒྱལ་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་ལྷོ་སྒོའི་མཐའ་དམག་དམ་སྲི་ཟློག༔ བཾ༔ དབང་སྡུད་ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ༔ སྡོམ་བྱེད་ལས་ཀྱི་ཕོ་ཉ་ཆེན་མོ་བཞེངས༔ འདོད་ཆགས་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་ནུབ་སྒོའི་མཐའ་དམག་དམ་སྲི་ཟློག༔ | ཐྂ༎༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲག་ཟློག་གནམ་ལྕགས་འཁོར་ལོ་འདིར༔ དང་པོ་བཅའ་གཞིའི་རིམ་པ་ལ༔ གནམ་ལྕགས་འཁོར་ལོ་རིམ་གསུམ་གྱི༔ ལྟེ་བར་དམར་གྱི་གཏོར་ཆེན་བཞག༔ གཡས་གཡོན་དམར་གཏོར་གཉིས་བཞག་སྟེ༔ ཕྱོགས་བཞིར་གཏོར་ཕྲན་རེ་རེ་བཞག༔ དེ་མཐར་དམར་གྱི་གཏོར་ཕྲན་བཅུ༔ ཕྱོགས་བཞིར་གཏོར་ཕྲན་བཞི་བཞག་གོ༔ དེ་ཡི་ཕྱི་རིམ་གཏོར་ཆུང་བཅུ་གཉིས་བཞག༔ དེ་མཐར་ཕྱོགས་བཞིར་གཏོར་ཆུང་བཞི༔ ཕྱི་རིམ་བ་ལིང་ཉེར་བརྒྱད་བཞག༔ ཟན་དུམ་སྐྱུ་གུ་རྣམ་ལྔ་དང་༔ ཤ་ཁྲག་མཚེ་དང་རྩང་གིས་བསྐོར༔ ཁྲག་ལིང་ཤ་དུམ་གཏོར་མ་བཤམ༔ ལྷ་ཡི་ཏིང་འཛིན་གདིང་ལྡན་ངང་༔ ཧཱུྃ༔ ཡེ་ཤེས་བླ་མེད་གསང་ཆེན་དཀྱིལ་འཁོར་ནས༔ ཕྲིན་ལས་མངོན་སྤྱོད་རོལ་པའི་སྒྱུ་འཕྲུལ་གྱི༔ རབ་འཇིགས་དྲག་པོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ སྣང་བས་གར་ཁྱབ་མེ་རི་འབར་བའི་ཞིང་༔ སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་པའི་དལ༔ སྒྲ་རུ་གྲགས་པ་དྲག་སྔགས་རང་སྒྲ་ལྡིར༔ ལས་མཁན་ཕོ་ཉ་བཀའ་སྡོད་སྤྲིན་ལྟར་གཏིབས༔ མཚོན་ཐུན་དྲག་པོ་ཐོག་སེར་ལྟ་བུར་འབེབས༔ བསྐལ་བའི་མེ་རླུང་འཚུབས་མ་རབ་ཏུ་གཡོ༔ དགྲ་དཔུང་མ་ལུས་ཐལ་བའི་རྡུལ་བཞིན་རློག༔ བགེགས་དཔུང་རྗེས་ཤུལ་མེད་པར་གཞོམ་པར་བྱེད༔ ཧཱུྃ༔ དྲག་པོ་ལས་ཀྱི་བཤའ་ཁང་ཡངས་པའི་ནང་༔ ཞིང་བཅུའི་དགྲ་བགེགས་བསྒྲལ་བའི་ཕུང་པོ་བརྡལ༔ གཏི་མུག་ཤ་ཡི་རི་བོ་སྤུངས་སེ་སྤུང་༔ འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ༔ ཞེ་སྡང་རུས་པའི་གྲམ་ཁྲོད་ཉི་ལི་ལི༔ དྲག་པོ་མངོན་སྤྱོད་ལས་ཀྱི་དཔའ་སྐྱེམས་ལགས༔ ཧཱུྃ༔ གཞོམ་བྲལ་དོན་གྱི་འོག་མིན་ཆེན་པོའི་ཞིང་༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ་ཆེན་པོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ འགགས་མེད་ལྷུན་གྲུབ་བཀོད་པ་རང་བྱུང་བའི༔ ཐུགས་རྗེའི་རོལ་པ་འགྲོ་བའི་དཔལ་དུ་ཤར༔ གདུལ་དཀའ་འདུལ་ཕྱིར་ཐབས་ཀྱིས་སྐུར་བཞེངས་ལ༔ ཁམས་གསུམ་འཁོར་བ་སྐུ་གསུམ་དབྱིངས་སུ་སྒྲོལ༔ སྐྱེ་འགགས་འགྱུར་མེད་གདོད་མའི་ཡེ་གདངས་ལས༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུར་ཤར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་རབ་དཀར་གྱེན་ལ་གཟིགས་པ་ཡིས༔ ལྷ་ཡི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ གཡོན་ཞལ་དམར་ནག་ཐུར་དུ་གཟིགས་པ་ཡིས༔ ས་བདག་ཀླུ་གཉན་གདོན་ཚོགས་དགྲ་ལ་ཟློག༔ དབུས་ཞལ་མཐིང་ནག་ཕྱོགས་བཅུར་གཟིགས་པ་ཡིས༔ ཕྱོགས་སྐྱོང་སྡེ་བརྒྱད་གདོན་ཚོགས་དགྲ་ལ་ཟློག༔ དབུ་སྐྲ་དམར་སེར་སྲིད་རྩེར་འབར་བ་ཡིས༔ སྣང་སྲིད་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས༔ ཆོས་ཀྱི་བདེན་པ་སྡང་བའི༴བར་མས་རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས༔ ཉོན་མོངས་དུག་ལྔ་སྡང་བའི༴གཡོན་གྱི་དང་པོས་མེ་དཔུང་བསྣམས་པ་ཡིས༔ སྒྲིབ་གཉིས་བག་ཆགས་སྡང་བའི༴བར་མས་ཁ་ཊྭཱྃ་རྩེ་གསུམ་བསྣམས་པ་ཡིས༔ དུག་གསུམ་གཡོ་འཁྲུགས་སྡང་བའི༴ཐ་གཉིས་རི་རབ་ཕུར་པ་འདྲིལ་བ་ཡིས༔ ཁམས་གསུམ་འཁྲུལ་འཁོར་སྡང་བའི༴ཞབས་བཞི་བརྒྱད་ཀྱི་འདོར་སྟབས་བགྲད་པ་ཡིས༔ བདུད་དང་རཱུ་དྲ་སྡང་བའི༴རྡོ་རྗེ་གཤོག་པས་བར་སྣང་ཁེངས་པ་ཡིས༔ གཟའ་དང་རྒྱུ་སྐར་དམག་དཔུང་དགྲ་ལ་ཟློག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་ཡིས༔ དཔའ་བོ་མཁའ་འགྲོའི་བཀའ་ཆད༴སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མས༔ འཁོར་འདས་ཡོངས་ཀྱི་རྒོལ་ངན༴སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཛ་ཊཱི་མས༔ སྲིད་པ་མ་མོའི་འཁྲུགས་རྒོལ་དགྲ་ལ་ཟློག༔ ཧཱུྃ༔ དབུས་ཕྱོགས་དཔལ་ཆེན་བུདྡྷ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་གཟུགས་ཀྱི་ཕུང་པོ་རོལ༔ དབུས་ཀྱི་དགྲ་བགེགས་བཟློག་ཅིག་དགྲ་ལ་བསྒྱུར༔ ཤར་ཕྱོགས་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་རྣམ་ཤེས༴ཤར་གྱི་དགྲ་བགེགས་བཟློག་ཅིག༴ལྷོ་ཕྱོགས་དཔལ་ཆེན་རཏྣ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཚོར་བའི༴ལྷོ་ཡི་དགྲ་བགེགས་བཟློག་ཅིག༴ནུབ་ཕྱོགས་དཔལ་ཆེན་པདྨ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་འདུ་ཤེས༴ནུབ་ཀྱི་དགྲ་བགེགས་བཟློག་ཅིག༴བྱང་ཕྱོགས་དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་འདུ་བྱེད༴བྱང་གི་དགྲ་བགེགས་བཟློག་ཅིག༴ཧཱུྃ༔ སྟེང་ཕྱོགས་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ བཞེངས་ཤིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷ་ཡི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ ཤར་ཕྱོགས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴དྲི་ཟའི་གདོན་ཚོགས་སྡང་བའི༴ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴མེ་ལྷའི་གདོན་ཚོགས་སྡང་བའི༴ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴གཤིན་རྗེའི་གདོན་ཚོགས་སྡང་བའི༴ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴སྲིན་པོའི་གདོན་ཚོགས་སྡང་བའི༴ནུབ་ཕྱོགས་ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴ཆུ་ལྷའི་གདོན་ཚོགས་སྡང་བའི༴ནུབ་བྱང་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴རླུང་ལྷའི་གདོན་ཚོགས་སྡང་བའི༴བྱང་ཕྱོགས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴གནོད་སྦྱིན་གདོན་ཚོགས་སྡང་བའི༴བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴དབང་ལྡན་གདོན་ཚོགས་སྡང་བའི༴འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ༔ བཞེངས་ཤིག་ཐུགས་དམ་གཉན་པོའི༴དམ་ཉམས་དགྲ་བགེགས་ཤ་ཁྲག༴ས་བདག་ཀླུ་གཉན་གདོན་ཚོགས༴ཧཱུྃ༔ རྡོ་རྗེ་སྒྲ་འབྱིན་དགྲ་བགེགས་ཀླད་ཁྲག་རོལ༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ་ཞིང་ཟློག༔ རྡོ་རྗེ་སྙེམས་མས་དགྲ་བགེགས་ཀླད༴ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་སྡེར་མོས་དགྲ་བགེགས་ཀླད༴ཤར་ལྷོ་མཚམས་ཀྱི་དགྲ་བགེགས་བསྒྲལ༴དུར་ཁྲོད་བདག་མོས་དགྲ་བགེགས་ཀླད༴ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་གཏུན་ཁུང་དགྲ་བགེགས་ཀླད༴ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་གཏུན་མོས་དགྲ་བགེགས་ཀླད༴ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་མདའ་སྙེམས་དགྲ་བགེགས་ཀླད༴ནུབ་བྱང་མཚམས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་རླུང་འབྱིན་དགྲ་བགེགས་ཀླད༴བྱང་གི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་གསོད་བྱེད་དགྲ་བགེགས་ཀླད༴བྱང་ཤར་མཚམས་ཀྱི་དགྲ་བགེགས་བསྒྲལ༴རྡོ་རྗེ་བསྐུལ་བྱེད་དགྲ་བགེགས་ཀླད༴འོག་གི་ཕྱོགས་ཀྱི་དགྲ་བགེགས་བསྒྲལ་ཞིང་ཟློག༔ ཛཿསྟེང་གི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་ཕག་གདོང་ཀླད་ཁྲག་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ སྟེང་ཕྱོགས་དགྲ་བགེགས་བསྒྲལ་ཏེ་ཟ་ཞིང་ཟློག༔ ཤར་གྱི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སྟག་གདོང་དཀར་པོས་མི་རོ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ཤར་ཕྱོགས་དགྲ་བགེགས་བསྒྲལ་ཏེ༴ཤར་ལྷོའི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ གཡག་གདོང་སྔོན་པོས་རྒྱུ་མ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ཤར་ལྷོའི་དགྲ་བགེགས་བསྒྲལ་ཏེ༴ལྷོ་ཡི་ཟ་བྱེད་ཆེན་པོའི་དུས་ལ་བབ༔ ཤ་གདོང་སེར་ནག་ཞིང་ཆེན་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ལྷོ་ནུབ་དགྲ་བགེགས་བསྒྲལ་ཏེ༴ནུབ་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ གཟིག་གདོང་དམར་སྐྱས་ཙིཏྟ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ལྷོ་ནུབ་དགྲ་བགེགས་བསྒྲལ་ཏེ༴ནུབ་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ དམར་ནག་བྱི་ལའི་གདོང་ཅན་ཀླད་ཁྲག་ཐོགས༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ནུབ་ཕྱོགས་དགྲ་བགེགས་བསྒྲལ་ཏེ༴ནུབ་བྱང་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སྤྱང་གདོང་དམར་སེར་ཤ་ཆེན་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ ནུབ་བྱང་དགྲ་བགེགས་བསྒྲལ་ཏེ༴བྱང་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སེང་གདོང་ལྗང་ནག་མི་རོ་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ བྱང་ཕྱོགས་དགྲ་བགེགས་བསྒྲལ་ཏེ༴བྱང་ཤར་ཟ་བྱེད་ཆེན་པོའི་དུས་ལ་བབ༔ སྲེ་གདོང་སེར་ནག་གློ་སྙིང་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ བྱང་ཤར་དགྲ་བགེགས་བསྒྲལ་ཏེ༴འོག་ཕྱོགས་ཟ་བྱེད་ཆེན་པོའི་དུས་ལ་བབ༔ དྲེད་གདོང་ནག་པོས་ཡན་ལག་ཐོགས་ནས་རྒྱུག༔ མ་ངེས་ལས་ཀྱི་མཚོན་ཐུན་འཕྲུལ་འཁོར་གྱིས༔ འོག་གི་དགྲ་བགེགས་བསྒྲལ་ཏེ༴བྷྱོཿགསོད་བྱེད་སྨིག་བུའི་མགོ་ཅན་མཁའ་ལ་སྤྱོད༔ སྟེང་གི་དགྲ་བགེགས་གནོད་བྱེད་གསོད་ཅིང་ཟློག༔ གསོད་བྱེད་བྱ་རྒོད་མགོ་ཅན་བརྟུལ་ཞུགས་ལྡན༔ ཤར་གྱི་དགྲ་བགེགས་གནོད་བྱེད༴གསོད་བྱེད་བྱ་རོག་མགོ་ཅན་རིག་པའི་རྒྱལ༔ ཤར་ལྷོའི་དགྲ་བགེགས་གནོད་བྱེད༴གསོད་བྱེད་འུག་པའི་མགོ་ཅན་ཤེས་རབ་ཅན༔ ལྷོ་ཡི་དགྲ་བགེགས་གནོད་བྱེད༴གསོད་བྱེད་ཁྭ་ཏའི་མགོ་ཅན་སྒྲིབ་ཤིང་ཅན༔ ལྷོ་ནུབ་དགྲ་བགེགས་གནོད་བྱེད༴གསོད་བྱེད་པུ་ཤུད་མགོ་ཅན་མིག་རྩི་ཅན༔ ནུབ་ཀྱི་དགྲ་བགེགས་གནོད་བྱེད༴གསོད་བྱེད་ཁྲ་ཡི་མགོ་ཅན་མྱུར་མགྱོགས་ལྡན༔ ནུབ་བྱང་དགྲ་བགེགས་གནོད་བྱེད༴གསོད་བྱེད་ཕ་ཝཾ་མགོ་ཅན་ཐབས་ལ་མཁས༔ བྱང་གི་དགྲ་བགེགས་གནོད་བྱེད༴གསོད་བྱེད་སྲེ་མོང་མགོ་ཅན་རྩལ་ཤུགས་ལྡན༔ བྱང་ཤར་དགྲ་བགེགས་གནོད་བྱེད༴གསོད་བྱེད་བྱི་མའི་མགོ་ཅན་ལས་ལ་དབང་༔ འོག་གི་དགྲ་བགེགས་གནོད་བྱེད༴བྷྱོ༔ ཡེ་ཤེས་ཁྲོ་བོ་ཡབ་ཡུམ་ཕྲིན་ལས་གར༔ ཟ་གསོད་ལས་ཀྱི་ཕྲ་མེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་གདུག་པའི་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་དྲག་པོས་ཟློག་བསྒྱུར་ལས་མཛོད་ཅིག༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ གསང་གསུམ་སྒྱུ་འཕྲུལ་གར་གྱི་རྣམ་རོལ་ལས༔ གཡས་སུ་སྐུ་ཡི་ཁྲ་ཐབས་ཆེན་པོ་བདུན༔ ཕྲིན་ལས་དུས་ལ་བབ་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕོ་གདོན་རྒྱལ་འགོང་མ་ལུས་དགྲ་ལ་ཟློག༔ གཡོན་དུ་གསུང་གི་ཁྲ་ཐབས་ཆེན་པོ་བདུན༔ ཕྲིན་ལས་དུས་ལ་བབ་བོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མོ་གདོན་བསེན་མོ་མ་ལུས་དགྲ་ལ་ཟློག༔ མདུན་དུ་ཐུགས་ཀྱི་ཁྲ་ཐབས་ཆེན་པོ་བདུན༔ ཕྲིན་ལས་དུས་ལ་བབ་བོ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཀླུ་གདོན་ས་བདག་མ་ལུས་དགྲ་ལ་ཟློག༔ ཛཿཞི་མཛད་ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ འགུགས་འདྲེན་ལས་ཀྱི་ཕོ་ཉ་ཆེན་མོ་བཞེངས༔ ཞེ་སྡང་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་ཤར་སྒོའི་མཐའ་དམག་དམ་སྲི་ཟློག༔ ཧཱུྃ༔ རྒྱས་མཛད་ལྷོ་ཡི་སྒོ་མ་ཞགས་པ་མ༔ འཛིན་འཆིང་ལས་ཀྱི་ཕོ་ཉ་ཆེན་མོ་བཞེངས༔ ང་རྒྱལ་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་ལྷོ་སྒོའི་མཐའ་དམག་དམ་སྲི་ཟློག༔ བཾ༔ དབང་སྡུད་ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ༔ སྡོམ་བྱེད་ལས་ཀྱི་ཕོ་ཉ་ཆེན་མོ་བཞེངས༔ འདོད་ཆགས་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་ནུབ་སྒོའི་མཐའ་དམག་དམ་སྲི་ཟློག༔ ཧོཿ མངོན་སྤྱོད་ལས་མཛད་བྱང་སྒོ་དྲིལ་བུ་མ༔ འབེབས་ཤིང་གསོད་གཅོད་ཕོ་ཉ་ཆེན་མོ་བཞེངས༔ ཕྲག་དོག་དགྲ་བགེགས་ཤ་ཁྲག་སྲོག་དབུགས་རོལ༔ ཕྲིན་ལས་བྱང་སྒོའི་མཐའ་དམག་དམ་སྲི་ཟློག༔ བྷྱོ༔ བར་ཁྱམས་གནམ་ལྕགས་འཁོར་ལོའི་རྩིབས་དབུས་ན༔ གཏུམ་མོ་ཤྭ་ན་མཆེད་བཞི་མཐུ་རྩལ་ཅན༔ དོ་ནུབ་ཁྱོད་ལ་བཟློག་པའི་ལས་བཅོལ་གྱི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་མཐུ་དང་རྩལ་ཤུགས་ཕྱུང་༔ སྡང་དགྲ་ལྟ་ལོག་ནག་ཕྱོགས་བདུད་དཔུང་ཟློག༔ བར་ཁྱམས་གནམ་ལྕགས་འཁོར་ལོའི་རྩིབས་སྟེང་ན༔ བདག་ཉིད་ཆེན་མོ་མཆེད་བཞི་མཐུ་རྩལ་ཅན༔ དོ་ནུབ་ཁྱོད་ལ་བཟློག་པའི་ལས་བཅོལ་གྱི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་མཐུ་དང་རྩལ་ཤུགས་ཕྱུང་༔ སྡང་དགྲ་ལྟ་ལོག་ནག་ཕྱོགས་བདུད་དཔུང་ཟློག༔ བར་ཁྱམས་གནམ་ལྕགས་འཁོར་ལོའི་རྩིབས་སྨད་ན༔ ས་བདག་ཆེན་མོ་མཆེད་བཞི་མཐུ་རྩལ་ཅན༔ དོ་ནུབ་ཁྱོད་ལ་བཟློག་པའི་ལས་བཅོལ་གྱི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་མཐུ་དང་རྩལ་ཤུགས་ཕྱུང་༔ སྡང་དགྲ་ལྟ་ལོག་ནག་ཕྱོགས་བདུད་དཔུང་ཟློག༔ བར་ཁྱམས་གནམ་ལྕགས་འཁོར་ལོའི་རྩིབས་སྨད་ན༔ ས་བདག་ཆེན་མོ་མཆེད་བཞི་མཐུ་རྩལ་ཅན༔ དོ་ནུབ་ཁྱོད་ལ་བཟློག་པའི་ལས་བཅོལ་གྱི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་མཐུ་དང་རྩལ་ཤུགས་ཕྱུང་༔ སྒོ་བཞིའི་ལྟ་ལོག་ནག་ཕྱོགས་བདུད་དཔུང་ཟློག༔ ཕོ་བྲང་ཆེན་པོའི་ཕྱི་ཡི་སྒོ་བཞི་ན༔ སྒྲོལ་གིང་སྐྱེས་བུ་མཆེད་བཞི་མཐུ་རྩལ་ཅན༔ དོ་ནུབ་ཁྱོད་ལ་བཟློག་པའི་ལས་བཅོལ་གྱི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་མཐུ་དང་རྩལ་ཤུགས་ཕྱུང་༔ སྒོ་བཞིའི་ལྟ་ལོག་ནག་ཕྱོགས་བདུད་དཔུང་ཟློག༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ཁོར་ཡུག་ཏུ༔ དབང་ཕྱུག་ཉེར་བརྒྱད་མ་སྲིང་ལངྐའི་ཚོགས༔ དུར་ཁྲོད་མཁའ་འགྲོ་མཐུ་དང་རྫུ་འཕྲུལ་ཅན༔ དོ་ནུབ་ཁྱོད་ལ་བཟློག་པའི་ལས་བཅོལ་གྱི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་མཐུ་དང་རྩལ་ཤུགས་ཕྱུང་༔ སྒོ་བཞིའི་མཐའ་དམག་ལྟ་ལོག་བདུད་སྡེ་ཟློག༔ བྷྱོ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་ཀྱི༔ བདེན་པའི་སྟོབས་དང་དཀྱིལ་འཁོར་ལྷ་ཚོགས་མཐུས༔ སྔོན་ལས་འཕྲལ་རྐྱེན་ངན་པ་དགྲ་ལ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དགྲ་ལ་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དགྲ་ལ་ཟློག༔ མཐུ་གཏད་ཧོམ་ཟོར་རྦོད་གཏོང་དགྲ་ལ་ཟློག༔ མུ་སྟེགས་ཀླ་ཀློའི་རིག་སྔགས་དགྲ་ལ་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་དགྲ་ལ་ཟློག༔ ཆོས་སྲིད་ནོར་གྱི་བར་ཆད་དགྲ་ལ་ཟློག༔ ཀེག་བདུད་གཤེད་གསུམ་བབ་པ་དགྲ་ལ་ཟློག༔ སྲི་དང་གྲི་ཁ་མཚོན་དབལ་དགྲ་ལ་ཟློག༔ ཐན་ལྟས་མཚན་མ་ངན་པ་དགྲ་ལ་ཟློག༔ མོ་རྩིས་རྨི་ལྟས་ངན་པ་དགྲ་ལ་ཟློག༔ ལྷ་དང་སྲུང་མའི་བཀའ་ཆད་དགྲ་ལ་ཟློག༔ སྡེ་བརྒྱད་ཡོངས་ཀྱི་རྒོལ་ངན་དགྲ་ལ་ཟློག༔ ཟ་འདྲེ་ཕུང་སྲི་ཐམས་ཅད་དགྲ་ལ་ཟློག༔ དགྲ་ཇག་ཆོམ་རྐུན་རྒོལ་ངན་དགྲ་ལ་ཟློག༔ དུས་ངན་ཡོ་ལང་འཁྲུགས་རྩོད་དགྲ་ལ་ཟློག༔ ནད་མཚོན་མུ་གེའི་བསྐལ་ངན་དགྲ་ལ་ཟློག༔ ས་དང་ལམ་གྱི་བར་ཆད་དགྲ་ལ་ཟློག༔ མི་མཐུན་ཕྱོགས་རྣམས་མ་ལུས་དགྲ་ལ་ཟློག༔ མ་འོངས་དུས་ཀྱི་སྙིགས་མའི་ཚེ༔ ཕུར་པ་བསྒྲུབ་པའི་རྣལ་འབྱོར་གྱིས༔ སྒོམ་སྒྲུབ་གནད་དང་ལྡན་གྱུར་ན༔ འདི་ནི་རྡོ་རྗེའི་ཐོག་དང་མཚུངས༔ རྐྱེན་ངན་ཐམས་ཅད་ངེས་པར་ཟློག༔ ཕྱི་ནང་བར་ཆད་སེལ་བའི་མཆོག༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ ཕུར་སྲུང་གཉན་པོས་སྲུངས་ཤིག་རྒྱ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ པད་འབྱུང་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 11:21, 12 August 2025
| Wylie title | zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: drag zlog gnam lcags 'khor lo: | |
|---|---|---|
| Location | bdud 'joms gling pa zab gter Volume 5, Text 17, Pages 203-217 (Folios 1a1 to 8a5) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi drag zlog gnam lcags 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 203-217. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: drag zlog Verso: bdud 'joms phur pa gnam lcags spu gri | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Averting or Dispelling Rites- zlog pa | |
| Cycle | ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | rdo rje phur pa | |
| Colophon |
ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mi lo bco brgyad bar du bka' rgya byas nas mthar rten 'brel dus la bab tshe smar mdo bkra shis dga' 'khyil du dag par phab pa'i yi ge pa ni yongs grub rig pa'i rdo rje'o/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||