TTDL-ZABTER-15-BA-001: Difference between revisions

From Dudjom Wiki
TTDL-ZABTER-15-BA-001
No edit summary
m (Text replacement - "ཧོ༔" to " ཧོཿ")
Line 36: Line 36:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༁ྃ༔  དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་རྣལ་འབྱོར་ཐུགས་རྗེའི་ཆུ་རྒྱུན་བཞུགས་སོ༔ ཟོལ་མེད་གདུང་ཤུགས་དྲག་པོ་ཡིས༔ གསོལ་འདེབས་དབང་བྱིན་དངོས་གྲུབ་ལེན༔ ས་མ་ཡ༔ ཨཱ༔ རང་སྣང་ལྷུན་གྲུབ་བདེ་ཆེན་ཞིང་༔ དོན་གྱི་འོག་མིན་གཞལ་ཡས་སུ༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ལྔའི་ཀློང་༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དམར་གསལ་གྲི་ཐོད་ཁ་ཊྭཱྃ་བཀལ༔ ཞབས་གཉིས་དོར་སྟབས་རུས་རྒྱན་སྤྲས༔ སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔ འདབ་སྟོང་པདྨ་ཉི་ཟླའི་དབུས༔ བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ དམར་ནག་འོད་ཀྱི་ཕུང་པོ་ཅན༔ ཧེ་རུ་ཀ་པ་རྔམས་པའི་ཆས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས༔ སྟག་ཤམ་རུས་རྒྱན་མེ་དཔུང་འབར༔ གསང་གསུམ་འཁོར་ལོ་སྒྱུ་འཕྲུལ་ལྷ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འདོ་འཕྲོས་སྐུ་གསུམ་རྒྱལ་བ་རྣམས༔ སྤྱན་དྲངས་གཉིས་སུ་མེད་པར་རྒྱུར༔ ཧཱུྃཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ སོགསགཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷིཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་བཤགས༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ ཟག་བཅས་ཟག་མེད་དགེ་བསགས་པ༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ འོད་གསལ་ཆེན་པོའི་དགོངས་པས་རློབས༔ ཨོཾ་བཛྲ་གུ་རུ་ཀྲོ་ཏ་ཧཱུྃ་ཕཊ༔ ཨེ་མ་ཧོ༔ ཆོས་སྐུའི་ཀློང་དུ་མགོན་པོ་འོད་མི་འགྱུར༔ ལོངས་སྐུ་འགགས་མེད་ཐུགས་རྗེ་ཆེན་པོའི་སྐུ༔ སྤྲུལ་སྐུ་འགྲོ་འདུལ་རྡོ་རྗེ་ཐོད་ཕྲེང་རྩལ༔ གདུལ་བྱའི་མོས་ངོར་བདུད་འཇོམས་ཁྲོ་ལོད་རྩལ༔ གསོལ་བ་བདེབས་སོ་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ སྐད་ཅིག་ཉིད་ལ་བདག་རྒྱུད་བྱིན་གྱིས་རློབས༔ སྐྱབས་མེད་བདག་སོགས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ མ་རིག་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ ཁྱབ་བརྡལ་ཆོས་སྐུའི་དགོངས་པས་བྱིན་གྱིས་རློབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་ས་ལ་དྲོངས༔ བདག་ཅག་རྣལ་འབྱོར་མོས་པའི་བུ་རྣམས་ལ༔ ཐུགས་རྗེ་རྒྱུན་ཆད་མེད་པར་དགོངས་མཛོད་ཅིག༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་རློབས་ལ་སྨིན་པར་མཛད་དུ་གསོལ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔ ཁྱབ་བདག་ཆོས་ཀྱི་དབྱིངས་སུ་བྱང་ཆུབ་ཤོག༔ དེ་ནས་དབང་བཞི་ལེན་པ་ནི༔ ཁྱབ་བདག་རྡོ་རྗེ་འཛིན་པ་ཡི༔ གསང་གསུམ་རྡོ་རྗོའི་དཀྱིལ་འཁོར་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ སྒོ་གསུམ་དབང་གི་སྒོར་ཞུགས་ནས༔ ལས་དང་ཉོན་མོངས་སྒྲིབ་པ་སྦྱངས༔ བུམ་གསང་ཤེས་རབ་བཞི་པའི་དབང་༔ ཡོངས་ཐོབ་སྐུ་བཞིའི་ས་བོན་ཐེབས༔ ཡེ་ཤེས་ལྔ་ཡི་ཀློང་ཆེན་རྡོལ༔ རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ༔ ཀུན་བཟང་དགོངས་ཀློང་རོ་གཅིག་རོལ༔ འོད་ཞུ་བདག་སྣང་དང་འདྲེས་ཏེ༔ སྣང་སྲིད་བདེ་ཆེན་རྒྱས་ཐེབས་ནས༔ འོད་གསལ་ཆེན་པོར་ལྷུན་གྲུབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ({{TibChung|བརྡ་ཡིག་}})  ཞེས་དད་དམ་ལྡན་པ་ཕུན་ཚོགས་བཀྲ་ཤིས་དང་། མཁྱེན་རབ་ཅེས་མིང་གི་ཅོད་པན་འཆང་བའི་རྣལ་འབྱོར་གྱིས་དབང་གི་རྫས་མཆོག་དང་བཅས་ནན་དུ་བསྐུལ་བ་ལ་བརྟེན་ནས་ལྷ་ལྕམ་མནྡ་ར་བས་གསུངས་པ་ཐོས་ནས་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པའོ། དགེའོ། དགེའོ། །དགེའོ།།}}
{{TibP|༁ྃ༔  དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་རྣལ་འབྱོར་ཐུགས་རྗེའི་ཆུ་རྒྱུན་བཞུགས་སོ༔ ཟོལ་མེད་གདུང་ཤུགས་དྲག་པོ་ཡིས༔ གསོལ་འདེབས་དབང་བྱིན་དངོས་གྲུབ་ལེན༔ ས་མ་ཡ༔ ཨཱ༔ རང་སྣང་ལྷུན་གྲུབ་བདེ་ཆེན་ཞིང་༔ དོན་གྱི་འོག་མིན་གཞལ་ཡས་སུ༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ལྔའི་ཀློང་༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དམར་གསལ་གྲི་ཐོད་ཁ་ཊྭཱྃ་བཀལ༔ ཞབས་གཉིས་དོར་སྟབས་རུས་རྒྱན་སྤྲས༔ སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔ འདབ་སྟོང་པདྨ་ཉི་ཟླའི་དབུས༔ བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ དམར་ནག་འོད་ཀྱི་ཕུང་པོ་ཅན༔ ཧེ་རུ་ཀ་པ་རྔམས་པའི་ཆས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས༔ སྟག་ཤམ་རུས་རྒྱན་མེ་དཔུང་འབར༔ གསང་གསུམ་འཁོར་ལོ་སྒྱུ་འཕྲུལ་ལྷ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འདོ་འཕྲོས་སྐུ་གསུམ་རྒྱལ་བ་རྣམས༔ སྤྱན་དྲངས་གཉིས་སུ་མེད་པར་རྒྱུར༔ ཧཱུྃཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ སོགསགཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷིཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་བཤགས༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ ཟག་བཅས་ཟག་མེད་དགེ་བསགས་པ༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ འོད་གསལ་ཆེན་པོའི་དགོངས་པས་རློབས༔ ཨོཾ་བཛྲ་གུ་རུ་ཀྲོ་ཏ་ཧཱུྃ་ཕཊ༔ ཨེ་མ་ ཧོཿ ཆོས་སྐུའི་ཀློང་དུ་མགོན་པོ་འོད་མི་འགྱུར༔ ལོངས་སྐུ་འགགས་མེད་ཐུགས་རྗེ་ཆེན་པོའི་སྐུ༔ སྤྲུལ་སྐུ་འགྲོ་འདུལ་རྡོ་རྗེ་ཐོད་ཕྲེང་རྩལ༔ གདུལ་བྱའི་མོས་ངོར་བདུད་འཇོམས་ཁྲོ་ལོད་རྩལ༔ གསོལ་བ་བདེབས་སོ་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ སྐད་ཅིག་ཉིད་ལ་བདག་རྒྱུད་བྱིན་གྱིས་རློབས༔ སྐྱབས་མེད་བདག་སོགས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ མ་རིག་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ ཁྱབ་བརྡལ་ཆོས་སྐུའི་དགོངས་པས་བྱིན་གྱིས་རློབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་ས་ལ་དྲོངས༔ བདག་ཅག་རྣལ་འབྱོར་མོས་པའི་བུ་རྣམས་ལ༔ ཐུགས་རྗེ་རྒྱུན་ཆད་མེད་པར་དགོངས་མཛོད་ཅིག༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་རློབས་ལ་སྨིན་པར་མཛད་དུ་གསོལ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔ ཁྱབ་བདག་ཆོས་ཀྱི་དབྱིངས་སུ་བྱང་ཆུབ་ཤོག༔ དེ་ནས་དབང་བཞི་ལེན་པ་ནི༔ ཁྱབ་བདག་རྡོ་རྗེ་འཛིན་པ་ཡི༔ གསང་གསུམ་རྡོ་རྗོའི་དཀྱིལ་འཁོར་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ སྒོ་གསུམ་དབང་གི་སྒོར་ཞུགས་ནས༔ ལས་དང་ཉོན་མོངས་སྒྲིབ་པ་སྦྱངས༔ བུམ་གསང་ཤེས་རབ་བཞི་པའི་དབང་༔ ཡོངས་ཐོབ་སྐུ་བཞིའི་ས་བོན་ཐེབས༔ ཡེ་ཤེས་ལྔ་ཡི་ཀློང་ཆེན་རྡོལ༔ རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ༔ ཀུན་བཟང་དགོངས་ཀློང་རོ་གཅིག་རོལ༔ འོད་ཞུ་བདག་སྣང་དང་འདྲེས་ཏེ༔ སྣང་སྲིད་བདེ་ཆེན་རྒྱས་ཐེབས་ནས༔ འོད་གསལ་ཆེན་པོར་ལྷུན་གྲུབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ({{TibChung|བརྡ་ཡིག་}})  ཞེས་དད་དམ་ལྡན་པ་ཕུན་ཚོགས་བཀྲ་ཤིས་དང་། མཁྱེན་རབ་ཅེས་མིང་གི་ཅོད་པན་འཆང་བའི་རྣལ་འབྱོར་གྱིས་དབང་གི་རྫས་མཆོག་དང་བཅས་ནན་དུ་བསྐུལ་བ་ལ་བརྟེན་ནས་ལྷ་ལྕམ་མནྡ་ར་བས་གསུངས་པ་ཐོས་ནས་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པའོ། དགེའོ། དགེའོ། །དགེའོ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 11:30, 12 August 2025

Wylie title dag snang ye shes drwa ba las: bla ma'i rnal 'byor thugs rje'i chu rgyun: TTDL-ZABTER-15-BA-001.pdf
Location bdud 'joms gling pa zab gter
Volume 15, Text 1, Pages 1-3 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bla ma'i rnal 'byor thugs rje'i chu rgyun. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 1-3. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bla rnal   Verso: bdud 'joms bdud 'joms bla sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Guru Yoga Texts - bla ma'i rnal 'byor
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་དད་དམ་ལྡན་པ་ཕུན་ཚོགས་བཀྲ་ཤིས་དང་། མཁྱེན་རབ་ཅེས་མིང་གི་ཅོད་པན་འཆང་བའི་རྣལ་འབྱོར་གྱིས་དབང་གི་རྫས་མཆོག་དང་བཅས་ནན་དུ་བསྐུལ་བ་ལ་བརྟེན་ནས་ལྷ་ལྕམ་མནྡ་ར་བས་གསུངས་པ་ཐོས་ནས་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པའོ། དགེའོ། དགེའོ། །དགེའོ།།

zhes dad dam ldan pa phun tshogs bkra shis dang /_mkhyen rab ces ming gi cod pan 'chang ba'i rnal 'byor gyis dbang gi rdzas mchog dang bcas nan du bskul ba la brten nas lha lcam man+da ra bas gsungs pa thos nas bdud 'joms rdo rje khro lod rtsal gyis bris pa'o/_dge'o/_dge'o/_/dge'o//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་རྣལ་འབྱོར་ཐུགས་རྗེའི་ཆུ་རྒྱུན་བཞུགས་སོ༔ ཟོལ་མེད་གདུང་ཤུགས་དྲག་པོ་ཡིས༔ གསོལ་འདེབས་དབང་བྱིན་དངོས་གྲུབ་ལེན༔ ས་མ་ཡ༔ ཨཱ༔ རང་སྣང་ལྷུན་གྲུབ་བདེ་ཆེན་ཞིང་༔ དོན་གྱི་འོག་མིན་གཞལ་ཡས་སུ༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ལྔའི་ཀློང་༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དམར་གསལ་གྲི་ཐོད་ཁ་ཊྭཱྃ་བཀལ༔ ཞབས་གཉིས་དོར་སྟབས་རུས་རྒྱན་སྤྲས༔ སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔ འདབ་སྟོང་པདྨ་ཉི་ཟླའི་དབུས༔ བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ དམར་ནག་འོད་ཀྱི་ཕུང་པོ་ཅན༔ ཧེ་རུ་ཀ་པ་རྔམས་པའི་ཆས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས༔ སྟག་ཤམ་རུས་རྒྱན་མེ་དཔུང་འབར༔ གསང་གསུམ་འཁོར་ལོ་སྒྱུ་འཕྲུལ་ལྷ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འདོ་འཕྲོས་སྐུ་གསུམ་རྒྱལ་བ་རྣམས༔ སྤྱན་དྲངས་གཉིས་སུ་མེད་པར་རྒྱུར༔ ཧཱུྃཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ སོགསགཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷིཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་བཤགས༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ ཟག་བཅས་ཟག་མེད་དགེ་བསགས་པ༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ འོད་གསལ་ཆེན་པོའི་དགོངས་པས་རློབས༔ ཨོཾ་བཛྲ་གུ་རུ་ཀྲོ་ཏ་ཧཱུྃ་ཕཊ༔ ཨེ་མ་ ཧོཿ ཆོས་སྐུའི་ཀློང་དུ་མགོན་པོ་འོད་མི་འགྱུར༔ ལོངས་སྐུ་འགགས་མེད་ཐུགས་རྗེ་ཆེན་པོའི་སྐུ༔ སྤྲུལ་སྐུ་འགྲོ་འདུལ་རྡོ་རྗེ་ཐོད་ཕྲེང་རྩལ༔ གདུལ་བྱའི་མོས་ངོར་བདུད་འཇོམས་ཁྲོ་ལོད་རྩལ༔ གསོལ་བ་བདེབས་སོ་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ སྐད་ཅིག་ཉིད་ལ་བདག་རྒྱུད་བྱིན་གྱིས་རློབས༔ སྐྱབས་མེད་བདག་སོགས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ མ་རིག་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ ཁྱབ་བརྡལ་ཆོས་སྐུའི་དགོངས་པས་བྱིན་གྱིས་རློབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་ས་ལ་དྲོངས༔ བདག་ཅག་རྣལ་འབྱོར་མོས་པའི་བུ་རྣམས་ལ༔ ཐུགས་རྗེ་རྒྱུན་ཆད་མེད་པར་དགོངས་མཛོད་ཅིག༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་རློབས་ལ་སྨིན་པར་མཛད་དུ་གསོལ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔ ཁྱབ་བདག་ཆོས་ཀྱི་དབྱིངས་སུ་བྱང་ཆུབ་ཤོག༔ དེ་ནས་དབང་བཞི་ལེན་པ་ནི༔ ཁྱབ་བདག་རྡོ་རྗེ་འཛིན་པ་ཡི༔ གསང་གསུམ་རྡོ་རྗོའི་དཀྱིལ་འཁོར་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ སྒོ་གསུམ་དབང་གི་སྒོར་ཞུགས་ནས༔ ལས་དང་ཉོན་མོངས་སྒྲིབ་པ་སྦྱངས༔ བུམ་གསང་ཤེས་རབ་བཞི་པའི་དབང་༔ ཡོངས་ཐོབ་སྐུ་བཞིའི་ས་བོན་ཐེབས༔ ཡེ་ཤེས་ལྔ་ཡི་ཀློང་ཆེན་རྡོལ༔ རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ༔ ཀུན་བཟང་དགོངས་ཀློང་རོ་གཅིག་རོལ༔ འོད་ཞུ་བདག་སྣང་དང་འདྲེས་ཏེ༔ སྣང་སྲིད་བདེ་ཆེན་རྒྱས་ཐེབས་ནས༔ འོད་གསལ་ཆེན་པོར་ལྷུན་གྲུབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ཞེས་དད་དམ་ལྡན་པ་ཕུན་ཚོགས་བཀྲ་ཤིས་དང་། མཁྱེན་རབ་ཅེས་མིང་གི་ཅོད་པན་འཆང་བའི་རྣལ་འབྱོར་གྱིས་དབང་གི་རྫས་མཆོག་དང་བཅས་ནན་དུ་བསྐུལ་བ་ལ་བརྟེན་ནས་ལྷ་ལྕམ་མནྡ་ར་བས་གསུངས་པ་ཐོས་ནས་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པའོ། དགེའོ། དགེའོ། །དགེའོ།།