DJYD-KABUM-07-JA-009: Difference between revisions
m (Text replacement - "ཧོ༔" to " ཧོཿ") |
m (Text replacement - "ངྷཱ" to "དྷཱ") |
||
| Line 40: | Line 40: | ||
༄༅། །ཡང་གསང་བླ་མའི་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་དགོངས་རྒྱན་ཅེས་བྱ་བ། རིགས་ཀུན་ཁྱབ་བདག་གུ་རུ་ཐོད་ཕྲེང་རྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མོས་པའི་ཡུལ་དུ་རྩ་བ་གསུམ་གྱི་སྤྲིན། །གང་འདུལ་ཆུ་ཟླའི་ཟློས་གར་ཅིར་སྣང་ཡང་། །ཐོད་ཕྲེང་རྩལ་ཁྱོད་ཁོ་ནའི་རྣམ་རོལ་དུ། །སྙིང་ནས་ངེས་པ་རྙེད་པས་ཕྱག་བགྱིའོ། །གང་གི་ཐུགས་སྒྲུབ་ཟབ་གཏེར་བྱེ་བའི་ཕུལ། །ཡང་གསང་བླ་མེད་བླ་མའི་ལས་གཞུང་ཁྲིགས། །རིག་པ་འཛིན་པའི་དགོངས་དོན་མ་འཁྲུལ་བར། །རྣམ་གསལ་ལེགས་པར་བཤད་པའི་རྒྱན་ {{TibChung|[2a]}} དུ་སྤྲོ། །{{TibChung|དེའང་ཇི་སྐད་དུ། རྒྱུད་དྲྭ་བསྡོམ་པ་ལས། །མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། གང་ཡང་རྡོ་རྗེ་ཐེག་པའི་ཉེ་ལམ་དུ་ཞུགས་ཏེ་ཚེ་གཅིག་གིས་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཅན་གྱི་གོ་འཕང་ལ་ཡང་དག་པར་བགྲོད་པར་འདོད་པའི་གང་ཟག་སྐལ་བ་མཆོག་གིས་ཁྱད་པར་དུ་བྱས་པ་རྣམས་ཀྱིས་བྱ་བའི་གཙོ་བོ་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་རྡོ་རྗེའི་སློབ་དཔོན་ཆེན་པོ་ཉིད་མངོན་པར་བསྙེན་ནས་མཆོད་པར་བྱ་བ་ཡིན་ཅིང་། དེ་ཉིད་ཀྱང་རྩ་གསུམ་ཀུན་འདུས་སངས་རྒྱས་པདྨ་ཐོད་ཕྲེང་རྩལ་གྱི་ངོ་བོར་བསྙེན་ཅིང་སྒྲུབ་པས་མ་ལུས་པའི་དཀྱིལ་འཁོར་ཐམས་ཅད་དུས་ {{TibChung|[2b]}} གཅིག་ལ་འགྲུབ་པར་འགྱུར་བའི་ཚུལ། གསང་ཐེམ་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པས་ན་ཚུལ་འདི་ཁོ་ན་ལ་ནན་ཏན་དུ་བརྩོན་པར་རིགས་པ་ཡིན་ནོ། །དེས་ན་དེའི་ཕྲིན་ལས་ཀྱི་རིམ་པ་ནི་གཏེར་གཞུང་རྩ་བར། བླ་སྒྲུབ་མཐར་ཐུག་ཡང་གསང་འདི༔ སྒྲུབ་པའི་ལས་བྱང་ལེའུ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རེ་རེ་ལའང་བཅུ་བཅུས་བསྟནཿ སྔོན་འགྲོ་ལ་བཅུ་སྒྲུབ་རྫས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་བསོད་ནམས་བསགས༔ མཚམས་གཅོད་སྒོ་དབྱེ་བརྡ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ དངོས་གཞིའི་ལས་རིམ་ཆོས་བཅུ་ལ༔ ཏིང་འཛིན་རྣམ་གསུམ་གཞལ་ཡས་ལྷ༔ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་དང་༔ མཆོད་པའི་ཚོགས་འབུལ་བསྟོད་པ་བྱ༔ བཤགས་པ་ཛཔྲ་བཟླས་དངོས་གྲུབ་བླང་༔ རྗེས་ཀྱི་ལས་རིམ་རྣམ་པ་བཅུ༔ ཚོགས་དང་ལྷག་ཆོག་ཐུགས་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་བྲོ་བྱ་ཞིང་༔ དལ་བསྡུ་ཁ་བསྐང་བཀྲ་ཤིས་བརྗོད༔ བསྔོ་བ་བྱ་དང་སུམ་ཅུ་ཡིས༔ འདི་ཉིད་ལས་བྱང་རྩ་ཐོར་བསྡེབས༔ ཞེས་གསུངས་པ་བཞིན་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་སྟེ། ཐོག་མར་སྦྱོར་བའི་ཆོས་ལའང་རྣམ་གྲངས་བཅུར་ངེས་པ་ལས། དང་པོ་རྟེན་མཆོད་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་ཟླ་བ་ {{TibChung|[3a]}} ཡར་གྱི་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་སྒྲུབ་པའི་ཁང་པ་བྱི་དོར་བྱས་པར་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། དམ་ཚིག་གི་སྣང་བརྙན་སོགས་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་ལེགས་པར་བཀྲམ་པའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་ཁ་ཟས་བཟང་རྒུས་བྲན་པ་དང་། བདུད་རྩི་རཀྟ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་ཕྱི་ནང་གི་མཆོད་པར་འོས་པའི་ཡོ་བྱད་རྣམས་བཟང་ཞིང་ཕུན་སུམ་ཚོགས་པ་བཀོད་པས་མཛེས་པར་བཤམ། གཞན་ཡང་ཚོགས་དང་གཏོར་མ་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་ཚང་བར་འདུ་བྱའོ། །གཉིས་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་མཐུན་བས་འདུག་སྟེ།}} རང་ཉིད་སྐད་ཅིག་གིས་དབང་ཆེན་དཔའ་བོ་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིག་འཛིན་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ{{TibChung|ས་སད་པར་མོས་ལ། ཤིན་ཏུ་དད་ཅིང་གུས་པས་མངོན་པར་བཏུད་དེ་བྱང་ཆུབ་སྙིང་པོའི་བར་སྐྱབས་ཀྱི་མཆོག་ཏུ་བཟུང་བའི་བློས།}} ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་མཐའ་ཡས་སེམས་ {{TibChung|[3b]}} ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་། མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་བྱང་ཆུབ་ཆེན་པོར་སྒྲོལ་འདོད་ཀྱི་ལྷག་པའི་བསམ་པ་བརྟན་པོས།}} ན་མོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ ཡང་གསང་བླ་མ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ༔ {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད་དོ། །གསུམ་པ་ཚོགས་བསགས་པ་ནི། སྐྱབས་ཡུལ་དུ་སད་པ་ཉིད་ཚོགས་ཀྱི་ཞིང་བླ་ན་མེད་པར་ཤེས་པའི་སྒོ་ནས།}} ཧཱུྃ་ཧྲཱིཿ གུ་རུ་ཡི་དམ་དྷཱ་ཀི་གཤེགས༔ པད་ཉིའི་གདན་ལ་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བླ་མེད་དོན་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ {{TibChung|ཅེས་རྒྱུད་སྦྱངས་མཐར།}} ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་{{TibChung|བསམ་མོ། བཞི་པ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། བགེགས་ཀྱི་གཏོར་མ་བཤམ་ལ།}} རཾ་ཡཾ་ཁཾ་{{TibChung|གིས་བསྲེག་གཏོར་སྦྱང་།}} སྟོང་པའི་ངང་ལས་ {{TibChung|[4a]}} བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་{{TibChung|བལྟས་ལ།}} ཨོཾ་ཨཱཿཧཱུྃ་ཧོཿ{{TibChung|ས་བྱིན་བརླབས། །}} སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་མགྲོན་རྣམས་བཀུག་པ་ལ།}} སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིནྟེ་སྭཱཧཱ། {{TibChung|ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། རང་ཉིད་དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས་བཀའ་བསྒོ་བར་མོས་ཤིང་།}} ཧཱུཾ་ཧྲཱིཿ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྲོ་བོ་ཁྲོ་མོའི་ཚོགས་སྤྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་མ་འདུག་གཞན་དུ་དེངས༔ {{TibChung|རྟ་སྔགས་ཤམ་དུ།}} ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿབྷ་ག་ཝན་བཱིདྱ་རཱ་ཛ་ཡ་ཧཱུྃ་ཕཌ༔ {{TibChung|ཅེས་དྲག་པོའི་ཚམ་རྔམས་ཀྱི་རོལ་པས་བགེགས་རྣམས་རྒྱང་རིང་དུ་བསྐྲད་ལ། ། {{TibChung|[4b]}} སྤྲུལ་པའི་ཁྲོ་ཚོགས་རྣམས་དང་མཚོན་ཆ་མེ་དཔུང་གི་ར་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ཞིང་།}} ཧཱུྃ་ཧྲཱིཿ ང་ནི་ཡེ་ནས་ངང་གིས་ཁྲོ༔ དཔལ་ཆེན་པདྨ་དབང་གི་ལྷ༔ སྐུ་ལས་ཁྲོ་ཚོགས་དཔག་མེད་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུནཿ ཁྲོ་བོའི་ཚོགས་ཀྱིས་རབ་ཏུ་གཏམས༔ མཚོན་ཆ་མེ་དཔུང་རླུང་ལྟར་འཚུབས བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿ་ཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཧཱུཾ༔ {{TibChung|ཞེས་མཚམས་བཅད་དོ། །ལྔ་པ་བརྡ་སྒོ་དབྱེ་བ་ནི། སྣང་སྲིད་སྣོད་བཅུད་བདེ་ཆེན་འབར་བའི་དཀྱིལ་འཁོར་ཆེན་པོར་གདོད་ནས་རྫོགས་པ་ཉིད་ཐབས་དང་བརྡས་མཚོན་ཏེ་ཡེ་ཤེས་རང་གསལ་གྱི་འཆར་སྒོ་མཁའ་ཁྱབ་ཏུ་ཕྱེས་པར་མོས་ལ།}} ཧཱུཾ་ཧྲཱིཿ སྣང་སྲིད་འཁོར་འདས་བདེ་ཆེན་ཞིང་དུ་བརྡལ༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ་རུ་གསལ༔ དེ་ཉིད་མ་རྟོགས་རང་གསང་ཐབས་ཀྱིས་བཅད༔ རང་གསལ་སྙིང་པོ་བརྡ་ཡི་སྒོ་དབྱེ་འཚལ༔ བྷྲཱུྃ་བཛྲ་པྲ་བེ་ཤ་ཡ་ཕཌ༔ {{TibChung|དྲུག་པ་བརྡ་ཕྱག་འཚལ་བ་ནི། རང་བྱུང་དོན་གྱི་ལྷ་ཚོགས་མངོན་སུམ་རང་ཞལ་མཇལ་བ་ལ་མཆོག་ཏུ་ངོ་མཚར་བའི་བློས།}} ཧཱུྃ་ཧྲཱིཿ ཀུན་བཟང་ཁྱབ་གདལ་རང་བྱུང་སྙིང་པོའི་དོན༔ མ་རིག་གཉིས་འཛིན་རྟོག་པའི་རྐྱེན་དབང་གིས༔ ཡེ་ {{TibChung|[5a]}} ནས་རང་དང་གཉིས་མེད་དོན་མ་མཇལ༔ རང་ངོ་རང་གསལ་དོན་གྱིས་མཇལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ {{TibChung|བདུན་པ་དམ་བཅའ་བ་ནི། རང་རིག་རྩ་བ་གསུམ་གྱི་ལྷ་ཚོགས་དུས་གསུམ་འདུ་འབྲལ་མེད་པའི་དམ་ཚིག་ཆེན་པོའི་ཕྱག་རྒྱ་འདི་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས།}} ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་བདེ་གཤེགས་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་འདིར༔ རང་རིག་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱི༔ བཛྲ་ཙིཏྟ་ས་མ་ཡ་ཏིཥྛ་ཧཱུྃ༔ {{TibChung|བརྒྱད་པ་བཤགས་པ་བྱ་བ་ནི། ཉམས་ཆག་ཏུ་གྱུར་པའི་ཉེས་བྱས་རྣམས་ལ་གནོད་འགྱོད་ཀྱི་བསམ་པ་དྲག་པོས།}} ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་ཡི་དམ་དྷཱ་ཀི་དགོངས༔ ཁྱེད་ནི་སྐུ་གསུམ་རྣམ་དག་དྲི་མེད་ཀྱང་༔ བདག་ནི་མ་རིག་ཉོན་མོངས་དབང་གིས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མ་ལུས་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ {{TibChung|དགུ་པ་བྱིན་དབབ་པ་ནི། བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ།}} ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔ སྐྱེ་ {{TibChung|[5b]}} འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང་༔ ཐུགས་རྗེའི་དམ་བཅའ་དུས་ལས་མི་གཡེལ་ཕྱིར༔ བླ་མ་རིག་འཛིན་ཡི་དམ་དྷཱ་ཀིའི་ཚོགས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་རྣམས༔ ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ཤིག༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ{{TibChung|ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ་བོ། །བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།}} རཾ་ཡཾ་ཁཾ་{{TibChung|གིས་བསང་སྦྱང་།}} བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་འོག་མིན་བདེ་ཆེན་འབར་བའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུཾ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་ {{TibChung|[6a]}} པའི་ཡོ་བྱད་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྩ་བ་གསུམ་གྱི་འཁོར་ལོའི་ཞིང་ཀུན་ཏུ་ཁྱབ་པར་འཆར་བས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་{{TibChung|པར་བསམ་ཞིང་།}} ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻདྱ། ཤཔྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ཧོཿ {{TibChung|ཞེས་དང་། བདུད་རྩི་བསང་སྦྱང་།}} སྟོང་པའི་ངང་ལས་རང་བྱུང་བྷནྡྷ་འབར་བའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་དྲུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོས་གང་བར་{{TibChung|བསམ་ལ།}} ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ལན་བདུན། རཀྟ་བསང་སྦྱང་།}} སྟོང་པའི་ངང་ལས་དུང་ཆེན་བདེ་བ་ཆེན་པོའི་སྣོད་དུ་ཆགས་མེད་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་{{TibChung|བསམ་ལ།}} ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མ་ངྷ་ལ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ལན་བདུན། གཏོར་མ་བསང་སྦྱང་།}} སྟོང་པའི་ངང་ལས་གཏོར་གཞོང་སྣོད་ཀྱི་འཇིག་རྟེན་ཡངས་པར་གཏོར་མ་བཅུད་ཀྱི་སེམས་ཅན་རང་བཞིན་རྣམ་པར་ {{TibChung|[6b]}} དག་པ་འདོད་ཡོན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་གཏེར་དུ་གྱུར་{{TibChung|པར་བསམ་ལ།}} ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ལན་བདུན་གྱིས་བརླབས།}} དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བཅུ་ལས། དང་པོ་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པ་ནི། ཆོས་ཐམས་ཅད་སྟོང་ཉིད་སྨྲ་བསམ་བརྗོད་བྲལ་རྫོགས་པ་ཆེན་པོ་ཆོས་སྐུ་མི་འགྱུར་བའི་དགོངས་པ་ཀ་དག་ནམ་མཁའ་ལྟ་བུའི་ངོ་བོ་ལ་བློ་བཞག་སྟེ། ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ པདྨ་རྒྱལ་པོས་འདི་སྐད་སྨྲ༔ དང་པོས་ཆོས་རྣམས་དམིགས་མེད་ཅིང་༔ བསམ་བརྗོད་བྲལ་བའི་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ༔ {{TibChung|དབྱིངས་སྤྲོས་པ་དང་བྲལ་བའི་ངང་ནས་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེའི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོ་ཞིང་།}} ཨཱཿ བློ་བྲལ་དེ་ཡི་ངང་ཉིད་ལས། མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ སེམས་ཅན་མ་ལུས་ཀུན་ཁྱབ་པའི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ {{TibChung|སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་རྩལ་རིག་པའི་ངོ་བོ་ཧྲཱིཿ་ལས་རྡོ་རྗེ་ཧྲཱིཿས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བ་ཞིག་ཏུ་ལམ་གྱིས་ཤར་བར་བལྟས་ལ།}} ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པ་ལ༔ རང་རིག་ཧྲཱིཿ {{TibChung|[7a]}} ལས་གསེར་གྱི་ནི༔ རྡོ་རྗེ་ཧྲཱིཿཡིས་མཚན་པར་བསྒོམ༔ {{TibChung|གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ས་བོན་ལས་བྱུང་བའི་སྦྱོང་བྱེད་འབར་ཞིང་འཁྲུགས་པའི་ཟེར་གྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་ཏེ་སྟོང་པའི་དབྱིངས་སུ་སོ་སོའི་ས་བོན་སྤྲོ་བསྡུའི་སྦྱོར་བས་རྟེན་སྣོད་ཀྱི་བཀོད་པ་ཡེ་ཤེས་རོལ་པའི་རྒྱན་ཆེན་པོར་རང་བྱུང་ལྷུན་གྱིས་གྲུབ་པའི་དབུས་སུ་རྟོག་ཚོགས་དག་པ་བརྟེན་པ་ལྷའི་དཀྱིལ་འཁོར་རིག་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བར་བསྒོམ་ཞིང་།}} ཧྲཱུྃ༔ རྡོ་རྗེ་ཧྲཱིཿཡི་འཕྲོ་འདུ་ལས༔ མེ་ཆུ་རླུང་གིས་བསྐལ་པ་སྟོང་༔ སྟོང་ཉིད་ནམ་མཁའི་རང་བཞིན་ལས༔ རང་བྱུང་སྐྱེད་བྱེད་ཡི་གེ་བདུན༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ མཁའ་ལ་སྟོབས་ཆེན་རླུང་གིས་བཏེགས༔ རཀྟའི་རྒྱ་མཚོ་ཞིང་ཆེན་བརྡལ༔ ཀེང་རུས་བསྐལ་པའི་མེ་འབར་གསལ༔ ཧཱུྃ༔ ཡི་གེ་བྷྲཱུྃ་གྱུར་གཞལ་ཡས་ཁང་༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ པད་འདབ་ཕྱི་ནང་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་རྫོགས༔ བྷནྡྷ་སྐམ་རློན་སྤེལ་མར་བརྩིག༔ གནམ་ལྕགས་འབར་བའི་གཟེར་གྱིས་བསྡམས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་དྲལ་ཕྱམ་ཀ་བ་དང་༔ ཀ་ {{TibChung|[7b]}} ཞུ་ཡ་ཐེམ་མ་ཐེམ་བྱས༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་ཟང་ཐལ་འོད་ཀྱི་ཀློང་༔ མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ༔ ཧྲཱིཿ དལ་དབུས་ཉི་ཟླ་པདྨའི་སྟེང་༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔ པདྨ་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོགས༔ རུས་པའི་རྒྱན་སྤྲས་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗོད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྲིལ༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིལ་ནག་ངུར་སྒྲ་སྒྲོགས༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་རླུང་འཚུབས་དཀྱིལ་བཞུགས༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང་༔ རང་བྱུང་པདྨའི་སྙིང་པོ་ལ༔ རྗེ་བཙུན་འོད་འབར་ཐོད་ཕྲེང་རྩལ༔ ཨ་ཙརྻ་ལོ་བརྒྱད་ལོན་ཚུལ་ཅན༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཕྱག་གཉིས་རྡོ་རྗེ་ཚེ་བུམ་འཛིན༔ མཐིང་ནག་ཟ་བེར་ཆོས་གོས་དམར༔ པད་ཞྭ་སྒྲོ་དར་མེ་ལོང་བརྒྱན༔ སྙན་ཆ་མགུལ་ཆུ་ཁ་ཊྭཱཾ་འཛིན༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ དེ་ {{TibChung|[8a]}} ཡི་པང་དུ་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དཀར༔ མདངས་ལྡན་བཅུ་དྲུག་ལོན་པའི་ཚུལ༔ གཅེར་བུ་སྐྲ་གྲོལ་རྒྱན་དྲུག་མཛེས༔ ཕྱག་གཡས་གྲི་གུག་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ལ་དགྱེས་པར་འཁྲིལ༔ ཟུང་འཇུག་གཟི་བརྗིད་ལྡན་པར་བསྐྱེད༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་དཀར༔ དར་དཀར་ཆོས་གོས་པད་ཞྭ་གསོལ༔ རྡོ་རྗེ་ལྕགས་ཀྱུ་ཌཱ་རུ་ཐོགས༔ ལྷོ་རུ་རཏྣ་ཐོད་ཕྲེང་སེར༔ དར་སེར་ཆོས་གོས་པད་ཞྭ་གསོལ༔ རིན་ཆེན་ཞགས་པ་ཌཱ་རུ་ཐོགས༔ ནུབ་ཏུ་པདྨ་ཐོད་ཕྲེང་དམར༔ དར་དམར་ཆོས་གོས་པད་ཞྭ་གསོལ༔ པད་སྡོང་ལྕགས་སྒྲོག་ཌཱ་རུ་ཐོགས༔ བྱང་དུ་ཀརྨ་ཐོད་ཕྲེང་ལྗང་༔ དར་ལྗང་ཆོས་གོས་པད་ཞྭ་གསོལ༔ རྒྱ་གྲམ་དྲིལ་བུ་ཌཱ་རུ་ཐོགས༔ ཐུགས་ཀར་བུདྡྷ་ཐོད་ཕྲེང་སྨུག༔ ཟ་བེར་ཆོས་གོས་པད་ཞྭ་གསོལ༔ འཁོར་ལོ་བདུད་རྩི་ཌཱ་རུ་ཐོགས༔ ཀུན་ཀྱང་ན་བཟའ་སྦྲག་མ་ལ༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ ཧཱུཾ་ཧྲཱིཿ དེ་ཡི་ཕྱི་རིམ་འདབ་དྲུག་ལ༔ ཤར་དུ་ལྷ་ཡི་གུ་རུ་སྲིད་ཐུབ་འཛིན༔ {{TibChung|[8b]}} སྐུ་མདོག་དཀར་སེར་རྡོ་རྗེ་དྲིལ་བུ་འཛིན༔ ཁྲོ་འཛུམ་སྤྲུལ་སྐུའི་ཚུལ་དུ་བསྐྱེད༔ ཤར་ལྷོར་ལྷ་མིན་གུ་རུ་རྣམ་པར་རྒྱལ༔ སྐུ་མདོག་དུད་ཁ་རྡོ་རྗེ་ཕུར་པ་འཛིན༔ གཏུམ་རྔམས་སྒེག་པའི་ཚུལ་དུ་བསྐྱེད༔ ལྷོ་རུ་མི་ཡི་གུ་རུ་པདྨ་འབྱུང་༔ སྐུ་མདོག་དཀར་པོ་རྡོ་རྗེ་བྷནྡྷ་འཛིན༔ ཞི་འཛུམ་མདངས་དང་ལྡན་པར་བསྐྱེད༔ ནུབ་ཏུ་བྱོལ་སོང་གུ་རུ་སེང་རབ་བརྟན༔ སྐུ་མདོག་མཐིང་ནག་ཅང་ཏེའུ་དྲིལ་བུ་འཛིན༔ སྙིང་རྗེའི་ངང་ཚུལ་ལྡན་པར་བསྐྱེད༔ ནུབ་བྱང་ཡི་དྭགས་གུ་རུ་སྣང་བྱེད་ནི༔ སྐུ་མདོག་དམར་པོ་རྡོ་རྗེ་ལྕགས་ཕུར་འཛིན༔ འཇིགས་བྱེད་དྲག་པོའི་ཚུལ་དུ་བསྐྱེད༔ བྱང་དུ་དམྱལ་བའི་གུ་རུ་རྣམ་པར་གནོན༔ སྐུ་མདོག་དམར་ནག་རྡོ་རྗེ་སྡིག་པ་འཛིན༔ ཁྲོ་གཏུམ་གཟི་བརྗིད་ལྡན་པར་བསྐྱེད༔ ཧཱུྃ་ཧྲཱིཿ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་པདྨ་འབྱུང་གནས་མཐིང་༔ རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ རྡོ་རྗེ་འཆང་གི་ཚུལ་དུ་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ ཆོས་འཆད་ཀ་ལི་དར་ཆོས་གསོལ༔ དགེ་སློང་གཞོན་ཚུལ་ལྡན་པར་བསྐྱེད༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཌཱ་རུ་ {{TibChung|[9a]}} གཡས་ལ་བུམ་པ་གཡོན༔ སྔགས་འཆང་གྲུབ་བརྙེས་ཚུལ་དུ་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་གཡས་ལ་པད་ཕོར་གཡོན༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ ཉི་ཟེར་གཡས་ལ་ཁ་ཊྭཱཾ་གཡོན༔ རྣལ་འབྱོར་སྤྱོད་པའི་ཚུལ་དུ་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ ས་གནོན་གཡས་ལ་ལྷུང་བཟེད་གཡོན༔ སངས་རྒྱས་སྤྲུལ་སྐུའི་ཚུལ་དུ་བསྐྱེད༔ བྱང་དུ་སེང་གེ་སྒྲ་སྒྲོགས་མཐིང་༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ རབ་འཇིགས་ཁྲོ་བོའི་ཚུལ་དུ་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་བུ་གཡོན༔ གཏུམ་རྔམས་སྟག་ལ་བཅིབས་པར་བསྐྱེད༔ ནང་ཁོངས་ཞིང་གི་གདན་བཞི་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང་༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དང་༔ པདྨ་མཁའ་འགྲོ་ཡབ་ཡུམ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་དང་མཐུན༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ ཆོས་སྐྱོང་རིགས་འདུས་དྷཱ་ཀིའི་ཚོགས༔ དངོས་ {{TibChung|[9b]}} གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོགས༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར༔ {{TibChung|ཞེས་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་བོ། །གསུང་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་སོགས་སྐུ་གསུམ་དག་པའི་ཞིང་ཁམས་རྣམས་ནས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ཞིང་། སྤོས་ཀྱི་དུད་སྤྲིན་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱི་ང་རོས་བསྐུལ་ཏེ།}} ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སམྦྷ་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར༴ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་སུ༔ ཕོ་ {{TibChung|[10a]}} བྲང་རི་བོ་ཏ་ལའི་རྩེ༔ རཱ་ག་ར་ཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ བྱིན་གྱིས༴ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་བསྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་ཡངས་པ་ཅན༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ བྱིན་གྱིས༴ ཨོ་རྒྱན་ཡུལ་གྱི་ཤར་ལྷོའི་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ མ་ག་དྷ་ཡི་གྲོང་ཁྱེར་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་ཞེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་ {{TibChung|[10b]}} མདོག་དཔལ་རིའི་གནས་མཆོག་ན༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་རྩལ་ཞེས་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། གནས་མཆོག་འདི་རུ་བྱོན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ རྣམ་དག་དབྱིངས་ལས་མ་གཡོས་ཀྱང་༔ ཞི་རྒྱས་དབང་དྲག་འགྲོ་དོན་མཛད༔ པད་འོད་ཕྱོགས་བཞི་དབུས་ལྔ་ནས༔ ཐོད་ཕྲེང་རིགས་ལྔ་གཤེགས་སུ་གསོལ༔ འགྲོ་དྲུག་སེམས་ཅན་མ་ལུས་རྣམས༔ ཕ་རོལ་ཕྱིན་དྲུག་ལམ་འགོད་ཕྱིར༔ གང་འདུལ་ཚུལ་དུ་སྐུར་སྟོན་པ༔ གུ་རུ་རྣམ་དྲུག་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས་༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞིའི་ {{TibChung|[11a]}} མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ རིག་འཛིན་མཁའ་འགྲོ་མ་ལུས་དང་༔ དམ་ཅན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དུར་བྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་འཁྱུགས་སེ་ཁྱུག༔ སིལ་སྙིན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ་༔ མཁའ་འགྲོ་མ་ཚོགས་ཐིབས་སི་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་སྤུངས་སེ་སྤུང་༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོས་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཌ་ཀྱི་བརྡ་སྐད་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་ {{TibChung|[11b]}} སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ | ༄༅། །ཡང་གསང་བླ་མའི་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་དགོངས་རྒྱན་ཅེས་བྱ་བ། རིགས་ཀུན་ཁྱབ་བདག་གུ་རུ་ཐོད་ཕྲེང་རྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མོས་པའི་ཡུལ་དུ་རྩ་བ་གསུམ་གྱི་སྤྲིན། །གང་འདུལ་ཆུ་ཟླའི་ཟློས་གར་ཅིར་སྣང་ཡང་། །ཐོད་ཕྲེང་རྩལ་ཁྱོད་ཁོ་ནའི་རྣམ་རོལ་དུ། །སྙིང་ནས་ངེས་པ་རྙེད་པས་ཕྱག་བགྱིའོ། །གང་གི་ཐུགས་སྒྲུབ་ཟབ་གཏེར་བྱེ་བའི་ཕུལ། །ཡང་གསང་བླ་མེད་བླ་མའི་ལས་གཞུང་ཁྲིགས། །རིག་པ་འཛིན་པའི་དགོངས་དོན་མ་འཁྲུལ་བར། །རྣམ་གསལ་ལེགས་པར་བཤད་པའི་རྒྱན་ {{TibChung|[2a]}} དུ་སྤྲོ། །{{TibChung|དེའང་ཇི་སྐད་དུ། རྒྱུད་དྲྭ་བསྡོམ་པ་ལས། །མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། གང་ཡང་རྡོ་རྗེ་ཐེག་པའི་ཉེ་ལམ་དུ་ཞུགས་ཏེ་ཚེ་གཅིག་གིས་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཅན་གྱི་གོ་འཕང་ལ་ཡང་དག་པར་བགྲོད་པར་འདོད་པའི་གང་ཟག་སྐལ་བ་མཆོག་གིས་ཁྱད་པར་དུ་བྱས་པ་རྣམས་ཀྱིས་བྱ་བའི་གཙོ་བོ་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་རྡོ་རྗེའི་སློབ་དཔོན་ཆེན་པོ་ཉིད་མངོན་པར་བསྙེན་ནས་མཆོད་པར་བྱ་བ་ཡིན་ཅིང་། དེ་ཉིད་ཀྱང་རྩ་གསུམ་ཀུན་འདུས་སངས་རྒྱས་པདྨ་ཐོད་ཕྲེང་རྩལ་གྱི་ངོ་བོར་བསྙེན་ཅིང་སྒྲུབ་པས་མ་ལུས་པའི་དཀྱིལ་འཁོར་ཐམས་ཅད་དུས་ {{TibChung|[2b]}} གཅིག་ལ་འགྲུབ་པར་འགྱུར་བའི་ཚུལ། གསང་ཐེམ་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པས་ན་ཚུལ་འདི་ཁོ་ན་ལ་ནན་ཏན་དུ་བརྩོན་པར་རིགས་པ་ཡིན་ནོ། །དེས་ན་དེའི་ཕྲིན་ལས་ཀྱི་རིམ་པ་ནི་གཏེར་གཞུང་རྩ་བར། བླ་སྒྲུབ་མཐར་ཐུག་ཡང་གསང་འདི༔ སྒྲུབ་པའི་ལས་བྱང་ལེའུ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རེ་རེ་ལའང་བཅུ་བཅུས་བསྟནཿ སྔོན་འགྲོ་ལ་བཅུ་སྒྲུབ་རྫས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་བསོད་ནམས་བསགས༔ མཚམས་གཅོད་སྒོ་དབྱེ་བརྡ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ དངོས་གཞིའི་ལས་རིམ་ཆོས་བཅུ་ལ༔ ཏིང་འཛིན་རྣམ་གསུམ་གཞལ་ཡས་ལྷ༔ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་དང་༔ མཆོད་པའི་ཚོགས་འབུལ་བསྟོད་པ་བྱ༔ བཤགས་པ་ཛཔྲ་བཟླས་དངོས་གྲུབ་བླང་༔ རྗེས་ཀྱི་ལས་རིམ་རྣམ་པ་བཅུ༔ ཚོགས་དང་ལྷག་ཆོག་ཐུགས་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་བྲོ་བྱ་ཞིང་༔ དལ་བསྡུ་ཁ་བསྐང་བཀྲ་ཤིས་བརྗོད༔ བསྔོ་བ་བྱ་དང་སུམ་ཅུ་ཡིས༔ འདི་ཉིད་ལས་བྱང་རྩ་ཐོར་བསྡེབས༔ ཞེས་གསུངས་པ་བཞིན་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་སྟེ། ཐོག་མར་སྦྱོར་བའི་ཆོས་ལའང་རྣམ་གྲངས་བཅུར་ངེས་པ་ལས། དང་པོ་རྟེན་མཆོད་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་ཟླ་བ་ {{TibChung|[3a]}} ཡར་གྱི་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་སྒྲུབ་པའི་ཁང་པ་བྱི་དོར་བྱས་པར་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། དམ་ཚིག་གི་སྣང་བརྙན་སོགས་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་ལེགས་པར་བཀྲམ་པའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་ཁ་ཟས་བཟང་རྒུས་བྲན་པ་དང་། བདུད་རྩི་རཀྟ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་ཕྱི་ནང་གི་མཆོད་པར་འོས་པའི་ཡོ་བྱད་རྣམས་བཟང་ཞིང་ཕུན་སུམ་ཚོགས་པ་བཀོད་པས་མཛེས་པར་བཤམ། གཞན་ཡང་ཚོགས་དང་གཏོར་མ་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་ཚང་བར་འདུ་བྱའོ། །གཉིས་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་མཐུན་བས་འདུག་སྟེ།}} རང་ཉིད་སྐད་ཅིག་གིས་དབང་ཆེན་དཔའ་བོ་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིག་འཛིན་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ{{TibChung|ས་སད་པར་མོས་ལ། ཤིན་ཏུ་དད་ཅིང་གུས་པས་མངོན་པར་བཏུད་དེ་བྱང་ཆུབ་སྙིང་པོའི་བར་སྐྱབས་ཀྱི་མཆོག་ཏུ་བཟུང་བའི་བློས།}} ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་མཐའ་ཡས་སེམས་ {{TibChung|[3b]}} ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་། མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་བྱང་ཆུབ་ཆེན་པོར་སྒྲོལ་འདོད་ཀྱི་ལྷག་པའི་བསམ་པ་བརྟན་པོས།}} ན་མོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ ཡང་གསང་བླ་མ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ༔ {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད་དོ། །གསུམ་པ་ཚོགས་བསགས་པ་ནི། སྐྱབས་ཡུལ་དུ་སད་པ་ཉིད་ཚོགས་ཀྱི་ཞིང་བླ་ན་མེད་པར་ཤེས་པའི་སྒོ་ནས།}} ཧཱུྃ་ཧྲཱིཿ གུ་རུ་ཡི་དམ་དྷཱ་ཀི་གཤེགས༔ པད་ཉིའི་གདན་ལ་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བླ་མེད་དོན་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ {{TibChung|ཅེས་རྒྱུད་སྦྱངས་མཐར།}} ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་{{TibChung|བསམ་མོ། བཞི་པ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། བགེགས་ཀྱི་གཏོར་མ་བཤམ་ལ།}} རཾ་ཡཾ་ཁཾ་{{TibChung|གིས་བསྲེག་གཏོར་སྦྱང་།}} སྟོང་པའི་ངང་ལས་ {{TibChung|[4a]}} བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་{{TibChung|བལྟས་ལ།}} ཨོཾ་ཨཱཿཧཱུྃ་ཧོཿ{{TibChung|ས་བྱིན་བརླབས། །}} སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་མགྲོན་རྣམས་བཀུག་པ་ལ།}} སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིནྟེ་སྭཱཧཱ། {{TibChung|ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། རང་ཉིད་དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས་བཀའ་བསྒོ་བར་མོས་ཤིང་།}} ཧཱུཾ་ཧྲཱིཿ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྲོ་བོ་ཁྲོ་མོའི་ཚོགས་སྤྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་མ་འདུག་གཞན་དུ་དེངས༔ {{TibChung|རྟ་སྔགས་ཤམ་དུ།}} ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿབྷ་ག་ཝན་བཱིདྱ་རཱ་ཛ་ཡ་ཧཱུྃ་ཕཌ༔ {{TibChung|ཅེས་དྲག་པོའི་ཚམ་རྔམས་ཀྱི་རོལ་པས་བགེགས་རྣམས་རྒྱང་རིང་དུ་བསྐྲད་ལ། ། {{TibChung|[4b]}} སྤྲུལ་པའི་ཁྲོ་ཚོགས་རྣམས་དང་མཚོན་ཆ་མེ་དཔུང་གི་ར་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ཞིང་།}} ཧཱུྃ་ཧྲཱིཿ ང་ནི་ཡེ་ནས་ངང་གིས་ཁྲོ༔ དཔལ་ཆེན་པདྨ་དབང་གི་ལྷ༔ སྐུ་ལས་ཁྲོ་ཚོགས་དཔག་མེད་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུནཿ ཁྲོ་བོའི་ཚོགས་ཀྱིས་རབ་ཏུ་གཏམས༔ མཚོན་ཆ་མེ་དཔུང་རླུང་ལྟར་འཚུབས བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿ་ཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཧཱུཾ༔ {{TibChung|ཞེས་མཚམས་བཅད་དོ། །ལྔ་པ་བརྡ་སྒོ་དབྱེ་བ་ནི། སྣང་སྲིད་སྣོད་བཅུད་བདེ་ཆེན་འབར་བའི་དཀྱིལ་འཁོར་ཆེན་པོར་གདོད་ནས་རྫོགས་པ་ཉིད་ཐབས་དང་བརྡས་མཚོན་ཏེ་ཡེ་ཤེས་རང་གསལ་གྱི་འཆར་སྒོ་མཁའ་ཁྱབ་ཏུ་ཕྱེས་པར་མོས་ལ།}} ཧཱུཾ་ཧྲཱིཿ སྣང་སྲིད་འཁོར་འདས་བདེ་ཆེན་ཞིང་དུ་བརྡལ༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ་རུ་གསལ༔ དེ་ཉིད་མ་རྟོགས་རང་གསང་ཐབས་ཀྱིས་བཅད༔ རང་གསལ་སྙིང་པོ་བརྡ་ཡི་སྒོ་དབྱེ་འཚལ༔ བྷྲཱུྃ་བཛྲ་པྲ་བེ་ཤ་ཡ་ཕཌ༔ {{TibChung|དྲུག་པ་བརྡ་ཕྱག་འཚལ་བ་ནི། རང་བྱུང་དོན་གྱི་ལྷ་ཚོགས་མངོན་སུམ་རང་ཞལ་མཇལ་བ་ལ་མཆོག་ཏུ་ངོ་མཚར་བའི་བློས།}} ཧཱུྃ་ཧྲཱིཿ ཀུན་བཟང་ཁྱབ་གདལ་རང་བྱུང་སྙིང་པོའི་དོན༔ མ་རིག་གཉིས་འཛིན་རྟོག་པའི་རྐྱེན་དབང་གིས༔ ཡེ་ {{TibChung|[5a]}} ནས་རང་དང་གཉིས་མེད་དོན་མ་མཇལ༔ རང་ངོ་རང་གསལ་དོན་གྱིས་མཇལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ {{TibChung|བདུན་པ་དམ་བཅའ་བ་ནི། རང་རིག་རྩ་བ་གསུམ་གྱི་ལྷ་ཚོགས་དུས་གསུམ་འདུ་འབྲལ་མེད་པའི་དམ་ཚིག་ཆེན་པོའི་ཕྱག་རྒྱ་འདི་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས།}} ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་བདེ་གཤེགས་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་འདིར༔ རང་རིག་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱི༔ བཛྲ་ཙིཏྟ་ས་མ་ཡ་ཏིཥྛ་ཧཱུྃ༔ {{TibChung|བརྒྱད་པ་བཤགས་པ་བྱ་བ་ནི། ཉམས་ཆག་ཏུ་གྱུར་པའི་ཉེས་བྱས་རྣམས་ལ་གནོད་འགྱོད་ཀྱི་བསམ་པ་དྲག་པོས།}} ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་ཡི་དམ་དྷཱ་ཀི་དགོངས༔ ཁྱེད་ནི་སྐུ་གསུམ་རྣམ་དག་དྲི་མེད་ཀྱང་༔ བདག་ནི་མ་རིག་ཉོན་མོངས་དབང་གིས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མ་ལུས་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ {{TibChung|དགུ་པ་བྱིན་དབབ་པ་ནི། བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ།}} ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔ སྐྱེ་ {{TibChung|[5b]}} འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང་༔ ཐུགས་རྗེའི་དམ་བཅའ་དུས་ལས་མི་གཡེལ་ཕྱིར༔ བླ་མ་རིག་འཛིན་ཡི་དམ་དྷཱ་ཀིའི་ཚོགས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་རྣམས༔ ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ཤིག༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ{{TibChung|ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ་བོ། །བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།}} རཾ་ཡཾ་ཁཾ་{{TibChung|གིས་བསང་སྦྱང་།}} བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་འོག་མིན་བདེ་ཆེན་འབར་བའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུཾ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་ {{TibChung|[6a]}} པའི་ཡོ་བྱད་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྩ་བ་གསུམ་གྱི་འཁོར་ལོའི་ཞིང་ཀུན་ཏུ་ཁྱབ་པར་འཆར་བས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་{{TibChung|པར་བསམ་ཞིང་།}} ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻདྱ། ཤཔྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ཧོཿ {{TibChung|ཞེས་དང་། བདུད་རྩི་བསང་སྦྱང་།}} སྟོང་པའི་ངང་ལས་རང་བྱུང་བྷནྡྷ་འབར་བའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་དྲུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོས་གང་བར་{{TibChung|བསམ་ལ།}} ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ལན་བདུན། རཀྟ་བསང་སྦྱང་།}} སྟོང་པའི་ངང་ལས་དུང་ཆེན་བདེ་བ་ཆེན་པོའི་སྣོད་དུ་ཆགས་མེད་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་{{TibChung|བསམ་ལ།}} ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མ་ངྷ་ལ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ལན་བདུན། གཏོར་མ་བསང་སྦྱང་།}} སྟོང་པའི་ངང་ལས་གཏོར་གཞོང་སྣོད་ཀྱི་འཇིག་རྟེན་ཡངས་པར་གཏོར་མ་བཅུད་ཀྱི་སེམས་ཅན་རང་བཞིན་རྣམ་པར་ {{TibChung|[6b]}} དག་པ་འདོད་ཡོན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་གཏེར་དུ་གྱུར་{{TibChung|པར་བསམ་ལ།}} ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ {{TibChung|ལན་བདུན་གྱིས་བརླབས།}} དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བཅུ་ལས། དང་པོ་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པ་ནི། ཆོས་ཐམས་ཅད་སྟོང་ཉིད་སྨྲ་བསམ་བརྗོད་བྲལ་རྫོགས་པ་ཆེན་པོ་ཆོས་སྐུ་མི་འགྱུར་བའི་དགོངས་པ་ཀ་དག་ནམ་མཁའ་ལྟ་བུའི་ངོ་བོ་ལ་བློ་བཞག་སྟེ། ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ པདྨ་རྒྱལ་པོས་འདི་སྐད་སྨྲ༔ དང་པོས་ཆོས་རྣམས་དམིགས་མེད་ཅིང་༔ བསམ་བརྗོད་བྲལ་བའི་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ༔ {{TibChung|དབྱིངས་སྤྲོས་པ་དང་བྲལ་བའི་ངང་ནས་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེའི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོ་ཞིང་།}} ཨཱཿ བློ་བྲལ་དེ་ཡི་ངང་ཉིད་ལས། མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ སེམས་ཅན་མ་ལུས་ཀུན་ཁྱབ་པའི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ {{TibChung|སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་རྩལ་རིག་པའི་ངོ་བོ་ཧྲཱིཿ་ལས་རྡོ་རྗེ་ཧྲཱིཿས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བ་ཞིག་ཏུ་ལམ་གྱིས་ཤར་བར་བལྟས་ལ།}} ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པ་ལ༔ རང་རིག་ཧྲཱིཿ {{TibChung|[7a]}} ལས་གསེར་གྱི་ནི༔ རྡོ་རྗེ་ཧྲཱིཿཡིས་མཚན་པར་བསྒོམ༔ {{TibChung|གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ས་བོན་ལས་བྱུང་བའི་སྦྱོང་བྱེད་འབར་ཞིང་འཁྲུགས་པའི་ཟེར་གྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་ཏེ་སྟོང་པའི་དབྱིངས་སུ་སོ་སོའི་ས་བོན་སྤྲོ་བསྡུའི་སྦྱོར་བས་རྟེན་སྣོད་ཀྱི་བཀོད་པ་ཡེ་ཤེས་རོལ་པའི་རྒྱན་ཆེན་པོར་རང་བྱུང་ལྷུན་གྱིས་གྲུབ་པའི་དབུས་སུ་རྟོག་ཚོགས་དག་པ་བརྟེན་པ་ལྷའི་དཀྱིལ་འཁོར་རིག་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བར་བསྒོམ་ཞིང་།}} ཧྲཱུྃ༔ རྡོ་རྗེ་ཧྲཱིཿཡི་འཕྲོ་འདུ་ལས༔ མེ་ཆུ་རླུང་གིས་བསྐལ་པ་སྟོང་༔ སྟོང་ཉིད་ནམ་མཁའི་རང་བཞིན་ལས༔ རང་བྱུང་སྐྱེད་བྱེད་ཡི་གེ་བདུན༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ མཁའ་ལ་སྟོབས་ཆེན་རླུང་གིས་བཏེགས༔ རཀྟའི་རྒྱ་མཚོ་ཞིང་ཆེན་བརྡལ༔ ཀེང་རུས་བསྐལ་པའི་མེ་འབར་གསལ༔ ཧཱུྃ༔ ཡི་གེ་བྷྲཱུྃ་གྱུར་གཞལ་ཡས་ཁང་༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ པད་འདབ་ཕྱི་ནང་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་རྫོགས༔ བྷནྡྷ་སྐམ་རློན་སྤེལ་མར་བརྩིག༔ གནམ་ལྕགས་འབར་བའི་གཟེར་གྱིས་བསྡམས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་དྲལ་ཕྱམ་ཀ་བ་དང་༔ ཀ་ {{TibChung|[7b]}} ཞུ་ཡ་ཐེམ་མ་ཐེམ་བྱས༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་ཟང་ཐལ་འོད་ཀྱི་ཀློང་༔ མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ༔ ཧྲཱིཿ དལ་དབུས་ཉི་ཟླ་པདྨའི་སྟེང་༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔ པདྨ་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོགས༔ རུས་པའི་རྒྱན་སྤྲས་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗོད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྲིལ༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིལ་ནག་ངུར་སྒྲ་སྒྲོགས༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་རླུང་འཚུབས་དཀྱིལ་བཞུགས༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང་༔ རང་བྱུང་པདྨའི་སྙིང་པོ་ལ༔ རྗེ་བཙུན་འོད་འབར་ཐོད་ཕྲེང་རྩལ༔ ཨ་ཙརྻ་ལོ་བརྒྱད་ལོན་ཚུལ་ཅན༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཕྱག་གཉིས་རྡོ་རྗེ་ཚེ་བུམ་འཛིན༔ མཐིང་ནག་ཟ་བེར་ཆོས་གོས་དམར༔ པད་ཞྭ་སྒྲོ་དར་མེ་ལོང་བརྒྱན༔ སྙན་ཆ་མགུལ་ཆུ་ཁ་ཊྭཱཾ་འཛིན༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ དེ་ {{TibChung|[8a]}} ཡི་པང་དུ་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དཀར༔ མདངས་ལྡན་བཅུ་དྲུག་ལོན་པའི་ཚུལ༔ གཅེར་བུ་སྐྲ་གྲོལ་རྒྱན་དྲུག་མཛེས༔ ཕྱག་གཡས་གྲི་གུག་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ལ་དགྱེས་པར་འཁྲིལ༔ ཟུང་འཇུག་གཟི་བརྗིད་ལྡན་པར་བསྐྱེད༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་དཀར༔ དར་དཀར་ཆོས་གོས་པད་ཞྭ་གསོལ༔ རྡོ་རྗེ་ལྕགས་ཀྱུ་ཌཱ་རུ་ཐོགས༔ ལྷོ་རུ་རཏྣ་ཐོད་ཕྲེང་སེར༔ དར་སེར་ཆོས་གོས་པད་ཞྭ་གསོལ༔ རིན་ཆེན་ཞགས་པ་ཌཱ་རུ་ཐོགས༔ ནུབ་ཏུ་པདྨ་ཐོད་ཕྲེང་དམར༔ དར་དམར་ཆོས་གོས་པད་ཞྭ་གསོལ༔ པད་སྡོང་ལྕགས་སྒྲོག་ཌཱ་རུ་ཐོགས༔ བྱང་དུ་ཀརྨ་ཐོད་ཕྲེང་ལྗང་༔ དར་ལྗང་ཆོས་གོས་པད་ཞྭ་གསོལ༔ རྒྱ་གྲམ་དྲིལ་བུ་ཌཱ་རུ་ཐོགས༔ ཐུགས་ཀར་བུདྡྷ་ཐོད་ཕྲེང་སྨུག༔ ཟ་བེར་ཆོས་གོས་པད་ཞྭ་གསོལ༔ འཁོར་ལོ་བདུད་རྩི་ཌཱ་རུ་ཐོགས༔ ཀུན་ཀྱང་ན་བཟའ་སྦྲག་མ་ལ༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ ཧཱུཾ་ཧྲཱིཿ དེ་ཡི་ཕྱི་རིམ་འདབ་དྲུག་ལ༔ ཤར་དུ་ལྷ་ཡི་གུ་རུ་སྲིད་ཐུབ་འཛིན༔ {{TibChung|[8b]}} སྐུ་མདོག་དཀར་སེར་རྡོ་རྗེ་དྲིལ་བུ་འཛིན༔ ཁྲོ་འཛུམ་སྤྲུལ་སྐུའི་ཚུལ་དུ་བསྐྱེད༔ ཤར་ལྷོར་ལྷ་མིན་གུ་རུ་རྣམ་པར་རྒྱལ༔ སྐུ་མདོག་དུད་ཁ་རྡོ་རྗེ་ཕུར་པ་འཛིན༔ གཏུམ་རྔམས་སྒེག་པའི་ཚུལ་དུ་བསྐྱེད༔ ལྷོ་རུ་མི་ཡི་གུ་རུ་པདྨ་འབྱུང་༔ སྐུ་མདོག་དཀར་པོ་རྡོ་རྗེ་བྷནྡྷ་འཛིན༔ ཞི་འཛུམ་མདངས་དང་ལྡན་པར་བསྐྱེད༔ ནུབ་ཏུ་བྱོལ་སོང་གུ་རུ་སེང་རབ་བརྟན༔ སྐུ་མདོག་མཐིང་ནག་ཅང་ཏེའུ་དྲིལ་བུ་འཛིན༔ སྙིང་རྗེའི་ངང་ཚུལ་ལྡན་པར་བསྐྱེད༔ ནུབ་བྱང་ཡི་དྭགས་གུ་རུ་སྣང་བྱེད་ནི༔ སྐུ་མདོག་དམར་པོ་རྡོ་རྗེ་ལྕགས་ཕུར་འཛིན༔ འཇིགས་བྱེད་དྲག་པོའི་ཚུལ་དུ་བསྐྱེད༔ བྱང་དུ་དམྱལ་བའི་གུ་རུ་རྣམ་པར་གནོན༔ སྐུ་མདོག་དམར་ནག་རྡོ་རྗེ་སྡིག་པ་འཛིན༔ ཁྲོ་གཏུམ་གཟི་བརྗིད་ལྡན་པར་བསྐྱེད༔ ཧཱུྃ་ཧྲཱིཿ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་པདྨ་འབྱུང་གནས་མཐིང་༔ རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ རྡོ་རྗེ་འཆང་གི་ཚུལ་དུ་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ ཆོས་འཆད་ཀ་ལི་དར་ཆོས་གསོལ༔ དགེ་སློང་གཞོན་ཚུལ་ལྡན་པར་བསྐྱེད༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཌཱ་རུ་ {{TibChung|[9a]}} གཡས་ལ་བུམ་པ་གཡོན༔ སྔགས་འཆང་གྲུབ་བརྙེས་ཚུལ་དུ་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་གཡས་ལ་པད་ཕོར་གཡོན༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ ཉི་ཟེར་གཡས་ལ་ཁ་ཊྭཱཾ་གཡོན༔ རྣལ་འབྱོར་སྤྱོད་པའི་ཚུལ་དུ་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ ས་གནོན་གཡས་ལ་ལྷུང་བཟེད་གཡོན༔ སངས་རྒྱས་སྤྲུལ་སྐུའི་ཚུལ་དུ་བསྐྱེད༔ བྱང་དུ་སེང་གེ་སྒྲ་སྒྲོགས་མཐིང་༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ རབ་འཇིགས་ཁྲོ་བོའི་ཚུལ་དུ་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་བུ་གཡོན༔ གཏུམ་རྔམས་སྟག་ལ་བཅིབས་པར་བསྐྱེད༔ ནང་ཁོངས་ཞིང་གི་གདན་བཞི་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང་༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དང་༔ པདྨ་མཁའ་འགྲོ་ཡབ་ཡུམ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་དང་མཐུན༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ ཆོས་སྐྱོང་རིགས་འདུས་དྷཱ་ཀིའི་ཚོགས༔ དངོས་ {{TibChung|[9b]}} གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོགས༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར༔ {{TibChung|ཞེས་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་བོ། །གསུང་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་སོགས་སྐུ་གསུམ་དག་པའི་ཞིང་ཁམས་རྣམས་ནས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ཞིང་། སྤོས་ཀྱི་དུད་སྤྲིན་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱི་ང་རོས་བསྐུལ་ཏེ།}} ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སམྦྷ་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར༴ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་སུ༔ ཕོ་ {{TibChung|[10a]}} བྲང་རི་བོ་ཏ་ལའི་རྩེ༔ རཱ་ག་ར་ཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ བྱིན་གྱིས༴ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་བསྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་ཡངས་པ་ཅན༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ བྱིན་གྱིས༴ ཨོ་རྒྱན་ཡུལ་གྱི་ཤར་ལྷོའི་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ མ་ག་དྷ་ཡི་གྲོང་ཁྱེར་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་ཞེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས༴ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་ {{TibChung|[10b]}} མདོག་དཔལ་རིའི་གནས་མཆོག་ན༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་རྩལ་ཞེས་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། གནས་མཆོག་འདི་རུ་བྱོན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ རྣམ་དག་དབྱིངས་ལས་མ་གཡོས་ཀྱང་༔ ཞི་རྒྱས་དབང་དྲག་འགྲོ་དོན་མཛད༔ པད་འོད་ཕྱོགས་བཞི་དབུས་ལྔ་ནས༔ ཐོད་ཕྲེང་རིགས་ལྔ་གཤེགས་སུ་གསོལ༔ འགྲོ་དྲུག་སེམས་ཅན་མ་ལུས་རྣམས༔ ཕ་རོལ་ཕྱིན་དྲུག་ལམ་འགོད་ཕྱིར༔ གང་འདུལ་ཚུལ་དུ་སྐུར་སྟོན་པ༔ གུ་རུ་རྣམ་དྲུག་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས་༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞིའི་ {{TibChung|[11a]}} མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ རིག་འཛིན་མཁའ་འགྲོ་མ་ལུས་དང་༔ དམ་ཅན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དུར་བྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་འཁྱུགས་སེ་ཁྱུག༔ སིལ་སྙིན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ་༔ མཁའ་འགྲོ་མ་ཚོགས་ཐིབས་སི་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་སྤུངས་སེ་སྤུང་༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོས་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཌ་ཀྱི་བརྡ་སྐད་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་ {{TibChung|[11b]}} སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་དྷཱ་ཀ་དྷཱ་ཀི་ནི་གིང་ཀ་ར་སརྦ་ས་པ་རི་ཝཱ་ར་ཧཱུཾ་ཧཱུཾ་སརྦ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ {{TibChung|ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །བཞི་པ་བཞུགས་སུ་གསོལ་བ་ནི།}} ཧཱུྃ་ཧྲཱིཿ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆགས༔ པདྨ་འདབ་བཞི་མདངས་རེ་གསལ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ བཞུགས་པའི་གནས་སུ་དྭངས་རེ་སྤྲོ༔ གུ་རུ་ཡི་དམ་དྷཱ་ཀིའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་སྟོན་འཚལ༔ གསུང་གིས་གདམས་པའི་གནད་བཀྲོལ་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ {{TibChung|ཞེས་དགྱེས་བཞིན་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་བཞུགས་པར་ {{TibChung|[12a]}} མོས་སོ། ལྔ་པ་ཕྱག་འཚལ་བ་ནི། དོན་དམ་པར་ལྷ་དང་བདག་གཉིས་དབྱེར་མེད་དུ་ཤེས་པ་ལས་གནས་སྐབས་ཡོན་ཏན་ཁྱད་པར་ཅན་ལ་ངོ་མཚར་བའི་དད་གུས་ཀྱི་སྒོ་ནས།}} ན་མོ༔ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ འོད་འབར་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་དབྱེར་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ དུག་ལྔ་འཇོམས་མཛད་སྐུ་ལྔ་དང་༔ རིགས་དྲུག་འདུལ་མཛད་གུ་རུ་དྲུག༔ ཚོགས་བརྒྱད་གནས་དག་མཚན་བརྒྱད་སྐུ༔ འགྲོ་འདུལ་རྣམས་ལ་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདུལཿ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཉིད་དབྱིངས་སུ་རོལ༔ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ ཧོཿ པྲ་ཏཱིཙྪ་ ཧོཿ {{TibChung|ཞེས་ཕྱག་བྱའོ། །དྲུག་པ་མཆོད་པ་ {{TibChung|[12b]}} འབུལ་བ་ལ། སྤྱི་དང་བྱེ་བྲག་ཁྱད་པར་གྱི་མཆོད་པ་དང་གསུམ་གྱི། དང་པོ་སྤྱིར་མཆོད་པ་ལས། ཕྱི་མཆོད་ནི། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ལྷ་རྫས་ཀྱི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོ་བས་མངོན་པར་མཆོད་པར་མོས་ལ།}} ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་དྱ་ཤཔྡ་སརྦ་པཱུ་ཛ་ ཧོཿ ནང་མཆོད་ནི། གདུག་ཅན་བསྒྲལ་བའི་ཕུང་པོ་རང་བྱུང་ནང་གིུ་དམ་རྫས་ཀྱི་འདོད་ཡོན་ཆེན་པོས་མཉེས་པར་བསམ་ཞིང་། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནིཿ དཔང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གཉིས་སུ་མེད་པར་ཐིག་གྱུར་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧྰ་པཉྩ་པཱུ་ཛ་ཧོཿ {{TibChung|[13a]}} {{TibChung|གསང་མཆོད་ནི། ཐབས་ཤེས་གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་རོལ་མོས་དགྱེས་པ་ཆེན་པོའི་དམ་ཚིག་མཆོག་ཏུ་བརྟས་པར་བསམ་ཤིང་།}} ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བོ་དྷི་ཙིཏྟ་མ་ཧཱ་པཱུ་ཛ་ཧོཿ {{TibChung|གཉིས་པ་བྱེ་བྲག་ཏུ་མཆོད་པ་ལས། སྨན་མཆོད་ནི། སྨན་འཆི་མེད་བདུད་རྩིའི་རྒྱ་མཚོ་ལས་མཐེབ་སྲིན་ཉི་ཟླའི་གྭའུས་བཅུས་ཏེ་ཕུལ་བས་ཟག་པ་མེད་པའི་རོལ་ཚིམ་པར་བསམ་ཞིང་།}} ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩིའི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡོ་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་གྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀ་ཏ༔ འཆི་མེད་གསང་བའི་བདུད་རྩི་འདིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ {{TibChung|ཞེས་དང་།}} ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ {{TibChung|[13b]}} ཁཱ་ཧི། ལོངས་སྐུ་ནམ་མཁའི་རྒྱལ་པོའི་ཞལ་དུ༴ སྤྲུལ་སྐུ་པདྨ་འབྱུང་གནས༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴ མངའ་བདག་ཆོས་རྒྱལ་ཡབ་སྲས༴ གྲུབ་ཆེན་འབྲོག་བན་ལོ་ཙཱའི༴ རིག་འཛིན་བདུད་འདུལ་རྡོ་རྗེའི༴ རྒྱལ་སྲས་རྡོ་རྗེ་མཐོང་གྲོལ༴ ཀུན་བཟང་འཆི་མེད་རྡོ་རྗེའི༴ གར་དབང་ཕྲིན་ལས་ནོར་བུའི༴ མཆོག་གྲུབ་ཆོས་ཀྱི་རྒྱ་མཚོའི༴ འགྲོ་འདུལ་སྐལ་བཟང་རྡོ་རྗེའི༴ འདྲེན་མཆོག་བསྟན་འཛིན་འཕེལ་རྒྱས༴ གར་དབང་སངས་རྒྱས་རྡོ་རྗེའི༴ དྲིན་ཆེན་རྩ་བའི་བླ་མའི༴ བླ་མ་རིག་འཛིན་རྒྱ་མཚོའི༴ ཡི་དམ་རྟ་ཕག་ཡབ་ཡུམ་༴ རིགས་ལྔ་མཁའ་འགྲོ་ཡབ་ཡུམ༴ མ་མགོན་དམ་ཅན་གཏེར་སྲུང་༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། {{TibChung|ཞེས་འབུལ། རཀྟའི་མཆོད་པ་ནི། འཁོར་བ་ཁྲག་གི་རྒྱ་མཚོ་ཕུལ་བས་ཆགས་མེད་བདེ་བ་ཆེན་པོའི་ངོ་བོར་རོལ་པར་བསམ་ཞིང་།}} ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་བའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷ་རུ༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ འཁོར་བ་ཆོས་སྐུར་དག་བྱའི་ཕྱིར༔ {{TibChung|[14a]}} བདེ་ཆེན་རཀྟའི་མཆོད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་རཀྟ་ལ་ཁཾ་རཾ་ཁཱཧི༔ {{TibChung|གཏོར་མའི་མཆོད་པ་ནི། སྲིད་གསུམ་དམ་རྫས་གཏོར་མའི་རང་བཞིན་དུ་སྤེལ་བ་ཕུལ་བས་འདོད་པའི་ཡོན་ཏན་དགྱེད་རྒུར་འཇོ་བས་ཐུགས་དམ་བསྐང་བར་བསམ་ཞིང་།}} ཧཱུྃ་ཧྲཱིཿ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད༴ དཔའ་མོའི་ཚོགས་རྣམས༴ གིང་གི་ཚོགས་རྣམས་༴ དམ་ཅན་ཚོགས་རྣམས༴ སྲུང་མའི་ཚོགས་རྣམས༴ རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་ {{TibChung|[14b]}} མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཧཱུྃ་ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོའི་འཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་མངར༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང་༔ དྲི་ཆུ་བྱུག་པའི་རྫས་ཏེ་བདུད་རྩི་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་ལང་དང་༔ མཆོག་ཆེན་མི་ལ་སོགས་ཏེ་ཤ་སྣ་ལྔ། མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་༔ བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་དང་༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང་༔ རྩི་དང་ཙ་རུ་རྩི་ {{TibChung|[15a]}} ཆེན་གོ་སྙོད་དང་༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་བསྒྱུར་བའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ༴ གནས་གསུམ་མཁའ་འགྲོའི༴ དམ་ཅན་སྲུང་མའི༴ གཏེར་སྲུང་གཞི་བདག༴ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ {{TibChung|ཞེས་མཆོད་དོ། །གསུམ་པ་ཁྱད་པར་གྱི་མཆོད་པ་ནི་ཚོགས་ཀྱི་མཆོད་པ་སྟེ། དུས་བཟང་ཚེས་བཅུའི་མཆོད་པ་སྤྲོས་བཅས་དང་འབྲེལ་བའི་ཆོ་ག་གཙོ་བོར་བྱ་བའི་སྐབས་སུ་འོག་ནས་འབྱུང་བ་བཞིན་ཚོགས་རྫས་བྱིན་གྱིས་རློབ་པ་ནས་ཛ་གད་གསང་ནན་དུ་འབུལ་བའི་བར་འདིར་བླངས་ཏེ་རྒྱས་པར་བྱ་བ་ཡིན་ཅིང་། སྤྱི་ཙམ་དུ་ནི་དཀྱུས་སུ་བསྟན་པ་ལྟར་རྗེས་ཀྱི་ལས་རིམ་དུ་བསྡུ་བར་མཛད་པ་སྟེ། སྐབས་སུ་ཇི་ལྟར་བབས་པར་འགྱུར་བའི་ངེས་པ་བཞིན་ལག་ཏུ་བླང་བར་བྱའོ། །བདུན་པ་བསྟོད་པ་ {{TibChung|[15b]}} བྱ་བ་ནི། ལྷ་ཚོགས་རྣམས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་ཅིང་རབ་ཏུ་བསྔགས་པར་འདོད་པའི་བློས་བསྐུལ་ཏེ།}} ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགགས་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་པོར་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ {{TibChung|ཅེས་པ་ཙམ་མམ། སྤྲོ་ཞིང་ནུས་ན་གུ་རུའི་བརྡ་བསྟོད་ཀྱང་བྱའོ། །}} ཧཱུྃ་ཧྲཱིཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ ཕ་རོལ་ཕྱིན་པ་དྲུག་གི་རང་བཞིན་ལས༔ {{TibChung|[16a]}} རིགས་དྲུག་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོགས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛད་པའི༔ འགྲོ་འདུལ་གུ་རུ་དྲུག་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམྦྷའི་སྐུ་ལ༴ ཤེས་བྱ་ཀུན་ལ་མ་རྨོངས་པའིཿ བློ་ལྡན་མཆོག་སྲེད༴ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་རྒྱལ་པའི༴ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར༴ ལོག་འདྲེན་བདུད་བཞི་འཇོམས་མཛད་པའི༔ ཤཱཀྱ་སེང་གེའི༴ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོགས༴ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ ཧཱུྃ་ཧྲཱིཿ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང་༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མི་འགགས་ཅིར་ཡང་སྟོན་ཅིང་བསྒྱུར༔ དཔའ་བོ་མཁའ་འགྲོའི་ཚོགས་ {{TibChung|[16b]}} ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད༔ {{TibChung|ཅེས་བསྟོད་དོ། །བརྒྱད་པ་བཤགས་པ་བྱ་བ་ནི། ཆོ་གའི་ཡན་ལག་མ་ཚང་བ་སོགས་ཉེས་པའི་ཚོགས་ལ་འགྱོད་ཚངས་ཀྱི་བློས།}} ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ་{{TibChung|སོགས་ཡི་གེ་བརྒྱ་པ་བཟླའོ། །དགུ་པ་ཛཔྲ་བཟླ་བ་ནི།}} ཧཱུྃ་ཧྲཱིཿ ཡང་གསང་བླ་མེད་དཀྱིལ་འཁོར་ཆེ༔ ཕོ་བྲང་མཐའ་དབུས་མེད་པ་ཡི༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ རང་རྩལ་རྟ་ཕག་ཡབ་ཡུམ་ནི༔ དམར་གསལ་གྲི་ཐོད་འཁྱུད་སྟབས་རོལ༔ རང་སྣང་འོད་ལྔའི་ཀློང་དུ་གསལ༔ སྤྱི་གཙུག་གེ་སར་ཉི་ཟླའི་སྟེང་༔ དུས་གསུམ་རྒྱལ་བ་ཀུན་འདུས་པ༔ རྗེ་བཙུན་འོད་འབར་ཡབ་ཡུམ་ལ༔ བླ་མ་སྐུ་གསུམ་ཐོད་ཕྲེང་སྡེ་ལྔ་དང་། འགྲོ་དྲུག་འདྲེན་མཛད་འགྲོ་འདུལ་གུ་རུ་དྲུག༔ རྣམ་དག་ཐིག་ལེའི་འོད་སྐུ་མཚན་མཆོག་བརྒྱད༔ མཁའ་འགྲོ་སྡེ་བཞི་ཤུགས་འགྲོར་བཅས་པ་དང་༔ གིང་དང་དཔའ་བོ་དཔའ་མོར་བཅས་རྣམས་དང་༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི༔ དགྱེས་པས་བསྐོར་ཏེ་འཛུམ་པའི་མདངས་དང་ལྡན༔ སྐྱེ་མེད་ཆོས་སྐུའི་ཀློང་ {{TibChung|[17a]}} ཡངས་ནས༔ འགགས་མེད་གསུང་གི་སྔགས་སྒྲ་སྒྲོགས༔ ཛཔྲ་ཀྱིས་སྐུ་གསུམ་གནད་ནས་བསྐུལ༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པ་དངོས་གྲུབ་བདག་ལ་ཐིམ༔ བསྙེན་སྒྲུབ་མཐའ་རུ་མ་ཕྱིན་བར༔ སྲོག་གི་ཕྱིར་ཡང་མི་བཏང་ངོ་༔ {{TibChung|ཞེས་དགོངས་པ་སྲོག་ཏུ་བཟུང་ནས། སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས།}} ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ རེ་ཞིང་ལྡོག་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུལག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ {{TibChung|ཞེས་གསོལ་འདེབས་ཀྱི་ཚུལ་དུ་ཅུང་ {{TibChung|[17b]}} ཟད་བཟླ་བ་ནི་བསྙེན་པའི་ཚུལ་ཏེ། བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་ཛཔྲ་འདི་བཟླ༔ ཞེས་སོ། །མཐར་དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་ཏེ།}} བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ {{TibChung|ཞེས་དབང་དོན་གྱི་དགོངས་པ་བསྐྱང་ངོ་། །དེ་ནས་རང་ཉིད་དབང་ཆེན་གྱི་ཐུགས་ཀར་བླ་མ་ཡབ་ཡུམ་གསལ་བཏབ་ལ་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་མཉེས་མཆོད་ཕུལ་ཞིང་ཐུགས་རྒྱུད་བསྐུལ་བར་མོས་ལ།}} རང་ཉིད་དབང་ཆེན་གསལ་བ་ཡི༔ ཐུགས་ཀའི་ཙིཏྟ་གྱེན་བསྟན་སྦུབས༔ པདྨ་འདབ་བརྒྱད་གེ་སར་དབུས༔ གུ་རུ་འོད་འབར་ཡབ་ཡུམ་ནི༔ འོད་ཕུང་གཟི་བརྗིད་ལྡན་པར་གསལ༔ བླ་མའི་ཐུགས་ཀར་འོད་ལྔའི་ཀློང་༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེར༔ དྭངས་མ་ཧྲཱིཿཡིག་སྔགས་ཀྱིས་མཚན༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ འགྲོ་བའི་སྒྲིབ་པ་ཀུན་སྦྱངས་ནས༔ ཐམས་ཅད་བླ་མའི་ས་ལ་བཀོད༔ བདེ་གཤེགས་རྩ་གསུམ་ཆོས་སྐྱོང་གི༔ བྱིན་རླབས་ནུས་ {{TibChung|[18a]}} སྟོབས་མ་ལུས་ཀུན༔ ལྷ་སྔགས་ཕྱག་མཚན་རྣམ་པར་བསྡུས༔ ཐུགས་ཀའི་བླ་མ་ཉིད་ལ་ཐིམ༔ ཉམས་ཆག་སྡིག་སྒྲིབ་ཀུན་བྱང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ མཆོད་བསྟོད་ཛཔྲ་ཀྱིས་མཉེས་པར་གྱུར༔ བཀྲག་མདངས་གཟི་བརྗིད་རབ་འབར་ཞིང་༔ སྣང་གྲགས་ལྷ་སྔགས་དྲན་རྟོག་ཐུགས༔ བླ་མ་རང་སེམས་དབྱེར་མེད་དང་༔ མོས་གུས་རྩལ་བསྐྱེད་ཛཔྲ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ {{TibChung|ཞེས་ཅི་ནུས་སུ་བཟླ་བ་ནི་སྒྲུབ་པའི་ཚུལ་ཏེ། སྒྲུབ་དུས་བླ་མ་སྙིང་གར་བསྒོམ༔ མཆོད་བསྟོད་ཚུལ་དུ་ཛཔྲ་འདི་བཟླ༔ །ཞེས་སོ། །ཡང་རང་ཉིད་ཐོད་ཕྲེང་རྩལ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་བསྐུལ་བས་དེ་ལས་རང་འདྲའི་སྤྲུལ་པ་དང་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་འཕྲིན་ལས་རྣམ་བཞི་གང་འོདད་སྒྲུབ་པར་བསབམ་ལ།}} བླ་མ་འོད་ཁུ་རང་དང་འདྲེན༔ རང་ཉིད་པདྨ་ཐོད་ཕྲེང་རྩལ༔ རྩ་གསུམ་ཀུན་འདུས་ངོ་བོ་ཡི༔ ཐུགས་ལས་འོད་ཟེར་དཔག་མེད་འཕྲོས༔ རོལ་རྩལ་ཐོད་ཕྲེང་སྡེ་ལྔ་དང་༔ མཁའ་འགྲོ་གིང་གི་ཚོགས་ལ་ཕོག༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁེངས༔ རྣམ་ {{TibChung|[18b]}} བཞིའི་ཕྲིན་ལས་མ་ལུས་པ༔ འབད་མེད་ལྷུན་གྱིས་གྲུབ་པར་གྱུར༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ སརྦ་སིདྡྷི་ཤཱིནྟཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་རྦད༔ {{TibChung|ཅེས་ཅུང་ཟད་བཟླ་བ་ནི་ལས་སྦྱོར་གྱི་ཚུལ་ཏེ། ལས་སྦྱོར་བླ་མ་རང་གསལ་གདབ༔ ཕྲིན་ལས་ལྷུན་གྲུབ་ཚུལ་དུ་ཛཔྲ་འདི་བཟླ༔ ཞེས་སོ། །བཅུ་པ་དངོས་གྲུབ་བླང་བ་ནི། འཁྲུགས་བསྡེབས་ཀྱི་དགོངས་པས་འོག་ཏུ་འཆད་པར་འགྱུར་བ་ཡིན་ནོ། །དེ་དག་ནི་དངོས་གཞིའི་ལས་རིམ་མོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་བཅུ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། མ་ད་ན་དང་མཱ་ས་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་པ་རྣམས་ལེགས་པར་བཤམས་ལ་བདུད་རྩིས་བྲན་ཅིང་།}} ཨོཾ་སརྦ་དྲ་བྱཾ་ཤྭ་ངྷ་ནི་ཧཱུྃ་ཕཊ༔ {{TibChung|ཅེས་བསངས།}} ཧཱུྃ་ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱོང་ཕྱིར་ཡི་གེ་འཕྲོས༔ རྃ༔ རྃ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡྃ༔ ཡྃ་ལས་རླུང་བྱུང་བག་ཆགས་གཏོར༔ ཁྃ༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ་སྥ་ར་ཎ་ཧཱུྃ་ཕཊ༔ སརྦ་བི་ཤུདྡྷེ་ཧཱུྃ༔ ཧཱུཾ་ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་འཕྲོས༔ བྷྲཱུྃ༔ བྷྲཱུྃ་ལས་བྷནྡྷའི་གཞལ་ཡས་ཁང་༔ ཧཱུྃ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ {{TibChung|[19a]}} ཨཱཿཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང་༔ ཧྲཱིཿ ཧྲཱིཿཡིས་ལྷ་ཚོགས་ཐུགས་དམ་དགྱེས༔ ཧཱུྃ་ཧྲཱིཿ ཚོགས་མཆོད་རི་རྒྱལ་ལྷུན་པོ་ལ༔ ཚོགས་ཕྲན་གསེར་གྱི་རི་བདུན་གྱུར༔ ཚོགས་རྫས་བར་ཁྱམས་ཁོར་ཡུག་ལྡན༔ ཚོགས་ཆང་རོལ་པའི་མཚོ་བདུན་གྱུར༔ ཉི་ཟླ་ལྟ་བུའི་གསལ་སྒྲོན་ཏེ༔ འགྲོ་ཀུན་མུན་པ་བསལ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ {{TibChung|ཞེས་བྱིན་གྱིས་བརླབས་ལ། ཚོགས་ཞིང་སྤྱན་འདྲེན་པ་ནི། རྩ་བ་གསུམ་གྱི་དཀྱིལ་འཁོར་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ནམ་མཁའ་གང་བར་བྱོན་པར་བསམ་ཞིང་།}} ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ ཆོས་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནས༔ མགོན་པོ་འོད་དཔག་མེད་མགོན་ལ༔ ཚེ་བདག་དྲང་སྲོང་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན་ཚོགས༴ གནས་མཆོག་རི་བོ་ཏ་ལ་ནས༔ ལོངས་སྐུ་ནམ་མཁའི་རྒྱལ་པོ་ལ༔ ལོངས་སྐུ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན་ཚོགས༴ {{TibChung|[19b]}} ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རྒྱལ་དབང་པདྨ་འོད་འབར་ལ༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ བསམ་ཡས་དབུ་རྩེ་རིགས་གསུམ་ཕོ་བྲང་ནས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ༔ སྒྲ་བསྒྱུར་ལོ་པཎ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ མ་གཅིག་དྷཱ་ཀི་བདེ་ཆེན་རྒྱལ་མོ་ལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ དཔལ་གྱི་ཡང་རྫོང་ཤེལ་གྱི་བྲག་ཕུག་ནས༔ གྲུབ་པའི་སྐྱེས་མཆོག་ཁྱེའུ་ཆུང་ལོ་ཙཱ་ལ༔ གྲུབ་ཐོབ་ལོ་པཎ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ བདེ་ཆེན་གསང་བ་ཕུག་གི་གཞལ་ཡས་ནས༔ ཟབ་གཏེར་མངའ་བདག་གཏེར་བཞེད་སྙིང་པོ་ལ༔ ཆོས་བདག་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ སྤྱི་གཙུག་བདེ་ཆེན་གླིང་གི་ཕོ་བྲང་ནས༔ དྲིན་ཆེན་རྩ་བའི་བླ་མ་ལ༔ བཀའ་བབས་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ རང་ལུས་རྒྱལ་བའི་དཀྱིལ་འཁོར་ནས༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ༔ འདུས་པ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན་ཚོགས་ {{TibChung|[20a]}} ཨོ་རྒྱན་མཁའ་འགྲོ་འདུ་བའི་གནས་མཆོག་ནས༔ ལོངས་སྐུ་བདེ་ཆེན་རྡོ་རྗེ་ཕག་མོ་ལ༔ གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ བཀའ་དང་དམ་ཚིག་གཉན་པོ་ཕོ་བྲང་ནས༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྒྱལ་ཆེན་རྣམ་སྲས་ཡབ་ཡུམ་ལ༔ ནོར་ལྷ་རྒྱ་མཚོའི་ཚོགས་ཀྱི་བསྐོར༔ འདོད་ཡོན༴ དམ་ཚིག་ཟབ་གསང་གཉན་གྱི་ཕོ་བྲང་ནས༔ གསང་སྔགས་སྲུང་མ་མ་གཟའ་རྡོར་གསུམ་ལ༔ གནས་གཏེར་སྲུང་མའི་ཚོགས་ཀྱིས་བསྐོར༔ འདོད་ཡོན༴ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ ཚོགས་དང་མཆོད་རྫས་དྭངས་རེ་སྤྲོ༔ ལྷུན་གྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ༔ {{TibChung|ཞེས་སྤྱན་དྲངས་ནས། ཐུགས་དམ་སྐོང་བ་ལས། རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་རྫས་སུ་འོས་པ་སྤྱི་དང་ཁྱད་པར་བདུད་རྩི་དང་མར་མེ་ཐོགས་ལ་འཆམས་སྟབས་ཀྱིས་དཀྱིལ་འཁོར་ལ་བསྐོར་བའོ། །བཤགས་ཚིག་གསུང་གི་བསྐང་བ་ནི།}} ཧཱུྃ་ཧྲཱི༔ དུར་ {{TibChung|[20b]}} ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལ་གསན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ {{TibChung|ཞེས་བསྐང་ངོ་། །ལྟ་བས་ཐུགས་ཀྱི་བསྐང་བ་ནི།}} ཀུན་གཞི་མ་བཅོས་ཀློང་ཡངས་ལས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང་༔ {{TibChung|ཞེས་དང་། དེའི་མཐར་སླར་ཡང་ཐུན་མོང་དུ་མཆོད་ཅིང་བསྐང་བ་ནི།}} ཧཱུྃ༔ དམ་རྫས་གཏོར་ཆེན་བཤམས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར༴ བྷནྡྷ་རཀྟས་བཀང་བ་ཡང་༔ མ་དང་༴ དུར་ཁྲོད་རྫས་མཆོག་བཀྲམ་པ་ཡང་༔ མ་དང་༴ རྐང་གླིང་ཐོད་རྔ་སྒྲོགས་པ་ཡང་༔ མ་དང་༴ ཞུན་ཆེན་སྣང་གསལ་ {{TibChung|[21a]}} བལྟམས་པ་ཡང་༔ མ་དང་༴ མཱཾ་སའི་གསུར་དུད་གཏོང་བ་ཡང་༔ མ་དང་༴ རྡོ་རྗེ་དྲི་ཆུའི་བྱུག་པ་ཡང་༔ མ་དང་༴ འདོད་ཡོན་རོ་མཆོག་སྤུངས་པ་ཡང་༔ མ་དང་༴ ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་ མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ {{TibChung|ཅེས་ཐུགས་དམ་སྐོང་བའི་རིམ་པ་སྔོན་དུ་འགྲོ་བས། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།}} ཧཱུྃ་ཧྲཱིཿ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ {{TibChung|ཞེས་མཆོད། བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི།}} ཧཱུྃ་ཧྲཱིཿ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ཅག་ {{TibChung|[21b]}} ལུས་ངག་སེམས༔ རྩ་བ་ཡན་ལག་ཉམས་ཆག་ཚོགས༔ འདོད་ཡོན་མཆོད་པས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཿ {{TibChung|ཞེས་བཤགསས། ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་དགུག་བསྟིམ་བྱས་པར་ཕུར་པ་ཡཀྵ་ཀྲོ་དྷར་གསལ་བས་གཟིར་ཞིང་།}} ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ ཡཀྵ་མེ་དབལ་སྐར་ལྟར་འཁྲུགས༔ ལས་བྱེད་ཕོ་ཉས་སྟོང་གསུམ་གང་༔ གཡས་པས་རྡོ་རྗེ་ཕུར་པ་བསྒྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་བསྣམས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཨོཾ་བཛྲ་གུ་རུ་འོད་འབར་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ནྲྀ་ཏྲི་ཤ་ཏྲུཾ་གནོད་བྱེད་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཧྲཱུཾ་ཕཊ༔ ཡཾ་ཡཾ་རྦད་རྦད༔ དགྲ་བགེགས་འབྱུང་པོ་རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ མཱ་ར་ཡ༔ ཚལ་པ་ཚལ་པ༔ བཛྲ་ཏིཀྵྞ་ཁ་རཾ་མཱ་ར་ཡ་ཛཿ {{TibChung|ཞེས་ཚེ་ཁྲུས་ཀྱི་དགོངས་པས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་ཤ་ཁྲག་གི་ཕུང་པོ་བདུད་རྩིའི་རང་བཞིན་དུ་སྦར་ཏེ།}} ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ གནོད་བྱེད་ {{TibChung|[22a]}} དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་གསུམ་ཞལ་དུ་བསྟབ༔ རྐང་རུས་ཀླད་པ་ནང་རོལ་བཅས༔ དུག་ལྔ་དུག་གསུམ་རྩད་བཅད་ཕྱིར༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བྷནྡྷ་ཡ་བྷནྡྡྷ་ཡ་ཧཱུྃ༔ {{TibChung|ཞེས་བསྟབ་ལ། སླར་ཡང་ཛ་གད་གསང་ནན་དུ་འབུལ་ཞིང་།}} ཧཱུྃ་ཧྲཱིཿ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་བསྒྱུར་དམ་པའི་རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ {{TibChung|ཞེས་ཕུལ་བས་དགྱེས་ཤིང་ཚིམས་པར་བསམ། དེ་ནས་ཚོགས་ལ་རོལ་བ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།}} ཀྱཻ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ འདོད་ཡོན་ཚོགས་འཁོར་དམ་པ་འདི༔ གཙང་དང་དམེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ {{TibChung|ཞེས་དྲངས། ལེན་པ་པོས་པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང་།}} ཧོཿ ཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ {{TibChung|[22b]}} ལ་ལ་ཧོཿ {{TibChung|ཞེས་བླངས། འདུས་པ་རྣམས་ལའང་བྲིམ་སྟེ་ནང་གི་སྦྱིན་སྲེག་མངོན་དུ་བྱས་ནས་ཚིམས་པར་ལོངས་སྤྱད་པའི་མཐར།}} ཧྲཱིཿརྣལ་འབྱོར་མཆེད་ལྕམ་འཁོར་བཅས་ཀྱིས༔ དུས་གསུམ་བསགས་པའི་དགེ་རྩ་རྣམས༔ ཚོགས་ཀྱི་འཁོར་ལོས་རྒྱས་བཏབ་པས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ {{TibChung|ཅེས་སྨོན་ལམ་ཀྱང་གདབ་སོ། །གཉིས་པ་ལྷག་མ་གཏོང་བ་ནི། ལྷག་མ་བསྡུས་པའི་རྨེ་གཏོར་དང་ཕུད་ལྷག་བསྲེས་པར་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་།}} ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་{{TibChung|བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས།}} ཨེ་ཨཱ་ར་ལླི་ཧྲིཾ་ཧྲིཾ་ཛཿ {{TibChung|ཞེས་དང་ཤུགས་པའི་སྒྲ་དྲག་པོས་སྦྱན་དྲངས་ཏེ།}} ཧཱུྃ་ཧྲཱིཿ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ བྲན་དང་ཕོ་ཉ་ལྷག་ལ་དབང་༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་ངེད་གཉིས་དམ་ཚིག་གཅིག༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་རྣམས་ཐམས་ཅད་རྒྱུ་འབྲས་གཅིག༔ ཧཱུྃ་ཧྲཱིཿ དཔལ་གྱི་ {{TibChung|[23a]}} བཀའ་ཉན་ལྷག་སྡུད་ནི༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ འཇིག་རྟེན་ཤ་ཟ་དམ་ཚིག་གི༔ མཁའ་འགྲོ་འཁོར་དང་ཡང་འཁོར་དང་༔ བཀའ་སྡོད་བྲན་གཡོག་བཅས་པ་རྣམས༔ གནས་བཟང་དེ་ནི་དུར་ཁྲོད་ཉུལ༔ གོས་བཟང་དེ་ནི་གཡང་གཞི་གྱོན༔ སྐྱོགས་བཟང་དེ་ནི་བྷནྡྡྷ་ཐོགས༔ སྐྱེམས་བཟང་དེ་ནི་རཀྟ་འཐུང་༔ ཟས་བཟང་དེ་ནི་མཱཾ་ས་ཟ༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ དམ་ཉམས་ཞིང་བཅུའི་སྲོག་དབུགས་ལེན༔ རྣལ་འབྱོར་སྒྲུབ་པའི་དྲོད་ཉུལ་རྣམས༔ ཕམ་ཕབ་ལྷག་གཏོར་འདི་བཞེས་ལ༔ བསྟན་པ་གཉན་པོ་བསྲུང་བ་དང་༔ ཕྲིན་ལས་རྣམ་བཞི་ལ་སོགས་པའི༔ རྣལ་འབྱོར་བསམ་དོན་མ་ལུས་པ༔ མྱུར་སྒྲུབ་བཅོལ་བའི་ཕྲིན་ལས་མཛོད༔ སརྦ་ཨུཙྪིཥྚ་བྷཀྵ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ {{TibChung|ཞེས་ཕྱི་རོལ་གྱི་ཟ་ལམ་དུ་བསྐྱལ་ལོ། །གསུམ་པ་ཐུགས་དམ་བསྐུལ་བ་ནི། མོས་ཤིང་གདུང་བའི་ཤུགས་ཀྱིས་མངོན་པར་འདོད་པའི་ལས་དང་དངོས་གྲུབ་སྒྲུབ་པ་ལ་ཆེད་དུ་བསྐུལ་བས་ལྷ་རྣམས་སྔོན་གྱི་ཐུགས་དམ་དགོངས་པ་དབྱིངས་ནས་བསྐྱོད་པར་བསམ་ཞིང་།}} ཧཱུྃ༔ མ་གཡེལ་མ་ {{TibChung|[23b]}} གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་༴ དཔའ་བོའི་༴ དཔའ་མོའི༴ དམ་ཅན༴ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ༴ མཁའ་འགྲོ་གིང་བཞིས་བྱིན༴ ནམ་མཁའི་དབྱིངས་ནས་སྐུ༴ རྡོ་རྗེ་ཕྲ་མེན་བྱིན༴ རྒྱ་མཚོའི་གླིང་ནས་སྐུ༴ མཚོ་གླིང་མཁའ་འགྲོས༴ ཕྱོགས་བཞིའི་གནས་ནས་སྐུ༴ ལས་བྱེད་མཁའ་འགྲོས༴ གངས་དཀར་རྩེ་ནས་སྐུ༴ རྡོ་རྗེ་གིང་ཆེན༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ པདྨ་འོད་ཀྱི་གཞལ་ཡས་ཁང་༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རྒྱུ༔ རྗེ་བཙུན་ {{TibChung|[24a]}} པདྨ་ཐོད་ཕྲེང་དང་༔ དྷཱ་ཀི་ཡེ་ཤེས་མཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་འཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཕྱག་གདུབ་ཞབས་གདུབ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ རོལ་མོ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱོན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་རྣམ་བཞི་ཁྱེད་ཀྱི་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་ {{TibChung|[24b]}} འབྱོར་སྐུ་དགྲ་ཁྱོད་ཀྱིས་ཐུལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ འབྱུང་བཞིའི་བར་ཆད་ཁྱོད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ {{TibChung|ཅེས་ཐུགས་དམ་བསྐུལ་ལོ། །སྐབས་འདིར་ཕྱག་བཞེས་ལས་འབྱུང་བ་བཞིན་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ་མོས་གུས་དྲག་པོས་གསོལ་བ་བཏབ་སྟེ།}} ཧཱུྃ་ཧྲཱིཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ༴ འགགས་མེད་གསུང་གི༴ འཁྲུལ་མེད་ཐུགས་ཀྱི༴ ཡོན་ཏན་རེ་སྐོང་༴ ཕྲིན་ལས་འགྲོ་འདུལ༴ འཆི་མེད་ཚེ་ཡི༴ འཛད་མེད་ནོར་གྱི༴ ཐུན་མོང་ཡིད་བཞིན༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ {{TibChung|རྩ་སྔགས་མཐར།}} ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ ཧོཿ {{TibChung|ཞེས་པས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་ {{TibChung|[25a]}} པ་འདོད་ཡོན་བདུད་རྩིར་ཞུ་བར་བསམ་ལ་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་ལོ། །དབང་བསྐུར་གཙོ་བོར་བྱེད་ན་ཚོགས་ལ་རོལ་པའི་སྔོན་དུ་བྱེད་པ་ཕྱག་ལེན་ནོ། །བཞི་པ་ཆད་མདོ་བྱ་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་ལ་སྨན་དང་རཀྟས་བྲན་པ་ཨོཾ་ཨཱཿཧཱུྃ་གིས་བརླབས་ནས།}} ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བ་སྐལ་པའི་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བསྟན་པ་གཉན་པོ་བསྲུང་བར་མ༴ སྙིགས་དུས་རྣལ་འབྱོར་སྐྱོང་བར༴ ཉམ་ངའི་དགྲ་འགེགས་སྒྲོལ་བར༴ སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ནས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾ་བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ བསམ་ཡས་བྲག་དམར་ཨཱརྱ་པཱ་གླིང་ {{TibChung|[25b]}} དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མངའ་བདག་མཚོ་རྒྱལ་རྗེ་འབངས་ཀྱིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པ་ཕོ་མོ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བསྟན་པ་གཉན་པོ་བསྲུང་བར༴ སྙིགས་དུས་རྣལ་འབྱོར་སྐྱོང་བར༴ ཉམ་ངའི་དགྲ་བགེགས་སྒྲོལ་བར༴ སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ནས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོཿ དུས་སྐབས་འདས་པ་དེ་ཡི་འོག་རོལ་དུ༔ དཔལ་གྱི་ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ སློབ་དཔོན་ཆེན་པོ་པདྨ་བདུད་འདུལ་དང་༔ སློབ་མ་མཚོ་རྒྱལ་འབྲོག་པ་ན་ཁྱེའུ་ཆུང་གིས༔ ཡང་གསང་དོན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འཇིག་རྟེན་མཁའ་འགྲོ་བསྟན་སྲུང་མ་མོ་ཡིས༔ སོ་སོའི༴ གཡར་དམ༴ བཀའ་ཡི༴ བསྟན་པ༴ སྙིགས་དུས༴ ཉམ་ངའི༴ སྔོན་གྱི༴ ཤ་ཁྲག༴ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ་བྷྱོ༔ {{TibChung|[26a]}} ད་དུས་རྩུབ་འགྱུར་བསྐལ་པའི་ཡང་མཐའ་འདིར༔ ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་རི་ནས༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ སློབ་མ་རིག་འཛིན་བདུད་འདུལ་རྡོ་རྗེ་ལ༔ རྩ་གསུམ་བླ་མའི་བཀའ་གཏད་མཛད་པའི་ཚེ༔ མ་གཟའ་རྡོར་སོགས་བཀའ་སྲུང་ཐམས་ཅད་ཀྱིས༔ སོ་སོའི༴ གཡར་དམ༴ བཀའ་ཡི༴ བསྟན་པ༴ སྙིགས་དུས༴ ཉམ་ངའི༴ སྔོན་གྱི༴ ཤ་ཁྲག༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ {{TibChung|ཅེས་གཏོར་མ་ཕྱི་རོལ་དུ་འབུལ་ལོ། །ལྔ་པ་བརྟན་མ་སྐྱོང་བ་ནི། བཤལ་ཆུའི་གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལོ།}} བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གངས་ཀྱི་གཡུ་བུན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་དབང་ཆེན་ཁྱེད་བཞི་ཡང་༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་ {{TibChung|[26b]}} སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་རྩལ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་མཐུ་ཆེན་ཁྱེད་བཞི་ཡང་༔ འདིར་གཤེགས༴ དམ་བཅའ༴ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་མོ་ཆེན་མོ་བཞིན་མཛེས་ཁྱེད་བཞི་ཡང་༔ འདིར་གཤེགས༴ དམ་བཅས༴ བྷྱོ༔ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་༔ ན་བཟའ་ལྷབ་ལྷུབ་མཛེས་པས་ཀླུབས༔ རིན་ཆེན་རྣམ་པ་མང་པོས་སྤྲས༔ གླུ་གར་རོལ་མོའི་སྒྲ་དང་བཅས༔ ཆིབས་སུ་ཤ་རྐྱང་འབྲོང་སོགས་བཅིབས༔ བྲན་གཡོག་སྤྲུལ་པ་མང་པོས་བསྐོར༔ གར་ཡང་རྫུ་འཕྲུལ་ཐོགས་མེད་འགྱོད༔ ཟས་སྐོམ་ཤ་ཁྲག་གསེར་སྐྱེམས་རོལ༔ ལས་སུ་བསྟན་པའི་བྱ་ར་མཛདཿ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཇི་བཞིན་དུ༔ བཀའ་ཡི་ཕམ་ཕབ་འདི་བཞེས་ལ༔ བསྟན་པ་གཉན་པོ་བསྲུང་བ་དང་༔ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར༔ {{TibChung|[27a]}} དགྲ་བགེགས་མཐའ་ཡི་དམག་དཔུང་བཟློག༔ བོད་ཁམས་བདེ་སྐྱིད་ལྡན་པ་དང་༔ རྣལ་འབྱོར་བསམ་པའི་དོན་ཇི་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ {{TibChung|ཞེས་གཙང་སར་འབུལ་ལོ། །དྲུག་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་རྣམས་བཀུག་ཅིང་མནན་པར་བསམ་ལ།ས}} ཧཱུྃ་ཧྲཱིཿ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡི༔ བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་གཅོད༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་བསྐངས༔ མ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དུ༔ རྟ་མགྲིན་ཁྲོས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་བསྐང་བའི་ཆོ་ག་རྫོགས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ {{TibChung|[27b]}} ཚོགས་ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུངས་པས༔ རཱུ་དྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ {{TibChung|ཅེས་བྲོ་བརྡུང་ངོ་། །བདུན་པ་ནོངས་པ་བཤགས་པ་ནི། གཏང་རག་གི་དོན་དུ་སླར་ཡང་མཆོད་ཅིང་བསྟོད་ནས།}} ཧཱུྃ་ཧྲཱིཿ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ མཆོད་པའི་ཡོ་བྱད་མ་ཚང་དང་༔ སྒྲུབ་རྫས་དཀྱིལ་འཁོར་མ་འབྱོར་དང་༔ བསྐྱེད་རིམ་ཏིང་འཛིན་མ་གསལ་དང་༔ སྔགས་ཉམས་ཆོ་ག་ལྷག་ཆད་ཀུན༔ མགོན་པོས་བཟོད་པར་མཛད་དུ་གསོལ༔ {{TibChung|ཞེས་དང་། ཨ་ལི་ཀ་ལི་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །བརྒྱད་པ་ཉེར་བསྡུ་བྱ་བ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་དམིགས་ཏེ།}} ཨཿ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ རྩ་གསུམ་དཀྱིལ་འཁོར་འཇའ་ལྟར་ཤར༔ ཐབས་མཁས་ཐུགས་རྗེའི་རང་བཞིན་ལས༔ དག་གསལ་ཡེ་ཤེས་འོད་ཀློང་བསྡུ༔ འཁོར་ཡང་རིམ་བཞིན་གཙོ་ལ་ཐིམ༔ གཙོ་ཡང་ཐུགས་སྲོག་ཧྲཱིཿལ་བསྡུ༔ ཧྲཱིཿཡང་གྱེན་རྫོགས་མི་དམིགས་ཡལ༔ ཆོས་ཉིད་གསལ་སྟོང་ངང་དུ་བཞག༔ {{TibChung|ཅེས་རྟེན་དང་བརྟེན་པའི་སྣང་ཆ་ཐམས་ཅད་འོད་གསལ་དུ་བསྡུས་ཏེ་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་།}} དེ་ལས་ལྡང་བར་བརྩམ་པ་ {{TibChung|[28a]}} ན། སླར་ཡང་བདག་ཉིད་དབང་གི་སྐུ༔ སྤྱི་བོར་རིག་འཛིན་བླ་མར་བཅས༔ གནས་གསུམ་འབྲུ་གསུམ་རྡོ་རྗེའི་གོ༔ སྣང་སྲིད་ལྷ་སྔགས་ཡེ་ཤེས་ཆེ༔ ཨོཾ་བཛྲ་ཀཱ་ཝཱ་ཙི་ཨཱཿཧཱུྃ༔ {{TibChung|ཞེས་སྣོད་བཅུད་ཐམས་ཅད་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོར་སྦྱར་ཏེ་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་བཞིན་ལམ་དུ་ཁྱེར་རོ། །དགུ་པ་སྨོན་ལམ་གདབ་པ་ནི། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་འདུན་པ་རྩེ་གཅིག་པའི་སྒོ་ནས།}} ན་མོཿ བདག་གིས་ཡང་གསང་བླ་མ་བསྒྲུབ་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིགཿ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ {{TibChung|ཅེས་སྨོན་ལམ་གདབ་བོ། །བཅུ་པ་ཤིས་པ་བརྗོད་པ་ནི། མེ་ཏོག་གི་ཆར་སིལ་མར་བསྙིལ་ལ།}} ཧྲཱིཿ ཆོས་སྐུ་ནམ་མཁའ་ལྟ་བུའི་ {{TibChung|[28b]}} ངང་༔ འོད་དཔག་མེད་པའི་བཀྲ་ཤིས་ཤོག༔ ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ༔ ནམ་མཁའི་རྒྱལ་པོའི་བཀྲ་ཤིས་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ པདྨ་འོད་འབར་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི༔ དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ ཕྱི་ནང་བར་ཆད་ཀུན་སེལ་བའི༔ བཀའ་སྲུང་གཏེར་བདག་བཀྲ་ཤིས་ཤོག༔ བསྟན་ལ་དགྲ་བགེགས་དར་བ་ན༔ མྱུར་དུ་སྒྲོལ་བའི་བཀྲ་ཤིས་ཤོག༔ དམ་ཆོས་རྫོགས་པ་ཆེན་པོ་ཡི༔ བསྟན་པ་དར་བའི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ {{TibChung|ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ནར་མར་བརྩོན་ཅིང་ཡར་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཀྱི་མཆོད་པ་ཁྱད་པར་དུ་བྱས་ཏེ་ཉམས་སུ་བླངས་པ་ལས་རང་གཞན་གྱི་དོན་རླབས་པོ་ཆེ་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ནི་རྡོ་རྗེའི་གསུང་ལས། ཡང་གཏེར་སྙིང་ཁྲག་འདི་ལ་སུས་སྤྱོད་པ༔ དངོས་གྲུབ་དུས་ལས་འདའ་བ་ག་ལ་སྲིད༔ འདི་ཉིད་བྲིས་སམ་བཅངས་པས་ {{TibChung|[29a]}} དངོས་གྲུབ་ཐོབ༔ ལན་གཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་༔ ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས༔ དབང་ཐོབ་ཙམ་གྱིས་པདྨ་ཅན་དུ་སྐྱེ༔ ཉམས་སུ་བླངས་པའི་འབྲས་བུ་སྨོས་ཅི་དགོས༔ ཞེས་དང་། གཞན་ཡང་། མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བ་བཤམ༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་དུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབས་འབྱོན་དམ་ཚིག་ན་རཀ་ན༔ ཁྱད་པར་དུས་ཆེན་ཚེས་བཅུར་ཨོ་རྒྱན་ང་༔ གངས་ཅན་བོད་ཡུལ་ས་སྟེང་ཁྱབ་པར་འོང་༔ ཉི་ཟླའི་ཟེར་དང་འཇའ་ཚོན་ཆར་རྡུལ་ལ༔ ཆིབས་ཏེ་མོས་པའི་བུ་ཡི་བར་ཆད་སེལ༔ ཇི་ལྟར་འདོད་པའི་དབང་བཞི་མི་བསྐུར་རེ༔ ཐ་ཚིག་ཡིན་ནོ་པདྨས་བསླུ་རེ་ཀན༔ ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཚུགས༔ བཀའ་བཞིན་བསྒྲུབས་པས་རྒྱལ་ཁམས་བདེ་ལ་འགོད༔ ཐུགས་ལ་བཏགས་སོ་ལས་ཅན་ལྷ་ཡི་སྲས༔ ང་དང་མཇལ་གྱི་རྗེ་འབངས་ཐུགས་མ་ཆད༔ ཅེས་འགགས་མེད་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པའི་བདེན་དོན་ཟབ་མོ་ནམ་ཡང་མི་བསླུ་བའི་ཚད་མ་ཉིད་དུ་ངེས་པ་ཡིན་ནོ། །རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །ཁྱབ་བདག་བླ་མ་རྩ་གསུམ་འཁོར་ལོའི་སྤྲིན། །ཉེ་བར་བསྙེན་ {{TibChung|[29b]}} ལས་མཆོག་ཐུན་འདོད་པ་རྒུའི། །དངོས་གྲུབ་རིན་ཆེན་དཔལ་གྱི་དགའ་སྟོན་སྤྲོས། །གྲུབ་པའི་མེས་པོ་བདུད་འདུལ་ནུས་ལྡན་པས། །ངོ་མཚར་ཟབ་གཏེར་རྒྱ་མཚོ་བསྲུབས་པ་ལས། །བླ་མེད་ཐུགས་སྒྲུབ་བྱེ་བའི་ཡང་ཞུན་ནི། །ཟབ་ལམ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཕྱུངས། །ཁོ་བོའི་བློ་གྲོས་ཤིང་རྟའི་སྒྱུ་ཐབས་ཀྱིས། །སླར་ཡང་ཁྲིགས་བསྡེབས་ཤར་རིའི་ཕྲག་གོང་དུ། །མངོན་པར་དྲངས་འདི་ཇི་སྙེད་སྐལ་བཟང་གི། །ཕན་བདེའི་པད་ཚལ་འབྱེད་ལ་ཆས་པ་བཞིན། །ལེགས་བྱས་དྲི་མ་མེད་པའི་བསོད་ནམས་ནི། །ཕྲིན་ལས་འོད་སྟོང་ཟེར་ཕྲེང་རབ་འབར་བས། །འགྲོ་བའི་ཉེས་བརྒྱའི་མུན་པ་མཐར་བྱས་ཏེ། །ཞིང་ཀུན་བཀྲ་ཤིས་སྣང་བས་མཛེས་བྱེད་ཤོག །དེ་ལྟར་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་ཡང་གསང་བླ་མའི་ལས་བྱང་ཁྲིགས་སུ་བསྡེབས་པ་རིགས་འཛིན་པའི་དགོངས་རྒྱན་ཅེས་བྱ་བ་འདི་ནི། འཁོར་ལོའི་མགོན་པོ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ་རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། རྩ་བའི་ལས་བྱང་ལ་སྐབས་སུ་བབ་པའི་ཁ་སྐོང་དུ་འོས་པ་རྣམས་གཞུང་གི་དངོས་བསྟན་དང་གཏེར་ཆེན་ཉིད་ཀྱི་བཀའ་སྲོལ་བཞིན་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་ལས་བླངས་ཤིང་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། བདེ་བ་ཆེན་པོ་པདྨ་སམྦྷ་ཝ་ཡབ་ཡུམ་གྱིས་འབྲོག་བན་ལོ་ཙཱའི་སྐྱེས་པ་རབས་ཀྱི་ཕྲེང་བའི་གྲལ་དུ་བྱིན་ {{TibChung|[30a]}} གྱིས་བརླབས་པའི་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས། རང་ལོ་སུམ་ཅུ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་དབང་ཆེན་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་གྲུབ་པའི་གནས་མཆོག་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་པ་མཆོག་གི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རྣམ་བར་དགེ་བའི་ནོར་ལྡན་བླ་མ་པདྨ་བློ་གསལ་ཀྱིས་མཛད་པ་ལས། སླར་ཡང་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པའི་དགའ་ཚལ་ཆེན་པོར་ཚེས་བཅུའི་དུས་མཆོད་སྤྲོས་བཅས་ཀྱི་ཕྱག་བཞེས་གསར་དུ་འཛུག་པར་ཉེ་བ་ན་ཤིན་ཏུ་གསལ་བར་བགྱིས་པའོ། །འདིས་ཀྱང་རྨད་དུ་བྱུང་བའི་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་འགྲོ་བ་ཐམས་ཅད་སྐུ་བཞིའི་དབང་ཕྱུག་གུ་རུ་ཐོད་ཕྲེང་རྩལ་གྱི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 14:50, 18 August 2025
| Wylie title | dam chos dgongs pa yongs 'dus las yang gsang bla ma'i las byang khrigs su bsdebs pa rig pa 'dzin pa'i dgongs rgyan | |
|---|---|---|
| Location | bdud 'joms rin po che bka' 'bum Volume 7, Text 9, Pages 207-265 (Folios 1a1 to 30a5) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus las yang gsang bla ma'i las byang khrigs su bsdebs pa rig pa 'dzin pa'i dgongs rgyan. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 207-265. Kalimpong: Dupjung Lama, 1979-1985. | |
| Side notes | Recto: las byang Verso: bdud 'dul dgongs 'dus | |
| More details More details | ||
| Tertön | བདུད་འདུལ་རྡོ་རྗེ་ (bdud 'dul rdo rje) | |
| Genre | Activity Manual - las byang | |
| Cycle | བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus) | |
| Colophon |
།དེ་ལྟར་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་ཡང་གསང་བླ་མའི་ལས་བྱང་ཁྲིགས་སུ་བསྡེབས་པ་རིགས་འཛིན་པའི་དགོངས་རྒྱན་ཅེས་བྱ་བ་འདི་ནི། འཁོར་ལོའི་མགོན་པོ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ་རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། རྩ་བའི་ལས་བྱང་ལ་སྐབས་སུ་བབ་པའི་ཁ་སྐོང་དུ་འོས་པ་རྣམས་གཞུང་གི་དངོས་བསྟན་དང་གཏེར་ཆེན་ཉིད་ཀྱི་བཀའ་སྲོལ་བཞིན་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་ལས་བླངས་ཤིང་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། བདེ་བ་ཆེན་པོ་པདྨ་སམྦྷ་ཝ་ཡབ་ཡུམ་གྱིས་འབྲོག་བན་ལོ་ཙཱའི་སྐྱེས་པ་རབས་ཀྱི་ཕྲེང་བའི་གྲལ་དུ་བྱིན་གྱིས་བརླབས་པའི་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས། རང་ལོ་སུམ་ཅུ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་དབང་ཆེན་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་གྲུབ་པའི་གནས་མཆོག་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་པ་མཆོག་གི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རྣམ་བར་དགེ་བའི་ནོར་ལྡན་བླ་མ་པདྨ་བློ་གསལ་ཀྱིས་མཛད་པ་ལས། སླར་ཡང་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པའི་དགའ་ཚལ་ཆེན་པོར་ཚེས་བཅུའི་དུས་མཆོད་སྤྲོས་བཅས་ཀྱི་ཕྱག་བཞེས་གསར་དུ་འཛུག་པར་ཉེ་བ་ན་ཤིན་ཏུ་གསལ་བར་བགྱིས་པའོ། །འདིས་ཀྱང་རྨད་དུ་བྱུང་བའི་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་འགྲོ་བ་ཐམས་ཅད་སྐུ་བཞིའི་དབང་ཕྱུག་གུ་རུ་ཐོད་ཕྲེང་རྩལ་གྱི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
|
de ltar dam chos dgongs pa yongs 'dus kyi yang gsang bla ma'i las byang khrigs su bsdebs pa rigs 'dzin pa'i dgongs rgyan ces bya ba 'di ni/___'khor lo'i mgon po gar gyi dbang phyug sangs rgyas rdo rje 'dus pa rtsal gyi bka'i cod pan spyi bor bcings te rang gzhan mang po la sman pa'i bsam pa nye bar bskyed nas/___rtsa ba'i las byang la skabs su bab pa'i kha skong du 'os pa rnams gzhung gi dngos bstan dang gter chen nyid kyi bka' srol bzhin rigs mthun gyi gter kha gong ma dag las blangs shing rgyun gyi nyams len 'jug pa bde ba'i dbang du byas te/___bde ba chen po pad+ma sam+b+ha wa yab yum gyis 'brog ban lo tsA'i skyes pa rabs kyi phreng ba'i gral du byin gyis brlabs pa'i lha rigs kyi sngags ban 'jigs bral ye shes rdo rje dge legs rnam par rgyal ba'i sdes/___rang lo sum cu pa'i thog tu son pa dpal gdong gi lo dbang chen spre'u zla ba'i yar ngo'i tshes bcu la grub pa'i gnas mchog chos sdings rin chen spungs kyi yang dben 'od gsal theg pa mchog gi gling du sbyar ba'i yi ge pa ni rnam bar dge ba'i nor ldan bla ma pad+ma blo gsal kyis mdzad pa las/___slar yang mkhan ljongs e waM bde chen chos 'khor gling bkra shis kyi dpal phun sum tshogs pa'i dga' tshal chen por tshes bcu'i dus mchod spros bcas kyi phyag bzhes gsar du 'dzug par nye ba na shin tu gsal bar bgyis pa'o/___/'dis kyang rmad du byung ba'i zab lam gyi phrin las phyogs dus kun tu dar zhing rgyas la yun ring du gnas pa dang /___mtha' yas pa'i 'gro ba thams cad sku bzhi'i dbang phyug gu ru thod phreng rtsal gyi go 'phang la myur du reg pa'i rgyur gyur cig___/sarba dA mang+ga laM// | ||