DJYD-KABUM-23-A-029: Difference between revisions

From Dudjom Wiki
DJYD-KABUM-23-A-029
No edit summary
m (Text replacement - "ངྷཱ" to "དྷཱ")
Line 32: Line 32:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །(འཇམ་དཔལ་སྨྲ་བའི་སེངྒེའི་སྒྲུབ་ཐབས་བློ་གྲོས་མཆོག་སྟེར་ཞེས་བྱ་བ་བཞུགས་སོ།  །ཨོཾ་སྭསྟི།  ཤེས་རབ་ཡེ་ཤེས་སྣང་བ་ཆེས།  །མི་ཤེས་རྨོངས་པའི་མུན་བསལ་ནས།  །བློ་གྲོས་པད་ཚལ་བཞད་འདོད་ན།  །འཇམ་དཔལ་སྨྲ་བའི་ཉི་མ་བསྒྲུབ།  །དབེན་པའི་གནས་སུ་མཚམས་བཅད་ལ།  །མཎྜལ་དཔའ་བོའི་རིལ་བུ་ཅན།  །མཆོད་པ་ལ་སོགས་འདུ་བགྱིས་ཏེ།  །གཙང་སྦྲའི་ཀུན་སྤྱོད་ལ་གནས་པས།  །སྐྱབས་སེམས་སྔོན་དུ་འགྲོ་བ་ཡིས།  །ཆོས་རྣམས་ཐམས་ཅད་སྟོང་པར་སྦྱངས།  །)སྟོང་པའི་ངང་ལས་པད་ཟླའི་སྟེང་།  །སིཾ་ལས་སེངྒེ་སྔོན་པོ་ནི།  །མགོ་བོ་གཡས་བསྟན་གདོང་གྱེན་ཕྱོགས།  །རལ་པ་དམར་སེར་གྲོལ་བ་ཅན།  །ཉལ་སྟབས་གནས་སྟེང་པད་ཉིའི་སྟེང་།  །རང་སེམས་ངྷཱིཿཡིག་ཡོངས་གྱུར་པ།   །འཇམ་དཔལ་གཞོན་ནུ་གུར་གུམ་མདངས།  །བཅུ་དྲུག་ལང་ཚོ་ཞི་འཛུམ་སྒེག  །ཆོས་འཆད་ཕྱག་རྒྱས་ཨུཏྤ་ལ།  །གཡས་གཡོན་རལ་གྲི་གླེགས་བམ་མཚན།  །ཟུར་ཕུད་ལྔ་ལྡན་ནོར་བུས་སྤྲས།  །དར་དང་རིན་ཆེན་རྒྱན་གྱིས་བརྒྱན།  །ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས།  འོད་དམར་ཀློང་དུ་ལམ་མེར་བཞུགས།  །མདུན་དུ་འཕགས་མ་དབྱངས་ཅན་སྔོ།  །ཕྱག་མཚན་རྒྱན་ཆས་ཡབ་འདྲ་ཞིང་།  །ལྷ་མོའི་ཆ་ལུགས་ཡོངས་(1བ)སུ་རྫོགས།  །བུད་མེད་སྒྱུ་མའི་ང་རྒྱལ་གྱིས།  །པད་ཟླར་ཙོག་པུའི་ཕྱེད་སྐྱིལ་རོལ༔  །  ཡབ་ཀྱི་ཐུགས་ཀར་འཁོར་ལོ་(དམར་པོ་རྩིབས་བཞི་པ།)དང་།  །ཡུམ་གྱི་ཐུགས་ཀར་པདྨའི་(འདབ་མ་བརྒྱད་པ།)ལྟེར།  །རལ་གྲི་སོ་སོའི་སྔགས་ཀྱིས་མཚན།  །དེ་ལས་འོད་འཕྲོས་རང་འདྲ་བའི།  །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསམ།  །བཛྲ་ས་མཱ་ཛཿབརྗོད་པས།  །སྤྱན་དྲངས་མཆོད་པས་མཆོད་བྱས་ལ།  །ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ།  །སླར་ཡང་དབང་ལྷ་སྤྱན་དྲངས་པས།  །བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ།  ཞེས་པས་དབང་བསྐུར་གཉིས་ཀ་ལ།  །མི་བསྐྱོད་པ་ཡིས་དབུ་བརྒྱན་བསམ།  །ཐུགས་ཀའི་སྔགས་ལས་འོད་འཕྲོས་པས།  །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར།  །རང་གི་ཐུགས་ཀའི་ངྷཱིཿཡིག་ལས།   །འོད་འཕྲོས་སྣ་བུག་གཡས་ནས་ཐོན།  །ཡུམ་གྱི་སྣ་བུག་གཡོན་དུ་ཞུགས།  །ཐུགས་ཀའི་ཧྲཱིཿར་ཐིམ་དེ་ཡི་འོད།  །ཡུམ་གྱི་སྣ་བུག་གཡས་ནས་བྱུང་།  །བདག་གི་གཡོན་ཞུགས་ངྷཱིཿལ་ཐིམ།   །ཤེས་རབ་སྣང་བ་རབ་འབར་བསམ།  །ཨོཾ་ཧྲཱིཾ་ངྷཱིཿམ་མེ་དཱི་པ་སྭ་ར་སྭསྟི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྔྷ་ནི་ཧྲཱིཿངྷཱིཿསྭཱཧཱ།   ཞེས་པ་སྐྱོན་སྤངས་རྩེ་གཅིག་བཟླ།  །ཐུན་མཐར་སྣོད་བཅུད་འོད་དུ་བསྡུ།  །ཡུམ་ལ་ཐིམ་ཞིང་དེ་ཡབ་ལ།  །དེ་(2ན)ཡང་ཐུགས་ཀའི་ས་བོན་བར།  །བསྡུས་ནས་མི་དམིགས་ངང་དུ་སྦྱངས།  །(ལྡང་ན་)ཧྲཱིཿངྷཱིཿའི་(སྒྲས་བསྐུལ་མོས།   །)ཐུན་མཚམས་མཆོད་བསྟོད་གཏོར་མ་འབུལ།  །མ་གྲུབ་སྤོགས་ཆོག་བདག་མདུན་གཉིས།  །གོ་བརྗེས་སྔགས་ཀྱང་ངྷཱིཿཧྲཱིཿར་བསྒྱུར།   །སྔགས་ཀྱི་འོད་ཟེར་མེ་ལྟ་བུས།  །གཟིར་བས་འཇམ་དཔལ་རབ་དགྱེས་ཏེ།  །འདོད་པའི་དངོས་གྲུབ་སྩོལ་བར་བསམ།  །བསྙེན་པ་ལན་གཅིག་ཐོན་ནས་ནི།  །དཔའ་བོའི་རིལ་བུ་བསྒྲུབ་འདོད་ན།  །སྤང་རྒྱན་གླ་རྩི་མཚལ་དཀར་གསུམ།  །ཡུང་བ་ཙནྡན་ཨ་ག་རུ།  །སྤང་སྤོས་དབང་ལག་ཤུ་དག་གསུམ།  །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར།  །དཔའ་བོ་བཅུ་གཉིས་བསྡུས་ནས་ནི།  །ཞིབ་པར་བཏགས་ལ་སྦྲང་རྩི་དང་།  །བ་དམར་འོ་མས་རིལ་བུར་བྱ།  །ཤེལ་ཕོར་དུ་བླུགས་དར་(དམར་སེར་)གྱིས་དགབ།  །དེ་ཉིད་དབྱངས་ཅན་མར་བསྐྱེད་ལ།  །འཁོར་འདས་སྣོད་བཅུད་ཡོན་ཏན་ཀུན།  །བསྡུས་ནས་རིལ་བུ་ལ་བསྟིམ་ཞིང་།  །སྨྲ་བཅད་བཟླས་པས་རབ་ཏུ་བསྐུལ།  །འོད་དང་དུ་བ་སྒྲ་ལ་སོགས།  །མཚན་མ་མཐོང་ཚེ་དངོས་གྲུབ་བླང་།  །རིལ་བུ་སུ་ཡིས་ལོངས་སྤྱད་པ།  །བློ་གྲོས་གཏེར་ལ་དབང་ཐོབ་འགྱུར།  །གཞན་ལ་རྗེས་གནང་སྦྱིན་འདོད་ན།  །སློབ་མས་མཎྜལ་དང་བཅས་ཏེ།  །གསོལ་གདབ་རྒྱུན་བཤགས་སྔོན་འགྲོ་བས།  །སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས།  །སློབ་བུའི་སྒྲིབ་སྦྱངས་འཇམ་དཔལ་སྐུར།  །བསྐྱེད་ལ་དཔྲལ་བའི་སྐུ་གཉིས་པ།  །སྤྲོས་བསྟིམ་སྐུ་ཡི་དབང་ཕྱུག་གྱུར།  །(2བ)དེ་བཞིན་མགྲིན་པའི་སྔགས་ཕྲེང་དང་།  །ཐུགས་ཀའི་ཕྱག་མཚན་ངྷཱིཿཡིས་མཚན།   །ཕྱག་གཡོན་པུསྟི་སྤྲོས་བསྟིམས་ཀྱིས།  །སྐུ་གསུང་ཐུགས་ཡོན་རྗེས་གནང་སྦྱིན།  །དབྱངས་ཅན་གནས་ལྔར་སྤྲོས་བསྟིམ་བཅས།  །རིལ་བུ་བཟར་གཞུག་ཕྲིན་ལས་ཀྱི།  །རྗེས་གནང་སྦྱིན་ལ་བཟླས་ལུང་འབོག  །དམ་ཚིག་ཁས་བླངས་ཡོན་གྱིས་མཆོད།  །དེས་ནི་འཇམ་དཔལ་དཔའ་བོ་ཡིས།  །རྗེས་སུ་འཛིན་པའི་སྐལ་ལྡན་འགྱུར།  །གང་གི་རིག་སྔགས་གྲུབ་པ་ན།  །མངོན་པར་ཤེས་དང་རྫུ་འཕྲུལ་སྟོན།  །ཕན་གནོད་ལས་ཀྱི་བྱེ་བྲག་ཀུན།  །བསམ་པ་ཇི་བཞིན་ཡང་དག་སྤྱོད།  །སྒྲུབ་ཐབས་འོ་མའི་ཆུ་གཏེར་ལས།  །སྙིང་པོའི་རྩི་བཅུད་དགོང་བུ་ནི།  །བློ་ལྡན་དགའ་བའི་བཅུད་ལེན་དུ།  །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བླངས།  ཅུང་ཞིག་འབད་པའི་ལེགས་བྱས་ཀྱིས།  །བསོད་ནམས་ཕ་མཐའ་ཡས་པའི་དངོས།  །འགྲོ་བ་ཀུན་གྱིས་ཡོངས་ཐོས་ནས།  །སྨྲ་བའི་སེངྒེ་ཉིད་གྱུར་ཅིག།  །།)}}
{{TibP|༄༅།  །(འཇམ་དཔལ་སྨྲ་བའི་སེངྒེའི་སྒྲུབ་ཐབས་བློ་གྲོས་མཆོག་སྟེར་ཞེས་བྱ་བ་བཞུགས་སོ།  །ཨོཾ་སྭསྟི།  ཤེས་རབ་ཡེ་ཤེས་སྣང་བ་ཆེས།  །མི་ཤེས་རྨོངས་པའི་མུན་བསལ་ནས།  །བློ་གྲོས་པད་ཚལ་བཞད་འདོད་ན།  །འཇམ་དཔལ་སྨྲ་བའི་ཉི་མ་བསྒྲུབ།  །དབེན་པའི་གནས་སུ་མཚམས་བཅད་ལ།  །མཎྜལ་དཔའ་བོའི་རིལ་བུ་ཅན།  །མཆོད་པ་ལ་སོགས་འདུ་བགྱིས་ཏེ།  །གཙང་སྦྲའི་ཀུན་སྤྱོད་ལ་གནས་པས།  །སྐྱབས་སེམས་སྔོན་དུ་འགྲོ་བ་ཡིས།  །ཆོས་རྣམས་ཐམས་ཅད་སྟོང་པར་སྦྱངས།  །)སྟོང་པའི་ངང་ལས་པད་ཟླའི་སྟེང་།  །སིཾ་ལས་སེངྒེ་སྔོན་པོ་ནི།  །མགོ་བོ་གཡས་བསྟན་གདོང་གྱེན་ཕྱོགས།  །རལ་པ་དམར་སེར་གྲོལ་བ་ཅན།  །ཉལ་སྟབས་གནས་སྟེང་པད་ཉིའི་སྟེང་།  །རང་སེམས་དྷཱིཿཡིག་ཡོངས་གྱུར་པ།   །འཇམ་དཔལ་གཞོན་ནུ་གུར་གུམ་མདངས།  །བཅུ་དྲུག་ལང་ཚོ་ཞི་འཛུམ་སྒེག  །ཆོས་འཆད་ཕྱག་རྒྱས་ཨུཏྤ་ལ།  །གཡས་གཡོན་རལ་གྲི་གླེགས་བམ་མཚན།  །ཟུར་ཕུད་ལྔ་ལྡན་ནོར་བུས་སྤྲས།  །དར་དང་རིན་ཆེན་རྒྱན་གྱིས་བརྒྱན།  །ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས།  འོད་དམར་ཀློང་དུ་ལམ་མེར་བཞུགས།  །མདུན་དུ་འཕགས་མ་དབྱངས་ཅན་སྔོ།  །ཕྱག་མཚན་རྒྱན་ཆས་ཡབ་འདྲ་ཞིང་།  །ལྷ་མོའི་ཆ་ལུགས་ཡོངས་(1བ)སུ་རྫོགས།  །བུད་མེད་སྒྱུ་མའི་ང་རྒྱལ་གྱིས།  །པད་ཟླར་ཙོག་པུའི་ཕྱེད་སྐྱིལ་རོལ༔  །  ཡབ་ཀྱི་ཐུགས་ཀར་འཁོར་ལོ་(དམར་པོ་རྩིབས་བཞི་པ།)དང་།  །ཡུམ་གྱི་ཐུགས་ཀར་པདྨའི་(འདབ་མ་བརྒྱད་པ།)ལྟེར།  །རལ་གྲི་སོ་སོའི་སྔགས་ཀྱིས་མཚན།  །དེ་ལས་འོད་འཕྲོས་རང་འདྲ་བའི།  །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསམ།  །བཛྲ་ས་མཱ་ཛཿབརྗོད་པས།  །སྤྱན་དྲངས་མཆོད་པས་མཆོད་བྱས་ལ།  །ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ།  །སླར་ཡང་དབང་ལྷ་སྤྱན་དྲངས་པས།  །བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ།  ཞེས་པས་དབང་བསྐུར་གཉིས་ཀ་ལ།  །མི་བསྐྱོད་པ་ཡིས་དབུ་བརྒྱན་བསམ།  །ཐུགས་ཀའི་སྔགས་ལས་འོད་འཕྲོས་པས།  །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར།  །རང་གི་ཐུགས་ཀའི་དྷཱིཿཡིག་ལས།   །འོད་འཕྲོས་སྣ་བུག་གཡས་ནས་ཐོན།  །ཡུམ་གྱི་སྣ་བུག་གཡོན་དུ་ཞུགས།  །ཐུགས་ཀའི་ཧྲཱིཿར་ཐིམ་དེ་ཡི་འོད།  །ཡུམ་གྱི་སྣ་བུག་གཡས་ནས་བྱུང་།  །བདག་གི་གཡོན་ཞུགས་དྷཱིཿལ་ཐིམ།   །ཤེས་རབ་སྣང་བ་རབ་འབར་བསམ།  །ཨོཾ་ཧྲཱིཾ་དྷཱིཿམ་མེ་དཱི་པ་སྭ་ར་སྭསྟི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྔྷ་ནི་ཧྲཱིཿདྷཱིཿསྭཱཧཱ།   ཞེས་པ་སྐྱོན་སྤངས་རྩེ་གཅིག་བཟླ།  །ཐུན་མཐར་སྣོད་བཅུད་འོད་དུ་བསྡུ།  །ཡུམ་ལ་ཐིམ་ཞིང་དེ་ཡབ་ལ།  །དེ་(2ན)ཡང་ཐུགས་ཀའི་ས་བོན་བར།  །བསྡུས་ནས་མི་དམིགས་ངང་དུ་སྦྱངས།  །(ལྡང་ན་)ཧྲཱིཿདྷཱིཿའི་(སྒྲས་བསྐུལ་མོས།   །)ཐུན་མཚམས་མཆོད་བསྟོད་གཏོར་མ་འབུལ།  །མ་གྲུབ་སྤོགས་ཆོག་བདག་མདུན་གཉིས།  །གོ་བརྗེས་སྔགས་ཀྱང་དྷཱིཿཧྲཱིཿར་བསྒྱུར།   །སྔགས་ཀྱི་འོད་ཟེར་མེ་ལྟ་བུས།  །གཟིར་བས་འཇམ་དཔལ་རབ་དགྱེས་ཏེ།  །འདོད་པའི་དངོས་གྲུབ་སྩོལ་བར་བསམ།  །བསྙེན་པ་ལན་གཅིག་ཐོན་ནས་ནི།  །དཔའ་བོའི་རིལ་བུ་བསྒྲུབ་འདོད་ན།  །སྤང་རྒྱན་གླ་རྩི་མཚལ་དཀར་གསུམ།  །ཡུང་བ་ཙནྡན་ཨ་ག་རུ།  །སྤང་སྤོས་དབང་ལག་ཤུ་དག་གསུམ།  །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར།  །དཔའ་བོ་བཅུ་གཉིས་བསྡུས་ནས་ནི།  །ཞིབ་པར་བཏགས་ལ་སྦྲང་རྩི་དང་།  །བ་དམར་འོ་མས་རིལ་བུར་བྱ།  །ཤེལ་ཕོར་དུ་བླུགས་དར་(དམར་སེར་)གྱིས་དགབ།  །དེ་ཉིད་དབྱངས་ཅན་མར་བསྐྱེད་ལ།  །འཁོར་འདས་སྣོད་བཅུད་ཡོན་ཏན་ཀུན།  །བསྡུས་ནས་རིལ་བུ་ལ་བསྟིམ་ཞིང་།  །སྨྲ་བཅད་བཟླས་པས་རབ་ཏུ་བསྐུལ།  །འོད་དང་དུ་བ་སྒྲ་ལ་སོགས།  །མཚན་མ་མཐོང་ཚེ་དངོས་གྲུབ་བླང་།  །རིལ་བུ་སུ་ཡིས་ལོངས་སྤྱད་པ།  །བློ་གྲོས་གཏེར་ལ་དབང་ཐོབ་འགྱུར།  །གཞན་ལ་རྗེས་གནང་སྦྱིན་འདོད་ན།  །སློབ་མས་མཎྜལ་དང་བཅས་ཏེ།  །གསོལ་གདབ་རྒྱུན་བཤགས་སྔོན་འགྲོ་བས།  །སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས།  །སློབ་བུའི་སྒྲིབ་སྦྱངས་འཇམ་དཔལ་སྐུར།  །བསྐྱེད་ལ་དཔྲལ་བའི་སྐུ་གཉིས་པ།  །སྤྲོས་བསྟིམ་སྐུ་ཡི་དབང་ཕྱུག་གྱུར།  །(2བ)དེ་བཞིན་མགྲིན་པའི་སྔགས་ཕྲེང་དང་།  །ཐུགས་ཀའི་ཕྱག་མཚན་དྷཱིཿཡིས་མཚན།   །ཕྱག་གཡོན་པུསྟི་སྤྲོས་བསྟིམས་ཀྱིས།  །སྐུ་གསུང་ཐུགས་ཡོན་རྗེས་གནང་སྦྱིན།  །དབྱངས་ཅན་གནས་ལྔར་སྤྲོས་བསྟིམ་བཅས།  །རིལ་བུ་བཟར་གཞུག་ཕྲིན་ལས་ཀྱི།  །རྗེས་གནང་སྦྱིན་ལ་བཟླས་ལུང་འབོག  །དམ་ཚིག་ཁས་བླངས་ཡོན་གྱིས་མཆོད།  །དེས་ནི་འཇམ་དཔལ་དཔའ་བོ་ཡིས།  །རྗེས་སུ་འཛིན་པའི་སྐལ་ལྡན་འགྱུར།  །གང་གི་རིག་སྔགས་གྲུབ་པ་ན།  །མངོན་པར་ཤེས་དང་རྫུ་འཕྲུལ་སྟོན།  །ཕན་གནོད་ལས་ཀྱི་བྱེ་བྲག་ཀུན།  །བསམ་པ་ཇི་བཞིན་ཡང་དག་སྤྱོད།  །སྒྲུབ་ཐབས་འོ་མའི་ཆུ་གཏེར་ལས།  །སྙིང་པོའི་རྩི་བཅུད་དགོང་བུ་ནི།  །བློ་ལྡན་དགའ་བའི་བཅུད་ལེན་དུ།  །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བླངས།  ཅུང་ཞིག་འབད་པའི་ལེགས་བྱས་ཀྱིས།  །བསོད་ནམས་ཕ་མཐའ་ཡས་པའི་དངོས།  །འགྲོ་བ་ཀུན་གྱིས་ཡོངས་ཐོས་ནས།  །སྨྲ་བའི་སེངྒེ་ཉིད་གྱུར་ཅིག།  །།)}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 14:51, 18 August 2025

Wylie title 'jam dpal smra ba'i seng+ge'i sgrub thabs blo gros mchog ster DJYD-KABUM-23-A-029.pdf
Location bdud 'joms rin po che bka' 'bum
Volume 23, Text 29, Pages 507-510 (Folios 1a1 to 2b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. 'jam dpal smra ba'i seng+ge'i sgrub thabs blo gros mchog ster. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 507-510. Kalimpong: Dupjung Lama, 1979-1985.
Side notes Recto: sgrub thabs   Verso: 'jam dpal smra seng
More details More details
Genre Sadhanas - Evocation Ritual - sgrub thabs
Deity 'jam dpal smra ba'i seng+ge
[edit]
༄༅། །(འཇམ་དཔལ་སྨྲ་བའི་སེངྒེའི་སྒྲུབ་ཐབས་བློ་གྲོས་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། ཤེས་རབ་ཡེ་ཤེས་སྣང་བ་ཆེས། །མི་ཤེས་རྨོངས་པའི་མུན་བསལ་ནས། །བློ་གྲོས་པད་ཚལ་བཞད་འདོད་ན། །འཇམ་དཔལ་སྨྲ་བའི་ཉི་མ་བསྒྲུབ། །དབེན་པའི་གནས་སུ་མཚམས་བཅད་ལ། །མཎྜལ་དཔའ་བོའི་རིལ་བུ་ཅན། །མཆོད་པ་ལ་སོགས་འདུ་བགྱིས་ཏེ། །གཙང་སྦྲའི་ཀུན་སྤྱོད་ལ་གནས་པས། །སྐྱབས་སེམས་སྔོན་དུ་འགྲོ་བ་ཡིས། །ཆོས་རྣམས་ཐམས་ཅད་སྟོང་པར་སྦྱངས། །)སྟོང་པའི་ངང་ལས་པད་ཟླའི་སྟེང་། །སིཾ་ལས་སེངྒེ་སྔོན་པོ་ནི། །མགོ་བོ་གཡས་བསྟན་གདོང་གྱེན་ཕྱོགས། །རལ་པ་དམར་སེར་གྲོལ་བ་ཅན། །ཉལ་སྟབས་གནས་སྟེང་པད་ཉིའི་སྟེང་། །རང་སེམས་དྷཱིཿཡིག་ཡོངས་གྱུར་པ། །འཇམ་དཔལ་གཞོན་ནུ་གུར་གུམ་མདངས། །བཅུ་དྲུག་ལང་ཚོ་ཞི་འཛུམ་སྒེག །ཆོས་འཆད་ཕྱག་རྒྱས་ཨུཏྤ་ལ། །གཡས་གཡོན་རལ་གྲི་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་ནོར་བུས་སྤྲས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས། འོད་དམར་ཀློང་དུ་ལམ་མེར་བཞུགས། །མདུན་དུ་འཕགས་མ་དབྱངས་ཅན་སྔོ། །ཕྱག་མཚན་རྒྱན་ཆས་ཡབ་འདྲ་ཞིང་། །ལྷ་མོའི་ཆ་ལུགས་ཡོངས་(1བ)སུ་རྫོགས། །བུད་མེད་སྒྱུ་མའི་ང་རྒྱལ་གྱིས། །པད་ཟླར་ཙོག་པུའི་ཕྱེད་སྐྱིལ་རོལ༔ ། ཡབ་ཀྱི་ཐུགས་ཀར་འཁོར་ལོ་(དམར་པོ་རྩིབས་བཞི་པ།)དང་། །ཡུམ་གྱི་ཐུགས་ཀར་པདྨའི་(འདབ་མ་བརྒྱད་པ།)ལྟེར། །རལ་གྲི་སོ་སོའི་སྔགས་ཀྱིས་མཚན། །དེ་ལས་འོད་འཕྲོས་རང་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསམ། །བཛྲ་ས་མཱ་ཛཿབརྗོད་པས། །སྤྱན་དྲངས་མཆོད་པས་མཆོད་བྱས་ལ། །ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ། །སླར་ཡང་དབང་ལྷ་སྤྱན་དྲངས་པས། །བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་དབང་བསྐུར་གཉིས་ཀ་ལ། །མི་བསྐྱོད་པ་ཡིས་དབུ་བརྒྱན་བསམ། །ཐུགས་ཀའི་སྔགས་ལས་འོད་འཕྲོས་པས། །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར། །རང་གི་ཐུགས་ཀའི་དྷཱིཿཡིག་ལས། །འོད་འཕྲོས་སྣ་བུག་གཡས་ནས་ཐོན། །ཡུམ་གྱི་སྣ་བུག་གཡོན་དུ་ཞུགས། །ཐུགས་ཀའི་ཧྲཱིཿར་ཐིམ་དེ་ཡི་འོད། །ཡུམ་གྱི་སྣ་བུག་གཡས་ནས་བྱུང་། །བདག་གི་གཡོན་ཞུགས་དྷཱིཿལ་ཐིམ། །ཤེས་རབ་སྣང་བ་རབ་འབར་བསམ། །ཨོཾ་ཧྲཱིཾ་དྷཱིཿམ་མེ་དཱི་པ་སྭ་ར་སྭསྟི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྔྷ་ནི་ཧྲཱིཿདྷཱིཿསྭཱཧཱ། ཞེས་པ་སྐྱོན་སྤངས་རྩེ་གཅིག་བཟླ། །ཐུན་མཐར་སྣོད་བཅུད་འོད་དུ་བསྡུ། །ཡུམ་ལ་ཐིམ་ཞིང་དེ་ཡབ་ལ། །དེ་(2ན)ཡང་ཐུགས་ཀའི་ས་བོན་བར། །བསྡུས་ནས་མི་དམིགས་ངང་དུ་སྦྱངས། །(ལྡང་ན་)ཧྲཱིཿདྷཱིཿའི་(སྒྲས་བསྐུལ་མོས། །)ཐུན་མཚམས་མཆོད་བསྟོད་གཏོར་མ་འབུལ། །མ་གྲུབ་སྤོགས་ཆོག་བདག་མདུན་གཉིས། །གོ་བརྗེས་སྔགས་ཀྱང་དྷཱིཿཧྲཱིཿར་བསྒྱུར། །སྔགས་ཀྱི་འོད་ཟེར་མེ་ལྟ་བུས། །གཟིར་བས་འཇམ་དཔལ་རབ་དགྱེས་ཏེ། །འདོད་པའི་དངོས་གྲུབ་སྩོལ་བར་བསམ། །བསྙེན་པ་ལན་གཅིག་ཐོན་ནས་ནི། །དཔའ་བོའི་རིལ་བུ་བསྒྲུབ་འདོད་ན། །སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙནྡན་ཨ་ག་རུ། །སྤང་སྤོས་དབང་ལག་ཤུ་དག་གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དཔའ་བོ་བཅུ་གཉིས་བསྡུས་ནས་ནི། །ཞིབ་པར་བཏགས་ལ་སྦྲང་རྩི་དང་། །བ་དམར་འོ་མས་རིལ་བུར་བྱ། །ཤེལ་ཕོར་དུ་བླུགས་དར་(དམར་སེར་)གྱིས་དགབ། །དེ་ཉིད་དབྱངས་ཅན་མར་བསྐྱེད་ལ། །འཁོར་འདས་སྣོད་བཅུད་ཡོན་ཏན་ཀུན། །བསྡུས་ནས་རིལ་བུ་ལ་བསྟིམ་ཞིང་། །སྨྲ་བཅད་བཟླས་པས་རབ་ཏུ་བསྐུལ། །འོད་དང་དུ་བ་སྒྲ་ལ་སོགས། །མཚན་མ་མཐོང་ཚེ་དངོས་གྲུབ་བླང་། །རིལ་བུ་སུ་ཡིས་ལོངས་སྤྱད་པ། །བློ་གྲོས་གཏེར་ལ་དབང་ཐོབ་འགྱུར། །གཞན་ལ་རྗེས་གནང་སྦྱིན་འདོད་ན། །སློབ་མས་མཎྜལ་དང་བཅས་ཏེ། །གསོལ་གདབ་རྒྱུན་བཤགས་སྔོན་འགྲོ་བས། །སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས། །སློབ་བུའི་སྒྲིབ་སྦྱངས་འཇམ་དཔལ་སྐུར། །བསྐྱེད་ལ་དཔྲལ་བའི་སྐུ་གཉིས་པ། །སྤྲོས་བསྟིམ་སྐུ་ཡི་དབང་ཕྱུག་གྱུར། །(2བ)དེ་བཞིན་མགྲིན་པའི་སྔགས་ཕྲེང་དང་། །ཐུགས་ཀའི་ཕྱག་མཚན་དྷཱིཿཡིས་མཚན། །ཕྱག་གཡོན་པུསྟི་སྤྲོས་བསྟིམས་ཀྱིས། །སྐུ་གསུང་ཐུགས་ཡོན་རྗེས་གནང་སྦྱིན། །དབྱངས་ཅན་གནས་ལྔར་སྤྲོས་བསྟིམ་བཅས། །རིལ་བུ་བཟར་གཞུག་ཕྲིན་ལས་ཀྱི། །རྗེས་གནང་སྦྱིན་ལ་བཟླས་ལུང་འབོག །དམ་ཚིག་ཁས་བླངས་ཡོན་གྱིས་མཆོད། །དེས་ནི་འཇམ་དཔལ་དཔའ་བོ་ཡིས། །རྗེས་སུ་འཛིན་པའི་སྐལ་ལྡན་འགྱུར། །གང་གི་རིག་སྔགས་གྲུབ་པ་ན། །མངོན་པར་ཤེས་དང་རྫུ་འཕྲུལ་སྟོན། །ཕན་གནོད་ལས་ཀྱི་བྱེ་བྲག་ཀུན། །བསམ་པ་ཇི་བཞིན་ཡང་དག་སྤྱོད། །སྒྲུབ་ཐབས་འོ་མའི་ཆུ་གཏེར་ལས། །སྙིང་པོའི་རྩི་བཅུད་དགོང་བུ་ནི། །བློ་ལྡན་དགའ་བའི་བཅུད་ལེན་དུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བླངས། ཅུང་ཞིག་འབད་པའི་ལེགས་བྱས་ཀྱིས། །བསོད་ནམས་ཕ་མཐའ་ཡས་པའི་དངོས། །འགྲོ་བ་ཀུན་གྱིས་ཡོངས་ཐོས་ནས། །སྨྲ་བའི་སེངྒེ་ཉིད་གྱུར་ཅིག། །།)