DJYD-KABUM-23-A-024: Difference between revisions
From Dudjom Wiki
DJYD-KABUM-23-A-024
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༄༅། །གདོན་གསུམ་ཡས་གླུད་བསྔོ་ཐབས་འདོད་ཡོན་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=23 | |||
|volumeLetter=A | |||
|textnuminvol=024 | |||
|pdflink=File:DJYD-KABUM-23-A-024.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-23-A | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །གདོན་གསུམ་ཡས་གླུད་བསྔོ་ཐབས་འདོད་ཡོན་ | |||
རྒྱན་འཁོད་བཀླག་ཆོག་ཏུ་བཀོད་པ་ལན་ཆགས་ | རྒྱན་འཁོད་བཀླག་ཆོག་ཏུ་བཀོད་པ་ལན་ཆགས་ | ||
རེ་སྐོང་ཞེས་བྱ་བ་བཞུགས་སོ། ། | རེ་སྐོང་ཞེས་བྱ་བ་བཞུགས་སོ། ། | ||
(1བ)ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ། དེའང་རིག་འཛིན་བདུད་འཇོམས་གླིང་པའི་ཟབ་མོ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ དེང་སང་དུས་ཀྱི་མར་གཤམ་སྙིགས་མ་འདིར༔ འགྲོ་རྣམས་བར་ཆད་གདོན་ལས་གྲོལ་བའི་ཕྱིར༔ གླུད་བསྔོས་ཟབ་མོ་འདོད་ཡོན་རྒྱན་འཁོར་ཞེས༔ ལེགས་པར་བཤད་ཀྱི་ཉོན་ཅིག་བདུད་འཇོམས་རྩལ༔ དུས་འདིར་སེམས་ཅན་ལས་ངན་དབང་ཆེ་བས༔ ལས་ཀྱི་ལན་ཆགས་འདྲེ་རྒོད་གདུག་པ་དར༔ གློ་བུར་ཧུར་ཐུམ་ཉེས་པ་མང་པོ་འབྱུང་༔ འདི་བཟློག་ཕྱིར་ན་ཡས་གླུད་ལན་ཅགས་གཏོང་༔ དེ་ཡིས་ཉེས་འགལ་(2ན)ཐམས་ཅད་བཟློག་པར་འགྱུར༔ ཞེས་གསུངས་པ་ཉིད་ལག་ཏུ་ལེན་པ་ལ། (མདུན་དུ་གཙང་མའི་སྣོད་ཡངས་པར་འབྲུ་ཕྱེ་ཆང་གིས་སྦྲུས་པའི་ཟན་ལས། དབུས་སུ་གཏི་མུག་ཀླུ་གདོན་ཕག་གི་མགོ་ཅན་ནག་པོ། གཡས་སུ་ཞེ་སྡང་རྒྱལ་པོ་སྤྲུལ་གྱི་མགོ་ཅན་སེར་ནག །གཡོན་དུ་འདོད་ཆགས་བསེན་མོ་བྱའི་མགོ་ཅན་དམར་ནག ། གསུམ་ཀའང་རང་མདོག་གི་བེར་གྱོན་ཅིང་ལག་གཉིས་བཟེད་དེ་ལེན་པའི་རྣམ་པ་ཅན་རྔམས་བརྗིད་དང་ལྡན་པ་ཁྲུ་གང་ངམ་མཐོ་གང་ལས་མི་ཆུང་བ་བཀོད། །སོ་སོའི་རྒྱབ་ཏུ་རང་མདོག་གི་ནམ་མཁའ་དང་། མདུན་དུ་ཏིང་ལོ། མཐའ་བསྐོར་དུ་བྱ་རིགས། གཅན་གཟན། རི་དྭགས་(2བ)གཡུང་དྭགས། ཆུ་གནས། ས་འཛུལ་སོགས་གཟུགས་འགྲོས་སྣ་ཚོགས་དང་། འདོད་ཡོན་ལྔ་དང་རྒྱན་གོས་མལ་ཆ་རྟ་ཁལ་བཞོན་པ་སོགས་ཅི་འབྱོར་བ་སྤར་དུ་བཏབ་ལ་ལྕགས་རིའི་ཚུལ་དུ་བསྐོར། དེའི་ནང་གི་ཆར་འབྲུ་སྨན། རིན་ཆེན། དར་སྣ། གོས་སྣ། ཤེལ་ཚིག་དཀར་ནག་སོགས་ཡས་སྟགས་གང་འབྱོར་བླུག །སྣོད་གཞན་ཞིག་ཏུ་ནད་པའི་ཁྲུས་ཁུ་སོགས་ཀྱི་སྦྲུས་པའི་ཟན་ལས། ཡོན་བདག་གམ་ནད་པའི་འདྲ་གླུད་སྐྱེ་མཆེད་དོད་པ་རང་གི་མཐོ་གང་ལས་མི་ཆུང་བ་ལ། ཕོ་མོ་ཆུང་གསུམ། སྒོ་ཕྱུགས་རྣམས་ཀྱི་གཟུགས་དང་ནམ་རྒྱང་མདའ་འཕང་སོགས་སྤར་དུ་བཏབ་པས་བསྐོར་བ་བཀོད། གཞན་ཡང་གྲངས་གསོག་བྱེད་གླུད་ཕྲན། ཆངས་བུ། མཐེབ་རིལ། ཟན་དུམ། འབྲས་ཆན་རྣམས་བརྒྱ་རྩའམ་ལོ་གྲངས་སོགས་སྐབས་དང་བསྟུན་པ་འདུ་བྱས་ལ། ཐོག་མར་བདག་བསྐྱེད་ནི།) སངས་རྒྱས་ཆོས་དང་ཚོགས་ཀྱི་(སོགས་སྤྱི་ལྟར་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པ་རྣམས་ལན་གསུམ་རེའི་མཐར།) རང་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་སེངྒེ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། དབུ་ལ་གཙུག་ཏོར་དང་ཞབས་(3ན)ལ་འཁོར་ལོ་ལ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་འོད་དང་འོད་ཟེར་རབ་ཏུ་འབར་བ། སྐུའི་བཀོད་པ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཡེ་ཤེས་སེམས་དཔའ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མ་ཛཿ(ས་སྤྱན་དྲངས།) ཛ༔ ཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། (ཞེས་གཉིས་སུ་མེད་པར་བཞུགས་པར་མོས།) ཨོཾ་ཤཱཀྱ་མུ་ན་ཡེ། ཨརྒྷཾ་(སོགས་ནས།) ཤཔྡའི་(བར་གྱིས་མཆོད།) ཐབས་མཁས་ཐུགས་རྗེ་(སོགས་ཀྱིས་བསྟོད།) ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་འོད་ཟེར་འབར་བས་བསྐོར་བ་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་པས་དོན་གཉིས་ཡོད་བཞིན་དུ་འགྲུབ་པར་བསམ་ལ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། (ཞེས་ཅི་འགྲུབ་བཟླའོ། །དེ་ནས་མགྲོན་འབོད་པ་ནི།) ཀྱེ༔ སྣང་ཞིང་སྲིད་པའི་ཁམས་འདི་ནི༔ ང་དང་བདག་ཏུ་འཛིན་པ་ཡི༔ (3བ)རྣམ་རྟོག་འཁོར་བའི་གདོན་བགེགས་ཚོགས༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཞེ་སྡང་རྒྱལ་པོ་སྦྲུལ་གྱི་གདོང་༔ འདོད་ཆགས་མོ་གདོན་བྱ་ཡི་གདོང་༔ ཁྱོད་ལས་མ་བྱུང་ལྷ་འདྲེ་གང་༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྲིད་པའི་གདོན་བགེགས་མ་ལུས་པ༔ ཤ་མཁོན་ཆགས་པའི་ལན་ཆགས་འཇལ༔ སྦྱིན་ཡུལ་གནས་འདིར་གཤེགས་སུ་གསོལ༔ ཞེ་སྡང་གདུག་པའི་སེམས་སྤོང་ལ༔ བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ༔ གཏི་མུག་འཐིབས་པའི་སེམས་སྤོང་ལ༔ མ་བུའི་འདུ་ཤེས་བསྐྱེད་ལ་གཤེགས༔ འདོད་ཆགས་འཁྲུལ་པའི་སེམས་སྤོང་ལ༔ གུས་འདུད་སེམས་ཀྱིས་གཤེགས་སུ་གསོལ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་ཀྱིས་འབྲེལ་བའི་ཕ་མ་རྣམས༔ དྲིན་ལན་འཇལ་གྱིས་འདིར་གཤེགས་ཤིག༔ (ལྕགས་ཀྱུའི་ཕྱག་རྒྱ་དང་བཅས༔ ) ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ སངས་སྔགས་དང་རིག་(4ན)སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་བྱིན་རླབས་ལ་བརྟེན་ནས༔ དེང་འདིར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའམ། (ཡང་ན། སྦྱིན་བདག་བསྲུང་བྱ་ནད་པ་འཁོར་དང་བཅས་པ་ལ་སོགས་སྐབས་ཐོབ་ཁ་བསྒྱུར་ལ།) གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་གང་དང་གང་ཡིན་པ་ཐམས་ཅད་ལན་ཆགས་གླུད་གཏོར་འདི་ཡི་གྲོན་དུ་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛཿ (ཞེས་ལན་གསུམ་མམ་བདུན་གྱིས་བཀུག་ནས།) ཛཿཧཱུྃ་བཾ་ཧོཿ (ཞེས་ཕྱག་རྒྱ་བཞིས་འགུག་འཆིང་སྡོམ་བསྟིམ་བྱས་ལ།) རང་གི་མདུན་ཚེ་རབས་ལན་ཆགས་ཀྱི་གདོན་བགེགས་ཐམས་ཅད་གདོན་གསུམ་གྱི་རྣམ་པར་དད་ཅིང་གུས་པའི་ཚུལ་གྱིས་གནས་པར་(བསམ་ཞིང་།) ཀྱེ༔ ཉོན་ཅིག་སྲིད་པའི་ཕ་མ་རྣམས༔ བུ་ཡིས་འབོད་པའི་གནས་འདི་རུ༔ ཡུད་ཙམ་བྱམས་པའི་སེམས་ཀྱིས་སྡོད༔ གུས་པའི་སེམས་ཀྱིས་ཚུར་གསོན་དང་༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ད་ལྟའི་བར་(4བ)དུ་འཁྲུལ་པས་བསླུས༔ ང་བདག་གཟུང་འཛིན་གྱིས་བསླངས་པའི༔ དུག་གསུམ་དགྲར་ལངས་ལྷ་འདྲེ་རྣམས༔ སེམས་ཅན་ཕ་མར་ཤེས་པ་ཡིས༔ དྲིན་ཤེས་ལན་ཆགས་གཏོར་མ་འཇལ༔ བུ་ལོན་ཚུལ་དུ་ལོངས་ལ་ཁྱེར༔ གདུག་སེམས་སྦྱོར་ངན་ཞི་གྱུར་ཅིག༔ བདག་དང་ཡོན་གྱི་བདག་པོ་ཡི༔ ལུས་སྲོག་ལོངས་སྤྱོད་ཚེ་མདངས་ཀྱི༔ རིན་ཐང་གླུད་བཟང་འབྲུ་སྣ་དང་༔ དར་ཟབ་རིན་ཆེན་གཟུགས་འགྲོས་རིགས༔ ཁྱད་པར་རྒྱལ་བའི་བཀས་གནང་བའི༔ ལན་ཆགས་འདོད་ཡོན་འབྱུང་གནས་འདི༔ གདོན་གསུམ་འཁོར་དང་བཅས་ལ་འབུལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ ནད་རྣམས་རབ་ཏུ་སོལ་མཛོད་ལ༔ གདོན་བགེགས་རང་གི་གནས་སུ་སོང་༔ འཕགས་པ་མཆོག་གསུམ་རིན་ཆེན་གྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སྣང་སྲིད་ལྷ་འདྲེ་འཁོར་བཅས་དང་༔ ཁྱད་པར་ལན་ཆགས་བུ་ལོན་མགྲོན༔ ཀུན་ལ་རང་མཐུན་ལན་ཆགས་འཇལ༔ བྱམས་གདུང་བརྩེ་བའི་སེམས་(5ན)ཀྱིས་ལོངས་༔ (ཞེས་བསྒོ། དེ་ནས་གླུད་གཏོར་བྱིན་གྱིས་བརླབ་ཅིང་བསྔོ་བ་ནི། གླུད་གཏོར་རྣམས་ལ་ཆུ་གཙང་འཐོར་ཞིང་།) རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་ཏྲཱྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོ་ནམ་མཁའི་ཁམས་ཐམས་ཅད་ཁྱད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ (ལན་གསུམ་གྱིས་བྱིན་བརླབ། གླུད་གཏོར་ཆངས་བུ་འབྲས་ཆན་སོགས་བདུན་ནམ་བཅུ་ཚན་རེ་ཐོགས་ལ།) དེ་བཞིན་གཤེགས་པ་རིན་ཆེན་མང་ལ་(སོགས་མཚན་བཞིའི་མཐར།) ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ (ཞེས་བདུན་ནམ་བཅུ་རེའི་མཐར།) ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས་བདག་ཅག་དཔོན་སློབ་བམ། །བསྲུང་བྱ་འཁོར་དང་བཅས་པའི་ནད་གདོན་(5བ)འགལ་རྐྱེན་བར་ཆད་ཆག་ཆེ་ཉམ་ང་ལོ་ཀག་ཟླ་གཤེད་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་ཞིང་བཟློག་པར་གྱུར་ཅིག༔ ང་བདག་གཟུང་འཛིན་རྒྱུ་རྐྱེན་རྟེན་འབྲེལ་གྱིས་ཀུན་ནས་བསླངས་པའི་ལན་ཆགས་བགེགས་རིགས་གནས་གདོན་ལུས་གདོན་ཐམས་ཅད་ངོམས་ཤིང་ཚིམ་ནས་གནོད་འཚེའི་སྦྱོར་བ་ཐམས་ཅད་ཞི་ཞིང་གྲོལ་བར་གྱུར་ཅིག༔ ཆོས་ཉིད་སྟོང་པའི་ངང་དུ་བྷྱོ་ཟློག་སྭཱ་ཧཱ༔ (ཞེས་ཆངས་གླུད་བསྲུང་བྱ་ཕོ་ཡིན་ན་གཡས་དང་། མོ་ཡིན་ན་གཡོན་དུ་བསྐོར་ནས་བསྲུང་བྱའི་འདྲ་གླུད་མཐའ་སྐོར་དུ་སྤུང་། ཡང་གླུད་གཏོར།) ཨོཾ་ཨཱཿཧཱུྃ་(གིས་བརླབས་ནས།) དེ་བཞིན་གཤེགས་པ་(བཞིའི་མཚན་དང་།) སམྦྷ་ར(ས་བསྔོས་ཏེ། བདེན་སྟོབས་བརྗོད་པའི་བར་སྔར་བཞིན་གྱིས་བརྒྱ་རྩའམ་སྟོང་རྩ་སོགས་གྲངས་གང་དགོས་བསགས་མཐར། རྫོང་འདེབས་ཀྱི་གླུད་གཏོར་ཆངས་བུ་སོགས་ཡས་རྫས་ལྷག་མ་གང་ཡོད་རྣམས་ལ་ཆུ་གཙང་འཐོར་ཞིང་།) རྃ་ཡྃ་ཁྃ༔ གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གང་ལ་མཁོ་རྒུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ (ལན་གསུམ།) ཨ་ཀཱ་རོ་(ལན་བདུན་དང་།) སམྦྷ་ར་(ལན་ཉེར་གཅིག་སོགས་ཀྱིས་བསྔོས་མཐར།) ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་བརྗོད་པས།) (6ན)རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པར་གསལ་བ་སྐད་ཅིག་གིས་གནས་འགྱུར་ཏེ་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་པས་ཞགས་པ་བསྣམས་པ༔ མེ་དཔུང་དམར་ནག་འབར་བའི་ཀློང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པཿ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐུའི་ཆ་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འཁོར་འདས་ཁྱབ་གདལ་གྱི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་ལ། ཨོཾ་ཧྲཱིཿཥྚི་ཝི་ཥྚི་ཏ་ན་ན་ཧཱུྃ་ཕཊ༔ (ཅེས་བརྒྱའམ་ཉེར་གཅིག་ཙམ་བཟླས་མཐར། ཆེ་བའི་ང་རྒྱལ་བསྐྱེད་དེ༔ ) ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་འཇིགས་བྱེད་འབར་བའི་སྐུ༔ ང་ནི་དུས་གསུམ་རྒྱལ་བ་འདུས་པའི་དཔལ༔ ང་ནི་མ་མོ་མཁའ་འགྲོ་ཡོངས་ཀྱི་ཡབ༔ ང་ནི་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་རྗེ༔ ང་ནི་གདོན་བགེགས་འབྱུང་པོ་ཀུན་གྱི་གཤེད༔ ང་ཡི་བཀའ་ལས་སུ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡིས་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་འབར་བའི་ཁྲོ་ཚོགས་དཔག་མེད་ཀྱིས༔ དམ་ཉམས་ཁྱོད་ཀྱི་ལུས་སེམས་རྡུལ་དུ་རློག༔ དེ་བས་(6བ)ཐམས་ཅད་བདེན་པའི་བཀའ་ལ་ཉོན༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་མི་ཟད་གཏེར་གྱི་ཚོགས༔ རང་རང་མཐུན་རྫས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམས་མཛོད་ལ༔ བཟུང་བ་ཐོང་ལ་བཅིང་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཟོས་པ་སྐྱུག་ལ་སྦྱོར་བ་ཤིག༔ འདུས་པ་བད་ཀན་ལས་གྱུར་ནད༔ མ་ལུས་ཞི་ཞིང་སེལ་བར་མཛོད༔ ནད་དེ་ནད་བདག་རང་གིས་ཁྱེར༔ གྲིབ་དེ་གྲིབ་བདག་རང་གིས་ཁྱེར༔ གདོན་དེ་ཡས་དང་གླུད་ཀྱིས་བཀར༔ སོ་སོ་རང་རང་གནས་སུ་སོང་༔ དཀོན་མཆོག་བདེན་པའི་བཀའ་བསྒོའོ༔ མཆོག་གསུམ་བདེན་པའི་བཀའ་མ་བསླུ༔ རྩ་གསུམ་བདེན་པའི་དམ་ཚིག་ཡིན༔ དམ་ལས་མ་འདའ་དམ་ལོངས་ཤིག༔ སརྦ་རུ་ཏྲི་རུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ ཞེ་སྡང་རྒྱལ་པོ་སྦྲུལ་མགོ་ཅན༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་(7ན)སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམ་མཛོད་ལ༔ བཟུང་བ་ཐོང་ལ༴ བསྡམས་པ་ཀློད་ལ༴ ཟོས་པ་སྐྱུག་ལ༴ འདུས་པ་རླུང་ལས་གྱུར་པའི་ནད༔ མ་ལུས་ཞི་ཞིང་༴ ནད་དེ་ནད་བདག༴ གྲིབ་དེ་གྲིབ་བདག༴ གདོན་དེ་ཡས་དང་༴ སོ་སོ་རང་རང་༴ དཀོན་མཆོག་བདེན་པའི༴ མཆོག་གསུམ་བདེན་པའི༴ རྩ་གསུམ་བདེན་པའི༴ དམ་ལས་མ་འདའ༴ སརྦ་ཏྲི་རཱ་ཛ་རུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ འདོད་ཆགས་མོ་གདོན་བྱ་ཡི་མགོ༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམ་མཛོད་ལ༔ བཟུང་བ༴ བསྡམས་པ༴ ཟོས་པ༴ འདུས་པའི་མཁྲིས་པ་ལས་གྱུར་ནད༔ མ་ལུས༴ ནད་དེ་༴ གྲིབ་དེ༴ གདོན་དེ༴ སོ་སོ་རང་རང་༴ དཀོན་མཆོག༴ མཆོག་གསུམ༴ རྩ་གསུམ༴ དམ་ལས་འདའ་དམ་ལོངས་(7བ) ཤིག༔ སརྦ་རུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིག་ད་སོང་ཞིག༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཁྱོད་དང་སྤྲུལ་པའི་འཁོར་ཚོགས་བཅས༔ ཆོས་དབྱིངས་སྟོང་པའི་ཀློང་དུ་གཤེགས༔ སླད་ཀྱི་རྐྱེན་ཀེག་མ་བྱེད་ཅིག༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིག་ད་སོང་ཞིག༔ ཞེ་སྡང་རྒྱལ་པོ་སྤྲུལ་མགོ་ཅན༔ ཁྱོད་དང་སྤྲུལ་པའི་འཁོར་ཚོགས་བཅས༔ ཡུལ་མེད་སྟོང་པའི་ཀློང་དུ་གཤེགས༔ ཕྱིན་ཆད་ཀེག་སྦྱོར་མ་བྱེད་ཅིག༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིང་ད་སོང་ཞིག༔ འདོད་ཆགས་མོ་གདོན་བྱ་མགོ་ཅན༔ ཁྱོད་དང་སྤྲུལ་པའི་ཆོ་འཕྲུལ་འཁོར༔ གསལ་ཁྱབ་ཆེན་པོའི་ཀློང་དུ་གཤེགས༔ རྡོ་རྗེ་ཐོད་ཕྲེང་བཀའ་བཞིན་དུ༔ སྔགས་འཆང་བདག་གི་གནས་འདི་རུ༔ སུ་ཡང་འདུག་པར་མ་བྱེད་ཅིག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ཉིད་དྲག་པོའི་ལྷར་ལངས་ཏེ༔ སྣང་སྲིད་ཁམས་ཡང་འཇིག་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ (8ན)ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ( ཅེས་གླུད་གཏོར་ཡས་སྟག་ཡོངས་རྫོགས་ཕྱི་མིག་མི་བལྟ་བར་ཕྱི་རོལ་དུ་ཁྱེར་ལ། ནད་པ་ཡིན་ན་ལོ་བདུད་ཕྱོགས་སམ། གཞན་ཆུ་བོའི་གཞུང་ངམ་ལམ་གྱི་སྲང་མདོ་སོགས་རྒྱང་རིང་པོར་དོར། དྲག་སྔགས་དང་)སུམྦྷ་ནི་(བཟླ་བཞིན་གུ་གུལ་བདུག་ཅིང་ཡུངས་ཐུན་བྲབ་པ་སོགས་ཀྱིས་བསྐྲད། རང་གི་ཡི་དམ་ལས་གཞུང་གང་ཡིན་གྱི་སྲུང་འཁོར་བསྒོམ། བདག་བསྐྱེད་ལས་ཀྱི་ལྷ་མི་དམིགས་པར་བཞག་ལ།) དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུད་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པ་དང་། །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱི། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །(ཅེས་དགེ་བ་(8བ)བསྔོ། མེ་ཏོག་འཐོར་ལ།) ཡེ་ངྷརྨ་(སྔོན་དུ་འགྲོ་བས།) ཆེ་བའི་ཆེ་མཆོག་(སོགས་ཀྱིས་ཐོག་དྲངས་ཏེ་ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་བདེ་ལེགས་སུ་བྱའོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་རྩ་གཞུང་ལས། འདི་ལས་ཟབ་པའི་མན་ངག་དཀོན༔ བར་ཆད་གདོན་བགེགས་ཐམས་ཅད་དང་༔ ཉེ་པ་ཀུན་ལས་རྣམ་གྲོལ་ལོ༔ མི་ཕྱུགས་གཉིས་ལ་མི་འདོད་རྐྱེན༔ བྱུང་ཚེ་འདི་ལ་བརྩོན་པར་བྱ༔ དྲག་པོའི་ལས་བས་འདི་ཟབ་བོ༔ ཞེས་ཨོ་རྒྱན་རྡོ་རྗེ་འཆང་གི་གསུང་ལ་བསླུ་བ་མི་སྲིད་པས་ན་ཡིད་ཆེས་པའི་སྒོ་ནས་བརྩོན་པར་བྱའོ། །ཞེས་པའང་རང་གཞན་རྣམས་ཀྱི་རྐྱེན་སེལ་སྲུང་ཟློག་གནད་བསྡུས་གཅིག་ཆོག་ཏུ་མཐོང་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་ལེན་འཇུག་པ་བདེ་བར་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ། །འདིས་ཀྱང་སྐྱེ་འགྲོ་རྣམས་ཉེས་པའི་གདུང་བ་སེལ་བའི་ཆ་རྐྱེན་དུ་གྱུར་ཅིག །ཛ་ཡནྟུ།། །།) | (1བ)ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ། དེའང་རིག་འཛིན་བདུད་འཇོམས་གླིང་པའི་ཟབ་མོ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ དེང་སང་དུས་ཀྱི་མར་གཤམ་སྙིགས་མ་འདིར༔ འགྲོ་རྣམས་བར་ཆད་གདོན་ལས་གྲོལ་བའི་ཕྱིར༔ གླུད་བསྔོས་ཟབ་མོ་འདོད་ཡོན་རྒྱན་འཁོར་ཞེས༔ ལེགས་པར་བཤད་ཀྱི་ཉོན་ཅིག་བདུད་འཇོམས་རྩལ༔ དུས་འདིར་སེམས་ཅན་ལས་ངན་དབང་ཆེ་བས༔ ལས་ཀྱི་ལན་ཆགས་འདྲེ་རྒོད་གདུག་པ་དར༔ གློ་བུར་ཧུར་ཐུམ་ཉེས་པ་མང་པོ་འབྱུང་༔ འདི་བཟློག་ཕྱིར་ན་ཡས་གླུད་ལན་ཅགས་གཏོང་༔ དེ་ཡིས་ཉེས་འགལ་(2ན)ཐམས་ཅད་བཟློག་པར་འགྱུར༔ ཞེས་གསུངས་པ་ཉིད་ལག་ཏུ་ལེན་པ་ལ། (མདུན་དུ་གཙང་མའི་སྣོད་ཡངས་པར་འབྲུ་ཕྱེ་ཆང་གིས་སྦྲུས་པའི་ཟན་ལས། དབུས་སུ་གཏི་མུག་ཀླུ་གདོན་ཕག་གི་མགོ་ཅན་ནག་པོ། གཡས་སུ་ཞེ་སྡང་རྒྱལ་པོ་སྤྲུལ་གྱི་མགོ་ཅན་སེར་ནག །གཡོན་དུ་འདོད་ཆགས་བསེན་མོ་བྱའི་མགོ་ཅན་དམར་ནག ། གསུམ་ཀའང་རང་མདོག་གི་བེར་གྱོན་ཅིང་ལག་གཉིས་བཟེད་དེ་ལེན་པའི་རྣམ་པ་ཅན་རྔམས་བརྗིད་དང་ལྡན་པ་ཁྲུ་གང་ངམ་མཐོ་གང་ལས་མི་ཆུང་བ་བཀོད། །སོ་སོའི་རྒྱབ་ཏུ་རང་མདོག་གི་ནམ་མཁའ་དང་། མདུན་དུ་ཏིང་ལོ། མཐའ་བསྐོར་དུ་བྱ་རིགས། གཅན་གཟན། རི་དྭགས་(2བ)གཡུང་དྭགས། ཆུ་གནས། ས་འཛུལ་སོགས་གཟུགས་འགྲོས་སྣ་ཚོགས་དང་། འདོད་ཡོན་ལྔ་དང་རྒྱན་གོས་མལ་ཆ་རྟ་ཁལ་བཞོན་པ་སོགས་ཅི་འབྱོར་བ་སྤར་དུ་བཏབ་ལ་ལྕགས་རིའི་ཚུལ་དུ་བསྐོར། དེའི་ནང་གི་ཆར་འབྲུ་སྨན། རིན་ཆེན། དར་སྣ། གོས་སྣ། ཤེལ་ཚིག་དཀར་ནག་སོགས་ཡས་སྟགས་གང་འབྱོར་བླུག །སྣོད་གཞན་ཞིག་ཏུ་ནད་པའི་ཁྲུས་ཁུ་སོགས་ཀྱི་སྦྲུས་པའི་ཟན་ལས། ཡོན་བདག་གམ་ནད་པའི་འདྲ་གླུད་སྐྱེ་མཆེད་དོད་པ་རང་གི་མཐོ་གང་ལས་མི་ཆུང་བ་ལ། ཕོ་མོ་ཆུང་གསུམ། སྒོ་ཕྱུགས་རྣམས་ཀྱི་གཟུགས་དང་ནམ་རྒྱང་མདའ་འཕང་སོགས་སྤར་དུ་བཏབ་པས་བསྐོར་བ་བཀོད། གཞན་ཡང་གྲངས་གསོག་བྱེད་གླུད་ཕྲན། ཆངས་བུ། མཐེབ་རིལ། ཟན་དུམ། འབྲས་ཆན་རྣམས་བརྒྱ་རྩའམ་ལོ་གྲངས་སོགས་སྐབས་དང་བསྟུན་པ་འདུ་བྱས་ལ། ཐོག་མར་བདག་བསྐྱེད་ནི།) སངས་རྒྱས་ཆོས་དང་ཚོགས་ཀྱི་(སོགས་སྤྱི་ལྟར་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པ་རྣམས་ལན་གསུམ་རེའི་མཐར།) རང་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་སེངྒེ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། དབུ་ལ་གཙུག་ཏོར་དང་ཞབས་(3ན)ལ་འཁོར་ལོ་ལ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་འོད་དང་འོད་ཟེར་རབ་ཏུ་འབར་བ། སྐུའི་བཀོད་པ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཡེ་ཤེས་སེམས་དཔའ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མ་ཛཿ(ས་སྤྱན་དྲངས།) ཛ༔ ཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། (ཞེས་གཉིས་སུ་མེད་པར་བཞུགས་པར་མོས།) ཨོཾ་ཤཱཀྱ་མུ་ན་ཡེ། ཨརྒྷཾ་(སོགས་ནས།) ཤཔྡའི་(བར་གྱིས་མཆོད།) ཐབས་མཁས་ཐུགས་རྗེ་(སོགས་ཀྱིས་བསྟོད།) ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་འོད་ཟེར་འབར་བས་བསྐོར་བ་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་པས་དོན་གཉིས་ཡོད་བཞིན་དུ་འགྲུབ་པར་བསམ་ལ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། (ཞེས་ཅི་འགྲུབ་བཟླའོ། །དེ་ནས་མགྲོན་འབོད་པ་ནི།) ཀྱེ༔ སྣང་ཞིང་སྲིད་པའི་ཁམས་འདི་ནི༔ ང་དང་བདག་ཏུ་འཛིན་པ་ཡི༔ (3བ)རྣམ་རྟོག་འཁོར་བའི་གདོན་བགེགས་ཚོགས༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཞེ་སྡང་རྒྱལ་པོ་སྦྲུལ་གྱི་གདོང་༔ འདོད་ཆགས་མོ་གདོན་བྱ་ཡི་གདོང་༔ ཁྱོད་ལས་མ་བྱུང་ལྷ་འདྲེ་གང་༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྲིད་པའི་གདོན་བགེགས་མ་ལུས་པ༔ ཤ་མཁོན་ཆགས་པའི་ལན་ཆགས་འཇལ༔ སྦྱིན་ཡུལ་གནས་འདིར་གཤེགས་སུ་གསོལ༔ ཞེ་སྡང་གདུག་པའི་སེམས་སྤོང་ལ༔ བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ༔ གཏི་མུག་འཐིབས་པའི་སེམས་སྤོང་ལ༔ མ་བུའི་འདུ་ཤེས་བསྐྱེད་ལ་གཤེགས༔ འདོད་ཆགས་འཁྲུལ་པའི་སེམས་སྤོང་ལ༔ གུས་འདུད་སེམས་ཀྱིས་གཤེགས་སུ་གསོལ༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་ཀྱིས་འབྲེལ་བའི་ཕ་མ་རྣམས༔ དྲིན་ལན་འཇལ་གྱིས་འདིར་གཤེགས་ཤིག༔ (ལྕགས་ཀྱུའི་ཕྱག་རྒྱ་དང་བཅས༔ ) ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ སངས་སྔགས་དང་རིག་(4ན)སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་བྱིན་རླབས་ལ་བརྟེན་ནས༔ དེང་འདིར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའམ། (ཡང་ན། སྦྱིན་བདག་བསྲུང་བྱ་ནད་པ་འཁོར་དང་བཅས་པ་ལ་སོགས་སྐབས་ཐོབ་ཁ་བསྒྱུར་ལ།) གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་གང་དང་གང་ཡིན་པ་ཐམས་ཅད་ལན་ཆགས་གླུད་གཏོར་འདི་ཡི་གྲོན་དུ་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛཿ (ཞེས་ལན་གསུམ་མམ་བདུན་གྱིས་བཀུག་ནས།) ཛཿཧཱུྃ་བཾ་ཧོཿ (ཞེས་ཕྱག་རྒྱ་བཞིས་འགུག་འཆིང་སྡོམ་བསྟིམ་བྱས་ལ།) རང་གི་མདུན་ཚེ་རབས་ལན་ཆགས་ཀྱི་གདོན་བགེགས་ཐམས་ཅད་གདོན་གསུམ་གྱི་རྣམ་པར་དད་ཅིང་གུས་པའི་ཚུལ་གྱིས་གནས་པར་(བསམ་ཞིང་།) ཀྱེ༔ ཉོན་ཅིག་སྲིད་པའི་ཕ་མ་རྣམས༔ བུ་ཡིས་འབོད་པའི་གནས་འདི་རུ༔ ཡུད་ཙམ་བྱམས་པའི་སེམས་ཀྱིས་སྡོད༔ གུས་པའི་སེམས་ཀྱིས་ཚུར་གསོན་དང་༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ད་ལྟའི་བར་(4བ)དུ་འཁྲུལ་པས་བསླུས༔ ང་བདག་གཟུང་འཛིན་གྱིས་བསླངས་པའི༔ དུག་གསུམ་དགྲར་ལངས་ལྷ་འདྲེ་རྣམས༔ སེམས་ཅན་ཕ་མར་ཤེས་པ་ཡིས༔ དྲིན་ཤེས་ལན་ཆགས་གཏོར་མ་འཇལ༔ བུ་ལོན་ཚུལ་དུ་ལོངས་ལ་ཁྱེར༔ གདུག་སེམས་སྦྱོར་ངན་ཞི་གྱུར་ཅིག༔ བདག་དང་ཡོན་གྱི་བདག་པོ་ཡི༔ ལུས་སྲོག་ལོངས་སྤྱོད་ཚེ་མདངས་ཀྱི༔ རིན་ཐང་གླུད་བཟང་འབྲུ་སྣ་དང་༔ དར་ཟབ་རིན་ཆེན་གཟུགས་འགྲོས་རིགས༔ ཁྱད་པར་རྒྱལ་བའི་བཀས་གནང་བའི༔ ལན་ཆགས་འདོད་ཡོན་འབྱུང་གནས་འདི༔ གདོན་གསུམ་འཁོར་དང་བཅས་ལ་འབུལ༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ ནད་རྣམས་རབ་ཏུ་སོལ་མཛོད་ལ༔ གདོན་བགེགས་རང་གི་གནས་སུ་སོང་༔ འཕགས་པ་མཆོག་གསུམ་རིན་ཆེན་གྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སྣང་སྲིད་ལྷ་འདྲེ་འཁོར་བཅས་དང་༔ ཁྱད་པར་ལན་ཆགས་བུ་ལོན་མགྲོན༔ ཀུན་ལ་རང་མཐུན་ལན་ཆགས་འཇལ༔ བྱམས་གདུང་བརྩེ་བའི་སེམས་(5ན)ཀྱིས་ལོངས་༔ (ཞེས་བསྒོ། དེ་ནས་གླུད་གཏོར་བྱིན་གྱིས་བརླབ་ཅིང་བསྔོ་བ་ནི། གླུད་གཏོར་རྣམས་ལ་ཆུ་གཙང་འཐོར་ཞིང་།) རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་ཏྲཱྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོ་ནམ་མཁའི་ཁམས་ཐམས་ཅད་ཁྱད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ (ལན་གསུམ་གྱིས་བྱིན་བརླབ། གླུད་གཏོར་ཆངས་བུ་འབྲས་ཆན་སོགས་བདུན་ནམ་བཅུ་ཚན་རེ་ཐོགས་ལ།) དེ་བཞིན་གཤེགས་པ་རིན་ཆེན་མང་ལ་(སོགས་མཚན་བཞིའི་མཐར།) ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ (ཞེས་བདུན་ནམ་བཅུ་རེའི་མཐར།) ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས་བདག་ཅག་དཔོན་སློབ་བམ། །བསྲུང་བྱ་འཁོར་དང་བཅས་པའི་ནད་གདོན་(5བ)འགལ་རྐྱེན་བར་ཆད་ཆག་ཆེ་ཉམ་ང་ལོ་ཀག་ཟླ་གཤེད་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་ཞིང་བཟློག་པར་གྱུར་ཅིག༔ ང་བདག་གཟུང་འཛིན་རྒྱུ་རྐྱེན་རྟེན་འབྲེལ་གྱིས་ཀུན་ནས་བསླངས་པའི་ལན་ཆགས་བགེགས་རིགས་གནས་གདོན་ལུས་གདོན་ཐམས་ཅད་ངོམས་ཤིང་ཚིམ་ནས་གནོད་འཚེའི་སྦྱོར་བ་ཐམས་ཅད་ཞི་ཞིང་གྲོལ་བར་གྱུར་ཅིག༔ ཆོས་ཉིད་སྟོང་པའི་ངང་དུ་བྷྱོ་ཟློག་སྭཱ་ཧཱ༔ (ཞེས་ཆངས་གླུད་བསྲུང་བྱ་ཕོ་ཡིན་ན་གཡས་དང་། མོ་ཡིན་ན་གཡོན་དུ་བསྐོར་ནས་བསྲུང་བྱའི་འདྲ་གླུད་མཐའ་སྐོར་དུ་སྤུང་། ཡང་གླུད་གཏོར།) ཨོཾ་ཨཱཿཧཱུྃ་(གིས་བརླབས་ནས།) དེ་བཞིན་གཤེགས་པ་(བཞིའི་མཚན་དང་།) སམྦྷ་ར(ས་བསྔོས་ཏེ། བདེན་སྟོབས་བརྗོད་པའི་བར་སྔར་བཞིན་གྱིས་བརྒྱ་རྩའམ་སྟོང་རྩ་སོགས་གྲངས་གང་དགོས་བསགས་མཐར། རྫོང་འདེབས་ཀྱི་གླུད་གཏོར་ཆངས་བུ་སོགས་ཡས་རྫས་ལྷག་མ་གང་ཡོད་རྣམས་ལ་ཆུ་གཙང་འཐོར་ཞིང་།) རྃ་ཡྃ་ཁྃ༔ གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གང་ལ་མཁོ་རྒུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ (ལན་གསུམ།) ཨ་ཀཱ་རོ་(ལན་བདུན་དང་།) སམྦྷ་ར་(ལན་ཉེར་གཅིག་སོགས་ཀྱིས་བསྔོས་མཐར།) ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་བརྗོད་པས།) (6ན)རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པར་གསལ་བ་སྐད་ཅིག་གིས་གནས་འགྱུར་ཏེ་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་དང་གཡོན་པས་ཞགས་པ་བསྣམས་པ༔ མེ་དཔུང་དམར་ནག་འབར་བའི་ཀློང་དུ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་པཿ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐུའི་ཆ་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འཁོར་འདས་ཁྱབ་གདལ་གྱི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་ལ། ཨོཾ་ཧྲཱིཿཥྚི་ཝི་ཥྚི་ཏ་ན་ན་ཧཱུྃ་ཕཊ༔ (ཅེས་བརྒྱའམ་ཉེར་གཅིག་ཙམ་བཟླས་མཐར། ཆེ་བའི་ང་རྒྱལ་བསྐྱེད་དེ༔ ) ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་འཇིགས་བྱེད་འབར་བའི་སྐུ༔ ང་ནི་དུས་གསུམ་རྒྱལ་བ་འདུས་པའི་དཔལ༔ ང་ནི་མ་མོ་མཁའ་འགྲོ་ཡོངས་ཀྱི་ཡབ༔ ང་ནི་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་རྗེ༔ ང་ནི་གདོན་བགེགས་འབྱུང་པོ་ཀུན་གྱི་གཤེད༔ ང་ཡི་བཀའ་ལས་སུ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡིས་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་འབར་བའི་ཁྲོ་ཚོགས་དཔག་མེད་ཀྱིས༔ དམ་ཉམས་ཁྱོད་ཀྱི་ལུས་སེམས་རྡུལ་དུ་རློག༔ དེ་བས་(6བ)ཐམས་ཅད་བདེན་པའི་བཀའ་ལ་ཉོན༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་མི་ཟད་གཏེར་གྱི་ཚོགས༔ རང་རང་མཐུན་རྫས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམས་མཛོད་ལ༔ བཟུང་བ་ཐོང་ལ་བཅིང་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཟོས་པ་སྐྱུག་ལ་སྦྱོར་བ་ཤིག༔ འདུས་པ་བད་ཀན་ལས་གྱུར་ནད༔ མ་ལུས་ཞི་ཞིང་སེལ་བར་མཛོད༔ ནད་དེ་ནད་བདག་རང་གིས་ཁྱེར༔ གྲིབ་དེ་གྲིབ་བདག་རང་གིས་ཁྱེར༔ གདོན་དེ་ཡས་དང་གླུད་ཀྱིས་བཀར༔ སོ་སོ་རང་རང་གནས་སུ་སོང་༔ དཀོན་མཆོག་བདེན་པའི་བཀའ་བསྒོའོ༔ མཆོག་གསུམ་བདེན་པའི་བཀའ་མ་བསླུ༔ རྩ་གསུམ་བདེན་པའི་དམ་ཚིག་ཡིན༔ དམ་ལས་མ་འདའ་དམ་ལོངས་ཤིག༔ སརྦ་རུ་ཏྲི་རུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ ཞེ་སྡང་རྒྱལ་པོ་སྦྲུལ་མགོ་ཅན༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་(7ན)སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམ་མཛོད་ལ༔ བཟུང་བ་ཐོང་ལ༴ བསྡམས་པ་ཀློད་ལ༴ ཟོས་པ་སྐྱུག་ལ༴ འདུས་པ་རླུང་ལས་གྱུར་པའི་ནད༔ མ་ལུས་ཞི་ཞིང་༴ ནད་དེ་ནད་བདག༴ གྲིབ་དེ་གྲིབ་བདག༴ གདོན་དེ་ཡས་དང་༴ སོ་སོ་རང་རང་༴ དཀོན་མཆོག་བདེན་པའི༴ མཆོག་གསུམ་བདེན་པའི༴ རྩ་གསུམ་བདེན་པའི༴ དམ་ལས་མ་འདའ༴ སརྦ་ཏྲི་རཱ་ཛ་རུ་དྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཁམས་གསུམ་འཁོར་བར་འཁོར་བའི་གཤེད༔ འདོད་ཆགས་མོ་གདོན་བྱ་ཡི་མགོ༔ ཁྱོད་དང་ཁྱོད་ལས་བྱུང་བ་ཡི༔ སྣང་སྲིད་ལྷ་འདྲེ་རང་གནས་ཆོས༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ དགའ་མགུ་ཡི་རང་ཚིམ་མཛོད་ལ༔ བཟུང་བ༴ བསྡམས་པ༴ ཟོས་པ༴ འདུས་པའི་མཁྲིས་པ་ལས་གྱུར་ནད༔ མ་ལུས༴ ནད་དེ་༴ གྲིབ་དེ༴ གདོན་དེ༴ སོ་སོ་རང་རང་༴ དཀོན་མཆོག༴ མཆོག་གསུམ༴ རྩ་གསུམ༴ དམ་ལས་འདའ་དམ་ལོངས་(7བ) ཤིག༔ སརྦ་རུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིག་ད་སོང་ཞིག༔ གཏི་མུག་ཀླུ་གདོན་ཕག་མགོ་ཅན༔ ཁྱོད་དང་སྤྲུལ་པའི་འཁོར་ཚོགས་བཅས༔ ཆོས་དབྱིངས་སྟོང་པའི་ཀློང་དུ་གཤེགས༔ སླད་ཀྱི་རྐྱེན་ཀེག་མ་བྱེད་ཅིག༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིག་ད་སོང་ཞིག༔ ཞེ་སྡང་རྒྱལ་པོ་སྤྲུལ་མགོ་ཅན༔ ཁྱོད་དང་སྤྲུལ་པའི་འཁོར་ཚོགས་བཅས༔ ཡུལ་མེད་སྟོང་པའི་ཀློང་དུ་གཤེགས༔ ཕྱིན་ཆད་ཀེག་སྦྱོར་མ་བྱེད་ཅིག༔ ཀྱཻ༔ ཆོས་ཤིག་ཆོས་ཤིག་གདོན་གསུམ་ཚོགས༔ སོང་ཞིག་སོང་ཞིང་ད་སོང་ཞིག༔ འདོད་ཆགས་མོ་གདོན་བྱ་མགོ་ཅན༔ ཁྱོད་དང་སྤྲུལ་པའི་ཆོ་འཕྲུལ་འཁོར༔ གསལ་ཁྱབ་ཆེན་པོའི་ཀློང་དུ་གཤེགས༔ རྡོ་རྗེ་ཐོད་ཕྲེང་བཀའ་བཞིན་དུ༔ སྔགས་འཆང་བདག་གི་གནས་འདི་རུ༔ སུ་ཡང་འདུག་པར་མ་བྱེད་ཅིག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ཉིད་དྲག་པོའི་ལྷར་ལངས་ཏེ༔ སྣང་སྲིད་ཁམས་ཡང་འཇིག་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ (8ན)ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ( ཅེས་གླུད་གཏོར་ཡས་སྟག་ཡོངས་རྫོགས་ཕྱི་མིག་མི་བལྟ་བར་ཕྱི་རོལ་དུ་ཁྱེར་ལ། ནད་པ་ཡིན་ན་ལོ་བདུད་ཕྱོགས་སམ། གཞན་ཆུ་བོའི་གཞུང་ངམ་ལམ་གྱི་སྲང་མདོ་སོགས་རྒྱང་རིང་པོར་དོར། དྲག་སྔགས་དང་)སུམྦྷ་ནི་(བཟླ་བཞིན་གུ་གུལ་བདུག་ཅིང་ཡུངས་ཐུན་བྲབ་པ་སོགས་ཀྱིས་བསྐྲད། རང་གི་ཡི་དམ་ལས་གཞུང་གང་ཡིན་གྱི་སྲུང་འཁོར་བསྒོམ། བདག་བསྐྱེད་ལས་ཀྱི་ལྷ་མི་དམིགས་པར་བཞག་ལ།) དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུད་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པ་དང་། །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱི། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །(ཅེས་དགེ་བ་(8བ)བསྔོ། མེ་ཏོག་འཐོར་ལ།) ཡེ་ངྷརྨ་(སྔོན་དུ་འགྲོ་བས།) ཆེ་བའི་ཆེ་མཆོག་(སོགས་ཀྱིས་ཐོག་དྲངས་ཏེ་ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་བདེ་ལེགས་སུ་བྱའོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་རྩ་གཞུང་ལས། འདི་ལས་ཟབ་པའི་མན་ངག་དཀོན༔ བར་ཆད་གདོན་བགེགས་ཐམས་ཅད་དང་༔ ཉེ་པ་ཀུན་ལས་རྣམ་གྲོལ་ལོ༔ མི་ཕྱུགས་གཉིས་ལ་མི་འདོད་རྐྱེན༔ བྱུང་ཚེ་འདི་ལ་བརྩོན་པར་བྱ༔ དྲག་པོའི་ལས་བས་འདི་ཟབ་བོ༔ ཞེས་ཨོ་རྒྱན་རྡོ་རྗེ་འཆང་གི་གསུང་ལ་བསླུ་བ་མི་སྲིད་པས་ན་ཡིད་ཆེས་པའི་སྒོ་ནས་བརྩོན་པར་བྱའོ། །ཞེས་པའང་རང་གཞན་རྣམས་ཀྱི་རྐྱེན་སེལ་སྲུང་ཟློག་གནད་བསྡུས་གཅིག་ཆོག་ཏུ་མཐོང་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་ལེན་འཇུག་པ་བདེ་བར་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ། །འདིས་ཀྱང་སྐྱེ་འགྲོ་རྣམས་ཉེས་པའི་གདུང་བ་སེལ་བའི་ཆ་རྐྱེན་དུ་གྱུར་ཅིག །ཛ་ཡནྟུ།། །།)}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:18, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 24, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||