DJYD-KABUM-18-TSHA-006: Difference between revisions

From Dudjom Wiki
DJYD-KABUM-18-TSHA-006
No edit summary
No edit summary
 
Line 36: Line 36:




༄༅།  །ཨོཾ་སྭསྟི།  །རབ་འབྱམས་རྒྱལ་ཀུན་གསུང་གི་རྡོ་རྗེ་ཉིད།  །འཆི་མེད་རིག་འཛིན་གར་གིས་རྣམ་རོལ་པ།  །སྣང་སྲིད་ཟིལ་གྱིས་གནོན་པའི་མགོན་པོ་དེས།  །དེང་འདིར་ཕྱོགས་ལས་རྣམ་རྒྱལ་དགེ་ལེགས་སྩོལ།  །{{TibChung|དེ་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པའི་ཡང་སྲིད་གཟུགས་སྐུ་མཚན་དཔེའི་པདྨོ་གསར་དུ་བཞད་པ་གང་ཞིག་མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་བབས་པ་ན།  །ཟླ་བ་ཡར་གྱི་ངོའི་ཚེས་བཟང་པོ་ལ་གནས་ཁང་གི་སྟེང་འོག་ལོགས་རྣམས་མཛེས་པར་བརྒྱན།  །ཕུན་སུམ་ཚོགས་པའི་ཁྲི་དང་།  །རྟེན་གྱི་དཀྱིལ་འཁོར་ཚེ་རྫས་དང་བཅས་པ།  །མཆོད་གཏོར་སྨན་རཀ་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམ།    {{TibChung|[2a]}} དེའི་མདུན་སྟེགས་ལ་རིན་པོ་ཆེའི་སྣོད་དུ་མཁའ་འགྲོའི་དཔལ་གཏོར་འཁོར་བཞི་ཐེབ་ཀྱུ་རིལ་བུ་གང་མང་གིས་གཅེར་བའི་མདུན་ངོས་སྐུ་གླུད་ཆངས་བུ་དཀོར་ཆ་རྣམས་ཀྱིས་བསྐོར།  །གཞན་ཡང་མངའ་དབུལ་གྱི་ཡོ་བྱད་དང་བཀྲ་ཤིས་པའི་རྫས་རྣམས་དངོས་སམ་རི་མོར་བྲིས་པ་སོགས་འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ།  །སྔོན་འགྲོ་ནས་བཟུང་བ་དག་མདུན་བུམ་བཟླས་ཚོགས་མཆོད་དང་བཅས་པ་ལས་གཞུང་བཞིན་གྲུབ་ནས།  །གང་ལ་མངའ་གསོལ་བར་བྱ་བའི་སྐྱེས་མཆོག་མངོན་པར་བཤམས་པའི་ཁྲི་ལ་རོལ་མོར་བཅས་པས་སྤྱན་དྲངས་ལ་བཞུགས་སུ་གསོལ་ཏེ།  །ལས་བུམ་གྱིས་ཁྲུས་གསོལ་ཞིང་།}} ཨོཾ་ཨཱཿཧཱུཾ།  །སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ།  ། {{TibChung|[2b]}} ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་།  །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས།  །སྐྱེས་བུ་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས།  །སྒྲིབ་གསུམབག་ཆགས་ཉེས་བྱས་ཀུན་བྱང་ཞིང་།  །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ།  །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ།  །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད།  །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ།  ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ།  {{TibChung|དེ་ནས་འགལ་རྐྱེན་བཟློག་པའི་སླད་དུ་མཆོད་གཏོར་སྐུ་གླུད་དང་བཅས་པ་བསང་སྦྱང་།}} སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས།  །འཕགས་པ་མཆོད།  སེམས་ཅན་གྱི་དོན་བྱས།  ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ།  །ཨཱཿདམར་པོ།  །ཧཱུཾ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ།  ཨོཾ་ཨཱཿཧཱུཾ།  {{TibChung|ལན་གསུམ།}}  འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར།  {{TibChung|ཞེས་བརླབས་ཏེ།}} ཧྲཱིཿ  ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས།  །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས།  །ཚེ་ལྷ་ {{TibChung|[3a]}} ཡབ་ཡུམ་སྣང་སྟོང་འོད་ཟེར་ཀློང་།  །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར།  །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་རྣམས།  །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་།  །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན།  །དགྱེས་པར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས།  །ཨོཾ་བཛྲ་ཨརྒྷཾ།  །པཱདྱེཾ།  པུཥྤེ།  དྷུ་པེ།  ཨཱ་ལོ་ཀེ    །  གནྡྷེ།  ནཻ་ཝི་དྱ།  ཤཔྡ་པྲ་ཏཱིཙྪ་སྭཱཧཱ།  {{TibChung|ཞེས་མཆོད།}}  ཨེ་ཝཾ་མཉམ་སྦྱོར་ཐབས་ཤེས་དབྱིངས་ཆེན་པོར།  །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འོད་དང་།  །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿདང་ཨཱ་ལི་དང་།  །ཀཱ་ལི་ཐབས་ཤེས་མཉམ་སྦྱར་རྟེན་འབྲེལ་བཅུད།  །ཏིང་འཛིན་འོད་སྐུར་འདུས་པའི་དགྱེས་མཆོད་སྤྲིན།  །ཟབ་གསང་རྡོ་རྗེ་དབྱིངས་ཀྱི་རོལ་རྒྱུན་དུ།  །རྣམ་རོལ་ཡེ་ཤེས་སྣང་བ་རྒྱན་གྱི་གླུད།  །འཕོ་བ་ཆེན་པོ་རྟག་བརྟན་འགྱུར་མེད་དང་།  །འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་དུ་འབུལ།  །བཞེས་ནས་དངོས་འཛིན་མཚན་མོའི་རྣམ་རྟོག་སོལ།  །སྐྱེ་འཆིའི་འཛིན་མདངས་འཇའ་སྐུར་ཡལ་གྱུར་ཅིག      །  {{TibChung|ཅེས་དང་།}}  སྐུ་གསུམ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི།  །དབྱིངས་མཆོག་འོད་གསལ་དྭངས་མ་རྡོ་རྗེའི་ {{TibChung|[3b]}} ཡུམ།  །རིགས་འདུས་འབུམ་ཕྲག་ཡེ་ཤེས་ཌཱ་ཀི་མ།  །ལྷན་སྐྱེས་སྲིད་ཞིར་རོ་གཅིག་རྡོ་རྗེའི་དབྱིངས།  །འབར་བའི་འོད་སྐུར་བརྗོད་པའི་གཏོར་མ་དང་།  །སྲིད་ཞིའི་བདེ་ཆེན་ཕུན་ཚོགས་མཆོད་པ་སྤྲིན།  །ལྷུན་འབྱམས་ཤར་གྲོལ་དག་པའི་ཀློང་ནས་བཞེས།  །མཚན་འཛིན་བར་ཆད་ཐམས་ཅད་ཆོས་སྐུར་ཟློག  །མི་ཤིགས་གསང་མཆོག་རྡོ་རྗེའི་མཁའ་དབྱིངས།  །འཁོར་འདས་རྣམ་རོལ་སྒྱུ་མའི་རོལ་རྩེད་བསྡུ།  །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་འོད་གསལ་དང་།  །སྙིང་གུར་དབུས་སུ་འཆི་མེད་བདུད་རྩི་ཨཿ  {{TibChung|ཞེས་གཏོར་མ་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་ཕུལ།  །སྐྱེས་མཆོག་གདན་ཁྲི་དང་བཅས་པ་བསང་སྦྱང་།}}  སྟོང་པའི་ངང་ལས་རིན་པོ་ཆེའི་སེང་ཁྲི་སྣ་ཚོགས་རྡོ་རྗེས་མཚན་པའི་སྟེང་དུ་ཟླ་བའི་གདན་ལ་སྐྱེས་མཆོག་རིག་འཛིན་གཞོན་ནུ་ཉིད་ཧྲཱིཿལས་པདྨ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་མཛེས་འཛུམ་གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན།  །ཞལ་ཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་།  གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་ཚེ་བུམ་བཅུད་ཀྱིས་གང་བ་བསྣམས་པ།  ། {{TibChung|[4a]}} མཆན་ཁུང་གཡོན་དུ་ཚེ་ཡུམ་མནྡ་ར་ཝ་སྦས་ཚུལ་ཁ་ཊྭཱཾ་ག་འཆང་ཞིང་།  །དབུ་ལ་པད་ཞྭ་འདབ་ལྡན་རྒོད་སྒྲོ་དར་སྣ་ཉི་ཟླས་བརྒྱན་པ་དང་།  སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་རྣམས་བརྩེགས་མར་གསོལ་བ།  མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་འོད་ཕུང་འཔྲིགས་པའི་ཀློང་ན་བཞུགས་པའོ།  །{{TibChung|ཞེས་གསལ་བཏབ།}}  དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དྭངས་མའི་འོད་ཟེར་ཉི་མ་འཆར་བའི་མདངས་ལྟ་བུར་བཀུག་ནས་སྐྱེས་བུ་ཆེན་པོ་མཆོག་གི་སྐུ་ལ་སིབ་སིབ་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་བསམ་ལ།  {{TibChung|ཚེ་མདའ་གཡས་ཅིང་།}}  ཧྲཱིཿ  སྐུ་གསུམ་ཞིང་དང་ཉི་ཤུ་རྩ་བཞི་ཡི།  །ངོ་མཚར་རྒྱན་དང་བཀོད་རབ་འབར་བའི་ཞིང་།  །འཇའ་ཟེར་སྤོས་སྤྲིན་མེ་ཏོག་མདངས་མཛེས་ཀུན།  །ལྷ་དང་ལྷ་མོའི་འོད་ཀྱི་གུར་ཁང་འཁྲིགས།  །དབུས་མཆོག་པདྨ་འཁྱིལ་བའི་ཞིང་མཆོག་ནས།  །སོར་རྟོག་ཡེ་ཤེས་པདྨ་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་ {{TibChung|[4b]}} བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་བསྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །པདྨའི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་ཞིང་ཁམས་ནས།  །མེ་ལོང་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །རྡོ་རྗེ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །ལྷོ་ཕྱོགས་རིན་ཆེན་འཁྱིལ་བའི་ཞིང་ཁམས་ནས།  །མཉམ་ཉིད་ཡེ་ཤེས་རཏྣ་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །རིན་ཆེན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །ནུབ་ཕྱོགས་འཁོར་ལོ་འཁྱིལ་བའི་ཞིང་ཁམས་ནས།  །ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ {{TibChung|[5a]}} ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  སྐྱེས་མཆོག་ཆེན་པོ་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །བདེ་གཤེགས་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་ཞིང་ཁམས་ནས།  །བྱ་གྲུབ་ཡེ་ཤེས་ཀརྨ་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །ལས་ཀྱི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  {{TibChung|ཞེས་ཚེ་ཛཔྲ་རོལ་མོ་དང་བཅས་པས་ཚེ་འགུགས།  དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་ཚེ་བུམ་ཕྱག་ཏུ་ཕུལ་ལ།}}  ཧྲཱིཿ  མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔  ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔  འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔  འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔    ཚེ་ཡི་རིག་འཛིན་རྣམས་ཀྱི་བྱིན་གྱིས་རློབས༔  འཆི་མེད་སྐུ་ཚེའི་དངོས་གྲུབ་སྩལ་དུ་གསོལཿ    {{TibChung|མེ་ཏོག་ {{TibChung|[5b]}} འཐོར་ཞིང་།}}  སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག  །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག  །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག    །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག  །{{TibChung|ཅེས་བརྗོད།  ཚེ་རིལ་ཕུལ་ལ།}}  བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས།  །སྙིང་པོ་འདུས་པའི་བཅུད་འདི་ནི།  །དེ་རིང་ཁྱེད་ཀྱིས་གསོལ་བར་བགྱི།  །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད།  །ཞལ་མཐོང་འགྱུར་བར་གདོན་མི་ཟ།  {{TibChung|ཞེས་དང་།}} ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག    །{{TibChung|ཚེ་ཆང་ཕུལ་ལ།}}  འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་།  །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་།  །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ།  །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།  །{{TibChung|ཞེས་དང་།}}  ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་རྟེན་ནས་ཤེས་རབ་སྟོང་ཉིད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག  {{TibChung|ཅེས་མེ་ཏོག་འཐོར།  ཚེ་མདའ་ཕུལ་ལ།}}  ཨཿ  མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔  སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔  དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་སྡུས༔  ཟུང་ {{TibChung|[6a]}} འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམ།  །འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས།  །གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག༔  དྷརྨ་དྷཱ་ཏུ་མུ་ཏྲ་ཛྙཱ་ན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾཿ  {{TibChung|ཞེས་རྒྱས་གདབ།  །དེ་ལྟར་འཆི་མེད་རྡོ་རྗེའི་ཚེ་དབང་བརྙེས་པ་ལ་ཕྲིན་ལས་འགྲོ་འདུལ་མངའ་གསོལ་བའི་སླད་དུ།  དུང་དཀར་པོ་དར་སྣའི་ཆུན་འཕྱང་ལྡན་པ་ཕུལ་ལ།}} ཧཱུཾ༔  ནོར་བུ་དུང་དཀར་གཡས་སུ་འཁྱིལ་བ་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  ཁམས་གསུམ་ཐམས་ཅད་ཆོས་ཀྱི་སྒྲ་ཡིས་གང་༔  སེམས་ཅན་ཐམས་ཅད་དགེ་བཅུ་སྤྱོད་པར་ཤོག༔  {{TibChung|རྔ་བོ་ཆེ་དབྱུག་གུ་དང་ལྡན་པ་ཕུལ་ལ།}} ཧཱུཾ༔  རྔ་ཆེན་རོལ་མོ་སྙན་པའི་སྒྲ་ཆེན་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  འཇིག་རྟེན་ཆོས་ཀྱི་སྒྲ་ཡིས་གང་ནས་ཀྱང་༔  སྙན་གྲགས་ནམ་མཁའི་འབྲུག་ལྟར་སྒྲོག་པར་ཤོག༔  {{TibChung|ཟ་འོག་གི་རྒྱལ་མཚན་ནོར་བུའི་ཏོག་གི་མཛེས་པ་ཕུལ་ལ།}}  ཧཱུཾ༔  མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་།  །བླ་མེད་ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་ {{TibChung|[6b]}} ཤོག༔  {{TibChung|རིན་པོ་ཆེའི་ཡུ་བ་ལ་བརྟེན་པའི་བ་དན་ལྕེ་གསུམ་པ་འཕན་མགོས་མཛེས་པ་ཕུལ་ལ།}} ཧཱུཾ༔  ཁམས་གསུམ་དབང་སྡུད་དར་གྱི་འཕན་ཕྱན་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  ཆོས་ཀྱི་མངའ་ཐང་བསོད་ནམས་དར་ཞིང་རྒྱས༔  སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག༔  {{TibChung|ཅེས་ཕུལ།  སྐབས་འདིར་སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམས་པའི་སྙན་འབུལ་གྱིས་མཚམས་སྦྱར་བའམ།  གང་ལྟར་ཡང་ན་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ།}} མ་ཚང་བ་མེད་པ་འདི་ཉིད་བསྟན་དང་འགྲོ་བའི་དཔུང་གཉེན་ཁྱབ་བདག་འཁོར་ལོའི་མགོན་པོའམ།  །སྐྱེས་མཆོག་རིག་འཛིན་ཆེན་པོའམ།  འགྲོ་འདུལ་རྒྱལ་སྲས་བྱང་སེམས་གཞོན་ནུ་སོགས་{{TibChung|སྐབས་དང་སྦྱར་ཏེ།}} གང་གི་ཞབས་པད་བཀྲ་ཤིས་ཀྱི་རེ་ཁཱ་མི་འཇིགས་ཆོས་ཀྱི་ཁྲི་འཕང་མཐོན་པོ་ལ་མངོན་པར་བཀོད་དེ་བདག་སོགས་གདུལ་བྱ་བརྩེ་བས་རྗེས་སུ་འཛིན་པའི་སྐལ་བཟང་གི་དགའ་སྟོན་ཅི་དགར་སྩལ་བའི་བཀའ་དྲིན་གཏང་རག་དང་།  །སླད་ཀྱང་མཆོག་གི་གསང་གསུམ་མི་ཤིགས་རྡོ་རྗེ་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་གཞེས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ {{TibChung|[7a]}} བས་བསྟན་པའི་སྒྲོན་མེ་གཅིག་པུར་མཛད་ནས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པར་གསོལ་བ་གདབ་པའི་སླད་དུ་འབུལ་བར་བགྱིའོ།  །{{TibChung|སོགས་སྦྱར།  དེ་ནས་སྐུ་གསུང་ཐུགས་རྟེན་དང་འབུལ་ཚན་གཞན་ཡོད་ནའང་འདིར་འབུལ་ཞིང་།  །འདུན་པ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་གདབ།  ཞལ་བསྲོ་བའི་སླད་དུ་ཚོགས་འཁོར་གྱི་དགའ་སྟོན་སོགས་བྱ།  །དེ་ནས་བཀྲ་ཤིས་པའི་རྫས་རྣམས་རྟ་སྔགས་ཀྱིས་བསང་།}} སྭ་བྷཱ་ཝ{{TibChung|ས་སྦྱང་།}}  སྟོང་པའི་ངང་ལས་མཱྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར།  །ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ།  {{TibChung|ཞེས་པས་བྱིན་བརླབས་ལ།}}  སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ།  །བྲམ་ཟེ་ཀུཎྜ་ལིས་དུརྦ་ཕུལ་བ།  བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ།  དེང་འདིར་ཡང་འགྲོ་འདུལ་སྐྱེས་བུ་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་སླད་དུ་དུརྦའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག  །དུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ།  །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས།  །ཉོན་མོངས་སྐྱེ་ཤི་རྒྱུན་ {{TibChung|[7b]}} ཆད་གྱུར་པ་ཡི།  །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག  །{{TibChung|དེ་བཞིན་དུ།}} གླང་པོ་ཆེ་ས་སྲུང་གི་སྨན་གྱི་ཝཾ་ཕུལ་བ་སོགས།  གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན།  །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས།  །ཉོན་མོངས་ཟུག་རྡུ་མེད་པར་གྱུར་པ་ཡི།  །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག    །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བ་{{TibChung|སོགས།}}    ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ།  །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ།  །ཡོན་ཏན་ཀུན་གྱི་དཔྱིད་དུ་གྱུར་པ་ཡི།  །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག  །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིཝ་ཕུལ་བ་{{TibChung|སོགས།}} བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས།  །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན།  །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི།  །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག  །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་{{TibChung|སོགས།}}  མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས།  །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ།  །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི།  །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག  །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་ {{TibChung|[8a]}} བ་ཕུལ་བ་{{TibChung|སོགས།}}  དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ།  །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ།  །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི།  །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག  །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་{{TibChung|སོགས།}}  ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ།  །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི།  །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི།  །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག  །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བ་{{TibChung|སོགས།}} ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ།  །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་།  །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི།  །བཀྲཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག    །{{TibChung|ཅེས་རྫས་བརྒྱད་དང་།}}  ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ།  །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་།  །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི།  །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ།  །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་།  །དྲི་མེད་ཉིན་མོ་དེ་བཞིན་མཚན་དེ་བཞིན།  །ནོར་བུ་རིན་ཆེན་དམ་པའི་བཀྲ་ {{TibChung|[8b]}} ཤིས་ཤོག  །   གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ།  །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན།  །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི།  བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས།  །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར།  །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ།  །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི།  །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ།  །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི།  །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག    །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི།  །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་།  །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི།  །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །འགྲོ་དང་ལྡོག་དང་ཀུན་ནས་འོངས་གྱུར་པའི།  །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ།  །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི།  །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག    །{{TibChung|ཅེས་རྒྱལ་སྲིད་སྣ་བདུན་འབུལ།  རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།  །ཕུན་སུམ་ཚོགས་པ་ལ་སོགས་ {{TibChung|[9a]}} པའི་བཀྲ་ཤིས་པའི་ཚིགས་སུ་ཅད་བརྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ།  །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ།  མངའ་གསོལ་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་སླར་རང་གནས་སུ་སྤྱན་དྲང་།  ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་གི་དཀྱུས་ལྟར་མཐའ་རྒྱས་སུ་བྱའོ།  །}}  བསྟན་འཛིན་སྐྱེས་བུ་ཆོས་ཀྱི་རྒྱལ་ཐབས་ཆེར།  །མངའ་དབང་གསོལ་བྱེད་ཆོ་ག་གསལ་བགྱིས་པ།  །འདི་ལས་ཆོས་ཀྱི་ཆབ་སྲིད་རབ་རྒྱས་ནས།  །ཕན་བདེའི་དགའ་སྟོན་ནུབ་མེད་རབ་རྒྱས་ཤོག།  {{TibChung|ཅེས་གཏེར་ཆེན་པད་གླིང་གཉིས་པའི་གདུང་བརྒྱུད་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་སྐུ་ཕྲང་དགུ་པ་མཆོག་ཉིད་གདན་ས་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་ཉེར་མཁོར་གྱུར་ཏེ།  གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུར་སོན་པ་ཆུ་མོ་གླང་གི་ལོ་སྟོན་ཟླ་ར་བའི་ཡར་ཚེས་དགེ་བར་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག   །}} }}
༄༅།  །ཨོཾ་སྭསྟི།  །རབ་འབྱམས་རྒྱལ་ཀུན་གསུང་གི་རྡོ་རྗེ་ཉིད།  །འཆི་མེད་རིག་འཛིན་གར་གིས་རྣམ་རོལ་པ།  །སྣང་སྲིད་ཟིལ་གྱིས་གནོན་པའི་མགོན་པོ་དེས།  །དེང་འདིར་ཕྱོགས་ལས་རྣམ་རྒྱལ་དགེ་ལེགས་སྩོལ།  །{{TibChung|དེ་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པའི་ཡང་སྲིད་གཟུགས་སྐུ་མཚན་དཔེའི་པདྨོ་གསར་དུ་བཞད་པ་གང་ཞིག་མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་བབས་པ་ན།  །ཟླ་བ་ཡར་གྱི་ངོའི་ཚེས་བཟང་པོ་ལ་གནས་ཁང་གི་སྟེང་འོག་ལོགས་རྣམས་མཛེས་པར་བརྒྱན།  །ཕུན་སུམ་ཚོགས་པའི་ཁྲི་དང་།  །རྟེན་གྱི་དཀྱིལ་འཁོར་ཚེ་རྫས་དང་བཅས་པ།  །མཆོད་གཏོར་སྨན་རཀ་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམ།    {{TibChung|[2a]}} དེའི་མདུན་སྟེགས་ལ་རིན་པོ་ཆེའི་སྣོད་དུ་མཁའ་འགྲོའི་དཔལ་གཏོར་འཁོར་བཞི་ཐེབ་ཀྱུ་རིལ་བུ་གང་མང་གིས་གཅེར་བའི་མདུན་ངོས་སྐུ་གླུད་ཆངས་བུ་དཀོར་ཆ་རྣམས་ཀྱིས་བསྐོར།  །གཞན་ཡང་མངའ་དབུལ་གྱི་ཡོ་བྱད་དང་བཀྲ་ཤིས་པའི་རྫས་རྣམས་དངོས་སམ་རི་མོར་བྲིས་པ་སོགས་འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ།  །སྔོན་འགྲོ་ནས་བཟུང་བ་དག་མདུན་བུམ་བཟླས་ཚོགས་མཆོད་དང་བཅས་པ་ལས་གཞུང་བཞིན་གྲུབ་ནས།  །གང་ལ་མངའ་གསོལ་བར་བྱ་བའི་སྐྱེས་མཆོག་མངོན་པར་བཤམས་པའི་ཁྲི་ལ་རོལ་མོར་བཅས་པས་སྤྱན་དྲངས་ལ་བཞུགས་སུ་གསོལ་ཏེ།  །ལས་བུམ་གྱིས་ཁྲུས་གསོལ་ཞིང་།}} ཨོཾ་ཨཱཿཧཱུཾ།  །སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ།  ། {{TibChung|[2b]}} ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་།  །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས།  །སྐྱེས་བུ་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས།  །སྒྲིབ་གསུམབག་ཆགས་ཉེས་བྱས་ཀུན་བྱང་ཞིང་།  །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ།  །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ།  །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད།  །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ།  ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ།  {{TibChung|དེ་ནས་འགལ་རྐྱེན་བཟློག་པའི་སླད་དུ་མཆོད་གཏོར་སྐུ་གླུད་དང་བཅས་པ་བསང་སྦྱང་།}} སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས།  །འཕགས་པ་མཆོད།  སེམས་ཅན་གྱི་དོན་བྱས།  ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ།  །ཨཱཿདམར་པོ།  །ཧཱུཾ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ།  ཨོཾ་ཨཱཿཧཱུཾ།  {{TibChung|ལན་གསུམ།}}  འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར།  {{TibChung|ཞེས་བརླབས་ཏེ།}} ཧྲཱིཿ  ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས།  །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས།  །ཚེ་ལྷ་ {{TibChung|[3a]}} ཡབ་ཡུམ་སྣང་སྟོང་འོད་ཟེར་ཀློང་།  །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར།  །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་རྣམས།  །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་།  །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན།  །དགྱེས་པར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས།  །ཨོཾ་བཛྲ་ཨརྒྷཾ།  །པཱདྱེཾ།  པུཥྤེ།  དྷུ་པེ།  ཨཱ་ལོ་ཀེ    །  གནྡྷེ།  ནཻ་ཝི་དྱ།  ཤཔྡ་པྲ་ཏཱིཙྪ་སྭཱཧཱ།  {{TibChung|ཞེས་མཆོད།}}  ཨེ་ཝཾ་མཉམ་སྦྱོར་ཐབས་ཤེས་དབྱིངས་ཆེན་པོར།  །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འོད་དང་།  །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿདང་ཨཱ་ལི་དང་།  །ཀཱ་ལི་ཐབས་ཤེས་མཉམ་སྦྱར་རྟེན་འབྲེལ་བཅུད།  །ཏིང་འཛིན་འོད་སྐུར་འདུས་པའི་དགྱེས་མཆོད་སྤྲིན།  །ཟབ་གསང་རྡོ་རྗེ་དབྱིངས་ཀྱི་རོལ་རྒྱུན་དུ།  །རྣམ་རོལ་ཡེ་ཤེས་སྣང་བ་རྒྱན་གྱི་གླུད།  །འཕོ་བ་ཆེན་པོ་རྟག་བརྟན་འགྱུར་མེད་དང་།  །འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་དུ་འབུལ།  །བཞེས་ནས་དངོས་འཛིན་མཚན་མོའི་རྣམ་རྟོག་སོལ།  །སྐྱེ་འཆིའི་འཛིན་མདངས་འཇའ་སྐུར་ཡལ་གྱུར་ཅིག      །  {{TibChung|ཅེས་དང་།}}  སྐུ་གསུམ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི།  །དབྱིངས་མཆོག་འོད་གསལ་དྭངས་མ་རྡོ་རྗེའི་ {{TibChung|[3b]}} ཡུམ།  །རིགས་འདུས་འབུམ་ཕྲག་ཡེ་ཤེས་ཌཱ་ཀི་མ།  །ལྷན་སྐྱེས་སྲིད་ཞིར་རོ་གཅིག་རྡོ་རྗེའི་དབྱིངས།  །འབར་བའི་འོད་སྐུར་བརྗོད་པའི་གཏོར་མ་དང་།  །སྲིད་ཞིའི་བདེ་ཆེན་ཕུན་ཚོགས་མཆོད་པ་སྤྲིན།  །ལྷུན་འབྱམས་ཤར་གྲོལ་དག་པའི་ཀློང་ནས་བཞེས།  །མཚན་འཛིན་བར་ཆད་ཐམས་ཅད་ཆོས་སྐུར་ཟློག  །མི་ཤིགས་གསང་མཆོག་རྡོ་རྗེའི་མཁའ་དབྱིངས།  །འཁོར་འདས་རྣམ་རོལ་སྒྱུ་མའི་རོལ་རྩེད་བསྡུ།  །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་འོད་གསལ་དང་།  །སྙིང་གུར་དབུས་སུ་འཆི་མེད་བདུད་རྩི་ཨཿ  {{TibChung|ཞེས་གཏོར་མ་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་ཕུལ།  །སྐྱེས་མཆོག་གདན་ཁྲི་དང་བཅས་པ་བསང་སྦྱང་།}}  སྟོང་པའི་ངང་ལས་རིན་པོ་ཆེའི་སེང་ཁྲི་སྣ་ཚོགས་རྡོ་རྗེས་མཚན་པའི་སྟེང་དུ་ཟླ་བའི་གདན་ལ་སྐྱེས་མཆོག་རིག་འཛིན་གཞོན་ནུ་ཉིད་ཧྲཱིཿལས་པདྨ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་མཛེས་འཛུམ་གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན།  །ཞལ་ཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་།  གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་ཚེ་བུམ་བཅུད་ཀྱིས་གང་བ་བསྣམས་པ།  ། {{TibChung|[4a]}} མཆན་ཁུང་གཡོན་དུ་ཚེ་ཡུམ་མནྡ་ར་ཝ་སྦས་ཚུལ་ཁ་ཊྭཱཾ་ག་འཆང་ཞིང་།  །དབུ་ལ་པད་ཞྭ་འདབ་ལྡན་རྒོད་སྒྲོ་དར་སྣ་ཉི་ཟླས་བརྒྱན་པ་དང་།  སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་རྣམས་བརྩེགས་མར་གསོལ་བ།  མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་འོད་ཕུང་འཔྲིགས་པའི་ཀློང་ན་བཞུགས་པའོ།  །{{TibChung|ཞེས་གསལ་བཏབ།}}  དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དྭངས་མའི་འོད་ཟེར་ཉི་མ་འཆར་བའི་མདངས་ལྟ་བུར་བཀུག་ནས་སྐྱེས་བུ་ཆེན་པོ་མཆོག་གི་སྐུ་ལ་སིབ་སིབ་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་བསམ་ལ།  {{TibChung|ཚེ་མདའ་གཡས་ཅིང་།}}  ཧྲཱིཿ  སྐུ་གསུམ་ཞིང་དང་ཉི་ཤུ་རྩ་བཞི་ཡི།  །ངོ་མཚར་རྒྱན་དང་བཀོད་རབ་འབར་བའི་ཞིང་།  །འཇའ་ཟེར་སྤོས་སྤྲིན་མེ་ཏོག་མདངས་མཛེས་ཀུན།  །ལྷ་དང་ལྷ་མོའི་འོད་ཀྱི་གུར་ཁང་འཁྲིགས།  །དབུས་མཆོག་པདྨ་འཁྱིལ་བའི་ཞིང་མཆོག་ནས།  །སོར་རྟོག་ཡེ་ཤེས་པདྨ་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་ {{TibChung|[4b]}} བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་བསྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །པདྨའི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་ཞིང་ཁམས་ནས།  །མེ་ལོང་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །རྡོ་རྗེ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །ལྷོ་ཕྱོགས་རིན་ཆེན་འཁྱིལ་བའི་ཞིང་ཁམས་ནས།  །མཉམ་ཉིད་ཡེ་ཤེས་རཏྣ་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །རིན་ཆེན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །ནུབ་ཕྱོགས་འཁོར་ལོ་འཁྱིལ་བའི་ཞིང་ཁམས་ནས།  །ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ {{TibChung|[5a]}} ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  སྐྱེས་མཆོག་ཆེན་པོ་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །བདེ་གཤེགས་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  །བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་ཞིང་ཁམས་ནས།  །བྱ་གྲུབ་ཡེ་ཤེས་ཀརྨ་ཚེ་དཔག་མེད།  །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས།  །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས།  །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས།  །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ།  །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་།  །ལས་ཀྱི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ།  {{TibChung|ཞེས་ཚེ་ཛཔྲ་རོལ་མོ་དང་བཅས་པས་ཚེ་འགུགས།  དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་ཚེ་བུམ་ཕྱག་ཏུ་ཕུལ་ལ།}}  ཧྲཱིཿ  མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔  ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔  འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔  འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔    ཚེ་ཡི་རིག་འཛིན་རྣམས་ཀྱི་བྱིན་གྱིས་རློབས༔  འཆི་མེད་སྐུ་ཚེའི་དངོས་གྲུབ་སྩལ་དུ་གསོལཿ    {{TibChung|མེ་ཏོག་ {{TibChung|[5b]}} འཐོར་ཞིང་།}}  སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག  །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག  །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག    །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག  །{{TibChung|ཅེས་བརྗོད།  ཚེ་རིལ་ཕུལ་ལ།}}  བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས།  །སྙིང་པོ་འདུས་པའི་བཅུད་འདི་ནི།  །དེ་རིང་ཁྱེད་ཀྱིས་གསོལ་བར་བགྱི།  །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད།  །ཞལ་མཐོང་འགྱུར་བར་གདོན་མི་ཟ།  {{TibChung|ཞེས་དང་།}} ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག    །{{TibChung|ཚེ་ཆང་ཕུལ་ལ།}}  འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་།  །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་།  །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ།  །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།  །{{TibChung|ཞེས་དང་།}}  ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་རྟེན་ནས་ཤེས་རབ་སྟོང་ཉིད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག  {{TibChung|ཅེས་མེ་ཏོག་འཐོར།  ཚེ་མདའ་ཕུལ་ལ།}}  ཨཿ  མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔  སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔  དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་སྡུས༔  ཟུང་ {{TibChung|[6a]}} འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམ།  །འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས།  །གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག༔  དྷརྨ་དྷཱ་ཏུ་མུ་ཏྲ་ཛྙཱ་ན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾཿ  {{TibChung|ཞེས་རྒྱས་གདབ།  །དེ་ལྟར་འཆི་མེད་རྡོ་རྗེའི་ཚེ་དབང་བརྙེས་པ་ལ་ཕྲིན་ལས་འགྲོ་འདུལ་མངའ་གསོལ་བའི་སླད་དུ།  དུང་དཀར་པོ་དར་སྣའི་ཆུན་འཕྱང་ལྡན་པ་ཕུལ་ལ།}} ཧཱུཾ༔  ནོར་བུ་དུང་དཀར་གཡས་སུ་འཁྱིལ་བ་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  ཁམས་གསུམ་ཐམས་ཅད་ཆོས་ཀྱི་སྒྲ་ཡིས་གང་༔  སེམས་ཅན་ཐམས་ཅད་དགེ་བཅུ་སྤྱོད་པར་ཤོག༔  {{TibChung|རྔ་བོ་ཆེ་དབྱུག་གུ་དང་ལྡན་པ་ཕུལ་ལ།}} ཧཱུཾ༔  རྔ་ཆེན་རོལ་མོ་སྙན་པའི་སྒྲ་ཆེན་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  འཇིག་རྟེན་ཆོས་ཀྱི་སྒྲ་ཡིས་གང་ནས་ཀྱང་༔  སྙན་གྲགས་ནམ་མཁའི་འབྲུག་ལྟར་སྒྲོག་པར་ཤོག༔  {{TibChung|ཟ་འོག་གི་རྒྱལ་མཚན་ནོར་བུའི་ཏོག་གི་མཛེས་པ་ཕུལ་ལ།}}  ཧཱུཾ༔  མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་།  །བླ་མེད་ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་ {{TibChung|[6b]}} ཤོག༔  {{TibChung|རིན་པོ་ཆེའི་ཡུ་བ་ལ་བརྟེན་པའི་བ་དན་ལྕེ་གསུམ་པ་འཕན་མགོས་མཛེས་པ་ཕུལ་ལ།}} ཧཱུཾ༔  ཁམས་གསུམ་དབང་སྡུད་དར་གྱི་འཕན་ཕྱན་འདིས༔  བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔  ཆོས་ཀྱི་མངའ་ཐང་བསོད་ནམས་དར་ཞིང་རྒྱས༔  སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག༔  {{TibChung|ཅེས་ཕུལ།  སྐབས་འདིར་སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམས་པའི་སྙན་འབུལ་གྱིས་མཚམས་སྦྱར་བའམ།  གང་ལྟར་ཡང་ན་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ།}} མ་ཚང་བ་མེད་པ་འདི་ཉིད་བསྟན་དང་འགྲོ་བའི་དཔུང་གཉེན་ཁྱབ་བདག་འཁོར་ལོའི་མགོན་པོའམ།  །སྐྱེས་མཆོག་རིག་འཛིན་ཆེན་པོའམ།  འགྲོ་འདུལ་རྒྱལ་སྲས་བྱང་སེམས་གཞོན་ནུ་སོགས་{{TibChung|སྐབས་དང་སྦྱར་ཏེ།}} གང་གི་ཞབས་པད་བཀྲ་ཤིས་ཀྱི་རེ་ཁཱ་མི་འཇིགས་ཆོས་ཀྱི་ཁྲི་འཕང་མཐོན་པོ་ལ་མངོན་པར་བཀོད་དེ་བདག་སོགས་གདུལ་བྱ་བརྩེ་བས་རྗེས་སུ་འཛིན་པའི་སྐལ་བཟང་གི་དགའ་སྟོན་ཅི་དགར་སྩལ་བའི་བཀའ་དྲིན་གཏང་རག་དང་།  །སླད་ཀྱང་མཆོག་གི་གསང་གསུམ་མི་ཤིགས་རྡོ་རྗེ་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་གཞེས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ {{TibChung|[7a]}} བས་བསྟན་པའི་སྒྲོན་མེ་གཅིག་པུར་མཛད་ནས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པར་གསོལ་བ་གདབ་པའི་སླད་དུ་འབུལ་བར་བགྱིའོ།  །{{TibChung|སོགས་སྦྱར།  དེ་ནས་སྐུ་གསུང་ཐུགས་རྟེན་དང་འབུལ་ཚན་གཞན་ཡོད་ནའང་འདིར་འབུལ་ཞིང་།  །འདུན་པ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་གདབ།  ཞལ་བསྲོ་བའི་སླད་དུ་ཚོགས་འཁོར་གྱི་དགའ་སྟོན་སོགས་བྱ།  །དེ་ནས་བཀྲ་ཤིས་པའི་རྫས་རྣམས་རྟ་སྔགས་ཀྱིས་བསང་།}} སྭ་བྷཱ་ཝ{{TibChung|ས་སྦྱང་།}}  སྟོང་པའི་ངང་ལས་མཱྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར།  །ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ།  {{TibChung|ཞེས་པས་བྱིན་བརླབས་ལ།}}  སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ།  །བྲམ་ཟེ་ཀུཎྜ་ལིས་དུརྦ་ཕུལ་བ།  བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ།  དེང་འདིར་ཡང་འགྲོ་འདུལ་སྐྱེས་བུ་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་སླད་དུ་དུརྦའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག  །དུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ།  །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས།  །ཉོན་མོངས་སྐྱེ་ཤི་རྒྱུན་ {{TibChung|[7b]}} ཆད་གྱུར་པ་ཡི།  །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག  །{{TibChung|དེ་བཞིན་དུ།}} གླང་པོ་ཆེ་ས་སྲུང་གི་སྨན་གྱི་ཝཾ་ཕུལ་བ་སོགས།  གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན།  །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས།  །ཉོན་མོངས་ཟུག་རྡུ་མེད་པར་གྱུར་པ་ཡི།  །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག    །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བ་{{TibChung|སོགས།}}    ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ།  །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ།  །ཡོན་ཏན་ཀུན་གྱི་དཔྱིད་དུ་གྱུར་པ་ཡི།  །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག  །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིཝ་ཕུལ་བ་{{TibChung|སོགས།}} བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས།  །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན།  །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི།  །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག  །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་{{TibChung|སོགས།}}  མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས།  །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ།  །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི།  །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག  །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་ {{TibChung|[8a]}} བ་ཕུལ་བ་{{TibChung|སོགས།}}  དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ།  །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ།  །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི།  །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག  །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་{{TibChung|སོགས།}}  ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ།  །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི།  །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི།  །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག  །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བ་{{TibChung|སོགས།}} ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ།  །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་།  །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི།  །བཀྲཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག    །{{TibChung|ཅེས་རྫས་བརྒྱད་དང་།}}  ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ།  །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་།  །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི།  །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ།  །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་།  །དྲི་མེད་ཉིན་མོ་དེ་བཞིན་མཚན་དེ་བཞིན།  །ནོར་བུ་རིན་ཆེན་དམ་པའི་བཀྲ་ {{TibChung|[8b]}} ཤིས་ཤོག།   གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ།  །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན།  །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི།  བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས།  །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར།  །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ།  །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི།  །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ།  །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི།  །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག    །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི།  །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་།  །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི།  །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག  །འགྲོ་དང་ལྡོག་དང་ཀུན་ནས་འོངས་གྱུར་པའི།  །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ།  །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི།  །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག    །{{TibChung|ཅེས་རྒྱལ་སྲིད་སྣ་བདུན་འབུལ།  རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།  །ཕུན་སུམ་ཚོགས་པ་ལ་སོགས་ {{TibChung|[9a]}} པའི་བཀྲ་ཤིས་པའི་ཚིགས་སུ་ཅད་བརྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ།  །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ།  མངའ་གསོལ་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་སླར་རང་གནས་སུ་སྤྱན་དྲང་།  ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་གི་དཀྱུས་ལྟར་མཐའ་རྒྱས་སུ་བྱའོ།  །}}  བསྟན་འཛིན་སྐྱེས་བུ་ཆོས་ཀྱི་རྒྱལ་ཐབས་ཆེར།  །མངའ་དབང་གསོལ་བྱེད་ཆོ་ག་གསལ་བགྱིས་པ།  །འདི་ལས་ཆོས་ཀྱི་ཆབ་སྲིད་རབ་རྒྱས་ནས།  །ཕན་བདེའི་དགའ་སྟོན་ནུབ་མེད་རབ་རྒྱས་ཤོག།  {{TibChung|ཅེས་གཏེར་ཆེན་པད་གླིང་གཉིས་པའི་གདུང་བརྒྱུད་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་སྐུ་ཕྲང་དགུ་པ་མཆོག་ཉིད་གདན་ས་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་ཉེར་མཁོར་གྱུར་ཏེ།  གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུར་སོན་པ་ཆུ་མོ་གླང་གི་ལོ་སྟོན་ཟླ་ར་བའི་ཡར་ཚེས་དགེ་བར་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག །སརྦ་སིདྡྷི་རསྟུ༎}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 15:50, 19 August 2025

Wylie title skyes bu dam pa'i yang srid gdan sa'i chos kyi khri la mnga' gsol ba'i cho ga phan bde'i dga' ston DJYD-KABUM-18-TSHA-006.pdf
Location bdud 'joms rin po che bka' 'bum
Volume 18, Text 6, Pages 473-489 (Folios 1a1 to 9a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Skyes bu dam pa'i yang srid gdan sa'i chos kyi khri la mnga' gsol ba'i cho ga phan bde'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 473-489. Kalimpong: Dupjung Lama, 1979-1985.
Side notes Recto: cho ga   Verso: yang srid khri gsol
More details More details
Genre Ritual and Liturgical Texts - cho ga phyag len
Colophon

ཅེས་གཏེར་ཆེན་པད་གླིང་གཉིས་པའི་གདུང་བརྒྱུད་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་སྐུ་ཕྲང་དགུ་པ་མཆོག་ཉིད་གདན་ས་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་ཉེར་མཁོར་གྱུར་ཏེ། གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུར་སོན་པ་ཆུ་མོ་གླང་གི་ལོ་སྟོན་ཟླ་ར་བའི་ཡར་ཚེས་དགེ་བར་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག

ces gter chen pad gling gnyis pa'i gdung brgyud rgyal sras pad+ma phrin las kyi yang srid sku phrang dgu pa mchog nyid gdan sa sngan lung sgang steng gsang sngags chos gling gi chos kyi khri la mnga' gsol ba'i skabs su nyer mkhor gyur te/___grub pa mchog gi man ngag la brten nas snyoms las pa 'jigs bral ye shes rdo rjes rang lo bdun cur son pa chu mo glang gi lo ston zla ra ba'i yar tshes dge bar ri bo rin chen spungs kyi mgul du sbyar ba las yi ge pa ni rig byed pa bsod nams rgyal mtshan gyis bgyis pa kun tu don yod par gyur cig

[edit]
༄༅། །སྐྱེས་བུ་དམ་པའི་ཡང་སྲིད་གདན་སའི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་ཆོ་ག་ཕན་བདེའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། །རབ་འབྱམས་རྒྱལ་ཀུན་གསུང་གི་རྡོ་རྗེ་ཉིད། །འཆི་མེད་རིག་འཛིན་གར་གིས་རྣམ་རོལ་པ། །སྣང་སྲིད་ཟིལ་གྱིས་གནོན་པའི་མགོན་པོ་དེས། །དེང་འདིར་ཕྱོགས་ལས་རྣམ་རྒྱལ་དགེ་ལེགས་སྩོལ། །དེ་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པའི་ཡང་སྲིད་གཟུགས་སྐུ་མཚན་དཔེའི་པདྨོ་གསར་དུ་བཞད་པ་གང་ཞིག་མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་བབས་པ་ན། །ཟླ་བ་ཡར་གྱི་ངོའི་ཚེས་བཟང་པོ་ལ་གནས་ཁང་གི་སྟེང་འོག་ལོགས་རྣམས་མཛེས་པར་བརྒྱན། །ཕུན་སུམ་ཚོགས་པའི་ཁྲི་དང་། །རྟེན་གྱི་དཀྱིལ་འཁོར་ཚེ་རྫས་དང་བཅས་པ། །མཆོད་གཏོར་སྨན་རཀ་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམ། [2a] དེའི་མདུན་སྟེགས་ལ་རིན་པོ་ཆེའི་སྣོད་དུ་མཁའ་འགྲོའི་དཔལ་གཏོར་འཁོར་བཞི་ཐེབ་ཀྱུ་རིལ་བུ་གང་མང་གིས་གཅེར་བའི་མདུན་ངོས་སྐུ་གླུད་ཆངས་བུ་དཀོར་ཆ་རྣམས་ཀྱིས་བསྐོར། །གཞན་ཡང་མངའ་དབུལ་གྱི་ཡོ་བྱད་དང་བཀྲ་ཤིས་པའི་རྫས་རྣམས་དངོས་སམ་རི་མོར་བྲིས་པ་སོགས་འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། །སྔོན་འགྲོ་ནས་བཟུང་བ་དག་མདུན་བུམ་བཟླས་ཚོགས་མཆོད་དང་བཅས་པ་ལས་གཞུང་བཞིན་གྲུབ་ནས། །གང་ལ་མངའ་གསོལ་བར་བྱ་བའི་སྐྱེས་མཆོག་མངོན་པར་བཤམས་པའི་ཁྲི་ལ་རོལ་མོར་བཅས་པས་སྤྱན་དྲངས་ལ་བཞུགས་སུ་གསོལ་ཏེ། །ལས་བུམ་གྱིས་ཁྲུས་གསོལ་ཞིང་། ཨོཾ་ཨཱཿཧཱུཾ། །སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། ། [2b] ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །སྐྱེས་བུ་ཆེན་པོའི་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམབག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ། །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། དེ་ནས་འགལ་རྐྱེན་བཟློག་པའི་སླད་དུ་མཆོད་གཏོར་སྐུ་གླུད་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ། །ཨཱཿདམར་པོ། །ཧཱུཾ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུཾ། ལན་གསུམ། འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཞེས་བརླབས་ཏེ། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས། །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས། །ཚེ་ལྷ་ [3a] ཡབ་ཡུམ་སྣང་སྟོང་འོད་ཟེར་ཀློང་། །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་རྣམས། །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་། །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན། །དགྱེས་པར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་བཛྲ་ཨརྒྷཾ། །པཱདྱེཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ ། གནྡྷེ། ནཻ་ཝི་དྱ། ཤཔྡ་པྲ་ཏཱིཙྪ་སྭཱཧཱ། ཞེས་མཆོད། ཨེ་ཝཾ་མཉམ་སྦྱོར་ཐབས་ཤེས་དབྱིངས་ཆེན་པོར། །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འོད་དང་། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿདང་ཨཱ་ལི་དང་། །ཀཱ་ལི་ཐབས་ཤེས་མཉམ་སྦྱར་རྟེན་འབྲེལ་བཅུད། །ཏིང་འཛིན་འོད་སྐུར་འདུས་པའི་དགྱེས་མཆོད་སྤྲིན། །ཟབ་གསང་རྡོ་རྗེ་དབྱིངས་ཀྱི་རོལ་རྒྱུན་དུ། །རྣམ་རོལ་ཡེ་ཤེས་སྣང་བ་རྒྱན་གྱི་གླུད། །འཕོ་བ་ཆེན་པོ་རྟག་བརྟན་འགྱུར་མེད་དང་། །འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་དུ་འབུལ། །བཞེས་ནས་དངོས་འཛིན་མཚན་མོའི་རྣམ་རྟོག་སོལ། །སྐྱེ་འཆིའི་འཛིན་མདངས་འཇའ་སྐུར་ཡལ་གྱུར་ཅིག ། ཅེས་དང་། སྐུ་གསུམ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །དབྱིངས་མཆོག་འོད་གསལ་དྭངས་མ་རྡོ་རྗེའི་ [3b] ཡུམ། །རིགས་འདུས་འབུམ་ཕྲག་ཡེ་ཤེས་ཌཱ་ཀི་མ། །ལྷན་སྐྱེས་སྲིད་ཞིར་རོ་གཅིག་རྡོ་རྗེའི་དབྱིངས། །འབར་བའི་འོད་སྐུར་བརྗོད་པའི་གཏོར་མ་དང་། །སྲིད་ཞིའི་བདེ་ཆེན་ཕུན་ཚོགས་མཆོད་པ་སྤྲིན། །ལྷུན་འབྱམས་ཤར་གྲོལ་དག་པའི་ཀློང་ནས་བཞེས། །མཚན་འཛིན་བར་ཆད་ཐམས་ཅད་ཆོས་སྐུར་ཟློག །མི་ཤིགས་གསང་མཆོག་རྡོ་རྗེའི་མཁའ་དབྱིངས། །འཁོར་འདས་རྣམ་རོལ་སྒྱུ་མའི་རོལ་རྩེད་བསྡུ། །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་འོད་གསལ་དང་། །སྙིང་གུར་དབུས་སུ་འཆི་མེད་བདུད་རྩི་ཨཿ ཞེས་གཏོར་མ་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་ཕུལ། །སྐྱེས་མཆོག་གདན་ཁྲི་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སེང་ཁྲི་སྣ་ཚོགས་རྡོ་རྗེས་མཚན་པའི་སྟེང་དུ་ཟླ་བའི་གདན་ལ་སྐྱེས་མཆོག་རིག་འཛིན་གཞོན་ནུ་ཉིད་ཧྲཱིཿལས་པདྨ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་མཛེས་འཛུམ་གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན། །ཞལ་ཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་ཚེ་བུམ་བཅུད་ཀྱིས་གང་བ་བསྣམས་པ། ། [4a] མཆན་ཁུང་གཡོན་དུ་ཚེ་ཡུམ་མནྡ་ར་ཝ་སྦས་ཚུལ་ཁ་ཊྭཱཾ་ག་འཆང་ཞིང་། །དབུ་ལ་པད་ཞྭ་འདབ་ལྡན་རྒོད་སྒྲོ་དར་སྣ་ཉི་ཟླས་བརྒྱན་པ་དང་། སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་རྣམས་བརྩེགས་མར་གསོལ་བ། མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་འོད་ཕུང་འཔྲིགས་པའི་ཀློང་ན་བཞུགས་པའོ། །ཞེས་གསལ་བཏབ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དྭངས་མའི་འོད་ཟེར་ཉི་མ་འཆར་བའི་མདངས་ལྟ་བུར་བཀུག་ནས་སྐྱེས་བུ་ཆེན་པོ་མཆོག་གི་སྐུ་ལ་སིབ་སིབ་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་བསམ་ལ། ཚེ་མདའ་གཡས་ཅིང་། ཧྲཱིཿ སྐུ་གསུམ་ཞིང་དང་ཉི་ཤུ་རྩ་བཞི་ཡི། །ངོ་མཚར་རྒྱན་དང་བཀོད་རབ་འབར་བའི་ཞིང་། །འཇའ་ཟེར་སྤོས་སྤྲིན་མེ་ཏོག་མདངས་མཛེས་ཀུན། །ལྷ་དང་ལྷ་མོའི་འོད་ཀྱི་གུར་ཁང་འཁྲིགས། །དབུས་མཆོག་པདྨ་འཁྱིལ་བའི་ཞིང་མཆོག་ནས། །སོར་རྟོག་ཡེ་ཤེས་པདྨ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་ [4b] བཅུད་ཀུན་སྡུས། །སྐྱེས་མཆོག་ཆེན་པོའི་སྐུ་བསྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །པདྨའི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་ཞིང་ཁམས་ནས། །མེ་ལོང་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རྡོ་རྗེ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་རིན་ཆེན་འཁྱིལ་བའི་ཞིང་ཁམས་ནས། །མཉམ་ཉིད་ཡེ་ཤེས་རཏྣ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རིན་ཆེན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ནུབ་ཕྱོགས་འཁོར་ལོ་འཁྱིལ་བའི་ཞིང་ཁམས་ནས། །ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ [5a] ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། སྐྱེས་མཆོག་ཆེན་པོ་སྐུ་ལ་སྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །བདེ་གཤེགས་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་ཞིང་ཁམས་ནས། །བྱ་གྲུབ་ཡེ་ཤེས་ཀརྨ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །སྐྱེས་མཆོག་ཆེན་པོའི་སྐུ་ལ་སྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །ལས་ཀྱི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། ཞེས་ཚེ་ཛཔྲ་རོལ་མོ་དང་བཅས་པས་ཚེ་འགུགས། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་ཚེ་བུམ་ཕྱག་ཏུ་ཕུལ་ལ། ཧྲཱིཿ མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ཀྱི་བྱིན་གྱིས་རློབས༔ འཆི་མེད་སྐུ་ཚེའི་དངོས་གྲུབ་སྩལ་དུ་གསོལཿ མེ་ཏོག་ [5b] འཐོར་ཞིང་། སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག །ཅེས་བརྗོད། ཚེ་རིལ་ཕུལ་ལ། བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་ཁྱེད་ཀྱིས་གསོལ་བར་བགྱི། །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟ། ཞེས་དང་། ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཚེ་ཆང་ཕུལ་ལ། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་དང་། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་རྟེན་ནས་ཤེས་རབ་སྟོང་ཉིད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག ཅེས་མེ་ཏོག་འཐོར། ཚེ་མདའ་ཕུལ་ལ། ཨཿ མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔ སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔ དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་སྡུས༔ ཟུང་ [6a] འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམ། །འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས། །གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག༔ དྷརྨ་དྷཱ་ཏུ་མུ་ཏྲ་ཛྙཱ་ན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾཿ ཞེས་རྒྱས་གདབ། །དེ་ལྟར་འཆི་མེད་རྡོ་རྗེའི་ཚེ་དབང་བརྙེས་པ་ལ་ཕྲིན་ལས་འགྲོ་འདུལ་མངའ་གསོལ་བའི་སླད་དུ། དུང་དཀར་པོ་དར་སྣའི་ཆུན་འཕྱང་ལྡན་པ་ཕུལ་ལ། ཧཱུཾ༔ ནོར་བུ་དུང་དཀར་གཡས་སུ་འཁྱིལ་བ་འདིས༔ བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔ ཁམས་གསུམ་ཐམས་ཅད་ཆོས་ཀྱི་སྒྲ་ཡིས་གང་༔ སེམས་ཅན་ཐམས་ཅད་དགེ་བཅུ་སྤྱོད་པར་ཤོག༔ རྔ་བོ་ཆེ་དབྱུག་གུ་དང་ལྡན་པ་ཕུལ་ལ། ཧཱུཾ༔ རྔ་ཆེན་རོལ་མོ་སྙན་པའི་སྒྲ་ཆེན་འདིས༔ བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔ འཇིག་རྟེན་ཆོས་ཀྱི་སྒྲ་ཡིས་གང་ནས་ཀྱང་༔ སྙན་གྲགས་ནམ་མཁའི་འབྲུག་ལྟར་སྒྲོག་པར་ཤོག༔ ཟ་འོག་གི་རྒྱལ་མཚན་ནོར་བུའི་ཏོག་གི་མཛེས་པ་ཕུལ་ལ། ཧཱུཾ༔ མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་འདིས༔ བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །བླ་མེད་ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་ [6b] ཤོག༔ རིན་པོ་ཆེའི་ཡུ་བ་ལ་བརྟེན་པའི་བ་དན་ལྕེ་གསུམ་པ་འཕན་མགོས་མཛེས་པ་ཕུལ་ལ། ཧཱུཾ༔ ཁམས་གསུམ་དབང་སྡུད་དར་གྱི་འཕན་ཕྱན་འདིས༔ བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་མངའ་གསོལ་བས༔ ཆོས་ཀྱི་མངའ་ཐང་བསོད་ནམས་དར་ཞིང་རྒྱས༔ སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག༔ ཅེས་ཕུལ། སྐབས་འདིར་སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམས་པའི་སྙན་འབུལ་གྱིས་མཚམས་སྦྱར་བའམ། གང་ལྟར་ཡང་ན་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་བསྟན་དང་འགྲོ་བའི་དཔུང་གཉེན་ཁྱབ་བདག་འཁོར་ལོའི་མགོན་པོའམ། །སྐྱེས་མཆོག་རིག་འཛིན་ཆེན་པོའམ། འགྲོ་འདུལ་རྒྱལ་སྲས་བྱང་སེམས་གཞོན་ནུ་སོགས་སྐབས་དང་སྦྱར་ཏེ། གང་གི་ཞབས་པད་བཀྲ་ཤིས་ཀྱི་རེ་ཁཱ་མི་འཇིགས་ཆོས་ཀྱི་ཁྲི་འཕང་མཐོན་པོ་ལ་མངོན་པར་བཀོད་དེ་བདག་སོགས་གདུལ་བྱ་བརྩེ་བས་རྗེས་སུ་འཛིན་པའི་སྐལ་བཟང་གི་དགའ་སྟོན་ཅི་དགར་སྩལ་བའི་བཀའ་དྲིན་གཏང་རག་དང་། །སླད་ཀྱང་མཆོག་གི་གསང་གསུམ་མི་ཤིགས་རྡོ་རྗེ་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཞིང་གཞེས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ [7a] བས་བསྟན་པའི་སྒྲོན་མེ་གཅིག་པུར་མཛད་ནས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པར་གསོལ་བ་གདབ་པའི་སླད་དུ་འབུལ་བར་བགྱིའོ། །སོགས་སྦྱར། དེ་ནས་སྐུ་གསུང་ཐུགས་རྟེན་དང་འབུལ་ཚན་གཞན་ཡོད་ནའང་འདིར་འབུལ་ཞིང་། །འདུན་པ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་གདབ། ཞལ་བསྲོ་བའི་སླད་དུ་ཚོགས་འཁོར་གྱི་དགའ་སྟོན་སོགས་བྱ། །དེ་ནས་བཀྲ་ཤིས་པའི་རྫས་རྣམས་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མཱྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། །ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་བརླབས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། །བྲམ་ཟེ་ཀུཎྜ་ལིས་དུརྦ་ཕུལ་བ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་འགྲོ་འདུལ་སྐྱེས་བུ་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་སླད་དུ་དུརྦའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ [7b] ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གི་སྨན་གྱི་ཝཾ་ཕུལ་བ་སོགས། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྡུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བ་སོགས། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དཔྱིད་དུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིཝ་ཕུལ་བ་སོགས། བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་སོགས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་ [8a] བ་ཕུལ་བ་སོགས། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་སོགས། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བ་སོགས། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཅེས་རྫས་བརྒྱད་དང་། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་དེ་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ [8b] ཤིས་ཤོག། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོངས་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཅེས་རྒྱལ་སྲིད་སྣ་བདུན་འབུལ། རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས། །ཕུན་སུམ་ཚོགས་པ་ལ་སོགས་ [9a] པའི་བཀྲ་ཤིས་པའི་ཚིགས་སུ་ཅད་བརྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ། མངའ་གསོལ་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་སླར་རང་གནས་སུ་སྤྱན་དྲང་། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་གི་དཀྱུས་ལྟར་མཐའ་རྒྱས་སུ་བྱའོ། ། བསྟན་འཛིན་སྐྱེས་བུ་ཆོས་ཀྱི་རྒྱལ་ཐབས་ཆེར། །མངའ་དབང་གསོལ་བྱེད་ཆོ་ག་གསལ་བགྱིས་པ། །འདི་ལས་ཆོས་ཀྱི་ཆབ་སྲིད་རབ་རྒྱས་ནས། །ཕན་བདེའི་དགའ་སྟོན་ནུབ་མེད་རབ་རྒྱས་ཤོག། ཅེས་གཏེར་ཆེན་པད་གླིང་གཉིས་པའི་གདུང་བརྒྱུད་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་སྐུ་ཕྲང་དགུ་པ་མཆོག་ཉིད་གདན་ས་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་ཉེར་མཁོར་གྱུར་ཏེ། གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུར་སོན་པ་ཆུ་མོ་གླང་གི་ལོ་སྟོན་ཟླ་ར་བའི་ཡར་ཚེས་དགེ་བར་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག །སརྦ་སིདྡྷི་རསྟུ༎