DJYD-KABUM-20-WA-013: Difference between revisions
From Dudjom Wiki
DJYD-KABUM-20-WA-013
No edit summary |
No edit summary |
||
| Line 33: | Line 33: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། ། {{TibChung|[157a]}} ཨོཾ་སྭསྟི། སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཆོས་རྒྱལ་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱི་བཀའ་འབུམ་རིན་པོ་ཆེ་ཇི་ལྟར་ཐོབ་པའི་ཚུལ་ལ། སྐོར་ཚོ་བཅུ་གསུམ་དུ་བཞུགས་པ་ལས། དང་པོ་ལོ་རྒྱུས་རྣམ་ཐར་གྱི་སྐོར་ལ། ཀ༽ བི་མ་ལའི་སྙིང་ཏིག་མ་བུའི་ལོ་རྒྱུས་ཁ་སྐོང་ངེས་ཤེས་འདྲེན་བྱེད། ཁ༽ ལོ་ཆེན་གཞན་ཕན་རྡོ་རྗེའི་རྣམ་ཐར་བདུད་རྩིའི་ཐིག་ལེ། ཡབ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་གདུང་སེལ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེའི་ཤིན་ཏུ་གསང་བ་ཉམས་སྣང་གི་རྟོགས་བརྗོད་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ། རྗེ་ཉིད་ཀྱི་གསང་བའི་རྣམ་ཐར་ཡོན་ཏན་རྒྱ་མཚོའི་སྙེམ། དག་སྣང་ཆུ་ཟླའི་རོལ་རྩེད། རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་འབྱུང་ལོ་རྒྱུས་སྐལ་བཟང་དགའ་བྱེད་རྣམས། གཉིས་པ་བསྟོད་ཚོགས་སྨོན་ལམ་དཀར་ཆག་གི་སྐོར་ལ། ག༽ བདག་བསྟོད་ཀྱི་སྐོར་གསང་གསུམ་མཛེས་རྒྱན་རབ་བརྟན་དབང་པོ་དཔག་བསམ་ལྗོན་པ། བཤེས་གཉེན་གཞན་གྱི་བསྟོད་པ་དང་བརྟན་ {{TibChung|[157b]}} བཞུགས་སུ་སྤེལ་བ་དག་སྣང་དད་པའི་མེ་ཏོག །ཡུལ་ཁྱད་པར་ཅན་ལ་གསོལ་འདེབས་སོགས་བསྟོད་སྤྲིན་རྒྱ་མཚོའི་རོལ་མོ། བླ་བརྒྱུད་གསོལ་འདེབས་སྣ་ཚོགས་ཡོན་ཏན་གངྒཱའི་རླབས་ཕྲེང་། བྲིས་ཐང་དང་སྙན་ཤལ་གྱི་ཞལ་བྱང་ཚོགས་གཉིས་ལྗོན་པའི་མྱུ་གུ ། གནས་རྟེན་གྱི་ཆེ་བརྗོད་དཀར་ཆག་གནས་ལུགས་རབ་ཏུ་གསལ་བའི་མེ་ལོང་རྣམས། གསུམ་པ་འཕྲིན་ཡིག་དང་དྲིས་ལན་སྣ་ཚོགས་པའི་སྐོར་ལ། མཆོག་དམན་བར་མའི་ཚོགས་ལ་འཕྲིན་ཡིག་ཚིགས་བཅད་དུ་སྤེལ་བ་རྡོ་རྗེ་སྒྲ་མའི་རྒྱུད་མང་། འཕྲིན་ཡིག་ལྷུག་པ་གློག་གི་རོལ་རྩེད། དྲི་བ་སྣ་ཚོགས་པའི་ལན་རིམ་པར་སྤེལ་བའི་ཐང་འབྲོག་སྤྲུལ་སྐུའི་དྲིས་ལན་ཡན། བཞི་པ་ཐེག་པ་སྣ་ཚོགས་པའི་འཇུག་སྒོ་དང་གནད་ཀྱི་མན་ངག་གི་སྐོར་ལ། ང་༽ ཐུན་མོང་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས། ཁྱིམ་པ་རྗེས་འཛིན་གྱི་ཆོ་ག་ཐར་ལམ་རབ་གསལ། དབུ་མ་ལུགས་ཀྱི་བྱང་སྡོམ་འབོག་ཆོག་རྒྱལ་སྲས་ལམ་བཟང་། བླ་མའི་རྣལ་འབྱོར་གྱི་རིམ་པ་གྲུབ་གཉིས་མཆོག་སྩོལ། མབཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཟབ་ལམ་ {{TibChung|[158a]}} གསལ་བྱེད། དེའི་བརྒྱུད་འདེབས། སྲོག་སྒྲུབ་མ་དང་ལྡང་ལྷའི་གཏོར་འབུལ་ཁྱེར་བདེ། ཀུན་བཟང་དགོངས་འདུས་ཀྱི་ཁྲིད་ཡིག་སྙིང་པོ་རབ་གསལ། ཡང་ཏིག་གཅེས་ཕྲེང་གི་ཁྲིད་ཀྱི་དམིགས་རྐང་གྲངས་འཛིན། ཅ༽ གཅོད་ཁྲིད་དཔའ་བོའི་གད་རྒྱངས། དེའི་ཟུར་འདེབས། ཟུར་འདེབས་ལྷན་ཐབས། གཅོད་ཁྲིད་འཁོར་འདས་རང་གྲོལ། གཅོད་དབང་འཁོར་འདས་གཞི་གྲོལ། འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས། ཞལ་གདམས་སྐོར་བདུད་རྩིའི་ཐིག་པ་བཅས། ལྔ་པ་སྔ་འགྱུར་བཀའ་མའི་སྐོར་ལ། སྒྱུ་འཕྲུལ་དྲྭ་བ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས། དཀྱིལ་ཆོག་རིན་ཆེན་ཕྲེང་བ། ཁྲོ་བོའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས། དཀྱིལ་ཆོག་རྡོ་རྗེའི་ཕྲེང་བ། འདུས་པ་མདོའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། དཀྱིལ་ཆོག་དྲི་མེད་འོད་ཕྲེང་། མདོ་དབང་གི་དོགས་གནས་ལ་དྲི་བའི་ཚིགས་བཅད་ཤོག་གཅིག་མ། མཉམ་སྦྱོར་རིགས་བསྡུས་ཀྱི་སྒྲུབ་ཐབས་བདེ་ཆེནའདོད་འཇོ། དཀྱིལ་ཆོག་ཀུན་བཟང་ཞལ་ལུང་། དབང་ཆོག་བྱིན་རླབས་ཆར་འབེབས། ཡང་ {{TibChung|[158b]}} དག་ཟླ་གམ་དགུ་པའི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ། དཀྱིལ་ཆོག་བདུད་རྩིའི་སྙིང་ཁུ། དབང་ཆོག་བདེ་ཆེན་འཇུག་ངོགས། ཚེ་དཔག་མེད་ལུང་ལུགས་སྒྲུབ་ཐབས་འཆི་མེད་མཆོག་སྟེར། ན་རཀ་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ། དོང་སྤྲུགས་པདྨ་བརྒྱ་ལྡན་གྱི་ཆོ་ག་བདེ་ཆེན་ལམ་བཟང་། གནུབས་ལུགས་གཤིན་རྗེ་གཤེད་དམར་གྱི་ལས་བྱང་བདུད་དབུང་མཐར་བྱེད། འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་རྡོ་རྗེའི་མེ་ཕྲེང་། གཏོར་བཟློག་བདུད་དཔུང་མཐར་བྱེད། རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས་རྒྱས་པ་ལས་བཞིའི་རྣམ་རོལ། འབྲིང་པོ་ལས་བཞིའི་སྙེ་མ། བསྡུས་པ་ཁྱེར་བདེ་རྣམས། འཆམ་ཡིག་བཅས། དྲུག་པ་སྔ་འགྱུར་གཏེར་མའི་སྐོར་ལ། ཆ༽ ཆིས་དབང་བླ་མ་གསང་འདུས་ཀྱི་ལས་བྱང་སྙིང་པོ་རབ་གསལ། དབང་ཆོག་དབང་དོན་རབ་གསལ། བསྙེན་ཡིག་ཉུང་གསལ། པད་གླིང་དྲག་པོ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བསྙེན་པའི་གསལ་བྱེད། ཉང་གཏེར་བཀའ་བརྒྱད་བདེ་འདུས་ཀྱི་ལས་བྱང་བདེ་ཆེན་རྣམ་རོལ། མངོན་རྟོགས་ཆེ་ཆུང་གི་ཡི་གེ ། སྒྲུབ་ཁོག་ {{TibChung|[159a]}} དངོས་གྲུབ་གཏེར་མཛོད། རྣལ་འབྱོར་རྒྱུན་དབང་གི་དབང་ཆོག་བདུད་རྩིའི་ཐིག་ལེ། དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ཡིག བདེ་འདུས་ཁྲོ་རོལ་གཏོར་ཟློག་བདུད་དཔུང་ཟིལ་གནོན། ལག་ལེན་མན་ངག་གསལ་བྱེད། འཁོར་ལོའི་རབ་གནས་བྱ་ཚུལ། ཡང་དག་སྙིང་པོའི་ལས་བྱང་ཉུང་གསལ། བསྙེན་ཡིག་ཉུང་གསལ། ཆོས་དབང་ཕུར་པ་སྤུ་གྲིའི་ལས་བྱང་ཀུན་བཟང་རོལ་མཚོ། གདབ་ཁའི་ཟུར་འདེབས་ཟིན་བྲིས་སུ་བྱས་པ། སྒྲུབ་ཁོག་དངོས་གྲུབ་དགའ་སྟོན། དམར་ཆེན་གཏོར་མའི་ལས་རིམ་བདུད་འཇོམས་རྣམ་རོལ། སྨད་ལས་རྡོ་རྗེའི་མེ་ཆར། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་མཆོད་ལ་མཁོ་བའི་ཟུར་འདེབས། དཀྱིལ་འཁོར་དེ་ལ་བརྟན་པའི་རོ་སྲེག་གི་ཆོ་ག་སྒྲིབ་གཉིས་མུན་སེལ། ཉང་གཏེར་རྟ་ནག་གི་ལས་བྱང་དྲེགས་པ་ཚར་གཅོད། ཁྲོས་ནག་གི་ཚེ་འདས་རྗེས་འཛིན་གནས་ལུང་རོ་སྲེག་དང་བཅས་པ་སྒྲིབ་གཉིས་མུན་སེལ། སྔགས་རྒོད་ལོ་ཀྟྲིའི་ལས་བྱང་སྙིང་པོའི་དོན་གསལ། སྲུང་ཟློག་བསད་པའི་མན་ངག་རྡོ་ {{TibChung|[159b]}} རྗེའི་ཐོག་འབེབས། པད་གླིང་ཐུགས་ཆེན་མུན་སེལ་སྒྲོན་མེའི་ལས་བྱང་པད་གླིང་ལུགས་ཀྱི་ཆོག་ཁྲིགས། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་ལས་བྱང་དངོས་གྲུབ་རོལ་མཚོ། མ་མགོན་ལས་བྱང་གུད་ཕྱུང་། མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ། ཞིང་སྐྱོང་མ་མོའི་ལས་བྱང་འདོད་པའི་རེ་སྐོང་། དེའི་གཏོར་འབུལ་ཁྱེར་བདེ། གཏོར་མ་རུ་མཚོན་གཟུངས་འཛུགས་མན་ངག་ཉུང་གསལ་གོ་བདེ། ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན། ཞིང་སྐྱོང་མ་མོའི་སྐོང་བའི་མདོས་ཆོག་ནམ་མཁའི་མཛོད་བཅས། བདུན་པ་ཟབ་མོའི་དག་སྣང་གི་སྐོར་ལ། གཡའ་བཟང་བའི་ལུགས་ཕྱག་རྡོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ། ཕྱག་རྡོར་སྙན་བརྒྱུད་ཀྱི་གཏུམ་མོའི་སྒྲུབ་ཐབས་ལུས་དཀྱིལ་དང་བཅས་པ། རྒྱ་ཅན་གྱི་ནང་ཚན་འཇིག་རྟེན་དབང་ཕྱུག་གི་དཀྱིལ་ཆོག་ལྷན་ཐབས་ངོ་མཚར་སྣང་བ། བསྙེན་ཡིག་ཉུང་གསལ། བསྙེན་པའི་ཁ་སྐོང་ལ་མཁོ་བའི་སྦྱིན་སྲེག་ཟིན་བྲིས། དུས་མཐའི་ཆོ་ག་སྒྲིབ་གཉིས་མུན་སེལ། ཡང་གསང་དྲག་པོའི་ཞི་རྒྱས་ཀྱི་སྦྱིན་སྲེག་འདོད་དོན་ལྷུན་གྲུབ། {{TibChung|[160a]}} ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་ལས་བྱང་སྙིང་པོའི་བཅུད་དྲིལ། བསྙེན་ཡིག་སྐལ་བཟང་རེ་སྐོང་། སྦྱིན་སྲེག་སྒྲིབ་གཉིས་མུལ་སེལ་རྣམས། བརྒྱད་པ་གཏེར་གསར་ཁ་སྐོང་སྐོར་ལ། ཇ༽ ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ལས་བྱང་པདྨའི་དགོངས་རྒྱན། སྔོན་འགྲོ་ཕན་བདེའི་ཆར་རྒྱུན། ཁྲིད་ཡིག་ངེས་དོན་གསལ་བྱེད། བུམ་སྒྲུབ་ཟིན་བྲིས། ལས་བཞིའི་ཛཔྲ་བྱང་། ཡང་ལས་བྱང་སྙིང་པོར་དྲིལ་བ། བསྙེན་ཡིག་གསལ་བྱེད། གསང་སྒྲུབ་ལས་བྱང་བཅུད་དྲིལ། ཧཱུྃ་སྒྲུབ་ཟིལ་གནོན། ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར། ཚེ་སྒྲུབ་ཧྲཱིཿགཅིག་མའི་ཉམས་ལེན། ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལས་བྱང་འཆི་མེད་འདོད་འཇོ། དེའི་རྒྱུན་ཁྱེར། ཚེའི་དབང་ཆོག་འཆི་བདག་བདུད་འཇོམས། བརྟན་བཞུགས་ཀྱི་ཆོ་ག་བྱ་བའི་ཁྲིགས་རིམ་འཆི་མེད་དགའ་སྟོན། ཚེ་ཁྲིད་རྩ་ཐོ། ཞལ་བཞིའི་ལས་བྱང་ལས་བཞི་ལྷུན་གྲུབ། བསྟོད་པ། བསྐང་བ། དྲག་གཏོར་ལས་རིམ་རྡོ་རྗེའི་ཐོག་མདའ། ཞིང་སྐྱོང་གཏོར་ཆོག །བསྐང་བ་རྣམས། གུ་རུ་དྲག་དམར་གྱི་སྐོར་ལ། {{TibChung|[160b]}} བརྒྱུད་འདེབས། ཁྲག་འཐུང་པདྨ་དྲག་པོའི་ལས་བྱང་དངོས་གྲུབ་ཆར་འབེབས། ལས་བུམ། དྲག་སྒྲུབ་རྒྱུན་ཁྱེར། བསྙེན་ཡིག །དབང་གི་མཚམས་སྦྱོར་དབང་དོན་འདོད་འཇོ། གཏོར་མའི་ལས་རིམ་དགྲ་བགེགས་ཀུན་འཇོམས། ཨར་གཏད་བྱ་ཐབས། སྲེག་པ། ཧོམ་གྱི་ཡིག་ཆུང་། ཧོམ་མཆོད་དམོད་བྱང་། གཏེར་སྲུང་གསུམ་གྱི་གསོལ་ཁ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཆོ་ག་རྣམ་གྲོལ་ལམ་བཟང་། བརྒྱུད་འདེབས་དང་། འཕོ་བའི་གསོལ་འདེབས། སྔགས་སྲུང་ཕྲིན་ལས། གཏོར་འབུལ་ཁྱེར་བདེ། རྗེས་གནང་གི་ཆོ་ག་བཀླགས་ཆོག་མ་བཅས། ཉ༽ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བླ་བརྒྱུད་གསོལ་འདེབས། ལྷན་ཐབས། བསྙེན་ཡིག །རིལ་བུའི་སྦྱོར་ཚུལ། རྒྱུན་ཁྱེར། ལམ་རིམ་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ། འཕོ་བ། རབ་གནས། སྦྱིན་སྲེག །གར་དབང་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས། འཆི་བསླུ། ལྷ་ཆེན་ལས་བྱང་། གཏོར་ཆོག །བསྐང་བཤགས། ཕྲིན་བཅོལ། རྗེས་གནང་ཡི་གེ ། མེ་མཆོད། སྨན་བཙུན་མཆོད་ {{TibChung|[161a]}} སྤྲིན། གཏེར་སྲུང་གཏོར་འབུལ་དང་། སྔགས་འབུལ་བཅས། འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས། ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན། ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས། བསྙེན་ཡིག་འདོད་འཇོའི་བུམ་བཟང་། བསྙེན་སྒྲུབ་ལས་གསུམ་གོ་དོན་མདོར་བསྡུས། དཀྱིལ་ཆོག་ཁྲག་འཐུང་རྣམ་རོལ། དབང་ཆོག་བདེ་ཆེན་འདོད་འཇོ། མནན་པའི་མན་ངག །སྲེག་པ། ཟོར་གྱི་མན་ངག །ལག་ལེན་གསེར་ཐུར། དམོད་བཅོལ། ལས་གཤིན་གྱི་ཕྲིན་ལས་ཕོ་ཉ་མྱུར་མགྱོགས། དེའི་རྗེས་གནང་གི་ཆོ་གའི་གསལ་བྱེད་རྣམས་སོ། །དགུ་པ་ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་སྐོར་ལ། ཏ༽ སྒྲུབ་ཐབས་འདོད་འཇོའི་བུམ་བཟང་བརྒྱུད་ཡིག་དང་བཅས་པ། ཆོས་སྐྱོང་གི་སྲོག་གཏད་བཀའ་བསྒོའི་དཔེར་བརྗོད། ཐ༽ རྩ་གསུམ་རབ་འབྱམས་ཀྱི་སྒྲུབ་ཐབས་ནོར་བུའི་ཕྲེང་བའི་སྐོར། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྒྲུབ་ཐབས། སྒྲོལ་དཀར་སྒྲུབ་ཐབས། དབྱངས་ཅན་སྲེག་ {{TibChung|[161b]}} ཆོག །ཞང་བློན་རྗེས་གནང་། ཛམ་དམར་སྒྲུབ་ཐབས། ཆུ་སྦྱིན། གཡུ་སྒྲོན་མའི་ཕྲིན་ལས་འདོད་འཇོའི་སྙེ་མ། ཚངས་པའི་གསོལ་མཆོད། རོང་ལྷའི་གསོལ་མཆོད། སྐུ་འབུམ་བརྟན་མའི་གསོལ་མཆོད་རྣམས། བཅུ་པ་བླང་དོར་བཅའ་སྒྲིགས་ཀྱི་སྐོར་ལ། བཤེས་པའི་གཏམ་དུ་བྱ་བ་བདེ་སྐྱིད་འབྱུང་གནས། སྨིན་གྲོལ་གླིང་འདུས་སྡེའི་བཅའ་ཡིག་མ་བུ། འདུས་སྡེ་དུ་མའི་བཅའ་ཡིག་ཀུན་བཏུས་རྣམས། བཅུ་གཅིག་པ་རྐྱེན་སེལ་ཕན་བྱེད་ཀྱི་སྐོར་བ། བཀའ་བསྒོ་བྱ་ཚུལ། སྨེ་བརྩེགས་ཀྱི་ཁྲུས་ཆོག །རྣམ་འཇོམས་ཀྱི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་རྒྱས་བསྡུས། གཏུམ་པོའི་དུག་སྦྱོང་། བྱད་འགྲོལ་གསེར་ལྡེའི་སྒྲུབ་ཐབས་དང་ལག་ལེན་གསལ་བྱེད། བརྒྱ་བཞིའི་ཆོ་ག་རྣམས། བཅུ་གཉིས་པ་ཕྲིན་ལས་རྗེ་འཛིན་གྱི་སྐོར་ལ། གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ། བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ། ཨ༽ རབ་གནས་ཀྱི་ཆོ་ག་རྒྱས་པ་དགེ་ལེགས་འདོད་འཇོ། འབྲིང་པོ་རྒྱུད་དོན་རབ་གསལ། བསྡུས་པ་རྒྱུད་དོན་སྙིང་པོ། ཡོན་བསྒོའི་གཏོང་ཐུན་རྒྱད་བསྡུས། {{TibChung|[162a]}} ཞི་རྒྱས་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། ཞི་བ་ལས་ཐམས་ཅད་པའི་སྲེག་ཆོག །བསིལ་གཏོར་གང་གཱའི་ཆུ་རྒྱུན། བུ་ཡིག་བདུད་རྩིའི་སྤྲིན་ཕུང་། བྲུལ་གཏོར་ཆ་ལྔ་པ། ཀླུ་གཏོར་གདེངས་ཅན་འདོད་འཇོ། ཆབ་གཏོར་འཇམ་དཔལ་མའི་གཏོར་ཆོག་སྙིང་པོར་དྲིལ་བ། དེའི་རྫས་ཀྱི་ལག་ལེན། ཆ་གསུམ་ཆོ་ག་ཡིད་བཞིན་འདོད་འཇོ་རྣམས། བཅུ་གསུམ་པ་གསུང་ཐོར་བུ་སྣ་ཚོགས་ཀྱི་སྐོར་ལ། བསང་མཆོད་བདུད་རྩིའི་སྤྲིན་ཕུང་འཁྲུལ་རྟོག་རང་སངས། གསུར་མཆོད་འདོད་ཡོན་སྤྲིན་ཕུང་། ཇ་མཆོད་ཀུན་བཟང་མཆོད་སྤྲིན་གྱི་པད་གླིང་བརྒྱུད་པའི་ཇ་མཆོད་ཡན། ཆང་མཆོད་དང་ནང་མཆོད་སྙིང་པོར་དྲིལ་བ། ཚོགས་བརྒྱ་གཏོང་བའི་ལག་ལེན། དྭངས་བཅད་དངོས་གྲུབ་ལེན་པའི་ཟིན་བྲིས། ཨོ་རྒྱན་གླིང་གྲྭ་ཚང་ལ་གནང་བའི་ཕྲིན་བཅོལ། རྡུལ་ཚོན་ཆུར་གཤེགས་ཆོ་ག །སྤོས་སྦྱོར་ཡོངས་འདུའི་དྲི་བསུང་། མགོན་པོ་དང་རྣམ་སྲས་གཉིས་ཀྱི་སྤོས་སྦྱོར། མཆོད་སྡོང་ཆེན་མོའི་རབ་གནས་བྱ་ཚུལ། བཀའ་རྩོམ་ཐོར་བུའི་སྐོར་འདོད་རྒུའི་སྒོ་འཕར་འབྱེད་པའི་ལྡེ་མིག །ཞི་སྐྱོང་ {{TibChung|[162b]}} མ་མོར་གནས་གཏོད་ཀྱི་ཕྲིན་བཅོལ་རྣམས་སོ། །དེ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་རྒྱལ་གཏེར་བདག་གླིང་པ། རྒྱལ་སྲས་འགྱུར་མེད་རྒྱ་མཚོ་གཉིས་ཀས། རྗེ་རཏྣ་བི་ཛ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། ཌཱ་ཀིའི་སྤྱི་གཟུགས་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགལ། སྔགས་རབ་འགྱུར་མེད་བསྟན་འཕེལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་། རབ་འབྱམས་བསྟན་པའི་རྒྱལ་མཚན། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་སོ། །ཡང་ན་ཕྲིན་ལས་ཆོས་སྒྲོན་ནས། ཤཱཀྱའི་དགེ་སྦྱོར་ཨོ་རྒྱན་ཕུན་ཚོགས། འདུལ་འཛིན་ལུང་རིགས་འོད་ཟེར། བཤེས་གཉེན་དམ་པ་ཤེས་རབ་བསྟན་དར། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་བའོ༎ ༎}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 15:51, 20 August 2025
| Wylie title | chos rgyal gter bdag gling pa'am pad+ma gar dbang 'gyur med rdo rje rtsal gyi bka' 'bum ji ltar thob pa'i tshul | |
|---|---|---|
| Location | bdud 'joms rin po che bka' 'bum Volume 20, Text 13, Pages 313-324 (Folios 157a1 to 162b5) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. chos rgyal gter bdag gling pa'am pad+ma gar dbang 'gyur med rdo rje rtsal gyi bka' 'bum ji ltar thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 313-324. Kalimpong: Dupjung Lama, 1979-1985. | |
| Side notes | Recto: thob yig Verso: smin gter bka' 'bum skor | |
| More details More details | ||
| Genre | Records of Teachings Received - thob yig - gsan yig | |
| Cycle | ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me) | |