DJYD-KABUM-23-A-007: Difference between revisions
From Dudjom Wiki
DJYD-KABUM-23-A-007
No edit summary |
No edit summary |
||
| Line 39: | Line 39: | ||
༄༅། །ཨོཾ་སྭསྟི། གཏེར་ཁ་དགུ་འདུས་ཀྱི་སྒྲུབ་ཆེན་ཁོག་དབུབ་དང་འབྲེལ་བའི་དཀྱིལ་འཁོར་གྱི་བྱ་བ་ལ་གཉིས། ཐིག་གདབ་པ་དང་། ཚོན་དགྱེ་བའོ། །དང་པོ་ཐིག་གདབ་པ་ལ་གཉིས། ཡེ་ཐིག་དང་། ལས་ཐིག་གོ། | ༄༅། །ཨོཾ་སྭསྟི། གཏེར་ཁ་དགུ་འདུས་ཀྱི་སྒྲུབ་ཆེན་ཁོག་དབུབ་དང་འབྲེལ་བའི་དཀྱིལ་འཁོར་གྱི་བྱ་བ་ལ་གཉིས། ཐིག་གདབ་པ་དང་། ཚོན་དགྱེ་བའོ། །དང་པོ་ཐིག་གདབ་པ་ལ་གཉིས། ཡེ་ཐིག་དང་། ལས་ཐིག་གོ། །དང་པོ་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། ཚུལ་བཞིན་འདུ་བྱས་པའི་ཐིག་སྐུད་ཐོགས་ལ། སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས་པས་འཁོད་དེ། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་རྃ་ཡྃ་ཁྃ་འཕྲོས། སློབ་མ་ལ་ཕོག །སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ {{TibChung|[2a]}} གནམ་ཞལ་དབྱིངས་ཕྱུག་མར་གསལ། ཡབ་ཀྱི་གནས་ལྔར་རྣམ་སྣང་སོགས་རིགས་ཀྱི་ཡབ་ལྔ་དང་། ཡུམ་གྱི་གནས་ལྔར་སྤྱན་མ་སོགས་རིགས་ཀྱི་ཡུམ་ལྔས་མཚན་པར་གྱུར། ཞེས་དང་། ཧཱུཾ། བཀྲ་ཤིས་མཚན་ལྡན་གཟུངས་མ་ཡུམ༔ ཁ་ནས་ཨུཏྤལ་དྲི་ལྡང་ཞིང་༔ སྐད་ཀྱང་ངང་པ་གཞོན་ནུ་འདྲ༔ སྙན་པར་སྨྲ་ཞིང་ཚུལ་དང་ལྡན༔ མཉེན་ལྕུག་འཁྲིལ་བ་དབྱེར་མི་ཕྱེད༔ རྡོ་རྗེ་ལས་ཀྱི་དོན་གྲུབ་མ༔ གསང་བ་རྡོ་རྗེའི་ཐིག་འདེབས་པའི༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ བྷྲཱུྃ་ཛྙཱ་ན་ཏིཥྛ་མཎྜལ་ལ་ {{TibChung|[2b]}} སྭཱ་ཧཱ། ཞེས་བརྗོད་པས་ལུས་ཀྱི་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ཡུམ་གྱི་མཁའ་ལས་འཐོན་པ་ཐིག་ལ་ཕོག་པས་དངོས་པོའི་རྟོག་པ་སྦྱངས་ནས་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་བར་བསམ་ལ། ཐིག་སྐུད་ནུབ་ནས་ཤར་དུ་བསྐྱངས་པའི་ཐིག་སྣ་ཡུམ་གྱི་ལག་ཏུ་གཏད་དེ་ཅུང་ཟད་བསྒྲིལ་བའི་ཚུལ་བྱས་ནས། ཧཱུྃ། སྟོང་གསུམ་མཎྜལ་ཡུམ་གྱི་ས་གཞི་ལ༔ ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་ཏབ་པས༔ སྲིད་པ་དཀྱིལ་འཁོར་འབྱམས་ཀླས་དབྱིངས་སུ་གསོལ༔ བསྒྲུབ་པའི་ལྷ་དགུའི་བཞུགས་གནས་ལྷུན་གྱིས་གྲུབ༔ བྷྲཱུྃ་ཛྙཱ་ན་མཎྜལ་སྭཱ་ཧཱ༔ ཞེས་བརྗོད་དེ་རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་གཅུས་ཏེ་སེ་གོལ་གྱིས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། མེ་རླུང་སྲིད་དབང་ཟུར་གྱི་ཐིག། མེ་དབང་རླུང་སྲིན་ཤར་ནུབ་གྲྭ། །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲྭ་ཡི་ཐིག་ཡིན་སློབ་དཔོན་དང་། །སློབ་མའི་གནས་ཏེ་རིམ་བཞིན་ནོ། །ཞེས་སྡོམ་ཚིག་ལྟར་ཐིག་ཆེན་བརྒྱད་གདབ་ཅིང་། འགྲོ་ཚུལ་སྤྱི་ལྟར་ཚངས་ལོགས་རྒྱབ་འགྲོས་དང་། ཟུར་ཐིག་ལ་རྒྱབ {{TibChung|[3a]}} འགྲོས་སྤངས་ཏེ་གཡས་བསྐོར་ཁོ་ནས་གནམ་ཐིག་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་བསམ་ཞིང་། སློབ་དཔོན་ནུབ་ཏུ་གནས་པས་སྲད་བུ་བསྡུ། གཉིས་པ་ལས་ཐིག་ནི། དེ་བཞིན་དུ་ས་ལའང་གདབ་སྟེ། དང་པོ་ཤར་ནུབ་ཚངས་ཐིག་གདབ། དབུས་ནས་ཕྱོགས་བཞིར་མཚན་མ་བྱ། ཤར་ནུབ་ཚངས་ནས་གཉིས་པ་དང་། ཕྱོགས་བཞིའི་ཚངས་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཆ་ཆེན་དྲུག་པའི་ཕྱི་མཐའ་ནས། ལོགས་ཐིག་བཞི་གདབ་མདའ་ཡབ་ཐིག། མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོས། །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་གདབ་རྩ་བའི་ཐིག། མདའ་ཐིག་དང་ནི་རྩ་བའི་བར། །ཕྱེད་བགོས་རེ་རེའང་བཞི་བཞིར་བགོས། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཕྱི་མ་ཕྱེད་གདབ་ཕྱི་མ་བསིལ། །དྲྭ་ཕྱེད་ཤར་བུ་མདའ་ {{TibChung|[3b]}} ཡབ་འབྱུང་། །དེ་ནས་ནང་གི་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ལོགས་བཞིའི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །རྩིག་མུན་ཀ་བ་ཀ་རྒྱན་འབྱུང་། རྟ་བབ་སྣམ་བུ་བརྒྱད་མ་ནི། །མདའ་ཕྱིར་ཆ་ཆེན་གསུམ་བཅད་པའི། །ནང་མ་གཉིས་པོ་བཞི་བཞིར་བགོས། །རྟ་བབ་སྣམ་བུ་བརྒྱད་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཀྱིས། །རྟ་བབ་ཕྱི་མཐའི་རིམ་པ་ནི། །ཀ་རྒྱན་མཐའ་རུ་ཆ་ཕྲན་བསྣན། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །ཟར་ཚག་དེ་ལས་གཉེར་ཀྱིས་ཐུང་། སྣ་འཆད་དེ་ལས་གཅིག་གིས་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གིས་རིང་། །དེ་ལས་ཁྱུང་མགོ་གཅིག་འཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོའི། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། །གླང་རྒྱབ་མིག་གསུམ་ {{TibChung|[4a]}} བསྐོར་ཚུལ་ནི། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཇོམས་པ་ནས་བཟུང་སྟེ། ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་རྭ་བསྐོར་ཚུལ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཕྱིར་གཉིས་ཕྱིན་འཛོམས་པ་ནས། །བཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མངོན་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁར་གདུགས་ཀྱི་འོག་ཏུ་བྲི། ཁོར་ཡུག་གདུགས་ཀྱི་རྩེ་མོ་ནས། །ཆ་ཆེན་ཕྱེད་པ་ལན་གཉིས་དང་། །ཆ་ཆེན་གཅིག་དང་དེ་ཕྱེད་དང་། །ཆ་ཆེན་ཕྱེད་དང་ཆ་ཆེན་གཅིག །བསྐོར་བས་ནང་ནས་རིམ་པ་བཞིན། །བཀའ་སྡོད་ས་དང་པདྨ་དང་། །དུར་ཁྲོད་འཁོར་ལོ་རྩིབས་སྟོང་པ། །རྡོ་ར་མེ་རི་རྣམས་སུ་འགྱུར། །ལྟེ་བའི་ལྷ་གནས་ {{TibChung|[4b]}} བསྐོར་ཚུལ་ནི། །རྩ་ཐིག་ནང་དུ་ཆ་ཆེན་རེ། །དོར་བ་གྲུ་ཆད་ཐིག་ཏུ་འགྱུར། །ཚངས་ཐིག་དང་ནི་གྲུ་ཚད་ཐིག། འཛོམས་པའི་གཡས་གཡོན་ཐིག་རྒྱུད་དུ། །ཆ་མཉམ་གསུམ་བགོས་མཚན་མ་བྱ། །མཚན་མ་ནང་མའི་སྟེང་བཟུང་ནས། །ཐིག་བཞི་བསྣོལ་བཏབ་ལིང་ཚེ་དགུ། །ཐིག་བཞི་གྲུ་ཐིག་བཅས་པ་ཡི། །ཕྱི་ནང་ཆ་ཕྲན་ཕྱེད་རེ་གདབ། །མིག་མང་རིས་བྲི་རྡོ་རྗེའི་གདུང་། །རྩ་བའི་ཚངས་ཟུར་ཐིག་རྣམས་ནི། །སོ་སོའི་ཚངས་ཐིག་དང་པོ་སྟེ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ནས་ཟུར། །གདུང་བཞི་བསྣོལ་མཚམས་སྟེང་དྲང་གདབ། །ཕྱོགས་བཞིའི་དཀྱིལ་འཁོར་རྩ་ཐིག་གྲུབ། །ཟུར་གྱི་ལིང་ཚེ་བཞི་པོ་ཡི། །ཟུར་ནས་ཟུར་དུ་ལོགས་བཞིན་གཏུབ། །མཚམས་དཀྱིལ་ཚངས་ཐིག་གཉིས་པ་འབྱུང་། །དེ་དག་དབུས་ཀྱི་བྱ་རྗེས་སྟེང་། །བསྣོལ་ཏེ་བརྐྱངས་ནས་ཕྱོགས་བཞིར་གདབ། །ཕྱོགས་དཀྱིལ་ཚངས་ཐིག་གཉིས་པ་དང་། མཚམས་ཀྱི་སོ་སོའི་ཟུར་ཐིག་འགྱུར། །ལིང་ཚེ་དགུ་པོ་རང་རང་གི། །གདུང་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་རེ་བསྐོར་བས། །སོ་སོའི་དམ་ཅན་ཁོར་ཡུག་འབྱུང་། ། {{TibChung|[5a]}} ཁོར་ཡུག་དང་ནི་རང་རང་གི། །ཟུར་ཐིག་འཕྲད་པའི་སྟེང་བཟུང་ནས། །ངོས་གཞིར་ཐིག་གདབ་མདའ་ཐིག་ཡིན། །དེ་ནས་དཀྱིལ་འཁོར་དབུས་མ་ཡི། །མདའ་ཐིག་ནས་ནི་ལྟེ་བའི་བར། །སུམ་ཆའི་ཕྱི་གདབ་རྩ་ཐིག་གོ། །དེ་དང་མདའ་ཐིག་བར་ཕྱེད་བགོ། །ཆ་ཆེན་གཉིས་འབྱུང་ནང་མ་དེ། །དབུས་དོར་མཐའ་གཉིས་གདབ་པར་བྱ། །ཕྱི་མ་ཕྱེད་གདབ་ཕྱི་མ་ཕྱེད། །སྒོ་ནི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་རེ་གདབ་དེ་ཕྱེད་པའོ། །དེ་མཐར་ཆ་ཕྲན་གཅིག་རེ་གདབ། །དེ་ནས་རྩ་ཐིག་བར་དུ་ནི། །ཆ་ཆེན་གཉིས་གདབ་གྲུ་ཆད་ཐིག །སོ་སོའི་དབུས་ནས་གྲུ་ཐིག་བར། །ཚད་མཉམ་ཟླུམ་ཐིག་གཉིས་བསྐོར་བའི། །རེ་རེའི་ནང་དུ་ཆ་ཆུང་བསྐོར། །ལྟེ་བའི་མུ་ཁྱུད་ནང་ཐིག་དང་། །ནུབ་ཀྱི་ཚངས་ཐིག་འཕྲད་པ་ནས། །དབུས་ཚད་གཡས་གཡོན་མཚན་མ་བྱ། །དེ་གཉིས་ཤར་ཕྱིན་ནང་ཐིག་དང་། །སྦྲེལ་བས་ཆོས་འབྱུང་རྩེ་ཤར་བསྟན། །སོ་སོའི་ལྟེ་བ་ཆོས་འབྱུང་དང་། །མུ་ཁྱུད་རྩིབས་བཞི་རྩིབས་རྟེན་ནོ། །དེ་ལྟར་ནང་དཀྱིལ་དགུ་པོ་ནི། །རྟ་བབ་སྤངས་པའི་སྒོ་རྫོགས་ཡིན། །ཞེས་པ་ལྟར་ {{TibChung|[5b]}} དུ་མ་འཁྲུལ་གདབ། །གཉིས་པ་ཚོན་གྱི་དགྱེ་ཚུལ་ནི། །ཚོན་སྣ་ལྔ་པོ་རང་མདོག་གི། །རིགས་བསྡེབས་དབུས་དང་ཕྱོགས་བཞིར་བཀྲམ། །དེ་ལ་མདོག་གི་དབྱེ་བ་བཞིན། །ཨོཾ་ཧཱུྃ་སྭཱ་ཨཱྃཿཧཱ་རྣམས་བཀོད། །རྡུལ་ཚོན་ལ་བཀོད་པའི་ཡིག་འབྲུ་ལྔ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་རྡུལ་ཚོན་ལ་ཐིམ། ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཧཱུཾ་སྭཱ་ཨཱྃཿཧཱ། འབྲུ་ལྔ་བརྒྱ་རྩ་ལ་སོགས་པ། །བརྗོད་པས་བྱིན་གྱིས་བརླབས་བྱས་ཏེ། །ཇི་ལྟར་དགྱེ་བའི་ཚོན་ཐོབ་ལ། །ཁང་དཀྱིལ་ཕོ་བྲང་དགུ་པོ་ཡི། །ཚོན་ནི་ལྟེ་བའི་ཆོས་འབྱུང་རྣམས། །དབུས་མཐིང་ཤར་ནས་གཡས་བསྐོར་དུ། །མཐིང་ག་སྔོན་པོ་སེར་པོ་དཀར། །དམར་མཐིང་ལྗང་ཁུ་ནག་པོའོ། །ཟླ་གམ་དམར་པོ་མུ་ཁྱུད་ལྗང་། །རྩིབས་བཞི་སྔོ་ལ་གོང་རས་དམར། །མུ་ཁྱུད་གཞི་ནག་ཐོད་ཕྲེང་དཀར། །གྲུ་ཆད་ལྗང་ལ་ཕྱོགས་མཚམས་ཀྱི། །དཀྱིལ་འཁོར་ཤར་སྒོ་ནང་བསྟན་ནོ། །སྒོ་ཕྱམས་ཕྱོགས་མདོག་ཚར་གསུམ་གྱི། རྩིག་པ་ནང་ནས་དཀར་ {{TibChung|[6a]}} དམར་སྔོ། །ཕྱི་རོལ་དམ་ཅན་ཁོར་ཡུག་ནག། གཞན་རྣམས་ཕྱི་དཀྱིལ་ཇི་བཞིན་ནོ། །རྡོ་རྗེའི་གདུང་མཐིང་འོག་གཞི་སྔོ། །སྒོ་དང་ཕྱམས་བཅས་ཕྱོགས་ཀྱི་མདོག། རྩིག་པ་ནང་ནས་རིམ་པ་བཞིན། །སྔོ་དཀར་སེར་དམར་ལྗང་བ་འོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བ་གཞི་ནག་དྲྭ་བ་དཀར། །ཤར་བུ་གཞི་སྔོ་ཟར་ཚགས་དཀར། །མདའ་ཡབ་དཀར་པོ་མཆོད་རྟེན་རིས། །མུན་པ་པ་ཏི་གླང་རྒྱབ་ནག། ཀ་བ་ཕྱོགས་མདོག་རྒྱན་མཛེས་ཚོན། །རྟ་བབ་བརྒྱད་རྣམས་གོ་རིམ་བཞིན། །རྟ་རྐང་གཞི་སྔོ་རྡོ་རྗེ་སེར། །ཆུ་སྐྱེས་དམར་ལ་སྒྲོམ་མཛེས་ཚོན། །ཟར་ཚགས་དཀར་ལ་གཞི་མ་ནག། སྣ་འཕྱང་སེར་པོ་ཕ་གུ་འདྲ། །སྒྲིལ་འཆང་དཀར་ལ་གཞི་མ་ནག ། ཤར་བུ་དཀར་ལ་གཞི་མ་སྔོ། །རྒྱ་ཕུབ་ཁྱུང་མགོ་མཐིང་ཁའོ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་གསེར་མདོག་གདུགས་དཀར་པོ། །འོག་གཞིའི་རྩིབས་དང་མུ་ཁྱུད་བཅས། །ཕྱོགས་མདོག་ཕྱི་ཕྱམས་ལྗང་གུ་སྟེ། །བཀའ་སྡོད་ས་ནི་ཁྲག་མཚོ་རིས། །པདྨ་མཛེས་ཚོན་ཡུལ་གྱི་གྲངས། །དུར་ཁྲོད་གཞི་ནག་ཁྱད་ཆོས་རྣམས། ། {{TibChung|[6b]}} འཆོལ་མེད་ཕྱག་ལེན་བཞིན་དུ་བྲི། །རྩིབས་སྟོང་འཁོར་ལོ་སེར་པོ་སྟེ། །རྡོ་ར་གཞི་ནག་རྡོ་རྗེ་ནི། །དཀར་རམ་ཡང་ན་སེར་པོ་བྱ། །མེ་རི་སྣ་ཚོགས་གནས་ཀྱི་གྲངས། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་ཕྱེད་རྡོ་རྗེ་རེ་རེ་བྲི། །རྟ་བབ་དང་ནི་མདའ་ཡབ་ཀྱི། །ཁོར་ཡུག་རྒྱལ་མཚན་བ་དན་སོགས། །སྒོ་ཡི་ཕྱི་རོལ་ཏཱ་ལ་དང་། །དཔག་བསམ་ལྗོན་པའི་ཤིང་གིས་བརྒྱན། །རིན་པོ་ཆེ་ཡི་ཕུང་པོ་དང་། །ཁྲུས་ཀྱི་རྫིང་བུ་བཅས་པ་རྣམས། །ཕྱོགས་རེར་གཉིས་རེ་སྤེལ་མར་བྲི། །ཕྱི་དཀྱིལ་རིན་ཆེན་གཞལ་ཡས་ཁང་། །རྒྱན་དང་བཀོད་པས་སྤྲས་པ་ཡི། །ལྟེ་བའི་ལྷ་གནས་རྣམས་སུ་ནི། །སྐུ་འམ་ཕྱག་མཚན་ས་བོན་ནམ། །རང་མདོག་ཐིག་ལེ་ཅི་རིགས་བྱ། །ཕྱི་ཡི་གྲྭ་བཞིར་ལྷོ་ནུབ་གཟུགས། །མེ་ལོང་ནུབ་བྱང་སྒྲ་པི་ཝང་། །བྱང་ཤར་དྲི་ཆུའི་དུང་ཞལ་དང་། །ཤར་ལྷོར་རེ་མཆོག་ཞལ་ཟས་བཅས། །མཛེས་པའི་ཚོན་གྱིས་བྲི་བྱ་ཞིང་། །ཚོན་རྩི་མི་ཐུག་མི་སྲབ་ཅིང་། །མ་འདྲེས་ཆད་དང་ཡོ་བ་སོགས། །སྤངས་ཏེ་སྒྲིན་པོའི་བློ་ཡིས་བྲི། །ཐིག་ཚོན་བྱ་བ་ཟིན་པ་ན། །བཛྲ་མུཿཞེས་བརྗོད་པ་ཡིས། །ཡེ་ཤེས་ {{TibChung|[7a]}} པ་ཉིད་གཤེགས་གསོལ་བྱ། །དེ་ལྟར་ཚོམ་བུ་དགུའི་དཀྱིལ་འཁོར། །ཇི་ལྟར་བྲི་བའི་ལག་ལེན་འདི། །མཁས་གྲུབ་རིག་འཛིན་གོང་མ་ཡི། །མན་ངག་ཕྱག་བཞེས་ཇི་ལྟ་བར། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས། །སྐལ་བཟང་འདུས་པའི་ཚོམ་བུ་རྣམས། །བརྡ་ཡི་དཀྱིལ་འཁོར་འདིར་བརྟེན་ནས། །དོན་དམ་ཡེ་ཤེས་དཀྱིལ་འཁོར་ཆེ། །མངོན་སུམ་མཐོང་བའི་རྒྱུར་གྱུར་ཅིག། །། }} | ||
གཉིས་པ་ལས་ཐིག་ནི། དེ་བཞིན་དུ་ས་ལའང་གདབ་སྟེ། དང་པོ་ཤར་ནུབ་ཚངས་ཐིག་གདབ། དབུས་ནས་ཕྱོགས་བཞིར་མཚན་མ་བྱ། ཤར་ནུབ་ཚངས་ནས་གཉིས་པ་དང་། ཕྱོགས་བཞིའི་ཚངས་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཆ་ཆེན་དྲུག་པའི་ཕྱི་མཐའ་ནས། | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 12:06, 2 September 2025
| Wylie title | gter kha dgu 'dus bka' brgyad sgrub chen khog dbub kyi cha lag dkyil 'khor thig tshon gyi lag len mthong bas don rtogs | |
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 7, Pages 127-139 (Folios 1a1 to 7a3) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Gter kha dgu 'dus bka' brgyad sgrub chen khog dbub kyi cha lag dkyil 'khor thig tshon gyi lag len mthong bas don rtogs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 127-139. Kalimpong: Dupjung Lama, 1979-1985. | |
| Side notes | Recto: thig tshon lag len Verso: bka' brgyad dgu 'dus | |
| More details More details | ||
| Tertön | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche) | |
| Genre | Explanation of Maṇḍalas - maN+Dal bshad pa · Practical Instructions - lag len - len thabs | |
| Cycle | བཀའ་བརྒྱད་གཏེར་ཁ་དགུ་འདུས་ (bka' brgyad gter kha dgu 'dus) | |
| Deity | bka' brgyad | |