DJYD-KABUM-23-A-016: Difference between revisions

From Dudjom Wiki
DJYD-KABUM-23-A-016
No edit summary
No edit summary
Line 43: Line 43:




༄༅།  །ཨོཾ་སྭསྟི་སིདྡྷཾ།  མི་ཤིགས་རྡོ་རྗེ་ཁྲོས་པའི་གཟི་བྱིན་གྱིས།  །སྣང་སྲིད་དབང་སྡུད་ཟིལ་གནོན་ཧེ་རུ་ཀ  །ཁྱབ་བདག་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས།  །འཆི་ཟློག་མདོས་ཀྱི་མན་ངག་འདིར་གསལ་བྱ།  །{{TibChung|དེའང་ཇི་སྐད་དུ་རྩ་གཞུང་ལས།  ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔  སྐྱེ་འགྲོས་དམུ་རྒོད་ལས་ངན་སྤྱོད༔  སྔགས་བཙུན་དམ་སྡོམ་ངོ་ལྐོག་ཅན༔  བུད་མེད་འདྲེ་མོས་ཆོས་ཁྲིམས་བཤིག༔  དེ་དུས་སྣང་སྲིད་ལྷ་འདྲེ་འཁྲུགས༔  ནད་མུག་མཚོན་གྱི་བསྐལ་པ་དར༔  དེ་ཚེ་སྨོན་ལམ་ལས་འཕྲོ་ཅན༔  སྐལ་བར་ལྡན་པའི་སྐྱེས་བུ་འགས༔  འདིར་བརྩོན་དུས་མིན་འཆི་བ་བཟློག༔  ཅེས་ཇི་ལྟར་གདམས་པར་མཛད་པ་བཞིན་ {{TibChung|[2a]}} སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟང་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་ལ་རྩ་བ་གསུམ་གྱི་སྒྲུབ་སྐོར་ཇི་སྙེད་ཅིག་བཞུགས་པ་ལས།  འདིར་ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཕྲིན་ལས་ཆ་ལག་ལས་བྱོན་པ་འཆི་བསླུའི་གཏོར་ཆེན་ཟབ་མོ་ལག་ཏུ་ལེན་པ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་ལའང་གཉིས་ལས།  ཐོག་མར་བྱ་བའི་སྦྱོར་བ་ནི།  དེའང་རྩོམ་པའི་ཡུལ་རྣལ་འབྱོར་པ་རང་དང་རང་གི་བླ་མ་མཆེད་གྲོགས་དམ་ཚིག་ཅན་ཕ་མ་དང་ཆོས་ལྡན་གྱི་སྐྱེ་བོ་དད་པ་ཅན་སྦྱིན་བདག་སོགས་ཡོངས་སྨན་བློ་གཏོད་ཕེར་བའི་རིགས་ཀྱི་རིམ་གྲོར་བྱ་བ་ལས།  མི་ནག་སྐྱེ་བོ་ཕལ་པ་དམ་མེད་སྡིག་ཅན་གྱི་རིགས་སོགས་བསྟན་པ་དང་འགྲོ་བ་ལ་ {{TibChung|[2b]}}    གནོད་པ་སྐྱེལ་བའི་གང་ཟག་གི་ཆེད་དུ་བྱས་ན་སླར་རང་ལ་འཁུ་ལྡོག་འབྱུང་བར་ངེས་ཤིང་།  རྩོམ་པའི་དུས་སྤྱིར་བཏང་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་འཆི་བདག་ཟློག་པའི་དུས་ཁྱད་པར་ཅན་དུ་བསྔགས་པའི་ཕྱིར་རྣལ་འབྱོར་པ་རང་དོན་ལྟ་བུར་དུས་དེར་ལོ་རེ་བཞིན་བྱ་བའམ།  སྤྱིར་ཉེར་དགུའི་རིགས་ལ་བཟང་ཞིང་།  དམིགས་བསལ་ལོ་ཟླ་ཞག་དུས་ཀེག་སྲི་ལངས་པའམ་གློ་བུར་སྡེ་བརྒྱད་འབྱུང་པོའི་ཆོ་འཕྲུལ་རྐྱེན་ངན་བར་གཅོད་ལ་བརྟེན་ནས་ནད་གདོན་དྲག་པོས་གཙེས་ཏེ་དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་ཉེ་བ་ན།  དེ་ཉིད་ཟློག་པའི་ཐབས་བྱ་སླ་ལ་ཆོད་ཆེ་བ་འདི་ལ་འབད་པར་བྱ་སྟེ།  རྩོམ་པ་པོ་སློབ་དཔོན་རབ་ལྟ་བའི་གདིང་དང་ལྡན་པ།  འབྲིང་བསྐྱེད་རྫོགས་ལ་གསལ་སྣང་ཐོན་པ།  ཐ་མ་གཞན་ཕན་གྱི་སེམས་དང་ལྡན་ཅིང་ཡི་དམ་ལྷའི་བསྙེན་སྒྲུབ་ཚད་དུ་ཐེམས་པ་ཞིག་གིས་བསྒྲུབ་པ་ལས་གཞན་གང་བྱུང་གི་བྱེད་ན་རང་གཞན་གཉིས་ཀར་ཕན་པ་མེད་པའི་སྟེང་དུ་གནོད་པ་འབྱུང་བར་ངེས་པ་བཅས་སྤྱིར་ཤེས་པར་བྱས་ནས།  བྱ་བའི་སྦྱོར་བ་དངོས་ལ།  བསྒྲུབ་བྱ་ཤིན་ཏུ་གལ་ཆེན་ཡིན་ན་སྒྲུབ་གཞི་ཚེ་སྒྲུབ་ལ་བརྟེན་པ་ཉིད་སྐབས་དང་འབྲེལ་ཞིང་གཤིན་རྗེའི་ཁྲམ་ཟློག་ཟིན་མ་ཐག་བླ་ཚེ་འགུགས་ཤིང་ཚེ་དབང་རྒྱས་གདབ་བཅས་དགོས་པ་ཡིན་པས།  གནས་ཁང་གི་ཕུག་ལོགས་གཞི་སྟེགས་དང་པོར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གཞུང་བཞིན་བྲིས་པའི་རས་བྲིས་བཀྲམ་པའམ།  མ་འགྲུབ་ན་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པ་ {{TibChung|[3a]}} བཀྲམ།  དེར་མཉྫིའི་སྟེགས་ལ་རྣམ་བུམ་སོ་ལྔའི་རྫས་དང་།  ཚེ་རྫས་ཕབ་གཏའ་ཅན་གྱི་བུམ་ཆུས་སུམ་གཉིས་བཀང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པ།  མདུན་དུ་ཚེའི་འབྲང་རྒྱས།  གཡས་གཡོན་དུ་ཕབ་ལྡན་གྱི་ཚེ་བཅུད་རིལ་བུ་དང་ཚེ་ཆང་།  རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་མདེའུ་ཅན་དར་ཚོན་སྣ་ལྔས་བརྒྱན་ཅིང་མེ་ལོང་བཏགས་པ་བཅས་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་།  བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ།  སྟེགས་གཉིས་བར་གོང་སྨོས་རྩ་བའི་ཡི་དམ་གུར་དྲག་རྟ་ཕུར་གཤིན་རྗེ་སོགས་གང་ལ་བརྟེན་པ་དེའི་མཆོད་གཏོར།  གཡས་གཡོན་དུ་སྲུང་མ་ཕོ་རྒྱུད་མོ་རྒྱུད།  གཏེར་གཞི།  ཆད་བརྟན།  སྨན་རཀ་བཅས་དང་།  མདུན་དུ་ཞི་དྲག་གི་ཉེར་སྤྱོད་མཇུག་སྤྲོད་དུ་བཤམ།  དེའི་ནང་ངམ་མཇུག་སྤྲོད་ཀྱི་བར་དུ་རྩ་བའི་ཐུན་གཏོར་རམ་ཟོར་གཏོར་ཐོག་མདེལ་དབྱིབས་ཅན་ཁྲུ་གང་བ་རྩང་དམར་མེ་རི་མཚེ་ཡུངས་སོགས་ཀྱིས་བརྒྱན་པ་བཀོད།  གཞན་ཡང་སྔོན་གཏོར།  ཚོགས་ཀྱི་ཡོ་བྱད།  རོལ་མོ་འབུད་དཀྲོལ་བརྡུང་བའི་བྱེ་བྲག  །ཞྭ་ནག་གོས་ནག་དྲག་པོའི་ཆས་གོས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱ་བ་རྣམས་ནི་གོང་གཞི་བདག་བསྐྱེད་ལ་བརྟེན་པའི་བཅས་ཤོམ་མོ།  །སྐབས་ཐོབ་གཏོར་ཆེན་མདོས་ཀྱི་བཅས་གཞི་དངོས་ལ་།  གོ་ཡུལ་འགྲིགས་ན་སྒྲུབ་པ་པོ་བྱང་ནས་ལྷོར་ཁ་གྱུ་བ་དང་མདུན་སྤྲོད་ཀྱི་ཕྱར་བ་ནག་པོ་ལྟ་བུའི་གཞི་ཁེབས་སྟེང་ལྕགས་སྣོད་དམ་ {{TibChung|[3b]}} སྒྲོམ་ཁྲི་ཆེ་ཞིང་ཡངས་པ་ལས་སྟེགས་གྲུ་གསུམ་རོ་སོལ་གྱི་བྱུག་པའི་ཁར་བྲ་ནག་ནས་ནག་ཚིག་ནག་སོགས་བསྲེས་པའི་ཟན་ནམ་ས་ནག་དུག་ཁྲག་གི་ཆུས་སྦྲུབ་པ་ལས་མ་ཏྲཾ་གྱི་གཟུགས་མགོ་བོ་མདུན་བསྟན་གན་རྐྱལ་དུ་གནས་པའི་ལྟོ་བར་མ་ཧེ་རུ་རིང་རྔམ་བརྫིད་ཅན་སྔོ་ནག་ལ་ཞོན་པའི་མི་ནག་ཁྲོ་ཉམས་ཅན་བེར་ནག་བགོས་པ།  གཡས་དགྲ་སྟྭ་འཕྱར་ཞིང་།  གཡོན་ཁྲམ་ཤིང་འཛིན་པས་ཡུ་བ་སྐེད་ལ་བརྟན་པ།  གདོང་ཅུང་ཟད་སྨད་པའི་རྣམ་པ་ཅན་རྦ་སྨྱུག་ལ་ནམ་མཁའ་ཟུར་བརྒྱད་པ་བྲན་ཅིང་བཙུགས་པ་ལ་རྒྱབ་བརྟེན་ཏེ་བཞག  །དེའི་མཐའ་སྐོར་ཕྱོགས་མཚམས་བརྒྱད་ཀྱི་ཤར་དུ་ཨ་བ་གླང་མགོ་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྟྭ།  ལྷོར་དར་མ་སྤྲེལ་མགོ་གཡས་ལྕགས་ཐག་དང་གཡོན་རལ་གྲི།  ནུབ་ཏུ་ཟིལ་གནོན་སེང་མགོ་གཡས་ལྕགས་སྒྲོགས་དང་གཡོན་ཐོ་བ།  བྱང་དུ་ཟ་བྱེད་སྤྱང་གདོང་གཡས་འཁོར་ལོ་དང་གཡོན་སོག་ལེ།  ཤར་ལྷོར་དཔའ་གཏུམ་སྟག་མགོ་གཡས་སྐམ་པ་དང་གཡོན་ཞགས་པ།  ལྷོ་ནུབ་ཏུ་ཧ་ལ་དྲེད་མགོ་གཡས་མེ་ལོང་དང་གཡོན་ཁྲམ་ཤིང་།  ནུབ་བྱང་དུ་མནར་བྱེད་གཟིག་མགོ་གཡས་མེ་ཞགས་དང་གཡོན་ཁྲོ་ཆུ།  བྱང་ཤར་དུ་གནོད་བྱེད་དོམ་མགོ་གཡས་རལ་གྲི་དང་གཡོན་རྒྱུ་མ་ཟ་བ།  ཐམས་ཅད་ཀྱང་ལུས་གཅེར་བུ་མདོག་ནག་ཅིང་མི་ལྤགས་ཀྱིས་སྟོད་གཡོགས་པ་ཤ་སྟག་གོ།  །དེ་དག་གི་ཕྱི་རོལ་མདུན་དུ་ཀླུ་བདུད་ཕག་གི་མགོ་ཅན་སྔོ་ནག་གཡས་དུག་སྦྲུལ་བརྒྱད་ཀྱི་སྐེད་པ་སྦམ་ནས་འཛིན་ཅིང་།  གཡོན་པས་དུག་གི་ {{TibChung|[4a]}} མེ་ཏོག་ནག་པོ་ཐོགས་པ་ནམ་མཁའ་ནག་པོ་ལ་བརྟེན་པ།  དེའི་མཐའ་སྐོར་དུ་ཉ་སྦྲུལ་སྦལ་ལྕོང་མང་པོས་བསྐོར་བ།  གཡས་སུ་རྒྱལ་འགོང་སྦྲུལ་གྱི་མགོ་ཅན་ཁམ་ནག་གཡས་སྦྲུལ་ཞགས་དང་།  གཡོན་མདུང་ཐུང་འཛིན་པ་ནམ་མཁའ་སེར་པོ་ལ་བརྟེན་པ།  དེའི་ཕྱོགས་བཞིར་རྒྱལ་པོ་བཙུན་གཟུགས་ཆོས་གོས་བསྭེ་ཐེབས་ཅན་ལག་ན་མཁར་གསིལ་ཐོགས་པ་བཞིས་བསྐོར་བ།  གཡོན་དུ་བསེན་མོ་ནག་མོ་བྱའི་གདོང་ཅན་དམར་ནག་གཅེར་མོ་ནུ་མ་འཕྱང་བ་གཡས་པས་ཁྲག་ཀོང་དང་།  གཡོན་པས་ནད་རྐྱལ་ཐོགས་པ་ནམ་མཁའ་དམར་པོ་ལ་བརྟན་པ།  དེའི་མཐའ་སྐོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཐུར་དུ་གསིག་པའི་སྣེ་གཡས་གཡོན་གཉིས་རང་གི་ལག་པས་འཛིན་པ་བཞིས་བསྐོར་བ།  དེའི་མཐར་ཤར་སྟོད་དུ་མི་ལུས་སྟག་མགོ  །  ཤར་སྨད་དུ་མི་ལུས་ཡོས་མགོ    །  ཤར་ལྷོར་མི་ལུས་འབྲུག་མགོ    ལྷོ་སྟོད་དུ་མི་ལུས་སྦྲུལ་མགོ    ལྷོ་སྨད་དུ་མི་ལུས་རྟ་མགོ    །  ལྷོ་ནུབ་ཏུ་མི་ལུས་ལུག་མགོ    །  ནུབ་སྟོད་དུ་མི་ལུས་སྤྲེལ་མགོ    །  ནུབ་སྨད་དུ་མི་ལུས་བྱ་མགོ  །  ནུབ་བྱང་དུ་མི་ལུས་ཁྱི་མགོ    །  བྱང་སྟོད་དུ་མི་ལུས་ཕག་མགོ    །  བྱང་སྨད་དུ་མི་ལུས་བྱི་མགོ      །  བྱང་ཤར་དུ་མི་ལུས་གླང་མགོ་སྟེ་བཅུ་གཉིས་པོ་སོ་སོའི་ཁམས་མཐུན་རང་མདོག་བེར་ནག་ཅན་གཡས་ཁྲམ་ཤིང་དང་གཡོན་ཞགས་པ་ཐོགས་པ།  དེའི་ཕྱི་རོལ་ཤར་དུ་ལྷ་བཤོས་ཟླུམ་པོ་དཀར་པོ།  ལྷོར་གཤིན་རྗེ་གྲུ་གསུམ་ནག་པོ་ཁྲམ་རིས་ཅན།  ནུབ་ཏུ་མ་མོ་སྨན་ཏིང་སེར་པོ།    {{TibChung|[4b]}} བྱང་དུ་བདུད་བཤོས་ཟུར་གསུམ་ནག་པོ་རྩེ་གུག  །ཤར་ལྷོར་བཙན་བཤོས་གྲུ་གསུམ་དམར་པོ་རྩེ་གསུམ།  ལྷོ་ནུབ་ཏུ་རྒྱལ་བཤོས་གྲུ་བཞི་དཀར་པོ།  ནུབ་བྱང་དུ་གནོད་སྦྱིན་འབྲང་རྒྱས་ནོར་གཟུགས་དམར་པོ།  བྱང་ཤར་དུ་ཀླུ་བཤོས་དཀར་ཟླུམ་སྦྲུལ་དཀྲིས་ཅན་རྣམས་ཀྱིས་བསྐོར།  དེ་རྣམས་ཀུན་གྱི་མཐའ་ལྕགས་རིས་བསྐོར་བར་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པའི་སྐེད་པ་སྐུད་པ་སྔོ་དམར་གྱིས་དཀྲི།  དེའི་མདུན་དུ་བླ་སྒྲོམ་དམར་ནག་གྲུ་གསུམ་ཁ་ཕྱེ་བཏུབ་པའི་ནང་དུ་བསྲུང་བྱའི་བླ་གཡུ་བཟང་པོ་ལ་མཚལ་གྱི་ཧྲཱིཿབྲིས་པ་འདོགས་སྐུད་ལ་བརྒྱུས་ཏེ་བཅུག་ཅིང་ཁ་བཅད།  དེའི་ཕྱི་ནས་བྱད་ཐག་སྔོ་དམར་གྱིས་དཀྲིས་པའི་སྣེ་རིང་ཙམ་རྗེས་སུ་སྦྱིན་བདག་གི་གཟུགས་ལ་དཀྲིར་ལོང་བ་བྱས་ཏེ་གཤིན་རྗེའི་བཞོན་པ་མ་ཧེ་རུ་རིང་གི་སྐེ་ལ་བཏགས་ནས་བཞག་ཅིང་།  བླ་སྒྲོམ་གྱི་སྟེང་དུ་ཁྲམ་བྱང་ལ་བསྲུང་བྱའི་ལོ་གྲངས་ཀྱི་ཁྲམ་སོལ་བས་བཏབ་པ་བཙུག    །  གལ་ཏེ་གཤིན་རྗེ་འཁོར་བཅས་ཀྱི་འདྲ་གཟུགས་བཅའ་བ་སྤྲོས་པ་དང་ལག་རྩལ་སོགས་ཀྱིས་མ་ལྕོགས་ན།  ཁྱེར་བདེའི་ལག་ལེན་དུ་གོང་གི་འདྲ་གཟུགས་རང་རང་གི་གནས་སུ་དམར་གྱི་བཤོས་བུ་ཐུན་གཏོར་གྱི་རྣམ་པ་ཅན་གཙོ་བོ་ལ་ཁྲུ་གང་དང་འཁོར་རྣམས་མཐོ་གང་ལས་མི་ཆུང་བ་བཀོད་ལ།  དེར་རང་རང་གི་འདྲ་གཟུགས་རི་མོའི་རྣམ་འགྱུར་མཚན་ཉིད་ཚང་བའི་ཙཀླའི་སྔར་ནས་འདུ་བྱས་པ་རྣམས་མ་ནོར་བར་འཛུགས་ཤིང་རྩེར་དར་གདུགས་ནག་པོས་སྤྲས་པས་ཀྱང་འཇུག་པ་བདེ།  དེ་དང་ཁ་སྤྲོད་དུ་བསྔོ་བྱ་སྦྱིན་བདག་གི་ཡས་གླུད་ལ།  གཞི་སྟེགས་ {{TibChung|[5a]}} གྲུ་བཞི་ཡངས་ཤིང་འཇམ་པའི་ཁར་རི་རབ་བང་རིམ་བཞི་པའི་ལྟེ་བར་སྲོག་ཤིང་ཁྲུ་དོ་ཙམ་པ་དཔག་བསམ་ལྗོན་ཤིང་གི་ཚལ་དུ་ཡལ་ག་ལོ་འབྲས་སོགས་ཀྱིས་སྤྲས་པའིརྩ་བར།  འབྲུ་སྣ་ལྔའི་ངར་ཕྱེ་གཙང་མར་ལས་སྔགས་བཟླས་པའི་བུམ་ཆུས་བསྒྲུབ་བྱའི་ལུས་རིལ་པོའམ་ཡན་ལག་ལྔ་ཁྲུས་བྱས་པའི་ཆུས་སྦྲུས་པའི་ཟན་ལས་ཕོ་མོ་གཉིས་གཟུགས་སྐྱེ་མཆེད་དོད་པ།  བསྒྲུབ་བྱ་གཙོ་བོ་ཁྲུ་གང་ལས་མི་ཆུང་མ་ལ་ཟེར་མོའི་སྒྲོས་སྐྲ།  ལུང་ཐང་གི་མིག་སོགས་གླུད་རྫས་གླུད་རབས་ནས་བྱུང་བ་ལྟར་གནས་སོ་སོར་འགོད་པའམ།  སྟབས་བདེའི་དབང་དུ་རྫས་རྣམས་ཕྱོགས་བསྡུས་ཀྱི་ཁུ་བ་ཟན་ལ་བསྲེས་ཀྱང་རུང་།  དངོས་སུ་གྱོན་འཕྲོའི་གོས་དུམ་ཡོད་ན་ལེགས་ཤིང་།  གང་ལྟར་ཞྭ་གོས་མགུལ་རྒྱན་སོགས་ཕོ་མོ་གང་ཡིན་རང་རང་གི་ཆས་ཤིན་ཏུ་ལེགས་པར་བྱས་ལ་འགོད།  སྐྱེས་པར་ཕོ་ཤིང་སྟག་པ་ལྟ་བུ་ལ་ཁྲམ་ལོ་གྲངས་བྲིས་པ་ཕྲག་གཡས་དང་།  བུད་མེད་ལ་མོ་ཤིང་གླང་མ་ལྟ་བུར་ཁྲ་མ་ལོ་གྲངས་བྲིས་ཏེ་ཕྲག་པ་གཡོན་དུ་གཟུག    །  ཡུ་བ་སྲོག་ཤིང་ལ་བརྟེན་པའི་སྟེང་གདུགས་དང་ཁྱུང་ཚང་དཔལ་བེའུ་ཏོག་སོགས་བཀོད་པས་མཛེས་པ་དང་།  བྱ་རིགས་སྣ་ཚོགས་ཤོག་བུར་ཚོན་གྱིས་བྲིས་པ་སྐུད་པར་བརྒྱུས་ཏེ་གདུགས་ཀྱི་འདབ་ཆར་བཏགས་ལ་འཕྱང་འཕྲུལ་དུ་གཡོ་བར་བྱ།  གཙོ་བོའི་འདྲ་གླུད་ཀྱི་མཐའ་སྐོར་དུ་ངར་གླུད་ཕོ་མོ་གྲངས་མཉམ་སྤེལ་མས་བསྐོར་ཞིང་།  ཕོའི་གཡས་སུ་མདའ་རེ་དང་།  མོའི་གཡོན་དུ་འཕང་རེ་བཙུགས།  བང་རིམ་ {{TibChung|[5b]}} དང་པོའི་ཟུར་བཞིར་སེང་གེ་བཞི་དང་སྟག་གཟིག་སོགས་གཅན་གཟན་གྱི་རིགས།  བང་རིམ་གཉིས་པའི་ཟུར་བཞིར་གླང་ཆེན་བཞི་སོགས་རི་དྭགས་ཀྱི་རིགས།  བང་རིམ་གསུམ་པའི་ཟུར་བཞིར་མ་ཧེ་བཞི་སོགས་གཡུང་དྭགས་ཀྱི་རིགས།  བང་རིམ་བཞི་པའི་མཐའ་སོར་བཞི་པའི་རྒྱ་ཁྱོན་གྱི་མཚོ་རྫིང་གི་ར་བ་བསྐོར་བའི་ནང་དུ་མཚོ་ལ་ཆུ་གནས་ཀྱི་རིགས།  དེ་རྣམས་ཀུན་གྱི་མཐའ་སྐོར་ལྕགས་རིའི་ནང་གི་ཤར་ངོས་སུ་བཀྲ་ཤིས་རྟགས་བརྒྱད།  རྫས་བརྒྱད།    སྣ་བདུན།  ཉེ་བའི་རིན་ཆེན་བདུན།  འདོད་ཡོན་ལྔ་སོགས་ཟན་ལ་འབུར་དུ་གཏོད་པ་དང་།  ལྷོའི་ངོས་སུ་གསེར།  དངུལ།  ཟངས།  ལྕགས་སོགས་རིན་པོ་ཆེ་སྣ་ལྔ་བཞུ་བའི་རིགས་སོ་སོར་དར་རས་ཀྱི་ཐུམ་པོར་བྱས་པའམ་ཏིང་ཕོར་དུ་བླུགས་པ་དང་།  གཡུ།  བྱེ་རུ།  མུ་ཏིག  །མུ་མེན།  མཆོང་སོགས་མི་བཞུ་བའི་ཁམས་དར་སྐུད་ལ་བརྒྱུས་པ།  ནུབ་ངོས་སུ་ཨ་བར་སྐྱུར་གསུམ།  བཟང་པོ་དྲུག  །སྨན་འབྲས་གསུམ།  སེ་འབྲུ།  ཤིང་ཚ།  ཤིང་མངར།  ག་བུར་སོགས་སྨན་གྱི་རིགས་དང་།  འབྲས།  གྲོ།  ནས།  སོ་བ།  སྲན་དཀར་སོགས་འབྲུ་དཀར་དང་།  ཏིལ།  ཡུངས་ནག        །  བྲ་བོ།  སྲན་ནག་སོགས་འབྲུ་སྣའི་རིགས།  ཁམ་བུ།  སྟར་ག    རྒུན་འབྲུམ།  ཀུ་ཤུ་སོགས་ཤིང་ཏོག་གི་རིགས་བཅས་སྣོད་སོ་སོར་བཀང་བ།  བྱང་ངོས་སུ་དར་ཟབ།  སྣམ་རས།  སྟག་གཟིག་གི་རས་མ་སོགས་བགོ་བའི་རིགས་སོ་སོར་བསྡམས་པ་དང་།  དཀར་གསུམ།  མངར་གསུམ།  ཇ།  ཆང་།    {{TibChung|[6a]}} ཚྭ།  སྒོག    །  རམ་པ།  ཤ་སྣ།  སྙིང་སྣ།  ཁྲག་སྣ།  རྐང་རུས།  ཚིལ་ཞུན་སོགས་སྣོད་སོ་སོར་བཀང་བ།  ཀུན་གྱི་ཕྱི་རོལ་ཟུར་བཞིར་མར་མེ་བཞི།  ལོགས་བཞིར་དང་ཕྱོགས་མདོག་གི་བ་དན་བཞི།  ལྕགས་རིའི་སྟེང་ཁྲམ་ཤིང་།  འཇའ་རིས།  ནམ་མཁའ།  རྒྱང་བུ།  ཕོ་ཏང་།  མོ་ཏང་།  ཤིང་རིས།  མདའ་ཁྲ།  འཕང་ཁྲ་སོགས་ཚར་དུ་དངར་བ་བཙུགས་ལ།  མཐའ་མདོས་འཁྱུད་ཚོན་སྐུད་སྣ་ལྔས་དཀྲི།  གཏོར་ཆེན་གྱི་མདུན་གཡས་སུ་ཅོག་སྟེགས་དཀར་པོའི་སྟེང་དུ་ཆངས་བུ་དཀར་པོ་དང་།  རིལ་བུ་དཀར་པོ་བརྒྱ་རྩ་བརྒྱད་རེ།  གྲོ་ནས་འབྲས་ཏིལ་དཀར་ཡུངས་དཀར་སོགས་འབྲུ་དཀར་ཅི་འཛོམ།  མར་ཐུད་ཕྱུར་བ།  དར་ཟབ།  རིན་ཆེན་ཕྱེ་མ།  ཤིང་ཏོག་རྣམས་བཞག    །  མངར་གསུམ་དང་སྦྱར་བའི་འོ་ཆབ་གཙང་མ་ཟངས་དཀར་རམ་རག་རྡིག་ལྟ་བུར་བླུགས་པའང་དེའི་ཉེ་ལོགས་སུ་བཀོད།  མདུན་གཡོན་ངོས་སྟེགས་ནག་པོའི་སྟེང་དུ་ཆངས་བུ་ནག་པོ།  གཏོར་ཆུང་ནག་པོ་ཟུར་གསུམ།  ལིང་ཆུང་ནག་པོ་སྤར་བཏབ་པ་བརྒྱ་རྩ་བརྒྱད་རྣམས་བྲུབ་ཁུང་དུ་བཞག  །ཡུངས་ནག་བྲའོ་སྲན་མ་སོགས་འབྲུ་ནག  །ཚ་སྒོག་རམ་པ་ཆང་གི་གླུམ།  ཤ་ཚིལ་དུམ་བུ་རྣམས་བཞག    །  ལྕགས་ཟངས་ཀྱི་སྣོད་དུ་ཆང་དང་ཁྲག་ཆུ་བླུགས་པའང་ཉེ་ལོགས་སུ་བཀོད།  གཡས་གཡོན་གཉིས་ཁ་གནས་ཁང་ཡངས་ཤིང་སྣོད་འཛོམ་ན་གཏོར་མ་འབྲུ་སྣ་སོགས་སྣོད་སོ་སོའི་ནང་དུ་བཀོད།  འབྲུ་དང་ཤ་སོགས་བརྒྱ་རྩ་བརྒྱད་རེ་ {{TibChung|[6b]}} འདེང་ངེས་བྱ།  གླུད་བསྔོའི་སྐབས་གྲངས་གསོག་རྒྱུའི་གླུད་ཕྲན་དང་ཆང་བུའང་བརྒྱ་རྩ།  ཞི་དྲག་གཉིས་དང་གླུད་བསྔོ་བཅས་པར་ཚར་རེ་རེ་བཞིན་ནས་ཆན་ནམ་འབྲས་ཆན་རེ་ཡང་བླུག་སྲོལ་ཡོད་པ་བཙོས་ལ་ཟུར་དུ་བཞག  །མདུན་ངོས་སུ་བསྔོ་སྐབས་བསྒྲིག་གཞི་ཅོག་སྟེགས་བཤམ་སྣོད་ཐེབ་ཙེ་དྲུག་བདུན་ལས་མི་ཉུང་བ།  འོ་ཆབ་སོགས་སྦྲེང་སྤྱད་ཆུ་བུམ་མམ་གཏོར་འགུ།  སྔོ་ཚར་དུས་བླུགས་སྣོད་གཡས་ཕྱོགས་སུ་ཟངས་དང་གཡོན་ཕྱོགས་སུ་ལྕགས་ལྟ་བུའི་སྣོད་གང་འཛོམ་ཆེ་བ་གཉིས་དང་།  མདུན་ངོས་སུ་གླུས་གསོག་སྣོད་ཀྱང་སོ་སོར་བཞག  །ཡང་ཁང་ཁྱིམ་དོགས་ཤིང་འབྱོར་པས་མི་ལྕོགས་ན་བཤམ་བསྔོ་གཉིས་ཀ་སྣོད་ཉུང་དུར་ཕྱོགས་བསྡུས་བྱས་ཀྱང་མི་འགལ།  བསྔོ་རྫས་གཤོམ་བསྡུ་མཁན་དང་ཆུ་སོགས་སྦྲེང་མཁན་མཆོད་གཡོག་གཉིས་དགོས་པས་ལག་པ་བཀྲུ་ཞིང་ཁ་སྣ་རས་ཀྱིས་དཀྲི་བ་སོགས་གཙང་སྦྲ་གལ་ཆེ།  གཞན་ཡང་དཀར་གཏོར་གསེར་སྐྱེམས་སོགས་ཀྱིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ།  དམིགས་བསལ་ཅན་ལ་གོང་དུ་སྨོས་པ་ལྟར་ཚེ་དཀྱིལ་ལ་དམིགས་ཏེ་ཚེ་ཆོག་བཟླས་པ་ཚེ་འགུག་རྒྱས་བཏབ་ཀྱི་བར་བཏང་།  རྩ་བའི་དངོས་བསྟན་བདག་བསྐྱེད་གུ་དྲག་རྟ་མགྲིན་ཕུར་པ་གང་རུང་དང་།  ཁྱད་པར་གཤིན་རྗེ་གཤེད་ཉིད་དམིགས་བསལ་དུ་བསྔགས།  གང་ལྟར་སྔོན་གཏོར་ནས་བརྩམས་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་ལ་འབད།  བཀའ་སྐྱོང་སྲུང་མའི་ཚོགས་ལའང་གཏོར་འབུལ་ཕྲིན་བཅོལ།  ཚོགས་མཆོད་སྐོང་བཤགས་སོགས་ནས་ལྷག་མ་ {{TibChung|[7a]}} བཏང་བའི་བར་གྲུབ་པར་བྱའོ།  །གཉིས་པ་མདོས་གཞུང་དངོས་ལ་ལྔ།  བྱིན་རླབས།  བསྐྱེད་ཆོག  །སྤྱན་དྲང་།  སྲུང་འཁོར།  མཆོད་ཅིང་བསྔོ་བའོ།  །དང་པོ་ཡོ་བྱད་སྤྱིར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི།  རྫས་རྣམས་ཆུ་གཙང་གིས་བྲན།  བསང་སྤོས་ཀྱིས་བདུག  །བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལ་རྣམ་པ་ལས་བྱེད་ཀྱི་ལྷ་སོ་སོའི་ང་རྒྱལ་འཕོས་ལ།}}      བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ།  །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས།  །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི།  །དྲི་མ་སྦྱངས་ནས་སྟོང་པར་གྱུར།  {{TibChung|ཐལ་མོ་ཁོང་སྟོང་དུ་སྦྱར་ལ།}}    ཨོཾ་སྭབྷཱ་ཝ་ཤུངྔྷ་སརྦ་དྷརྨ་སྭ་བྷཱ་ཝ་བིཤུདྡྷོཉཧཾ།  {{TibChung|ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འདྲེ།}}      ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས།  །ཏིང་འཛིན་ལྡན་པས་གཏོར་རྫས་ཀྱི།  འབག་བཙོག་ཉམས་གྲིབ་ཉེས་སྐྱོན་དང་།  །མཚན་འཛིན་དྲི་མ་དག་གྱུར་ཅིག  །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད།  །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས།  །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད།  །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར།  །{{TibChung|ཐལ་མོ་སྦུབ་སྟེ་སྦྱར་བའི་ཚིག་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་།}}      ན་མཿསརྦ་ {{TibChung|[7b]}} ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་སྭ་ཧཱ།  ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་གཏོར་རྫས་རྣམས།  །བསྐལ་པའི་བར་དུ་ཟད་མི་ཤེས།  །རྒྱ་ཆེན་ནམ་མཁའ་གང་གྱུར་ཅིག  །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ།  །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས།  །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི།  །བདུད་རྩི་ཆེན་པོའི་རང་བཞིན་གྱུར།  {{TibChung|མཐེ་བོང་བསྣོལ།  སོར་མོ་གཞན་རྣམས་གཤོག་པ་ལྟར་གདེང་པ་ཁའི་ཐད་དུ་བཞག་ལ།}}      ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ།  བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས།  །ཏིང་འཛིན་ལྡན་པས་གཏོར་རྫས་རྣམས།  །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས།  །འཆི་སོས་དུག་ལྔའི་སྨན་གྱུར་ཅིག    །  བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་།  །ཕྱག་རྒྱའི་ཡི་གེ་ཏྲཾ་སེར་ལས།  །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ།  །སོ་སོའི་མོས་པ་ཇི་བཞིན་གྱུར།  །{{TibChung|ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག  །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ།}}      ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝཱ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ།  རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་གཏོར་ {{TibChung|[8a]}} རྫས་རྣམས།  །དབང་པོའི་སྤྱོད་ཡུལ་ཚིམས་བྱེད་པའི།  །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤོག  །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ།  །ཕྱག་རྒྱའི་ཡིགེ་ཧཱ་ལྗང་ལས།  །འོད་འཕྲོས་མཆོག་དམན་སྐལ་བ་བཞིན།  །འཐབ་རྩོད་མེད་པར་ཐོབ་པར་གྱུར།  །{{TibChung|ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས།  གཡོན་པ་གོ་ལྡོག་པའང་སྣང་།  མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ།}}      ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུཾ།  ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན།  ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ།  །དགྱེས་ཤིང་རེ་བ་གང་གྱུར་ཅིག  །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན།  །ཕྱག་རྒྱའི་ཡི་གེ་ཛཿདམར་ལས།  །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས།  ཕྲིན་ལས་གང་འདོད་སྒྲུབ་པར་གྱུར།  །{{TibChung|ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་པ་སྤྱི་བོར་བསྐོར་ལ།}}    ན་མ་ས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷྱ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ།  དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་མགྲོན་རིགས་ {{TibChung|[8b]}} ཀུན།  །བདག་གིས་དབང་འདུས་གང་བཅོལ་ལས།  །སྒྲུབ་པའི་སྡོང་གྲོགས་མཛད་གྱུར་ཅིག    །  {{TibChung|མཐར།}}    བདག་གི་བསམ་པའི་སྟོབས་དག་དང་།  །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།  །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།  །ལན་ཆགས་མགྲོན་རྣམས་བརྔན་པ་དང་།  །སེམས་ཅན་ཀུན་ལ་ཕན་གདགས་སླད།  །དོན་རྣམས་གང་དག་བསམ་པ་ཀུན།  དེ་དག་ཐམས་ཅད་ཅི་རིགས་པར།  །འཇིག་རྟེན་ཁམས་ནི་མ་ལུས་པར།  །ཐོགས་པ་མེད་པར་འབྱུང་གྱུར་ཅིག  །{{TibChung|ཅེས་དང་།  ཁྱད་པར་མདོས་གླུད་ཡོངས་རྫོགས་བྱིན་གྱིས་བརླབ་པ་ནི།}}    སྭ་བྷཱ་ཝ་{{TibChung|ས་སྟོང་པར་སྦྱང་།}}      སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔  རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་གསུམ་དང་ལྡན་པ༔  ཤར་དཀར་པོ་ཤེལ་ལས་གྲུབ་པ༔  ལྷོ་སེར་པོ་གསེར་ལས་གྲུབ་པ༔  ནུབ་དམར་པོ་པདྨ་རཱ་ག་ལས་གྲུབ་པ༔  བྱང་ལྗང་གུ་ཨིནྡྲ་ནཱི་ལ་ལས་གྲུབ་པ་རྣམས་ཀྱི་ཉེ་འདབས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་རྫ་ལྟར་ཉིལ་བ༔  རྩེ་མོ་མཐོ་བ་དགུང་ལ་སྙེགས་པ༔  རྩ་བ་བརྟན་པ་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་གྱུར༔  རི་རབ་ལས་འོད་ཕུང་དཀར་སེར་ {{TibChung|[9a]}} དམར་ལྗང་སྤྲིན་གྱི་ཕུང་པོ་ལྟར་གཏིབས་པ་ལས༔  མཐུན་པའི་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཁ་ཆར་ལྟར་འབེབས་པ༔  རི་རབ་ཀྱི་རྩེ་མོ་བཻཌཱུརྻའི་ས་གཞིའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་པ་ལས་མགྲོན་སོ་སོའི་སེམས་ལ་གང་བསམ་པ་ཐམས་ཅད་འབྱུང་ཞིང་འབབ་པ༔  ལྗོན་ཤིང་གི་ཤར་ཕྱོགས་སུ་ཁ་དོག་སྣ་ཚོགས་པས་མཛེས་ཤིང་སྣང་སྲིད་ལྷ་འདྲེས་སྣང་བ་བསྒྱུར་ནུས་པའི་ནམ་མཁའ་ཟུར་བརྒྱད་པ་འོད་དང་འོད་ཟེར་འབར་བ༔  ལྷོ་ཕྱོགས་སུ་རྣམ་པར་རྒྱལ་པའི་ཁང་བཟང་ལྟ་བུའི་ཕོ་བྲང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ་བ་གམ་དང་ནོར་བུའི་ཏོག་གིས་མཛེས་པ་ལས་དེ་འདྲ་བ་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་འཕྲོས་པས་སྣང་སྲིད་ལྷ་འདྲེའི་གནས་ཡུལ་རང་རང་གི་ཡིད་དང་མཐུན་པའི་གནས་ཁང་འབྱུང་ནུས་པ༔  ནུབ་ཕྱོགས་སུ་དར་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་རྒྱལ་མཚན་དར་འཕན་གནམ་ཡོལ་ལ་སོགས་པའི་དར་ལྷབ་ལྷུབ་སྣ་ཚོགས་ཀྱིས་གང་བ༔  བྱང་དུ་སྲབ་འཇམ་མཛེས་ཤིང་ཡངས་པའི་ཁ་དོག་སྣ་ཚོགས་པའི་གོས་དང་༔  རབ་ཏུ་ {{TibChung|[9b]}} བཙན་པའི་སྲ་མཁྲེགས་ཀྱི་གོ་ཁྲབ༔  རྣོ་དབལ་གསོད་གཅོད་ཀྱི་ནུས་པ་དང་ལྡན་པའི་མཚོན་ཆའི་རིགས་བྱེད་རྣམ་པ་སྣ་ཚོགས་དང་༔  དེ་དག་གི་ཕྱི་རིམ་ཁོར་ཡུག་ཏུ་ཁྱུང་ཆེན་རྨ་བྱ་ལ་སོགས་པའི་བྱ་རིགས་སྣ་ཚོགས༔  དེའི་ཕྱི་རོལ་ནས་གཡས་སྐོར་དུ་མི་ཕོ་སྐྱེས་བུའི་ཚོགས་ལྷའི་བུ་ལྟ་བུ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པས་ཡོངས་སུ་གང་བ༔  གཡོན་སྐོར་དུ་ལྷའི་བུ་མོ་ལྟ་བུའི་གཟུགས་བྱད་མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་གོས་རྒྱན་སྣ་ཚོགས་པས་ཡོངས་སུ་སྤྲས་པའི་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པས་གང་བ༔  བང་རིམ་གཉིས་པ་ལ་རི་དྭགས་རྣམ་པ་སྣ་ཚོགས༔  གཡུང་དྭགས་རྣམ་པ་སྣ་ཚོགས༔  ཆུ་གནས་རྣམ་པ་སྣ་ཚོགས༔  འདབ་ཆགས་དང་༔  སྡེར་ཆགས་དང་༔  རྨིག་ཆགས་དང་༔  གཅན་གཟན་ལ་སོགས་པའི་གཟུགས་འགྲོས་རྣམ་པ་སྣ་ཚོགས་ཆེ་ཕྲ་ཆུང་གསུམ་གྱི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་གང་བ༔  བང་རིམ་མཐའ་མ་ལ་ཁྲམ་ཤིང་དང་རྒྱང་བུ་འཇའ་རིས་ཅན་ཁ་དོག་སྣ་ཚོགས་པ་དང་༔  ཕོ་ཏང་མང་པོ་ལས་ཕོ་རིགས་དང་༔  མོ་ཏང་མང་པོ་ལས་མོ་རིགས་དཔག་ཏུ་མེད་པ་རྒྱུན་མི་ཆད་ {{TibChung|[10a]}} པར་འཕྲོ་བ༔  གཡས་ཀྱི་མདའ་བཀྲ་ལས་མཚོན་ཆའི་རིགས་སྣ་ཚོགས་སོགས་ཕོའི་ཉེར་སྤྱོད་དང་༔  གཡོན་གྱི་འཕང་བཀྲ་ལས་མོའི་ཉེར་སྤྱོད་སྣ་ཚོགས་རྒྱུན་མི་ཆད་པར་འཕྲོ་ཞིང་འབྱུང་བ༔  བང་རིམ་གསུམ་གྱི་ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་རིན་པོ་ཆེའི་རིགས་བྱེད་རྣམ་པ་སྣ་ཚོགས༔  བཟའ་བ་ཤ་ཡི་རི་བོ༔  བཏུང་བ་ཁྲག་གི་རྒྱ་མཚོ༔  བཅའ་བ་རུས་པའི་གྲམ་ཁྲོད༔  ལྡག་པ་ཚིལ་དང་ཞུན་ཆེན༔  གཞིབ་པ་རྐང་དང་ལྷ་བ༔  འོ་མ་དང་ཞོ་ཡི་རྒྱ་མཚོ༔  མར་དང་ཐུད་ཀྱི་རི་བོ༔  ཀ་ར་དང་བུ་རམ་སྦྲང་རྩིའི་བྲག་རི༔  འབྲུ་སྣ་རྣམ་པ་སྣ་ཚོགས༔  ཤིང་ཏོག་རྣམ་པ་སྣ་ཚོགས༔  རང་རང་གི་ཡིད་སྤྱོད་དང་མཐུན་པའི་འདོད་རྒུ་སོགས་ཐམས་ཅད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ༔  རི་རབ་ཀྱི་སྟེང་གི་དཔག་བསམ་ལྗོན་ཤིང་གི་རྩ་བར་སྦྱིན་བདག་ཕོ་རྣམས་ཀྱི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེས་བུ་གཟུགས་བྱད་མཛེས་ཤིང་སྨྲ་མཁས་དྭགས་དག༔  འགྲོ་མཁའ་ལྡེམ་ལྡེམ༔  བཀྲག་མདངས་དང་གཟི་བརྗིད་འབར་བ༔  དཔལ་རྩལ་སྟོབས་ཤུགས་དང་ལྡན་ {{TibChung|[10b]}} པ༔  གཡོན་དུ་སྦྱིན་བདག་མོའི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུ་མོ་མཛེས་ཤིང་རྒྱན་གྱིས་བརྒྱན་པ་གཞོན་ཞིང་དར་ལ་བབས་པ༔  མཐོང་བ་ཙམ་གྱིས་ཡིད་འཕྲོག་པ༔  དྲན་པ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པ༔  མདོས་གླུད་དེ་དག་རེ་རེ་ལས་ཀྱང་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འཕྲོ་ཞིང་ཡོངས་སུ་གང་བར་གྱུར༔  {{TibChung|མཚན་བཞི་བརྗོད་ཅིང་}} སམྦྷ་ར་{{TibChung|བདུན་དང་ནམ་མཁའ་མཛོད་ལན་བདུན།}}    ཨ་ཀཱ་རོ་{{TibChung|ལན་གསུམ།}}    དཀོན་མཆོག་གསུམ་གྱི་བདེན་པ་དང་༔  ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔  བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔  དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཆོས་ཅན་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་དེ་བཞིན་དུ་ཡོངས་སུ་རྫོགས་ཤིང་གྲུབ་པར་གྱུར་ཅིག༔  {{TibChung|རྟེན་འབྲེལ་སྙིང་པོ་ལན་བདུན་བརྗོད་པས་བྱིན་བརླབ་བོ།  །གཉིས་པ་མདོས་མགྲོན་བསྐྱེད་པ་ནི།}}    སྭབྷཱ་ཝ{{TibChung|ས་སྦྱང་།}}    བདག་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་དྲག་པོ་གནམ་ལྕགས་ལས་གྲུབ་པའི་ས་གཞི་གྲུ་གསུམ་པ་རྒྱ་ཁྱོན་རབ་ཏུ་ཡངས་པའི་དབུས་སུ་བདུད་པོ་མ་ཏྲཾ་རུ་དྲ་ {{TibChung|[11a]}} གན་རྐྱལ་དུ་གནས་པའི་ལྟོ་བར་སྲིད་པའི་མ་ཧེ་སྔོ་ནག་གནམ་ལྕགས་ཀྱི་རྭ་རྩེ་ལས་མེ་འབར་བ་མིག་བསྒྲད་ཅིང་ཁ་གདངས་པ་ང་རྒྱལ་གྱིས་འགྱིང་སྟབས་སུ་ཡོད་པའི་སྒལ་སྟེང་དུ་ཡཿལས་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་ནག་པོ་རབ་ཏུ་ཁྲོ་ཞིང་གཏུམ་པ་ཞབས་གཉིས་འདོར་སྟབས་སུ་བགྲད་པ༔  ཕྱག་གཉིས་དགྲ་སྟྭ་དང་ཁྲམ་ཤིང་བསྣམས་ནས་སྐྱེ་འགྲོའི་སྲོག་དབུགས་སྡུད་པ༔  གོས་སུ་སྟག་གཟིག་དོམ་དྲེད་ཀྱི་པགས་རློན་ཀླུབ་ཅིང་སྦྲུལ་རིགས་ལྔའི་ཆུན་པོས་སྐུ་རེགས་བཅིང་བ༔  དབུ་སྐྲ་དམར་ནག་སྲིད་པའི་རྩེ་རུ་འབར་བ༔  སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གློག་འཁྱུག་པ་བསྐལ་པའི་མེ་རླུང་རབ་ཏུ་འཁྲུགས་པའི་ཀློང་དུ་བཞུགས་པའོ༔  དེའི་ཕྱོགས་མཚམས་ཀྱི་ཤར་དུ་ཨ་ཝ་གླང་མགོ་ལྕགས་ཀྱུ་དང་དགྲ་སྟྭ་ཐོགས་པ༔  ལྷོ་རུ་དར་མ་སྤྲེལ་མགོ་ལྕགས་ཐག་དང་རལ་གྲི་ཐོགས་པ༔  ནུབ་ཏུ་ཟིལ་གནོན་སེང་མགོ་ལྕགས་སྒྲོག་དང་ཐོ་བ་ཐོགས་པ༔  བྱང་དུ་ཟ་བྱེད་སྤྱང་གདོང་འཁོར་ལོ་དང་སོག་ལེ་ཐོགས་པ༔  ཤར་ལྷོར་དཔའ་གཏུམ་སྟག་མགོ་སྐམ་པ་དང་ཞགས་པ་ཐོགས་པ༔  ལྷོ་ནུབ་ཏུ་ཧ་ལ་དྲེད་མགོ་མེ་ལོང་དང་ {{TibChung|[11b]}} ཁྲམ་ཤིང་ཐོགས་པ༔  ནུབ་བྱང་དུ་མནར་བྱེད་གཟིག་མགོ་མེ་ཞགས་དང་ཁྲོ་ཆུ་ཁོལ་མ་ཐོགས་པ༔  བྱང་ཤར་དུ་གནོད་བྱེད་དོམ་མགོ་རལ་གྲི་འཕྱར་ཞིང་རྒྱུ་མ་ཟ་བའོ།  །དེ་དག་ཐམས་ཅད་ཀྱང་གཅེར་བུ་མི་ལྤགས་ཀྱི་སྟོད་གཡོགས་གྱོན་ནས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པའོ།  །དེ་དག་གི་གཡས་ཕྱོགས་སུ་ཞེ་སྡང་འབར་བའི་རང་གཟུགས་རཱ་ཛ་སྤྲུལ་གྱི་མགོ་ཅན་གཡས་སྦྲུལ་ཞགས་དང་གཡོན་པས་མདུང་ཐུང་ཐོགས་པ༔  འཁོར་དུ་རྒྱལ་པོ་བསྭེ་ཐེབས་ཅན་ཆོས་གོས་དང་མཁར་གསིལ་ཐོགས་པ་སྡེ་བཞིས་བསྐོར་བ༔  མདུན་ཕྱོགས་སུ་གཏི་མུག་འཐིབ་པའི་རང་གཟུགས་ཀླུ་བདུད་ཕག་གི་མགོ་ཅན་གཡས་ན་དུག་སྦྲུལ་བརྒྱད་བཅང་ཞིང་གཡོན་པས་དུག་གི་མེ་ཏོག་ཐོགས་པ༔  འཁོར་དུ་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་བསྐོར་བ༔  གཡོན་ཕྱོགས་སུ་འདོད་ཆགས་འཁྲུགས་པའི་རང་གཟུགས་བསེན་མོ་བྱའི་གདོང་ཅན་གཡས་པས་ཁྲག་ཀོང་དང་གཡོན་ནད་རྐྱལ་ཐོགས་པ༔  འཁོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཅན་བཞིས་བསྐོར་བ༔  དེ་དག་ཐམས་ཅད་ཀྱང་དད་ཅིང་འདུན་པ་མོས་ཤིང་གུས་པས་ {{TibChung|[12a]}} ཅི་བསྒོ་བའི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་འཁོད་པར་གྱུར༔  རང་རང་གི་སྲོག་ཡིག་ལས་འོད་འཕྲོས་པས་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་པར་གྱུར༔  {{TibChung|གསུམ་པ་སྤྱན་དྲངས་པ་ནི།}}    ཧཱུྃ་ཛཿ    ལྷོ་ཕྱོགས་འཇིགས་རུང་གཤིན་རྗེའི་ཡུལ༔  མི་སྲུན་རྔམས་པའི་གྲོང་ཁྱེར་དུ༔  ལྕགས་མཁར་དགུ་རིམ་གཏམས་པའི་ནང་༔  ཉོན་མོངས་ལས་ལས་གྲུབ་པ་ཡི༔  འཆི་བདག་གཤིན་རྗེའི་རྒྱལ་པོ་ནི༔  ཡ་མ་རཱ་ཙ་ནག་པོ་དང་༔  སྤྲུལ་པའི་ལས་མཁན་ཤན་པ་འབུམ༔  ཡང་སྤྲུལ་དྲེགས་པའི་ཚོགས་དང་བཅས༔  དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔  མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔  རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔  མགྲོན་གྱི་གྲལ་དུ་བག་ཕེབས་མཛོད༔  ཛཿ    མུན་པ་ནག་པོའི་གཏིང་རུམ་ནས༔  གཏི་མུག་ལས་ལས་གྲུབ་པ་ཡི༔  མི་སྲུན་གཏུམ་པོ་ཀླུ་ཡི་རྒྱལ༔  ནག་པོ་ཕག་གི་གདོང་པ་ཅན༔  སྤྲུལ་པ་ཀླུ་གདོན་ཡོངས་ཀྱིས་བསྐོར༔  ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔  དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔    {{TibChung|[12b]}} མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔  རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔  མགྲོན་གྱི་གྲལ་དུ་བག་ཕེབས་མཛོད༔  ཛཿ  བསྐལ་པའི་མེ་དཔུང་འབར་ཀློང་དུ༔  ཞེ་སྡང་ལས་ལས་སྐྱེས་པ་ཡི༔  དྲགས་རྔམས་ཕོ་གདོན་ཡོངས་ཀྱི་གཙོ༔  རྒྱལ་པོ་ཆེན་པོ་སྤྲུལ་གྱི་གདོང་༔  སྤྲུལ་པ་རྒྱལ་འགོང་སྡེ་བརྒྱད་དང་༔  ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔  དམ་ཚིག་གཉན་གྱིས༴  མ་ཐོགས་མྱུར་དུ༴  རྟེན་འབྲེལ་རང་གཟུགས༴  མགྲོན་གྱི་གྲལ་དུ༴  ཛཿ    རཀྟའི་རྒྱ་མཚོ་ཆེན་པོའི་ཀློང་༔  འདོད་ཆགས་ལས་ལས་གྲུབ་པ་ཡི༔  ཆགས་སྡང་མོ་འདྲེའི་ཉུལ་ལེའི་ག ཧོཿ  བསེན་མོ་ནག་མོ་བྱ་ཡི་གདོང་༔  སྤྲུལ་པ་མོ་གདོན་ཡོངས་ཀྱིས་བསྐོར༔  ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔  དམ་ཚིག་གཉན་གྱིས༴  མ་ཐོགས་མྱུར་དུ༴  རྟེན་འབྲེལ་རང་གཟུགས༴  མགྲོན་གྱི་གྲལ་དུ༴  ཛཿ    འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔  དུག་གསུམ་སྲིད་པའི་ལྷ་འདྲེ་རྣམས༔  སྔོན་ཚེ་སྤྱི་དཔལ་ཆེན་པོའི་བཀའ༔  བར་དུ་ཕྱག་ན་རྡོ་རྗེའི་དམ༔  མཐའ་མ་རིག་འཛིན་བརྒྱུད་པའི་ {{TibChung|[13a]}} ཚིག༔  དཔང་དུ་བཞག་ནས་འབོད་པ་དང་༔  བཀའ་བསྒོ་ཕྲིན་བཅོལ་ལས་གཉེར་གྱིས༔  མ་འདས་མ་གཡེལ་མ་འགྱང་བར༔  བདག་གི་བསམ་པའི་དོན་སྒྲུབ་མཛོད༔  མ་ཏྲི་བཛྲ་ས་མ་ཡ་ཛཿཛཿ    {{TibChung|སླར་ཡང་བདེན་བརྗོད་ཀྱིས་བཀུག་པ་ནི།}}    ན་མོ༔  བླ་ན་མེད་པའི་དཀོན་མཆོག་གསུམ༔  བླ་མ་ཡི་དམ་མཁའ་འགྲོ་དང་༔  སྐུ་གསུམ་རྒྱལ་བའི་བདེན་པ་དང་༔  བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔  རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི༔  ལུས་ངག་ཡིད་དང་ཚེ་བསོད་དཔལ༔  ཡོངས་ལ་གནོད་པའི་འདྲེ་གདོན་བགེགས༔  མ་ལུས་མྱུར་དུ་འདིར་ཁུག་ཅིག༔  རྟེན་འབྲེལ་གཟུགས་འདིར་མཆིས་གྱུར་ཅིག༔  {{TibChung|ཅེས་གྲངས་བརྒྱའམ་ཉེར་གཅིག་ཙམ་བརྗོད།  དེ་ནས་གྲལ་བྱེད་པ་ནི༔  }}      ཀྱཻ༔  འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད༔  ལས་མཁན་དྲེགས་པའི་སྡེ་འཁོར་བཅས༔  མགྲོན་གྱི་གཙོ་རུ་བཞུགས་པར་ཞུ༔  འཁོར་འབངས་ཟིལ་གྱིས་གནོན་པར་གྱིས༔  ང་ཡི་བཀའ་ཉན་གསུང་སྡོད་མཛོད༔  ཞེ་སྡང་ཕོ་གདོན་རྒྱལ་པོ་ཁྱོད༔  འཁོར་གཡོག་འབངས་དང་བཅས་པ་ཀུན༔  གཤིན་རྗེའི་ {{TibChung|[13b]}} གཡས་ཀྱི་གྲལ་དུ་ཕེབས༔  འཁོར་འབངས་ཟིལ་གྱིས་གནོན་མཛོད་ལ༔  ང་ཡི་བཀའ་ཉན༴  འདོད་ཆགས་མོ་གདོན་རྒྱལ་མོ་ཁྱོད༔  འཁོར་གཡོག་འབངས་དང་༴  གཤིན་རྗེའི་གཡོན་གྱི༴  འཁོར་འབངས་ཟིལ་གྱིས༴  ང་ཡི་བཀའ་ཉན༴  གཏི་མུག་ཀླུ་གདོན་རྒྱལ་པོ་ཁྱོད༔  འཁོར་གཡོག་འབངས་དང་༴  གཤིན་རྗེའི་མདུན་གྱི༴  འཁོར་འབངས་ཟིལ་གྱིས༴  ང་ཡི་བཀའ་ཉན་གསུང་སྡོད་མཛོད༔  ཏྲི་ས་མ་ཡ་སྟྲཾ༔  {{TibChung|དཔང་པོ་ཞུ་བ་ནི།}}      ཧོཿ    བླ་ན་མེད་པའི་དཀོན་མཆོག་གསུམ༔  ང་ཡི་དཔང་དུ་དགོངས་བཞུགས་གསོལ༔  བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔  ང་ཡི་དཔང་དུ༴  ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔  མ་ལུས་དཔང་ལ༴  དེ་རིང་སྦྱིན་པའི་བདག་པོ་ཉིད༔  འཆི་བའི་གེགས་ལས་བསླུ་བའི་ཕྱིར༔  འཆི་བདག་གཤིན་རྗེ་ལ་སོགས་པའི༔  ལྷ་འདྲེ་རྣམས་ལ་མདོས་དང་གླུད༔  འཇལ་ནས་བཀའ་བསྒོས་ཚོགས་རྣམས་ཀྱི༔  དཔང་དུ་རྒྱལ་བ་སྲས་བཅས་བཞུགས༔  བསྒོས་བཞིན་བསྒྲུབས་ཏེ་བཀའ་ཉན་ན༔  སྡུག་བསྔལ་འཇིགས་ལས་བསྐྱབ་མཛོད་ཅིག༔  གལ་ཏེ་བཀའ་བཅག་དམ་ {{TibChung|[14a]}} ཉམས་ན༔  བཀའ་ཡི་ཆད་པས་རྡུལ་དུ་རློག༔  ཡུན་དུ་ལྡང་མེད་གཟེར་གྱིས་ཐོས༔  ན་མོ་བུདྡྷ་དྷརྨ་སཾ་གྷ་ཡ༔  གུ་རུ་ངྷེ་ཝ་ཌཱ་ཀི་ནི༔  ན་མོ་དྷརྨ་ཀཱ་ཡ༔  སམྦྷོ་ཀཱ་ཡ༔  ནིརྨ་ཀཱ་ཡ༔  བཛྲ་ས་མ་ཡ་ཛཿཛཿ      ན་མོ་ན་མ་ཧོཿ      {{TibChung|བཞི་པ་སྲུང་བའི་གུར་ཁང་ནི།}}      བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་ཧཱུཾ་ཡིག་བཅུ་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས་སྟེང་དུ་ཧཱུཾ་ཀཱ་ར།  འོག་ཏུ་སྟོབས་པོ་ཆེ།  ཤར་དུ་རྣམ་པར་རྒྱལ་བ།  ལྷོར་གཤིན་རྗེ་གཤེད།  ནུབ་ཏུ་རྟ་མགྲིན།  བྱང་དུ་བདུད་རྩི་འཁྱིལ་བ།  ཤར་ལྷོར་དབྱུག་སྔོན།  ལྷོ་ནུབ་ཏུ་མི་གཡོ་མགོན་པོ།  ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ།  བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་ཏེ་ཀུན་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ།  དམ་ཡེ་གཉིས་སུ་མེད་པའི་ཁྲོ་བོ་ཆེན་པོའི་གུར་ཁང་ཞལ་ནང་དུ་ཕྱོགས་པའོ།  །དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ནམ་མཁའི་མཐར་ཁྱབ་པར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ།  དེ་དག་གི་བྱིན་རླབས་དང་འཁོར་འདས་བརྟན་ {{TibChung|[14b]}} གཡོའི་ནུས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་གཟི་བྱིན་ནུས་སྟོབས་རབ་ཏུ་འབར་ཞིང་།  རང་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པ་རྣམས་དང་བཅས་པའི་སྐུ་ལས་སྐྱེས་པའི་མི་དང་ཕྱག་ན་མཚོན་ཆ་སྣ་ཚོགས་དང་།  ཞལ་ནས་སྔགས་སྒྲ་དྲག་པོར་སྒྲོགས་པས་བར་མཚམས་མེད་པར་གཏམས་པས་འཆི་བདག་འཁོར་བཅས་འབྲོས་པའི་ལམ་མེད་པར་འདར་ཕྲི་ལི་ལི་བདག་གིས་ཅི་བསྒོའི་བཀའ་ཉན་པར་གྱུར།  ན་མཿས་མ་ནྟ་བུདྡྷ་ནཱཾ༔  ན་མཿས་མནྟ་ངྷརྨཱ་ནཱཾ༔  ན་མཿས་མནྟ་སངྒ་ནཱཾ༔  ཨོཾ་སི་ཏཱ་ཏཱ་པ་ཏྲེ༔  ཨོཾ་བྷི་མ་ལེ༔  ཨོཾ་ཤངྐ་ར༔  ཨོཾ་པྲ་ཏྱཾ་གི་ར༔  ཨོཾ་བཛྲ་ཨུཥྞཱི་ཥ༔  ཙཀྲ་ཝརྟྟི༔  སརྦ་ཡནྟྲ་མནྟྲ༔  མཱུ་ལ་ཀརྨ༔  བྷནྡྷ་ནཱཾ༔  ཏཱ་ཌ་ནཱཾ༔  ཀཱི་ལ་ནཱཾ་ཝ༔  མ་མ་ཀྲྀ་ཏ་ཡེ་ན་ག་ན་ཙིཏྟ་ཀྲི་ཏནྟད༔  སརྦ་ནྟུ༔  ཚིནྔྷ་ཚིནྔྷ༔  བྷིནྔྷ་བྷིནྔྷ༔  ཙི་རི་ཙི་རི༔  གི་རི་གི་རི༔  མཱ་ར་མཱ་ར༔  ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔  ཕཊ་ཕཊ་ཕཊ༔  {{TibChung|ཅེས་བདུན་ནམ་ཉེར་གཅིག་བཟླ།  སྲུང་འཁོར་ཤིན་ཏུ་དམ་པ་གནད་ཆེ་བར་གསུངས།  ལྔ་པ་མཆོད་ཅིང་བསྔོ་བ་ལ་གསུམ།  དཀར་མཆོད།  དམར་གཆོད།  གླུད་བསྔོ་བའོ།  །དང་པོ་ལའང་གསུམ་ལས་ཐོག་མར་བྱིན་གྱིས་བརླབ་པ་ནི།  མདུན་གྱི་ {{TibChung|[15a]}} ཅོག་སྟེགས་ཁར་ཞི་སྣོད་དུ་གཡས་ཕྱོགས་སུ་བཤམས་པའི་རིལ་བུ་ཆངས་བུ་འབྲུ་སྨན་ཟས་སྣ་སོགས་འདོན་མི་དུ་ཡོད་ཀྱི་གྲངས་དང་མཉམ་པ་སྣོད་སོ་སོར་བཤམ་ལ་ནས་ཆན་རེ་བླུག      །  ཐེབ་སྟོང་པ་ཞིག་ཀྱང་བཞག   །འོ་ཆབ་བྲན་ལ།}}    ཨོཾ་སྭ་བྷཱ་ཝ་{{TibChung|སོགས་ཀྱིས་སྦྱང་།}}    སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར།  ཨོཾ་ཨཱཿཧཱུཾ༔  {{TibChung|ལན་གསུམ།  ཐེབ་སྟོང་པར་འོ་ཆབ་སྦྲེང་ལ།}}    ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་སམྦྷ་ར་ཧཱུྃ༔  {{TibChung|ཞེས་ལན་བདུན་བརྗོད།  གཉིས་པ་འབུལ་བ་ནི།}}      མཆོད་སྦྱིན་གྱི་གཏེར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེའི་རྒྱལ་པོ།  ལས་མཁན་སྡེ་བརྒྱད།  ཕོ་གདོན་རྒྱལ་པོ།  མོ་གདོན་བསེན་མོ།  ཀླུ་གདོན་ས་བདག  །ལོ་བདུད་ལོ་གཤེད་བཅུ་གཉིས།  བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ།  །གསུམ་པ་བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི།}}    ན་མོ།  དཀོན་མཆོག་གསུམ་གྱི་བདེན་པ་དང་།  གསང་སྔགས་དང་།  རིག་སྔགས་དང་།  གཟུངས་སྔགས་དང་།  སྙིང་པོ་དང་།  ཕྱག་རྒྱ་དང་།    {{TibChung|[15b]}} ཏིང་ངེ་འཛིན་གྱི་བདེན་པ་དང་།  མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་།  སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས།  དེ་རིང་ཆོས་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས།  བདག་ཅག་འཁོར་དང་བཅས་པའམ།  སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ།  དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ་དང་།  གདོན་གྱི་རིགས་སུ་གྱུར་པ་དང་།  རྨི་ལམ་ངན་པ་དང་།  མཚན་མ་ངན་པ་དང་།  ལྟས་ངན་པ་དང་།  དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ།  མཐུན་ཅིང་དགེ་བའི་རིགས་སུ་གྱུར་པ་དང་།  ཚེ་རིང་བ་དང་།  ནད་མེད་པ་དང་།  བཀྲ་ཤིས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།  ཞེས་རོལ་མོ་དང་བཅས་ཕུལ་བས་ཚར་དང་པོ་གྲུབ།  ཕྲིན་བཅོལ་གྱི་ཚེ་བཤམ་སྔ་མ་རྣམས་གཡས་ཕྱོགས་ཀྱི་ཟངས་སྣོད་སྟོང་པ་བཞག་པའི་ནང་དུ་བླུགས།  བཤམ་སྣོད་རྣམས་ཀྱང་འོ་ཆབ་ཀྱིས་བཤལ།  ཚར་རྗེས་མའི་བསྔོ་རྒྱུ་བཤམ་གྲུབ་པ་བྱ་དགོས།  དེ་ནས་བྱིན་ {{TibChung|[16a]}} རླབས་ནས་ཕྲིན་བཅོལ་བར་བསྐྱར་ཏེ་བཏང་བའི་བརྒྱ་རྩ་བརྒྱད་རྫོགས་པར་འགྲོ་དགོས་པས་འདོན་མི་མང་ན་མི་གྲངས་ལྟར་བརྩི།  གཅིག་ལས་མེད་ན་མ་ཚང་བར་བསྐྱར་དགོས་སོ།  །
༄༅།  །ཨོཾ་སྭསྟི་སིདྡྷཾ།  མི་ཤིགས་རྡོ་རྗེ་ཁྲོས་པའི་གཟི་བྱིན་གྱིས།  །སྣང་སྲིད་དབང་སྡུད་ཟིལ་གནོན་ཧེ་རུ་ཀ  །ཁྱབ་བདག་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས།  །འཆི་ཟློག་མདོས་ཀྱི་མན་ངག་འདིར་གསལ་བྱ།  །{{TibChung|དེའང་ཇི་སྐད་དུ་རྩ་གཞུང་ལས།  ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔  སྐྱེ་འགྲོས་དམུ་རྒོད་ལས་ངན་སྤྱོད༔  སྔགས་བཙུན་དམ་སྡོམ་ངོ་ལྐོག་ཅན༔  བུད་མེད་འདྲེ་མོས་ཆོས་ཁྲིམས་བཤིག༔  དེ་དུས་སྣང་སྲིད་ལྷ་འདྲེ་འཁྲུགས༔  ནད་མུག་མཚོན་གྱི་བསྐལ་པ་དར༔  དེ་ཚེ་སྨོན་ལམ་ལས་འཕྲོ་ཅན༔  སྐལ་བར་ལྡན་པའི་སྐྱེས་བུ་འགས༔  འདིར་བརྩོན་དུས་མིན་འཆི་བ་བཟློག༔  ཅེས་ཇི་ལྟར་གདམས་པར་མཛད་པ་བཞིན་ {{TibChung|[2a]}} སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟང་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་ལ་རྩ་བ་གསུམ་གྱི་སྒྲུབ་སྐོར་ཇི་སྙེད་ཅིག་བཞུགས་པ་ལས།  འདིར་ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཕྲིན་ལས་ཆ་ལག་ལས་བྱོན་པ་འཆི་བསླུའི་གཏོར་ཆེན་ཟབ་མོ་ལག་ཏུ་ལེན་པ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་ལའང་གཉིས་ལས།  ཐོག་མར་བྱ་བའི་སྦྱོར་བ་ནི།  དེའང་རྩོམ་པའི་ཡུལ་རྣལ་འབྱོར་པ་རང་དང་རང་གི་བླ་མ་མཆེད་གྲོགས་དམ་ཚིག་ཅན་ཕ་མ་དང་ཆོས་ལྡན་གྱི་སྐྱེ་བོ་དད་པ་ཅན་སྦྱིན་བདག་སོགས་ཡོངས་སྨན་བློ་གཏོད་ཕེར་བའི་རིགས་ཀྱི་རིམ་གྲོར་བྱ་བ་ལས།  མི་ནག་སྐྱེ་བོ་ཕལ་པ་དམ་མེད་སྡིག་ཅན་གྱི་རིགས་སོགས་བསྟན་པ་དང་འགྲོ་བ་ལ་ {{TibChung|[2b]}}    གནོད་པ་སྐྱེལ་བའི་གང་ཟག་གི་ཆེད་དུ་བྱས་ན་སླར་རང་ལ་འཁུ་ལྡོག་འབྱུང་བར་ངེས་ཤིང་།  རྩོམ་པའི་དུས་སྤྱིར་བཏང་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་འཆི་བདག་ཟློག་པའི་དུས་ཁྱད་པར་ཅན་དུ་བསྔགས་པའི་ཕྱིར་རྣལ་འབྱོར་པ་རང་དོན་ལྟ་བུར་དུས་དེར་ལོ་རེ་བཞིན་བྱ་བའམ།  སྤྱིར་ཉེར་དགུའི་རིགས་ལ་བཟང་ཞིང་།  དམིགས་བསལ་ལོ་ཟླ་ཞག་དུས་ཀེག་སྲི་ལངས་པའམ་གློ་བུར་སྡེ་བརྒྱད་འབྱུང་པོའི་ཆོ་འཕྲུལ་རྐྱེན་ངན་བར་གཅོད་ལ་བརྟེན་ནས་ནད་གདོན་དྲག་པོས་གཙེས་ཏེ་དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་ཉེ་བ་ན།  དེ་ཉིད་ཟློག་པའི་ཐབས་བྱ་སླ་ལ་ཆོད་ཆེ་བ་འདི་ལ་འབད་པར་བྱ་སྟེ།  རྩོམ་པ་པོ་སློབ་དཔོན་རབ་ལྟ་བའི་གདིང་དང་ལྡན་པ།  འབྲིང་བསྐྱེད་རྫོགས་ལ་གསལ་སྣང་ཐོན་པ།  ཐ་མ་གཞན་ཕན་གྱི་སེམས་དང་ལྡན་ཅིང་ཡི་དམ་ལྷའི་བསྙེན་སྒྲུབ་ཚད་དུ་ཐེམས་པ་ཞིག་གིས་བསྒྲུབ་པ་ལས་གཞན་གང་བྱུང་གི་བྱེད་ན་རང་གཞན་གཉིས་ཀར་ཕན་པ་མེད་པའི་སྟེང་དུ་གནོད་པ་འབྱུང་བར་ངེས་པ་བཅས་སྤྱིར་ཤེས་པར་བྱས་ནས།  བྱ་བའི་སྦྱོར་བ་དངོས་ལ།  བསྒྲུབ་བྱ་ཤིན་ཏུ་གལ་ཆེན་ཡིན་ན་སྒྲུབ་གཞི་ཚེ་སྒྲུབ་ལ་བརྟེན་པ་ཉིད་སྐབས་དང་འབྲེལ་ཞིང་གཤིན་རྗེའི་ཁྲམ་ཟློག་ཟིན་མ་ཐག་བླ་ཚེ་འགུགས་ཤིང་ཚེ་དབང་རྒྱས་གདབ་བཅས་དགོས་པ་ཡིན་པས།  གནས་ཁང་གི་ཕུག་ལོགས་གཞི་སྟེགས་དང་པོར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གཞུང་བཞིན་བྲིས་པའི་རས་བྲིས་བཀྲམ་པའམ།  མ་འགྲུབ་ན་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པ་ {{TibChung|[3a]}} བཀྲམ།  དེར་མཉྫིའི་སྟེགས་ལ་རྣམ་བུམ་སོ་ལྔའི་རྫས་དང་།  ཚེ་རྫས་ཕབ་གཏའ་ཅན་གྱི་བུམ་ཆུས་སུམ་གཉིས་བཀང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པ།  མདུན་དུ་ཚེའི་འབྲང་རྒྱས།  གཡས་གཡོན་དུ་ཕབ་ལྡན་གྱི་ཚེ་བཅུད་རིལ་བུ་དང་ཚེ་ཆང་།  རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་མདེའུ་ཅན་དར་ཚོན་སྣ་ལྔས་བརྒྱན་ཅིང་མེ་ལོང་བཏགས་པ་བཅས་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་།  བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ།  སྟེགས་གཉིས་བར་གོང་སྨོས་རྩ་བའི་ཡི་དམ་གུར་དྲག་རྟ་ཕུར་གཤིན་རྗེ་སོགས་གང་ལ་བརྟེན་པ་དེའི་མཆོད་གཏོར།  གཡས་གཡོན་དུ་སྲུང་མ་ཕོ་རྒྱུད་མོ་རྒྱུད།  གཏེར་གཞི།  ཆད་བརྟན།  སྨན་རཀ་བཅས་དང་།  མདུན་དུ་ཞི་དྲག་གི་ཉེར་སྤྱོད་མཇུག་སྤྲོད་དུ་བཤམ།  དེའི་ནང་ངམ་མཇུག་སྤྲོད་ཀྱི་བར་དུ་རྩ་བའི་ཐུན་གཏོར་རམ་ཟོར་གཏོར་ཐོག་མདེལ་དབྱིབས་ཅན་ཁྲུ་གང་བ་རྩང་དམར་མེ་རི་མཚེ་ཡུངས་སོགས་ཀྱིས་བརྒྱན་པ་བཀོད།  གཞན་ཡང་སྔོན་གཏོར།  ཚོགས་ཀྱི་ཡོ་བྱད།  རོལ་མོ་འབུད་དཀྲོལ་བརྡུང་བའི་བྱེ་བྲག  །ཞྭ་ནག་གོས་ནག་དྲག་པོའི་ཆས་གོས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱ་བ་རྣམས་ནི་གོང་གཞི་བདག་བསྐྱེད་ལ་བརྟེན་པའི་བཅས་ཤོམ་མོ།  །སྐབས་ཐོབ་གཏོར་ཆེན་མདོས་ཀྱི་བཅས་གཞི་དངོས་ལ་།  གོ་ཡུལ་འགྲིགས་ན་སྒྲུབ་པ་པོ་བྱང་ནས་ལྷོར་ཁ་གྱུ་བ་དང་མདུན་སྤྲོད་ཀྱི་ཕྱར་བ་ནག་པོ་ལྟ་བུའི་གཞི་ཁེབས་སྟེང་ལྕགས་སྣོད་དམ་ {{TibChung|[3b]}} སྒྲོམ་ཁྲི་ཆེ་ཞིང་ཡངས་པ་ལས་སྟེགས་གྲུ་གསུམ་རོ་སོལ་གྱི་བྱུག་པའི་ཁར་བྲ་ནག་ནས་ནག་ཚིག་ནག་སོགས་བསྲེས་པའི་ཟན་ནམ་ས་ནག་དུག་ཁྲག་གི་ཆུས་སྦྲུབ་པ་ལས་མ་ཏྲཾ་གྱི་གཟུགས་མགོ་བོ་མདུན་བསྟན་གན་རྐྱལ་དུ་གནས་པའི་ལྟོ་བར་མ་ཧེ་རུ་རིང་རྔམ་བརྫིད་ཅན་སྔོ་ནག་ལ་ཞོན་པའི་མི་ནག་ཁྲོ་ཉམས་ཅན་བེར་ནག་བགོས་པ།  གཡས་དགྲ་སྟྭ་འཕྱར་ཞིང་།  གཡོན་ཁྲམ་ཤིང་འཛིན་པས་ཡུ་བ་སྐེད་ལ་བརྟན་པ།  གདོང་ཅུང་ཟད་སྨད་པའི་རྣམ་པ་ཅན་རྦ་སྨྱུག་ལ་ནམ་མཁའ་ཟུར་བརྒྱད་པ་བྲན་ཅིང་བཙུགས་པ་ལ་རྒྱབ་བརྟེན་ཏེ་བཞག  །དེའི་མཐའ་སྐོར་ཕྱོགས་མཚམས་བརྒྱད་ཀྱི་ཤར་དུ་ཨ་བ་གླང་མགོ་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྟྭ།  ལྷོར་དར་མ་སྤྲེལ་མགོ་གཡས་ལྕགས་ཐག་དང་གཡོན་རལ་གྲི།  ནུབ་ཏུ་ཟིལ་གནོན་སེང་མགོ་གཡས་ལྕགས་སྒྲོགས་དང་གཡོན་ཐོ་བ།  བྱང་དུ་ཟ་བྱེད་སྤྱང་གདོང་གཡས་འཁོར་ལོ་དང་གཡོན་སོག་ལེ།  ཤར་ལྷོར་དཔའ་གཏུམ་སྟག་མགོ་གཡས་སྐམ་པ་དང་གཡོན་ཞགས་པ།  ལྷོ་ནུབ་ཏུ་ཧ་ལ་དྲེད་མགོ་གཡས་མེ་ལོང་དང་གཡོན་ཁྲམ་ཤིང་།  ནུབ་བྱང་དུ་མནར་བྱེད་གཟིག་མགོ་གཡས་མེ་ཞགས་དང་གཡོན་ཁྲོ་ཆུ།  བྱང་ཤར་དུ་གནོད་བྱེད་དོམ་མགོ་གཡས་རལ་གྲི་དང་གཡོན་རྒྱུ་མ་ཟ་བ།  ཐམས་ཅད་ཀྱང་ལུས་གཅེར་བུ་མདོག་ནག་ཅིང་མི་ལྤགས་ཀྱིས་སྟོད་གཡོགས་པ་ཤ་སྟག་གོ།  །དེ་དག་གི་ཕྱི་རོལ་མདུན་དུ་ཀླུ་བདུད་ཕག་གི་མགོ་ཅན་སྔོ་ནག་གཡས་དུག་སྦྲུལ་བརྒྱད་ཀྱི་སྐེད་པ་སྦམ་ནས་འཛིན་ཅིང་།  གཡོན་པས་དུག་གི་ {{TibChung|[4a]}} མེ་ཏོག་ནག་པོ་ཐོགས་པ་ནམ་མཁའ་ནག་པོ་ལ་བརྟེན་པ།  དེའི་མཐའ་སྐོར་དུ་ཉ་སྦྲུལ་སྦལ་ལྕོང་མང་པོས་བསྐོར་བ།  གཡས་སུ་རྒྱལ་འགོང་སྦྲུལ་གྱི་མགོ་ཅན་ཁམ་ནག་གཡས་སྦྲུལ་ཞགས་དང་།  གཡོན་མདུང་ཐུང་འཛིན་པ་ནམ་མཁའ་སེར་པོ་ལ་བརྟེན་པ།  དེའི་ཕྱོགས་བཞིར་རྒྱལ་པོ་བཙུན་གཟུགས་ཆོས་གོས་བསྭེ་ཐེབས་ཅན་ལག་ན་མཁར་གསིལ་ཐོགས་པ་བཞིས་བསྐོར་བ།  གཡོན་དུ་བསེན་མོ་ནག་མོ་བྱའི་གདོང་ཅན་དམར་ནག་གཅེར་མོ་ནུ་མ་འཕྱང་བ་གཡས་པས་ཁྲག་ཀོང་དང་།  གཡོན་པས་ནད་རྐྱལ་ཐོགས་པ་ནམ་མཁའ་དམར་པོ་ལ་བརྟན་པ།  དེའི་མཐའ་སྐོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཐུར་དུ་གསིག་པའི་སྣེ་གཡས་གཡོན་གཉིས་རང་གི་ལག་པས་འཛིན་པ་བཞིས་བསྐོར་བ།  དེའི་མཐར་ཤར་སྟོད་དུ་མི་ལུས་སྟག་མགོ  །  ཤར་སྨད་དུ་མི་ལུས་ཡོས་མགོ    །  ཤར་ལྷོར་མི་ལུས་འབྲུག་མགོ    ལྷོ་སྟོད་དུ་མི་ལུས་སྦྲུལ་མགོ    ལྷོ་སྨད་དུ་མི་ལུས་རྟ་མགོ    །  ལྷོ་ནུབ་ཏུ་མི་ལུས་ལུག་མགོ    །  ནུབ་སྟོད་དུ་མི་ལུས་སྤྲེལ་མགོ    །  ནུབ་སྨད་དུ་མི་ལུས་བྱ་མགོ  །  ནུབ་བྱང་དུ་མི་ལུས་ཁྱི་མགོ    །  བྱང་སྟོད་དུ་མི་ལུས་ཕག་མགོ    །  བྱང་སྨད་དུ་མི་ལུས་བྱི་མགོ      །  བྱང་ཤར་དུ་མི་ལུས་གླང་མགོ་སྟེ་བཅུ་གཉིས་པོ་སོ་སོའི་ཁམས་མཐུན་རང་མདོག་བེར་ནག་ཅན་གཡས་ཁྲམ་ཤིང་དང་གཡོན་ཞགས་པ་ཐོགས་པ།  དེའི་ཕྱི་རོལ་ཤར་དུ་ལྷ་བཤོས་ཟླུམ་པོ་དཀར་པོ།  ལྷོར་གཤིན་རྗེ་གྲུ་གསུམ་ནག་པོ་ཁྲམ་རིས་ཅན།  ནུབ་ཏུ་མ་མོ་སྨན་ཏིང་སེར་པོ།    {{TibChung|[4b]}} བྱང་དུ་བདུད་བཤོས་ཟུར་གསུམ་ནག་པོ་རྩེ་གུག  །ཤར་ལྷོར་བཙན་བཤོས་གྲུ་གསུམ་དམར་པོ་རྩེ་གསུམ།  ལྷོ་ནུབ་ཏུ་རྒྱལ་བཤོས་གྲུ་བཞི་དཀར་པོ།  ནུབ་བྱང་དུ་གནོད་སྦྱིན་འབྲང་རྒྱས་ནོར་གཟུགས་དམར་པོ།  བྱང་ཤར་དུ་ཀླུ་བཤོས་དཀར་ཟླུམ་སྦྲུལ་དཀྲིས་ཅན་རྣམས་ཀྱིས་བསྐོར།  དེ་རྣམས་ཀུན་གྱི་མཐའ་ལྕགས་རིས་བསྐོར་བར་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པའི་སྐེད་པ་སྐུད་པ་སྔོ་དམར་གྱིས་དཀྲི།  དེའི་མདུན་དུ་བླ་སྒྲོམ་དམར་ནག་གྲུ་གསུམ་ཁ་ཕྱེ་བཏུབ་པའི་ནང་དུ་བསྲུང་བྱའི་བླ་གཡུ་བཟང་པོ་ལ་མཚལ་གྱི་ཧྲཱིཿབྲིས་པ་འདོགས་སྐུད་ལ་བརྒྱུས་ཏེ་བཅུག་ཅིང་ཁ་བཅད།  དེའི་ཕྱི་ནས་བྱད་ཐག་སྔོ་དམར་གྱིས་དཀྲིས་པའི་སྣེ་རིང་ཙམ་རྗེས་སུ་སྦྱིན་བདག་གི་གཟུགས་ལ་དཀྲིར་ལོང་བ་བྱས་ཏེ་གཤིན་རྗེའི་བཞོན་པ་མ་ཧེ་རུ་རིང་གི་སྐེ་ལ་བཏགས་ནས་བཞག་ཅིང་།  བླ་སྒྲོམ་གྱི་སྟེང་དུ་ཁྲམ་བྱང་ལ་བསྲུང་བྱའི་ལོ་གྲངས་ཀྱི་ཁྲམ་སོལ་བས་བཏབ་པ་བཙུག    །  གལ་ཏེ་གཤིན་རྗེ་འཁོར་བཅས་ཀྱི་འདྲ་གཟུགས་བཅའ་བ་སྤྲོས་པ་དང་ལག་རྩལ་སོགས་ཀྱིས་མ་ལྕོགས་ན།  ཁྱེར་བདེའི་ལག་ལེན་དུ་གོང་གི་འདྲ་གཟུགས་རང་རང་གི་གནས་སུ་དམར་གྱི་བཤོས་བུ་ཐུན་གཏོར་གྱི་རྣམ་པ་ཅན་གཙོ་བོ་ལ་ཁྲུ་གང་དང་འཁོར་རྣམས་མཐོ་གང་ལས་མི་ཆུང་བ་བཀོད་ལ།  དེར་རང་རང་གི་འདྲ་གཟུགས་རི་མོའི་རྣམ་འགྱུར་མཚན་ཉིད་ཚང་བའི་ཙཀླའི་སྔར་ནས་འདུ་བྱས་པ་རྣམས་མ་ནོར་བར་འཛུགས་ཤིང་རྩེར་དར་གདུགས་ནག་པོས་སྤྲས་པས་ཀྱང་འཇུག་པ་བདེ།  དེ་དང་ཁ་སྤྲོད་དུ་བསྔོ་བྱ་སྦྱིན་བདག་གི་ཡས་གླུད་ལ།  གཞི་སྟེགས་ {{TibChung|[5a]}} གྲུ་བཞི་ཡངས་ཤིང་འཇམ་པའི་ཁར་རི་རབ་བང་རིམ་བཞི་པའི་ལྟེ་བར་སྲོག་ཤིང་ཁྲུ་དོ་ཙམ་པ་དཔག་བསམ་ལྗོན་ཤིང་གི་ཚལ་དུ་ཡལ་ག་ལོ་འབྲས་སོགས་ཀྱིས་སྤྲས་པའིརྩ་བར།  འབྲུ་སྣ་ལྔའི་ངར་ཕྱེ་གཙང་མར་ལས་སྔགས་བཟླས་པའི་བུམ་ཆུས་བསྒྲུབ་བྱའི་ལུས་རིལ་པོའམ་ཡན་ལག་ལྔ་ཁྲུས་བྱས་པའི་ཆུས་སྦྲུས་པའི་ཟན་ལས་ཕོ་མོ་གཉིས་གཟུགས་སྐྱེ་མཆེད་དོད་པ།  བསྒྲུབ་བྱ་གཙོ་བོ་ཁྲུ་གང་ལས་མི་ཆུང་མ་ལ་ཟེར་མོའི་སྒྲོས་སྐྲ།  ལུང་ཐང་གི་མིག་སོགས་གླུད་རྫས་གླུད་རབས་ནས་བྱུང་བ་ལྟར་གནས་སོ་སོར་འགོད་པའམ།  སྟབས་བདེའི་དབང་དུ་རྫས་རྣམས་ཕྱོགས་བསྡུས་ཀྱི་ཁུ་བ་ཟན་ལ་བསྲེས་ཀྱང་རུང་།  དངོས་སུ་གྱོན་འཕྲོའི་གོས་དུམ་ཡོད་ན་ལེགས་ཤིང་།  གང་ལྟར་ཞྭ་གོས་མགུལ་རྒྱན་སོགས་ཕོ་མོ་གང་ཡིན་རང་རང་གི་ཆས་ཤིན་ཏུ་ལེགས་པར་བྱས་ལ་འགོད།  སྐྱེས་པར་ཕོ་ཤིང་སྟག་པ་ལྟ་བུ་ལ་ཁྲམ་ལོ་གྲངས་བྲིས་པ་ཕྲག་གཡས་དང་།  བུད་མེད་ལ་མོ་ཤིང་གླང་མ་ལྟ་བུར་ཁྲ་མ་ལོ་གྲངས་བྲིས་ཏེ་ཕྲག་པ་གཡོན་དུ་གཟུག    །  ཡུ་བ་སྲོག་ཤིང་ལ་བརྟེན་པའི་སྟེང་གདུགས་དང་ཁྱུང་ཚང་དཔལ་བེའུ་ཏོག་སོགས་བཀོད་པས་མཛེས་པ་དང་།  བྱ་རིགས་སྣ་ཚོགས་ཤོག་བུར་ཚོན་གྱིས་བྲིས་པ་སྐུད་པར་བརྒྱུས་ཏེ་གདུགས་ཀྱི་འདབ་ཆར་བཏགས་ལ་འཕྱང་འཕྲུལ་དུ་གཡོ་བར་བྱ།  གཙོ་བོའི་འདྲ་གླུད་ཀྱི་མཐའ་སྐོར་དུ་ངར་གླུད་ཕོ་མོ་གྲངས་མཉམ་སྤེལ་མས་བསྐོར་ཞིང་།  ཕོའི་གཡས་སུ་མདའ་རེ་དང་།  མོའི་གཡོན་དུ་འཕང་རེ་བཙུགས།  བང་རིམ་ {{TibChung|[5b]}} དང་པོའི་ཟུར་བཞིར་སེང་གེ་བཞི་དང་སྟག་གཟིག་སོགས་གཅན་གཟན་གྱི་རིགས།  བང་རིམ་གཉིས་པའི་ཟུར་བཞིར་གླང་ཆེན་བཞི་སོགས་རི་དྭགས་ཀྱི་རིགས།  བང་རིམ་གསུམ་པའི་ཟུར་བཞིར་མ་ཧེ་བཞི་སོགས་གཡུང་དྭགས་ཀྱི་རིགས།  བང་རིམ་བཞི་པའི་མཐའ་སོར་བཞི་པའི་རྒྱ་ཁྱོན་གྱི་མཚོ་རྫིང་གི་ར་བ་བསྐོར་བའི་ནང་དུ་མཚོ་ལ་ཆུ་གནས་ཀྱི་རིགས།  དེ་རྣམས་ཀུན་གྱི་མཐའ་སྐོར་ལྕགས་རིའི་ནང་གི་ཤར་ངོས་སུ་བཀྲ་ཤིས་རྟགས་བརྒྱད།  རྫས་བརྒྱད།    སྣ་བདུན།  ཉེ་བའི་རིན་ཆེན་བདུན།  འདོད་ཡོན་ལྔ་སོགས་ཟན་ལ་འབུར་དུ་གཏོད་པ་དང་།  ལྷོའི་ངོས་སུ་གསེར།  དངུལ།  ཟངས།  ལྕགས་སོགས་རིན་པོ་ཆེ་སྣ་ལྔ་བཞུ་བའི་རིགས་སོ་སོར་དར་རས་ཀྱི་ཐུམ་པོར་བྱས་པའམ་ཏིང་ཕོར་དུ་བླུགས་པ་དང་།  གཡུ།  བྱེ་རུ།  མུ་ཏིག  །མུ་མེན།  མཆོང་སོགས་མི་བཞུ་བའི་ཁམས་དར་སྐུད་ལ་བརྒྱུས་པ།  ནུབ་ངོས་སུ་ཨ་བར་སྐྱུར་གསུམ།  བཟང་པོ་དྲུག  །སྨན་འབྲས་གསུམ།  སེ་འབྲུ།  ཤིང་ཚ།  ཤིང་མངར།  ག་བུར་སོགས་སྨན་གྱི་རིགས་དང་།  འབྲས།  གྲོ།  ནས།  སོ་བ།  སྲན་དཀར་སོགས་འབྲུ་དཀར་དང་།  ཏིལ།  ཡུངས་ནག        །  བྲ་བོ།  སྲན་ནག་སོགས་འབྲུ་སྣའི་རིགས།  ཁམ་བུ།  སྟར་ག    རྒུན་འབྲུམ།  ཀུ་ཤུ་སོགས་ཤིང་ཏོག་གི་རིགས་བཅས་སྣོད་སོ་སོར་བཀང་བ།  བྱང་ངོས་སུ་དར་ཟབ།  སྣམ་རས།  སྟག་གཟིག་གི་རས་མ་སོགས་བགོ་བའི་རིགས་སོ་སོར་བསྡམས་པ་དང་།  དཀར་གསུམ།  མངར་གསུམ།  ཇ།  ཆང་།    {{TibChung|[6a]}} ཚྭ།  སྒོག    །  རམ་པ།  ཤ་སྣ།  སྙིང་སྣ།  ཁྲག་སྣ།  རྐང་རུས།  ཚིལ་ཞུན་སོགས་སྣོད་སོ་སོར་བཀང་བ།  ཀུན་གྱི་ཕྱི་རོལ་ཟུར་བཞིར་མར་མེ་བཞི།  ལོགས་བཞིར་དང་ཕྱོགས་མདོག་གི་བ་དན་བཞི།  ལྕགས་རིའི་སྟེང་ཁྲམ་ཤིང་།  འཇའ་རིས།  ནམ་མཁའ།  རྒྱང་བུ།  ཕོ་ཏང་།  མོ་ཏང་།  ཤིང་རིས།  མདའ་ཁྲ།  འཕང་ཁྲ་སོགས་ཚར་དུ་དངར་བ་བཙུགས་ལ།  མཐའ་མདོས་འཁྱུད་ཚོན་སྐུད་སྣ་ལྔས་དཀྲི།  གཏོར་ཆེན་གྱི་མདུན་གཡས་སུ་ཅོག་སྟེགས་དཀར་པོའི་སྟེང་དུ་ཆངས་བུ་དཀར་པོ་དང་།  རིལ་བུ་དཀར་པོ་བརྒྱ་རྩ་བརྒྱད་རེ།  གྲོ་ནས་འབྲས་ཏིལ་དཀར་ཡུངས་དཀར་སོགས་འབྲུ་དཀར་ཅི་འཛོམ།  མར་ཐུད་ཕྱུར་བ།  དར་ཟབ།  རིན་ཆེན་ཕྱེ་མ།  ཤིང་ཏོག་རྣམས་བཞག    །  མངར་གསུམ་དང་སྦྱར་བའི་འོ་ཆབ་གཙང་མ་ཟངས་དཀར་རམ་རག་རྡིག་ལྟ་བུར་བླུགས་པའང་དེའི་ཉེ་ལོགས་སུ་བཀོད།  མདུན་གཡོན་ངོས་སྟེགས་ནག་པོའི་སྟེང་དུ་ཆངས་བུ་ནག་པོ།  གཏོར་ཆུང་ནག་པོ་ཟུར་གསུམ།  ལིང་ཆུང་ནག་པོ་སྤར་བཏབ་པ་བརྒྱ་རྩ་བརྒྱད་རྣམས་བྲུབ་ཁུང་དུ་བཞག  །ཡུངས་ནག་བྲའོ་སྲན་མ་སོགས་འབྲུ་ནག  །ཚ་སྒོག་རམ་པ་ཆང་གི་གླུམ།  ཤ་ཚིལ་དུམ་བུ་རྣམས་བཞག    །  ལྕགས་ཟངས་ཀྱི་སྣོད་དུ་ཆང་དང་ཁྲག་ཆུ་བླུགས་པའང་ཉེ་ལོགས་སུ་བཀོད།  གཡས་གཡོན་གཉིས་ཁ་གནས་ཁང་ཡངས་ཤིང་སྣོད་འཛོམ་ན་གཏོར་མ་འབྲུ་སྣ་སོགས་སྣོད་སོ་སོའི་ནང་དུ་བཀོད།  འབྲུ་དང་ཤ་སོགས་བརྒྱ་རྩ་བརྒྱད་རེ་ {{TibChung|[6b]}} འདེང་ངེས་བྱ།  གླུད་བསྔོའི་སྐབས་གྲངས་གསོག་རྒྱུའི་གླུད་ཕྲན་དང་ཆང་བུའང་བརྒྱ་རྩ།  ཞི་དྲག་གཉིས་དང་གླུད་བསྔོ་བཅས་པར་ཚར་རེ་རེ་བཞིན་ནས་ཆན་ནམ་འབྲས་ཆན་རེ་ཡང་བླུག་སྲོལ་ཡོད་པ་བཙོས་ལ་ཟུར་དུ་བཞག  །མདུན་ངོས་སུ་བསྔོ་སྐབས་བསྒྲིག་གཞི་ཅོག་སྟེགས་བཤམ་སྣོད་ཐེབ་ཙེ་དྲུག་བདུན་ལས་མི་ཉུང་བ།  འོ་ཆབ་སོགས་སྦྲེང་སྤྱད་ཆུ་བུམ་མམ་གཏོར་འགུ།  སྔོ་ཚར་དུས་བླུགས་སྣོད་གཡས་ཕྱོགས་སུ་ཟངས་དང་གཡོན་ཕྱོགས་སུ་ལྕགས་ལྟ་བུའི་སྣོད་གང་འཛོམ་ཆེ་བ་གཉིས་དང་།  མདུན་ངོས་སུ་གླུས་གསོག་སྣོད་ཀྱང་སོ་སོར་བཞག  །ཡང་ཁང་ཁྱིམ་དོགས་ཤིང་འབྱོར་པས་མི་ལྕོགས་ན་བཤམ་བསྔོ་གཉིས་ཀ་སྣོད་ཉུང་དུར་ཕྱོགས་བསྡུས་བྱས་ཀྱང་མི་འགལ།  བསྔོ་རྫས་གཤོམ་བསྡུ་མཁན་དང་ཆུ་སོགས་སྦྲེང་མཁན་མཆོད་གཡོག་གཉིས་དགོས་པས་ལག་པ་བཀྲུ་ཞིང་ཁ་སྣ་རས་ཀྱིས་དཀྲི་བ་སོགས་གཙང་སྦྲ་གལ་ཆེ།  གཞན་ཡང་དཀར་གཏོར་གསེར་སྐྱེམས་སོགས་ཀྱིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ།  དམིགས་བསལ་ཅན་ལ་གོང་དུ་སྨོས་པ་ལྟར་ཚེ་དཀྱིལ་ལ་དམིགས་ཏེ་ཚེ་ཆོག་བཟླས་པ་ཚེ་འགུག་རྒྱས་བཏབ་ཀྱི་བར་བཏང་།  རྩ་བའི་དངོས་བསྟན་བདག་བསྐྱེད་གུ་དྲག་རྟ་མགྲིན་ཕུར་པ་གང་རུང་དང་།  ཁྱད་པར་གཤིན་རྗེ་གཤེད་ཉིད་དམིགས་བསལ་དུ་བསྔགས།  གང་ལྟར་སྔོན་གཏོར་ནས་བརྩམས་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་ལ་འབད།  བཀའ་སྐྱོང་སྲུང་མའི་ཚོགས་ལའང་གཏོར་འབུལ་ཕྲིན་བཅོལ།  ཚོགས་མཆོད་སྐོང་བཤགས་སོགས་ནས་ལྷག་མ་ {{TibChung|[7a]}} བཏང་བའི་བར་གྲུབ་པར་བྱའོ།  །གཉིས་པ་མདོས་གཞུང་དངོས་ལ་ལྔ།  བྱིན་རླབས།  བསྐྱེད་ཆོག  །སྤྱན་དྲང་།  སྲུང་འཁོར།  མཆོད་ཅིང་བསྔོ་བའོ།  །དང་པོ་ཡོ་བྱད་སྤྱིར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི།  རྫས་རྣམས་ཆུ་གཙང་གིས་བྲན།  བསང་སྤོས་ཀྱིས་བདུག  །བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལ་རྣམ་པ་ལས་བྱེད་ཀྱི་ལྷ་སོ་སོའི་ང་རྒྱལ་འཕོས་ལ།}}      བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ།  །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས།  །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི།  །དྲི་མ་སྦྱངས་ནས་སྟོང་པར་གྱུར།  {{TibChung|ཐལ་མོ་ཁོང་སྟོང་དུ་སྦྱར་ལ།}}    ཨོཾ་སྭབྷཱ་ཝ་ཤུངྔྷ་སརྦ་དྷརྨ་སྭ་བྷཱ་ཝ་བིཤུདྡྷོཉཧཾ།  {{TibChung|ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འདྲེ།}}      ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས།  །ཏིང་འཛིན་ལྡན་པས་གཏོར་རྫས་ཀྱི།  འབག་བཙོག་ཉམས་གྲིབ་ཉེས་སྐྱོན་དང་།  །མཚན་འཛིན་དྲི་མ་དག་གྱུར་ཅིག  །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད།  །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས།  །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད།  །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར།  །{{TibChung|ཐལ་མོ་སྦུབ་སྟེ་སྦྱར་བའི་ཚིག་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་།}}      ན་མཿསརྦ་ {{TibChung|[7b]}} ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་སྭ་ཧཱ།  ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་གཏོར་རྫས་རྣམས།  །བསྐལ་པའི་བར་དུ་ཟད་མི་ཤེས།  །རྒྱ་ཆེན་ནམ་མཁའ་གང་གྱུར་ཅིག  །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ།  །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས།  །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི།  །བདུད་རྩི་ཆེན་པོའི་རང་བཞིན་གྱུར།  {{TibChung|མཐེ་བོང་བསྣོལ།  སོར་མོ་གཞན་རྣམས་གཤོག་པ་ལྟར་གདེང་པ་ཁའི་ཐད་དུ་བཞག་ལ།}}      ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ།  བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས།  །ཏིང་འཛིན་ལྡན་པས་གཏོར་རྫས་རྣམས།  །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས།  །འཆི་སོས་དུག་ལྔའི་སྨན་གྱུར་ཅིག    །  བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་།  །ཕྱག་རྒྱའི་ཡི་གེ་ཏྲཾ་སེར་ལས།  །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ།  །སོ་སོའི་མོས་པ་ཇི་བཞིན་གྱུར།  །{{TibChung|ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག  །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ།}}      ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝཱ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ།  རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་གཏོར་ {{TibChung|[8a]}} རྫས་རྣམས།  །དབང་པོའི་སྤྱོད་ཡུལ་ཚིམས་བྱེད་པའི།  །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤོག  །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ།  །ཕྱག་རྒྱའི་ཡིགེ་ཧཱ་ལྗང་ལས།  །འོད་འཕྲོས་མཆོག་དམན་སྐལ་བ་བཞིན།  །འཐབ་རྩོད་མེད་པར་ཐོབ་པར་གྱུར།  །{{TibChung|ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས།  གཡོན་པ་གོ་ལྡོག་པའང་སྣང་།  མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ།}}      ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུཾ།  ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན།  ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ།  །དགྱེས་ཤིང་རེ་བ་གང་གྱུར་ཅིག  །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན།  །ཕྱག་རྒྱའི་ཡི་གེ་ཛཿདམར་ལས།  །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས།  ཕྲིན་ལས་གང་འདོད་སྒྲུབ་པར་གྱུར།  །{{TibChung|ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་པ་སྤྱི་བོར་བསྐོར་ལ།}}    ན་མ་ས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷྱ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ།  དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས།  །ཏིང་འཛིན་བདེན་པས་མགྲོན་རིགས་ {{TibChung|[8b]}} ཀུན།  །བདག་གིས་དབང་འདུས་གང་བཅོལ་ལས།  །སྒྲུབ་པའི་སྡོང་གྲོགས་མཛད་གྱུར་ཅིག    །  {{TibChung|མཐར།}}    བདག་གི་བསམ་པའི་སྟོབས་དག་དང་།  །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།  །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།  །ལན་ཆགས་མགྲོན་རྣམས་བརྔན་པ་དང་།  །སེམས་ཅན་ཀུན་ལ་ཕན་གདགས་སླད།  །དོན་རྣམས་གང་དག་བསམ་པ་ཀུན།  དེ་དག་ཐམས་ཅད་ཅི་རིགས་པར།  །འཇིག་རྟེན་ཁམས་ནི་མ་ལུས་པར།  །ཐོགས་པ་མེད་པར་འབྱུང་གྱུར་ཅིག  །{{TibChung|ཅེས་དང་།  ཁྱད་པར་མདོས་གླུད་ཡོངས་རྫོགས་བྱིན་གྱིས་བརླབ་པ་ནི།}}    སྭ་བྷཱ་ཝ་{{TibChung|ས་སྟོང་པར་སྦྱང་།}}      སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔  རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་གསུམ་དང་ལྡན་པ༔  ཤར་དཀར་པོ་ཤེལ་ལས་གྲུབ་པ༔  ལྷོ་སེར་པོ་གསེར་ལས་གྲུབ་པ༔  ནུབ་དམར་པོ་པདྨ་རཱ་ག་ལས་གྲུབ་པ༔  བྱང་ལྗང་གུ་ཨིནྡྲ་ནཱི་ལ་ལས་གྲུབ་པ་རྣམས་ཀྱི་ཉེ་འདབས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་རྫ་ལྟར་ཉིལ་བ༔  རྩེ་མོ་མཐོ་བ་དགུང་ལ་སྙེགས་པ༔  རྩ་བ་བརྟན་པ་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་གྱུར༔  རི་རབ་ལས་འོད་ཕུང་དཀར་སེར་ {{TibChung|[9a]}} དམར་ལྗང་སྤྲིན་གྱི་ཕུང་པོ་ལྟར་གཏིབས་པ་ལས༔  མཐུན་པའི་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཁ་ཆར་ལྟར་འབེབས་པ༔  རི་རབ་ཀྱི་རྩེ་མོ་བཻཌཱུརྻའི་ས་གཞིའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་པ་ལས་མགྲོན་སོ་སོའི་སེམས་ལ་གང་བསམ་པ་ཐམས་ཅད་འབྱུང་ཞིང་འབབ་པ༔  ལྗོན་ཤིང་གི་ཤར་ཕྱོགས་སུ་ཁ་དོག་སྣ་ཚོགས་པས་མཛེས་ཤིང་སྣང་སྲིད་ལྷ་འདྲེས་སྣང་བ་བསྒྱུར་ནུས་པའི་ནམ་མཁའ་ཟུར་བརྒྱད་པ་འོད་དང་འོད་ཟེར་འབར་བ༔  ལྷོ་ཕྱོགས་སུ་རྣམ་པར་རྒྱལ་པའི་ཁང་བཟང་ལྟ་བུའི་ཕོ་བྲང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ་བ་གམ་དང་ནོར་བུའི་ཏོག་གིས་མཛེས་པ་ལས་དེ་འདྲ་བ་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་འཕྲོས་པས་སྣང་སྲིད་ལྷ་འདྲེའི་གནས་ཡུལ་རང་རང་གི་ཡིད་དང་མཐུན་པའི་གནས་ཁང་འབྱུང་ནུས་པ༔  ནུབ་ཕྱོགས་སུ་དར་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་རྒྱལ་མཚན་དར་འཕན་གནམ་ཡོལ་ལ་སོགས་པའི་དར་ལྷབ་ལྷུབ་སྣ་ཚོགས་ཀྱིས་གང་བ༔  བྱང་དུ་སྲབ་འཇམ་མཛེས་ཤིང་ཡངས་པའི་ཁ་དོག་སྣ་ཚོགས་པའི་གོས་དང་༔  རབ་ཏུ་ {{TibChung|[9b]}} བཙན་པའི་སྲ་མཁྲེགས་ཀྱི་གོ་ཁྲབ༔  རྣོ་དབལ་གསོད་གཅོད་ཀྱི་ནུས་པ་དང་ལྡན་པའི་མཚོན་ཆའི་རིགས་བྱེད་རྣམ་པ་སྣ་ཚོགས་དང་༔  དེ་དག་གི་ཕྱི་རིམ་ཁོར་ཡུག་ཏུ་ཁྱུང་ཆེན་རྨ་བྱ་ལ་སོགས་པའི་བྱ་རིགས་སྣ་ཚོགས༔  དེའི་ཕྱི་རོལ་ནས་གཡས་སྐོར་དུ་མི་ཕོ་སྐྱེས་བུའི་ཚོགས་ལྷའི་བུ་ལྟ་བུ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པས་ཡོངས་སུ་གང་བ༔  གཡོན་སྐོར་དུ་ལྷའི་བུ་མོ་ལྟ་བུའི་གཟུགས་བྱད་མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་གོས་རྒྱན་སྣ་ཚོགས་པས་ཡོངས་སུ་སྤྲས་པའི་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པས་གང་བ༔  བང་རིམ་གཉིས་པ་ལ་རི་དྭགས་རྣམ་པ་སྣ་ཚོགས༔  གཡུང་དྭགས་རྣམ་པ་སྣ་ཚོགས༔  ཆུ་གནས་རྣམ་པ་སྣ་ཚོགས༔  འདབ་ཆགས་དང་༔  སྡེར་ཆགས་དང་༔  རྨིག་ཆགས་དང་༔  གཅན་གཟན་ལ་སོགས་པའི་གཟུགས་འགྲོས་རྣམ་པ་སྣ་ཚོགས་ཆེ་ཕྲ་ཆུང་གསུམ་གྱི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་གང་བ༔  བང་རིམ་མཐའ་མ་ལ་ཁྲམ་ཤིང་དང་རྒྱང་བུ་འཇའ་རིས་ཅན་ཁ་དོག་སྣ་ཚོགས་པ་དང་༔  ཕོ་ཏང་མང་པོ་ལས་ཕོ་རིགས་དང་༔  མོ་ཏང་མང་པོ་ལས་མོ་རིགས་དཔག་ཏུ་མེད་པ་རྒྱུན་མི་ཆད་ {{TibChung|[10a]}} པར་འཕྲོ་བ༔  གཡས་ཀྱི་མདའ་བཀྲ་ལས་མཚོན་ཆའི་རིགས་སྣ་ཚོགས་སོགས་ཕོའི་ཉེར་སྤྱོད་དང་༔  གཡོན་གྱི་འཕང་བཀྲ་ལས་མོའི་ཉེར་སྤྱོད་སྣ་ཚོགས་རྒྱུན་མི་ཆད་པར་འཕྲོ་ཞིང་འབྱུང་བ༔  བང་རིམ་གསུམ་གྱི་ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་རིན་པོ་ཆེའི་རིགས་བྱེད་རྣམ་པ་སྣ་ཚོགས༔  བཟའ་བ་ཤ་ཡི་རི་བོ༔  བཏུང་བ་ཁྲག་གི་རྒྱ་མཚོ༔  བཅའ་བ་རུས་པའི་གྲམ་ཁྲོད༔  ལྡག་པ་ཚིལ་དང་ཞུན་ཆེན༔  གཞིབ་པ་རྐང་དང་ལྷ་བ༔  འོ་མ་དང་ཞོ་ཡི་རྒྱ་མཚོ༔  མར་དང་ཐུད་ཀྱི་རི་བོ༔  ཀ་ར་དང་བུ་རམ་སྦྲང་རྩིའི་བྲག་རི༔  འབྲུ་སྣ་རྣམ་པ་སྣ་ཚོགས༔  ཤིང་ཏོག་རྣམ་པ་སྣ་ཚོགས༔  རང་རང་གི་ཡིད་སྤྱོད་དང་མཐུན་པའི་འདོད་རྒུ་སོགས་ཐམས་ཅད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ༔  རི་རབ་ཀྱི་སྟེང་གི་དཔག་བསམ་ལྗོན་ཤིང་གི་རྩ་བར་སྦྱིན་བདག་ཕོ་རྣམས་ཀྱི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེས་བུ་གཟུགས་བྱད་མཛེས་ཤིང་སྨྲ་མཁས་དྭགས་དག༔  འགྲོ་མཁའ་ལྡེམ་ལྡེམ༔  བཀྲག་མདངས་དང་གཟི་བརྗིད་འབར་བ༔  དཔལ་རྩལ་སྟོབས་ཤུགས་དང་ལྡན་ {{TibChung|[10b]}} པ༔  གཡོན་དུ་སྦྱིན་བདག་མོའི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུ་མོ་མཛེས་ཤིང་རྒྱན་གྱིས་བརྒྱན་པ་གཞོན་ཞིང་དར་ལ་བབས་པ༔  མཐོང་བ་ཙམ་གྱིས་ཡིད་འཕྲོག་པ༔  དྲན་པ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པ༔  མདོས་གླུད་དེ་དག་རེ་རེ་ལས་ཀྱང་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འཕྲོ་ཞིང་ཡོངས་སུ་གང་བར་གྱུར༔  {{TibChung|མཚན་བཞི་བརྗོད་ཅིང་}} སམྦྷ་ར་{{TibChung|བདུན་དང་ནམ་མཁའ་མཛོད་ལན་བདུན།}}    ཨ་ཀཱ་རོ་{{TibChung|ལན་གསུམ།}}    དཀོན་མཆོག་གསུམ་གྱི་བདེན་པ་དང་༔  ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔  བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔  དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཆོས་ཅན་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་དེ་བཞིན་དུ་ཡོངས་སུ་རྫོགས་ཤིང་གྲུབ་པར་གྱུར་ཅིག༔  {{TibChung|རྟེན་འབྲེལ་སྙིང་པོ་ལན་བདུན་བརྗོད་པས་བྱིན་བརླབ་བོ།  །གཉིས་པ་མདོས་མགྲོན་བསྐྱེད་པ་ནི།}}    སྭབྷཱ་ཝ{{TibChung|ས་སྦྱང་།}}    བདག་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་དྲག་པོ་གནམ་ལྕགས་ལས་གྲུབ་པའི་ས་གཞི་གྲུ་གསུམ་པ་རྒྱ་ཁྱོན་རབ་ཏུ་ཡངས་པའི་དབུས་སུ་བདུད་པོ་མ་ཏྲཾ་རུ་དྲ་ {{TibChung|[11a]}} གན་རྐྱལ་དུ་གནས་པའི་ལྟོ་བར་སྲིད་པའི་མ་ཧེ་སྔོ་ནག་གནམ་ལྕགས་ཀྱི་རྭ་རྩེ་ལས་མེ་འབར་བ་མིག་བསྒྲད་ཅིང་ཁ་གདངས་པ་ང་རྒྱལ་གྱིས་འགྱིང་སྟབས་སུ་ཡོད་པའི་སྒལ་སྟེང་དུ་ཡཿལས་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་ནག་པོ་རབ་ཏུ་ཁྲོ་ཞིང་གཏུམ་པ་ཞབས་གཉིས་འདོར་སྟབས་སུ་བགྲད་པ༔  ཕྱག་གཉིས་དགྲ་སྟྭ་དང་ཁྲམ་ཤིང་བསྣམས་ནས་སྐྱེ་འགྲོའི་སྲོག་དབུགས་སྡུད་པ༔  གོས་སུ་སྟག་གཟིག་དོམ་དྲེད་ཀྱི་པགས་རློན་ཀླུབ་ཅིང་སྦྲུལ་རིགས་ལྔའི་ཆུན་པོས་སྐུ་རེགས་བཅིང་བ༔  དབུ་སྐྲ་དམར་ནག་སྲིད་པའི་རྩེ་རུ་འབར་བ༔  སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གློག་འཁྱུག་པ་བསྐལ་པའི་མེ་རླུང་རབ་ཏུ་འཁྲུགས་པའི་ཀློང་དུ་བཞུགས་པའོ༔  དེའི་ཕྱོགས་མཚམས་ཀྱི་ཤར་དུ་ཨ་ཝ་གླང་མགོ་ལྕགས་ཀྱུ་དང་དགྲ་སྟྭ་ཐོགས་པ༔  ལྷོ་རུ་དར་མ་སྤྲེལ་མགོ་ལྕགས་ཐག་དང་རལ་གྲི་ཐོགས་པ༔  ནུབ་ཏུ་ཟིལ་གནོན་སེང་མགོ་ལྕགས་སྒྲོག་དང་ཐོ་བ་ཐོགས་པ༔  བྱང་དུ་ཟ་བྱེད་སྤྱང་གདོང་འཁོར་ལོ་དང་སོག་ལེ་ཐོགས་པ༔  ཤར་ལྷོར་དཔའ་གཏུམ་སྟག་མགོ་སྐམ་པ་དང་ཞགས་པ་ཐོགས་པ༔  ལྷོ་ནུབ་ཏུ་ཧ་ལ་དྲེད་མགོ་མེ་ལོང་དང་ {{TibChung|[11b]}} ཁྲམ་ཤིང་ཐོགས་པ༔  ནུབ་བྱང་དུ་མནར་བྱེད་གཟིག་མགོ་མེ་ཞགས་དང་ཁྲོ་ཆུ་ཁོལ་མ་ཐོགས་པ༔  བྱང་ཤར་དུ་གནོད་བྱེད་དོམ་མགོ་རལ་གྲི་འཕྱར་ཞིང་རྒྱུ་མ་ཟ་བའོ།  །དེ་དག་ཐམས་ཅད་ཀྱང་གཅེར་བུ་མི་ལྤགས་ཀྱི་སྟོད་གཡོགས་གྱོན་ནས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པའོ།  །དེ་དག་གི་གཡས་ཕྱོགས་སུ་ཞེ་སྡང་འབར་བའི་རང་གཟུགས་རཱ་ཛ་སྤྲུལ་གྱི་མགོ་ཅན་གཡས་སྦྲུལ་ཞགས་དང་གཡོན་པས་མདུང་ཐུང་ཐོགས་པ༔  འཁོར་དུ་རྒྱལ་པོ་བསྭེ་ཐེབས་ཅན་ཆོས་གོས་དང་མཁར་གསིལ་ཐོགས་པ་སྡེ་བཞིས་བསྐོར་བ༔  མདུན་ཕྱོགས་སུ་གཏི་མུག་འཐིབ་པའི་རང་གཟུགས་ཀླུ་བདུད་ཕག་གི་མགོ་ཅན་གཡས་ན་དུག་སྦྲུལ་བརྒྱད་བཅང་ཞིང་གཡོན་པས་དུག་གི་མེ་ཏོག་ཐོགས་པ༔  འཁོར་དུ་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་བསྐོར་བ༔  གཡོན་ཕྱོགས་སུ་འདོད་ཆགས་འཁྲུགས་པའི་རང་གཟུགས་བསེན་མོ་བྱའི་གདོང་ཅན་གཡས་པས་ཁྲག་ཀོང་དང་གཡོན་ནད་རྐྱལ་ཐོགས་པ༔  འཁོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཅན་བཞིས་བསྐོར་བ༔  དེ་དག་ཐམས་ཅད་ཀྱང་དད་ཅིང་འདུན་པ་མོས་ཤིང་གུས་པས་ {{TibChung|[12a]}} ཅི་བསྒོ་བའི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་འཁོད་པར་གྱུར༔  རང་རང་གི་སྲོག་ཡིག་ལས་འོད་འཕྲོས་པས་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་པར་གྱུར༔  {{TibChung|གསུམ་པ་སྤྱན་དྲངས་པ་ནི།}}    ཧཱུྃ་ཛཿ    ལྷོ་ཕྱོགས་འཇིགས་རུང་གཤིན་རྗེའི་ཡུལ༔  མི་སྲུན་རྔམས་པའི་གྲོང་ཁྱེར་དུ༔  ལྕགས་མཁར་དགུ་རིམ་གཏམས་པའི་ནང་༔  ཉོན་མོངས་ལས་ལས་གྲུབ་པ་ཡི༔  འཆི་བདག་གཤིན་རྗེའི་རྒྱལ་པོ་ནི༔  ཡ་མ་རཱ་ཙ་ནག་པོ་དང་༔  སྤྲུལ་པའི་ལས་མཁན་ཤན་པ་འབུམ༔  ཡང་སྤྲུལ་དྲེགས་པའི་ཚོགས་དང་བཅས༔  དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔  མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔  རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔  མགྲོན་གྱི་གྲལ་དུ་བག་ཕེབས་མཛོད༔  ཛཿ    མུན་པ་ནག་པོའི་གཏིང་རུམ་ནས༔  གཏི་མུག་ལས་ལས་གྲུབ་པ་ཡི༔  མི་སྲུན་གཏུམ་པོ་ཀླུ་ཡི་རྒྱལ༔  ནག་པོ་ཕག་གི་གདོང་པ་ཅན༔  སྤྲུལ་པ་ཀླུ་གདོན་ཡོངས་ཀྱིས་བསྐོར༔  ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔  དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔    {{TibChung|[12b]}} མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔  རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔  མགྲོན་གྱི་གྲལ་དུ་བག་ཕེབས་མཛོད༔  ཛཿ  བསྐལ་པའི་མེ་དཔུང་འབར་ཀློང་དུ༔  ཞེ་སྡང་ལས་ལས་སྐྱེས་པ་ཡི༔  དྲགས་རྔམས་ཕོ་གདོན་ཡོངས་ཀྱི་གཙོ༔  རྒྱལ་པོ་ཆེན་པོ་སྤྲུལ་གྱི་གདོང་༔  སྤྲུལ་པ་རྒྱལ་འགོང་སྡེ་བརྒྱད་དང་༔  ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔  དམ་ཚིག་གཉན་གྱིས༴  མ་ཐོགས་མྱུར་དུ༴  རྟེན་འབྲེལ་རང་གཟུགས༴  མགྲོན་གྱི་གྲལ་དུ༴  ཛཿ    རཀྟའི་རྒྱ་མཚོ་ཆེན་པོའི་ཀློང་༔  འདོད་ཆགས་ལས་ལས་གྲུབ་པ་ཡི༔  ཆགས་སྡང་མོ་འདྲེའི་ཉུལ་ལེའི་ག ཧོཿ  བསེན་མོ་ནག་མོ་བྱ་ཡི་གདོང་༔  སྤྲུལ་པ་མོ་གདོན་ཡོངས་ཀྱིས་བསྐོར༔  ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔  དམ་ཚིག་གཉན་གྱིས༴  མ་ཐོགས་མྱུར་དུ༴  རྟེན་འབྲེལ་རང་གཟུགས༴  མགྲོན་གྱི་གྲལ་དུ༴  ཛཿ    འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔  དུག་གསུམ་སྲིད་པའི་ལྷ་འདྲེ་རྣམས༔  སྔོན་ཚེ་སྤྱི་དཔལ་ཆེན་པོའི་བཀའ༔  བར་དུ་ཕྱག་ན་རྡོ་རྗེའི་དམ༔  མཐའ་མ་རིག་འཛིན་བརྒྱུད་པའི་ {{TibChung|[13a]}} ཚིག༔  དཔང་དུ་བཞག་ནས་འབོད་པ་དང་༔  བཀའ་བསྒོ་ཕྲིན་བཅོལ་ལས་གཉེར་གྱིས༔  མ་འདས་མ་གཡེལ་མ་འགྱང་བར༔  བདག་གི་བསམ་པའི་དོན་སྒྲུབ་མཛོད༔  མ་ཏྲི་བཛྲ་ས་མ་ཡ་ཛཿཛཿ    {{TibChung|སླར་ཡང་བདེན་བརྗོད་ཀྱིས་བཀུག་པ་ནི།}}    ན་མོ༔  བླ་ན་མེད་པའི་དཀོན་མཆོག་གསུམ༔  བླ་མ་ཡི་དམ་མཁའ་འགྲོ་དང་༔  སྐུ་གསུམ་རྒྱལ་བའི་བདེན་པ་དང་༔  བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔  རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི༔  ལུས་ངག་ཡིད་དང་ཚེ་བསོད་དཔལ༔  ཡོངས་ལ་གནོད་པའི་འདྲེ་གདོན་བགེགས༔  མ་ལུས་མྱུར་དུ་འདིར་ཁུག་ཅིག༔  རྟེན་འབྲེལ་གཟུགས་འདིར་མཆིས་གྱུར་ཅིག༔  {{TibChung|ཅེས་གྲངས་བརྒྱའམ་ཉེར་གཅིག་ཙམ་བརྗོད།  དེ་ནས་གྲལ་བྱེད་པ་ནི༔  }}      ཀྱཻ༔  འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད༔  ལས་མཁན་དྲེགས་པའི་སྡེ་འཁོར་བཅས༔  མགྲོན་གྱི་གཙོ་རུ་བཞུགས་པར་ཞུ༔  འཁོར་འབངས་ཟིལ་གྱིས་གནོན་པར་གྱིས༔  ང་ཡི་བཀའ་ཉན་གསུང་སྡོད་མཛོད༔  ཞེ་སྡང་ཕོ་གདོན་རྒྱལ་པོ་ཁྱོད༔  འཁོར་གཡོག་འབངས་དང་བཅས་པ་ཀུན༔  གཤིན་རྗེའི་ {{TibChung|[13b]}} གཡས་ཀྱི་གྲལ་དུ་ཕེབས༔  འཁོར་འབངས་ཟིལ་གྱིས་གནོན་མཛོད་ལ༔  ང་ཡི་བཀའ་ཉན༴  འདོད་ཆགས་མོ་གདོན་རྒྱལ་མོ་ཁྱོད༔  འཁོར་གཡོག་འབངས་དང་༴  གཤིན་རྗེའི་གཡོན་གྱི༴  འཁོར་འབངས་ཟིལ་གྱིས༴  ང་ཡི་བཀའ་ཉན༴  གཏི་མུག་ཀླུ་གདོན་རྒྱལ་པོ་ཁྱོད༔  འཁོར་གཡོག་འབངས་དང་༴  གཤིན་རྗེའི་མདུན་གྱི༴  འཁོར་འབངས་ཟིལ་གྱིས༴  ང་ཡི་བཀའ་ཉན་གསུང་སྡོད་མཛོད༔  ཏྲི་ས་མ་ཡ་སྟྲཾ༔  {{TibChung|དཔང་པོ་ཞུ་བ་ནི།}}      ཧོཿ    བླ་ན་མེད་པའི་དཀོན་མཆོག་གསུམ༔  ང་ཡི་དཔང་དུ་དགོངས་བཞུགས་གསོལ༔  བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔  ང་ཡི་དཔང་དུ༴  ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔  མ་ལུས་དཔང་ལ༴  དེ་རིང་སྦྱིན་པའི་བདག་པོ་ཉིད༔  འཆི་བའི་གེགས་ལས་བསླུ་བའི་ཕྱིར༔  འཆི་བདག་གཤིན་རྗེ་ལ་སོགས་པའི༔  ལྷ་འདྲེ་རྣམས་ལ་མདོས་དང་གླུད༔  འཇལ་ནས་བཀའ་བསྒོས་ཚོགས་རྣམས་ཀྱི༔  དཔང་དུ་རྒྱལ་བ་སྲས་བཅས་བཞུགས༔  བསྒོས་བཞིན་བསྒྲུབས་ཏེ་བཀའ་ཉན་ན༔  སྡུག་བསྔལ་འཇིགས་ལས་བསྐྱབ་མཛོད་ཅིག༔  གལ་ཏེ་བཀའ་བཅག་དམ་ {{TibChung|[14a]}} ཉམས་ན༔  བཀའ་ཡི་ཆད་པས་རྡུལ་དུ་རློག༔  ཡུན་དུ་ལྡང་མེད་གཟེར་གྱིས་ཐོས༔  ན་མོ་བུདྡྷ་དྷརྨ་སཾ་གྷ་ཡ༔  གུ་རུ་ངྷེ་ཝ་ཌཱ་ཀི་ནི༔  ན་མོ་དྷརྨ་ཀཱ་ཡ༔  སམྦྷོ་ཀཱ་ཡ༔  ནིརྨ་ཀཱ་ཡ༔  བཛྲ་ས་མ་ཡ་ཛཿཛཿ      ན་མོ་ན་མ་ཧོཿ      {{TibChung|བཞི་པ་སྲུང་བའི་གུར་ཁང་ནི།}}      བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་ཧཱུཾ་ཡིག་བཅུ་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས་སྟེང་དུ་ཧཱུཾ་ཀཱ་ར།  འོག་ཏུ་སྟོབས་པོ་ཆེ།  ཤར་དུ་རྣམ་པར་རྒྱལ་བ།  ལྷོར་གཤིན་རྗེ་གཤེད།  ནུབ་ཏུ་རྟ་མགྲིན།  བྱང་དུ་བདུད་རྩི་འཁྱིལ་བ།  ཤར་ལྷོར་དབྱུག་སྔོན།  ལྷོ་ནུབ་ཏུ་མི་གཡོ་མགོན་པོ།  ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ།  བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་ཏེ་ཀུན་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ།  དམ་ཡེ་གཉིས་སུ་མེད་པའི་ཁྲོ་བོ་ཆེན་པོའི་གུར་ཁང་ཞལ་ནང་དུ་ཕྱོགས་པའོ།  །དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ནམ་མཁའི་མཐར་ཁྱབ་པར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ།  དེ་དག་གི་བྱིན་རླབས་དང་འཁོར་འདས་བརྟན་ {{TibChung|[14b]}} གཡོའི་ནུས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་གཟི་བྱིན་ནུས་སྟོབས་རབ་ཏུ་འབར་ཞིང་།  རང་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པ་རྣམས་དང་བཅས་པའི་སྐུ་ལས་སྐྱེས་པའི་མི་དང་ཕྱག་ན་མཚོན་ཆ་སྣ་ཚོགས་དང་།  ཞལ་ནས་སྔགས་སྒྲ་དྲག་པོར་སྒྲོགས་པས་བར་མཚམས་མེད་པར་གཏམས་པས་འཆི་བདག་འཁོར་བཅས་འབྲོས་པའི་ལམ་མེད་པར་འདར་ཕྲི་ལི་ལི་བདག་གིས་ཅི་བསྒོའི་བཀའ་ཉན་པར་གྱུར།  ན་མཿས་མ་ནྟ་བུདྡྷ་ནཱཾ༔  ན་མཿས་མནྟ་ངྷརྨཱ་ནཱཾ༔  ན་མཿས་མནྟ་སངྒ་ནཱཾ༔  ཨོཾ་སི་ཏཱ་ཏཱ་པ་ཏྲེ༔  ཨོཾ་བྷི་མ་ལེ༔  ཨོཾ་ཤངྐ་ར༔  ཨོཾ་པྲ་ཏྱཾ་གི་ར༔  ཨོཾ་བཛྲ་ཨུཥྞཱི་ཥ༔  ཙཀྲ་ཝརྟྟི༔  སརྦ་ཡནྟྲ་མནྟྲ༔  མཱུ་ལ་ཀརྨ༔  བྷནྡྷ་ནཱཾ༔  ཏཱ་ཌ་ནཱཾ༔  ཀཱི་ལ་ནཱཾ་ཝ༔  མ་མ་ཀྲྀ་ཏ་ཡེ་ན་ག་ན་ཙིཏྟ་ཀྲི་ཏནྟད༔  སརྦ་ནྟུ༔  ཚིནྔྷ་ཚིནྔྷ༔  བྷིནྔྷ་བྷིནྔྷ༔  ཙི་རི་ཙི་རི༔  གི་རི་གི་རི༔  མཱ་ར་མཱ་ར༔  ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔  ཕཊ་ཕཊ་ཕཊ༔  {{TibChung|ཅེས་བདུན་ནམ་ཉེར་གཅིག་བཟླ།  སྲུང་འཁོར་ཤིན་ཏུ་དམ་པ་གནད་ཆེ་བར་གསུངས།  ལྔ་པ་མཆོད་ཅིང་བསྔོ་བ་ལ་གསུམ།  དཀར་མཆོད།  དམར་གཆོད།  གླུད་བསྔོ་བའོ།  །དང་པོ་ལའང་གསུམ་ལས་ཐོག་མར་བྱིན་གྱིས་བརླབ་པ་ནི།  མདུན་གྱི་ {{TibChung|[15a]}} ཅོག་སྟེགས་ཁར་ཞི་སྣོད་དུ་གཡས་ཕྱོགས་སུ་བཤམས་པའི་རིལ་བུ་ཆངས་བུ་འབྲུ་སྨན་ཟས་སྣ་སོགས་འདོན་མི་དུ་ཡོད་ཀྱི་གྲངས་དང་མཉམ་པ་སྣོད་སོ་སོར་བཤམ་ལ་ནས་ཆན་རེ་བླུག      །ཐེབ་སྟོང་པ་ཞིག་ཀྱང་བཞག   །འོ་ཆབ་བྲན་ལ།}}    ཨོཾ་སྭ་བྷཱ་ཝ་{{TibChung|སོགས་ཀྱིས་སྦྱང་།}}    སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར།  ཨོཾ་ཨཱཿཧཱུཾ༔  {{TibChung|ལན་གསུམ།  ཐེབ་སྟོང་པར་འོ་ཆབ་སྦྲེང་ལ།}}    ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་སམྦྷ་ར་ཧཱུྃ༔  {{TibChung|ཞེས་ལན་བདུན་བརྗོད།  གཉིས་པ་འབུལ་བ་ནི།}}      མཆོད་སྦྱིན་གྱི་གཏེར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེའི་རྒྱལ་པོ།  ལས་མཁན་སྡེ་བརྒྱད།  ཕོ་གདོན་རྒྱལ་པོ།  མོ་གདོན་བསེན་མོ།  ཀླུ་གདོན་ས་བདག  །ལོ་བདུད་ལོ་གཤེད་བཅུ་གཉིས།  བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ།  །གསུམ་པ་བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི།}}    ན་མོ།  དཀོན་མཆོག་གསུམ་གྱི་བདེན་པ་དང་།  གསང་སྔགས་དང་།  རིག་སྔགས་དང་།  གཟུངས་སྔགས་དང་།  སྙིང་པོ་དང་།  ཕྱག་རྒྱ་དང་།    {{TibChung|[15b]}} ཏིང་ངེ་འཛིན་གྱི་བདེན་པ་དང་།  མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་།  སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས།  དེ་རིང་ཆོས་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས།  བདག་ཅག་འཁོར་དང་བཅས་པའམ།  སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ།  དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ་དང་།  གདོན་གྱི་རིགས་སུ་གྱུར་པ་དང་།  རྨི་ལམ་ངན་པ་དང་།  མཚན་མ་ངན་པ་དང་།  ལྟས་ངན་པ་དང་།  དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ།  མཐུན་ཅིང་དགེ་བའི་རིགས་སུ་གྱུར་པ་དང་།  ཚེ་རིང་བ་དང་།  ནད་མེད་པ་དང་།  བཀྲ་ཤིས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།  ཞེས་རོལ་མོ་དང་བཅས་ཕུལ་བས་ཚར་དང་པོ་གྲུབ།  ཕྲིན་བཅོལ་གྱི་ཚེ་བཤམ་སྔ་མ་རྣམས་གཡས་ཕྱོགས་ཀྱི་ཟངས་སྣོད་སྟོང་པ་བཞག་པའི་ནང་དུ་བླུགས།  བཤམ་སྣོད་རྣམས་ཀྱང་འོ་ཆབ་ཀྱིས་བཤལ།  ཚར་རྗེས་མའི་བསྔོ་རྒྱུ་བཤམ་གྲུབ་པ་བྱ་དགོས།  དེ་ནས་བྱིན་ {{TibChung|[16a]}} རླབས་ནས་ཕྲིན་བཅོལ་བར་བསྐྱར་ཏེ་བཏང་བའི་བརྒྱ་རྩ་བརྒྱད་རྫོགས་པར་འགྲོ་དགོས་པས་འདོན་མི་མང་ན་མི་གྲངས་ལྟར་བརྩི།  གཅིག་ལས་མེད་ན་མ་ཚང་བར་བསྐྱར་དགོས་སོ།  །
{{TibChung|གཉིས་པ་དམར་མཆོད་ལ་སྦྱོར་བ་དང་།  དངོས་གཉིས་ལས།  དང་པོ་ནི།  འགྲུབ་ན་སློབ་དཔོན་སྔགས་ཆས་སྤྲད།  མ་འགྲུབ་ན་ཕོ་རོག་གདོང་ཞུ་གྱོན་ཞིང་གདོང་ལ་སོལ་བས་ཞུར་ནག་དང་།  མཁུར་ཚོས་ལ་ཁྲག་གི་ཐིག་ལེ་སོགས་དྲག་པོའི་ཆས་དང་འདྲུག་སྟངས་བཅས་ངེས་པར་ཡི་དམ་ཁྲོ་བའི་ང་རྒྱལ་བསྐྱེད།  ལྟ་དགོངས་ཏིང་འཛིན་གཡེལ་བ་མེད་པའི་ངང་ནས།  ལིངྒ་རྣམས་བྲུབ་ཁུང་དུ་བཀོད་པ་མདུན་དུ་བཞག    །  བསྒྲལ་ཆས་འདུ་བྱས་ལ།}}    ཨེ་ཡཾ་ཛྭ་ལ་རཾ།  བྲུབ་ཁང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས་གནོད་བྱེད་དགྲ་བགེགས་ཀྱི་གཟུགས་ཕུང་དབང་པོ་སྐྱེ་མཆེད་ཡོངས་སུ་རྫོགས་པར་གྱུར།  རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་རྣམ་པར་ཤེས་པ་ནྲྀ་དམར་ལྗང་དང་ཏྲི་དམར་སེར་ལ་ཕོག་པས་རང་དབང་མེད་པར་བཀུག་ནས་གཟུགས་ལ་ཐིམ་པར་གྱུར།  {{TibChung|ཅེས་དམིགས།  བྱད་ཁ་ཆེ་ན་བྱད་མ་བཀུག་ལ་བསྒྲལ་ནས་འཆི་བདག་ལ་བསྟབ་པས་ལས་མྱུར།  གདིང་ལྡན་གྱི་རྣལ་འབྱོར་པས་རང་དོན་བྱེད་ན་འཆི་བདག་གཤིན་རྗེ་འཁོར་བཅས་དང་།  ཚེ་སྲོག་ལ་ {{TibChung|[16b]}} བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བཀུག་ཅིང་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་སླར་ཁོ་རང་རྣམས་ལ་བྱིན་པས་རང་དབང་མེད་པར་ཟོས་ཏེ་ཚིམ་པར་དམིགས་ཞེས་གསུངས་ཀྱང་སུ་ཐོད་ཐོད་ཀྱི་བྱར་མི་རུང་ངོ་།  །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ།}}    ན་མོ།  དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།  སངས་རྒྱས་ཀྱི༴  ཆོས་ཀྱི༴  དགེ་འདུན་གྱི༴  ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴  མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི༴  དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴  ཁྱད་པར་དུའང་དཔལ་ཆེན་ཁྲག་འཐུང་ཁྲོ་བོའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི༴  ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས།  བདག་ཅག་དཔོན་སློབ་འཁོར་དང་བཅས་པའམ།  སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཚེ་ལ་རྐུ་ཞིང་སྲོག་ལ་འཇབ་པ།  དཀར་པོ་དགེ་བའི་ལས་སྒྲུབ་པ་ལ་བར་དུ་གཅོད་པའི་འབྱུང་པོ་མི་དང་མི་མ་ཡིན་གང་ཡིན་པ་དེ་དག་ཐམས་ཅད་གར་གནས་གང་དུ་འདུག་ཀྱང་རང་དབང་མེད་པར་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག  །ཨཱ་ཀརྵ་ཡ་ཛཿ    {{TibChung|[17a]}} {{TibChung|ལན་གསུམ།}}    ཧཱུྃ༔  དམ་ཚིག་ཆེན་པོའི་དུས་ལ་བབ༔  དཔལ་ཆེན་འབར་བའི་ལྷ་ཚོགས་རྣམས༔  སྤྲུལ་པ་འགྱེད་པའི་དུས་ལ་བབ༔  རང་དབང་མེད་པར་འདིར་ཁུག་ཅིག༔  དབང་དུ་སྡུས་ལ་འདིར་ཁུག་ཅིག༔  ཧཱུྃ༔  ཁྲོ་བོ་རོལ་པའི་འོད་ཟེར་འཁྱུགས༔  ལྕགས་ཀྱུ་སྤྲུལ་པས་ནམ་མཁའ་གང་༔  ཞགས་པ་སྤྲུལ་པས་བར་སྣང་གང་༔  ལྕགས་སྒྲོག་སྤྲུལ་པ་ས་གཞི་གང་༔  དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་གང་༔  འཁོར་འདས་ལག་ཏུ་ཤོར་མི་འཚལ༔  བཛྲ་ཨཾ་ཀུ་ཤ་ཛཿ  པཱ་ཤ་ཧཱུྃ༔  སྥོ་ཊ་བཾ༔  གཎྜེ་ཧོཿ  {{TibChung|ཞེས་ཕྱག་རྒྱ་བཞིས་འགུགས་འཆིང་བསྡམ་མྱོས་བྱ།}}    ཧཱུྃ༔  ལས་བྱེད་ཕོ་ཉའི་དུས་ལ་བབ༔  དངོས་གྲུབ་བར་ཆད་བྱེད་པའི་བགེགས༔  གདུག་ཅིང་སྡང་སེམས་ལྡན་པ་རྣམས༔  སྐྱོབ་བྱེད་ལྷ་དང་ད་ཕྲོལ་ཅིག༔  ལྷན་ཅིག་སྐྱེས་པའི་བདུད་དང་སྤྲོད༔  ཟུང་ཞིག་རྒྱོབ་ཅིག་བྱད་དུ་ཆུག༔  སྨྱོ་འབོག་རེངས་ཤིང་སྒུལ་སྐྱོད་བྲལ༔  ཕུང་པོ་རྣམ་ཤེས་རྟེན་དང་ཕྲོལ༔  པྲ་བེ་ཤ་ཡ་ཕཊ༔  {{TibChung|ཅེས་ལྷ་དང་དབྱེ་བ་སོགས་བྱ།  ཕུར་པ་ཐོགས་ལ།}}    ཧཱུྃ༔  ང་ནི་ཁྲག་འཐུང་འབར་བའི་སྐུ༔  སྲས་ {{TibChung|[17b]}} འཁོར་སྤྲུལ་པ་བྱེ་བ་འབུམ༔  བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔  དཔལ་ཆེན་ལྷ་ཚོགས་དུས་ལ་བབ༔  གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔  གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔  ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔  གནོད་བྱེད་དགྲ་བགེགས་མྱུར་དུ་སྒྲོལ༔  {{TibChung|དྲག་སྔགས་སོ་ལྔ་ལྟ་བུ་བརྗོད།  ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་བུ་བཏབ་ལ།}}      ཧཱུྃ༔  གནོད་བྱེད་དགྲ་བགེགས་རུ་ཏྲ་བདུད་དཔུང་ལ༔  འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབས་པ༔  འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང་༔  བརྡུང་བའི་དབྱུག་ཐོ་འགུགས་པའི་ལྕགས་ཀྱུ་དང་༔  གཅོད་པའི་སྟྭ་རེ་ལྔ་ལ་སོགས་པ་ཡིས༔  བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང་༔  གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔  སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུག༔  གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱུང་༔  རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔  རྡུལ་ཕྲན་རྡུལ་ཕྲན༔  ཕྱེ་མ་ཕྱེ་མ༔  དུམ་བུར་དུམ་བུར༔  ཤག་ཤག༔  ཚལ་པ་ཚལ་པ་རྦད༔  ཨོཾ་བཛྲ་ཏིཀྵྞ་ཁ་ཐིཾ༔  གནོད་བྱེད་དགྲ་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔    {{TibChung|[18a]}} {{TibChung|ཅེས་རལ་གྲི་སོགས་མཚོན་ཆས་དུམ་བུར་གཏུབ།  གཉིས་པ་དངོས་ལའང་གསུམ་གྱི།  དང་པོ་བྱིན་གྱིས་བརླབ་པ་ནི།  ཅོག་སྟེགས་ཁར་དྲག་སྣོད་དུ་གཡོན་ཕྱོགས་ཀྱི་ལིང་རོ་དང་།  ཆངས་བུ།  གཏོར་ཆུང་གང་ཡོད།  ཆང་།  འབྲུ་ནག  །ཤ་ཚིལ་སོགས་སྣོད་སོ་སོར་བཤམས་ལ་ནས་ཆན་བླུགས།  ཐེབས་སྟོངས་པའང་བཞག    ཆང་དང་ཁྲག་ཆབ་ཀྱིས་བྲན་ལ།}}    ཨོཾ་སྭ་བྷཱ་ཝ་{{TibChung|ས་སྦྱང་།}}    སྟོང་པའི་ངང་ལས་སྣོད་བྷནྡྷ་དམར་པོ་གྲུ་གསུམ་པའི་ནང་དུ།  གནོད་བྱེད་ཀྱི་གཟུགས་ཕུང་ལས་བཟའ་བ་ཤ་ཡི་རི་བོ།  བཏུང་བ་ཁྲག་གི་རྒྱ་མཚོ།  བཅའ་བ་རུས་པའི་གྲམ་ཁྲོད།  ལྡག་པ་ཚིལ་ཞུན་གྱི་ཕུང་པོ།  ཟག་པ་མེད་པའི་བདུད་རྩིར་གྱུར།  ཨོཾ་ཨཱཿཧཱུྃ༔  {{TibChung|ལན་གསུམ།  ཐེབས་སྟོང་པར་ཁག་ཆུ་སྦྲེང་ལ།}}    སམྦྷ་ར{{TibChung|འི་སྔགས་ལན་བདུན་བརྗོད།    གཉིས་པ་འབུལ་བ་ནི།}}    དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེའི་རྒྱལ་པོ།  ལས་མཁན་སྡེ་བརྒྱད།  ཕོ་གདོན་རྒྱལ་པོ།  མོ་གདོན་བསེན་མོ།  ཀླུ་གདོན་ས་བདག    །  ལོ་བདུད་ལོ་གཤེད་བཅུ་གཉིས།  བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ།  །{{TibChung|གསུམ་པ་ {{TibChung|[18b]}} བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི།}}    ན་མོ།  དཀོན་མཆོག་གསུམ་གྱི་བདེན་པ་དང་{{TibChung|སོགས་གོང་གི་དཀར་མཆོད་ལྟར་ལ།}}    དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་བྱད་མ་ལྷ་སྲུང་དང་བཅས་པའི་གནོད་བྱེད་ཐམས་ཅད་རང་བྱད་རང་ལ་ལོག་པར་གྱུར་ཅིག  །རང་གཤེད་རང་ལ་འབེབས་པར་གྱུར་ཅིག  །རང་སྲོག་རང་གིས་གཅོད་པར་གྱུར་ཅིག  །རང་ཤ་རང་གིས་ཟ་བར་གྱུར་ཅིག    །  རང་ཁྲག་རང་གིས་འཐུང་བར་གྱུར་ཅིག    །  རང་སྨ་རང་གིས་འབེབས་པར་གྱུར་ཅིག  །ཕུང་བར་གྱུར་ཅིག  །བརླག་པར་གྱུར་ཅིག    །  མེད་པར་གྱུར་ཅིག    །  སྟོང་པར་གྱུར་ཅིག    །  {{TibChung|ཅེས་རོལ་མོ་དང་བཅས་ཕུལ་བས་ཚར་དང་པོར་གྲུབ།  །བཤམས་བསྔོ་ཟིན་པ་རྣམས་གཡོན་ཕྱོགས་ཀྱི་ལྕགས་སྣོད་སྟོང་པ་བཞག་པའི་ནང་དུ་བླུགས།  བཤམ་སྣོད་རྣམས་ཀྱང་ཁྲག་ཆུས་བཤལ།  རྗེས་མ་བསྔོ་རྒྱུ་བཤམ་བྲན་བྱས་ལ་བྱིན་བརླབས་ནས་ཕྲིན་བཅོལ་བར་བྱ་ཚུལ་གོང་མས་རིགས་འགྲེས་ཏེ་བརྒྱ་རྩ་བརྒྱད་གྲངས་ཚང་འབུལ།  གྲངས་རྫོགས་པ་དང་བཤམ་སྟེགས་སོགས་བསྡུ།  ཡས་སྣོད་གཉིས་རེ་ཞིག་གཡས་གཡོན་དུ་བཞག་གོ།  །གསུམ་པ་གླུད་བསྔོ་བ་ནི།  ཐོག་མར་བྱིན་གྱིས་བརླབ་པའི་སླད་དུ་ཆ་བ་བྲན་ལ་བསང་སྦྱང་།}}    སྟོང་པའི་ངང་ལས་ངར་གྱི་ {{TibChung|[19a]}} མི།  །མུ་ཏིག་ཀླད་པ་ལུང་བཏང་མིག  །བྱེ་རུའི་ལྗགས་ལ་མགྲོན་བུའི་སོ།  །ཟེར་མང་སྐྲ་ལ་བསྭེ་ཡི་ཤ།  །རིན་ཆེན་འབྲུ་སྣའི་ཁོག་བཅུད་ཅན།  །ཞོ་ཤའི་སྙིང་ལ་མཁལ་ཤའི་མཁལ།  །གླ་སྒང་བགྲོད་པ་དར་སྣའི་ལྤགས།  །ལག་གཡས་གསེར་ལ་ལག་གཡོན་དངུལ།  །རྐང་གཡས་ལྕགས་ལ་གཡོན་པ་ཟངས།  །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས།  །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ།  །སྨྲ་མཁས་ལྗག་ལྗག་འགྲོས་ལྡེམ་ལྡེམ།  །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ།  །མི་བས་གླུད་བཟང་ལྷ་ཕྲུག་འདྲ།  །ཡུལ་མཁར་དཀོར་ནོར་ཕུན་སུམ་ཚོགས།  །གཡོག་འཁོར་རྟ་ཕྱུགས་ས་གཞི་གང་།  ཆངས་བུ་སོ་སོའི་འདོད་ཡོན་ལྡན།  །སྒང་ལྔ་འདོད་པའི་ཡོན་ཏན་ལྔ།  །གཤོང་དྲུག་རིགས་དྲུག་རེ་བ་སྐོང་།  །འབུར་ཆུང་བཅུ་གཉིས་ལོ་བདུད་ཚིམ།  །ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿཁཾ་ཧཱུྃ།  {{TibChung|ལན་གསུམ།}}      ཨོཾ་གྱིས་མགྲོན་རིགས་ཀུན་ལ་ཁྱབ།  བྷྲཱུྃ་གྱིས་རིན་ཆེན་གཞལ་ཡས་ཁང་།  ཏྲཱྃ་གྱིས་རཏྣའི་ཆར་པ་འབེབས།  །ཧྲཱིཿཡིས་གསུང་དབྱངས་དྲུག་ཅུ་ལྡན།  །ཨཱཿཡིས་གདོན་རིགས་བྱམས་སེམས་ {{TibChung|[19b]}} ལྡན།  །ཁྃ་གིས་བདུད་རྩིའི་ཆར་རྒྱུན་བབས།  །ཧཱུྃ་གིས་ཉོན་མོངས་དུག་ལྔ་སངས།  །དགོས་འདོད་རེ་སྐོང་ནམ་མཁའ་མཛོད།  །རྒྱ་ཆེན་ཟད་མི་ཤེས་བར་གྱུར།  །བདག་གི་བསམ་པའི་སྟོབས་{{TibChung|སོགས་བདེན་བརྗོད་ཀྱང་བྱས་ལ།  འདི་སྐད་གྱེར་མ་དབྱངས་སུ་བྱའོ།  །}} ཀྱཻ༔  དང་པོ་གླུད་བྱུང་གང་ནས་བྱུང་༔  གླུད་ཀྱི་དེ་ནི་རབས་སྨོས་ན༔  གླུད་ཀྱི་ཕ་ནི་གནམ་ཡང་ཡིན༔  གླུད་ཀྱི་མ་ནི་ས་ཡང་ཡིན༔  གནམ་ས་གཉིས་ཀྱིས་བྱིན་བརླབས་པས༔  འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔  རྒྱ་ཡུལ་སྐྱེ་ཞིང་ཁྲི་སྒོར་འཁྲུངས༔  སྟོན་པ་དགའ་རབ་རྡོ་རྗེ་ཡིས༔  འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔  མོན་པ་ཕོ་མོའི་ལག་ཏུ་གཏད༔  བརྔོ་ཞིང་བཏགས་པར་གྱིས་ཤིག་གསུངས༔  མོན་པ་ཕོ་མོ་ལྔ་བརྒྱ་ཡིས༔  བརྔོའམ་དེ་ནི་མ་བརྔོས་ན༔  རྒྱ་སླང་མོན་སླང་ནང་དུ་བརྔོས༔  མོན་ཕྲུག་ཕོ་མོ་ལྔ་བརྒྱ་ཡིས༔  བཏགས་སམ་དེ་ནི་མ་བཏགས་ན༔  རྒྱ་བཏགས་མོན་བཏགས་ཁ་ལ་བཏགས༔  སྟོན་པ་དགའ་རབ་ཕྱག་ཏུ་ཕུལ༔  སྟོན་པ་དགའ་རབ་རྡོ་རྗེ་ཡིས༔  རིན་ཆེན་སྣ་ལྔའི་ཕྱེ་བསྲེས་ནས༔  མི་དང་མཉམ་པའི་གླུད་དུ་བྱས༔  སྔགས་དང་ {{TibChung|[20a]}} ཕྱག་རྒྱའི་བྱིན་རླབས་ཀྱིས༔  གླུད་ནི་ངར་གླུད་ལ༔  ཤ་ནི་མ་མཆིས་ན༔  བསྭེ་ལ་ཤ་ཡང་བྱས༔  ཁྲག་ནི་མ་མཆིས་ན༔  མཚལ་ཆེན་ལྕོག་ལས་བྱས༔  རུས་པ་མ་མཆིས་ན༔  དཔལ་ཆེན་དུང་ལས་བྱས༔  ལྤགས་པ་མ་མཆིས་ན༔  གྲུམ་ཤུན་ལྤགས་ལས་བྱས༔  སྙིང་ནི་མ་མཆིས་ན༔  ཞོ་ཤའི་སྙིང་དུ་བྱས༔  གློ་བ་མ་མཆིས་ན༔  གླ་གོར་ཞོ་ཤས་བྱས༔  མཆིན་པ་མ་མཆིས་ན༔  བ་མཆིན་སྨུག་པོས་བྱས༔  མཚེར་པ་མ་མཆིས་ན༔  མཁལ་སྲན་བྱིའུས་བྱས༔  མཁལ་མ་མ་མཆིས་ན༔  མཁལ་མ་ཞོ་ཤས་བྱས༔  རྒྱུས་པ་མ་མཆིས་ན༔  ཐང་དཀར་སྤུ་རྒྱུས་བྱས༔  རྩ་རྒྱུས་མ་མཆིས་ན༔  སྤུ་ཤེལ་རྩེ་ལས་བྱས༔  སོ་ནི་མ་མཆིས་ན༔  མགྲོན་བུའི་སོ་ཡང་བྱས༔  ལྕེ་ནི་མ་མཆིས་ན༔  ལེ་བརྒན་དར་ལས་བྱས༔  མིག་ནི་མ་མཆིས་ན༔  ལུང་ཐང་མིག་ཏུ་བྱས༔  སྣ་ནི་མ་མཆིས་ན༔  ཟངས་མའི་སྣ་རུ་བྱས༔  རྣ་བ་མ་མཆིས་ནི༔  གྲོ་གའི་རྣ་བ་བྱས༔  སྐྲ་ནི་མ་མཆིས་ན༔  ཟེར་མོའི་སྤུ་ལས་བྱས༔    {{TibChung|[20b]}} དབུགས་ནི་མ་མཆིས་ན༔  འབྱུང་བ་རླུང་ལ་བྱས༔  དྲོད་ནི་མ་མཆིས་ན༔  འབྱུང་བ་མེ་ལ་བྱས༔  སེམས་ནི་མ་མཆིས་ན༔  ནམ་མཁའ་ཡངས་པས་བྱས༔  ཡན་ལག་མ་མཆིས་ན༔  དབང་པོ་ལག་པས་བྱས༔  རིན་ཆེན་དར་གླུད་འདི་ཡི་ནི༔  ཕྲག་པ་གཡས་པ་ནི༔  རིན་ཆེན་གསེར་ལས་བྱས༔  ཕྲག་པ་གཡོན་པ་ནི༔  རིན་ཆེན་དངུལ་ལས་བྱས༔  རྐང་པ་གཡས་པ་ནི༔  ཐབས་ཆེན་ལྕགས་ལས་བྱས༔  རྐང་པ་གཡོན་པ་ནི༔  ཤེས་རབ་ཟངས་ལས་བྱས༔  སྟོན་པའི་ཞལ་ན་རེ༔  གླུད་ཀྱི་ངར་གླུད་ལ༔  ཁྱོད་མི་ཡི་གླུད་དུ་སོང་ཞིག་གསུང་ས༔  ངར་གླུད་དེ་ཡི་ཞལ་ན་རེ།  ད་མི་ཡི་གླུད་དུ་འགྲོ་བ་ལ༔  ང་ལ་ཡོན་ཏན་ཅི་ཙམ་ཡོད༔  སྐྱེས་པ་ཕོ་ཡི་གླུད་དུ་ཇི་ལྟར་འགྲོ༔  ཟ་མ་མོ་ཡི་གླུད་དུ་ཇི་ལྟར་འགྲོ༔  བྱིས་པ་ཆུང་གི་གླུད་དུ་ཇི་ལྟར་འགྲོ༔  ཡུལ་དང་མཁར་གྱི་གླུད་དུ་ཇི་ལྟར་འགྲོ༔  དེ་སྐད་ཙམ་ཞིག་ཞུས་པ་ལས༔  སྟོན་པའི་ཞལ་ནས་འདི་སྐད་གསུངས༔  གླུད་ཀྱི་ངར་གླུད་ཚུར་ཉོན་དང་༔  ཁྱོད་མི་ཡི་གླུད་དུ་འགྲོ་བ་ལ༔  ཡོན་ཏན་བགྲང་ན་བསམ་མི་ཁྱབ༔    {{TibChung|[21a]}} སྐྱེ་མཆེད་བཅུ་གཉིས་ཁྱོད་ལ་ཚང་༔  རྣམ་ཤེས་ཚོགས་བརྒྱད་ཁྱོད་ལ་ཚང་༔  ཁམས་ཆེན་བཅོ་བརྒྱད་ཁྱོད་ལ་ཚང་༔  ཕྲག་གཡས་གསེར་ལས་བྱས་པ་དེ༔  སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔  ཕྲག་གཡོན་དངུལ་ལས་བྱས་པ་དེ༔  ཟ་མ་མོ་ཡི་གླུད་དུ་སོང་༔  རྐང་གཡས་ལྕགས་ལས་བྱས་པ་དེ༔  བྱིས་པ་ཕོ་ཡི་གླུད་དུ་སོང་༔  རྐང་གཡོན་ཟངས་ལས་བྱས་པ་དེ༔  བྱིས་པ་མོ་ཡི་གླུད་དུ་སོང་༔  ཕུང་པོ་གཟུགས་དང་བཅས་པ་དེ༔  ཡུལ་མཁར་ཁྱིམ་གྱི་གླུད་དུ་སོང་༔  ཞལ་རས་མཚལ་གྱིས་བྱུགས་པ་དེ༔  རྣལ་འབྱོར་འཁོར་བཅས་གླུད་དུ་སོང་༔  སྨྲ་བ་ངག་སྙན་ཀྱུ་རུ་རུ༔  མི་ཆུང་དེ་ནི་ཐོད་ཀྱིས་བསྟོད༔  འགྲོ་ན་སྟབས་སྡུད་ཁྲིགས་སེ་འགྲོ༔  གླུད་ཀྱི་ངར་གླུད་ཆས་ཏེ་འགྲོ༔  ལྷ་སྲིན་སྡེ་བརྒྱད་སྤྱན་སྔ་རུ༔  ངར་གླུད་མི་སྐད་ཐོལ་གྱིས་སྨྲོས༔  ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔  ང་མི་ཡི་གླུད་དུ་བཏང་བ་ལགས༔  མི་དང་གླུད་དུ་བརྗེ་བར་ཞུ༔  དེ་སྐད་ཙམ་ཞིག་གླེང་བ་ལ༔  ལྷ་སྲིན་སྡེ་བརྒྱད་ཞལ་ན་རེ༔  སྟོན་པ་དགའ་རབ་བཀའ་དྲིན་ཆེ༔  མི་དང་ {{TibChung|[21b]}} གླུད་གཉིས་བརྗེ་འོ་ཟེར༔  ལྷ་སྲིན་སྡེ་བརྒྱད་དགྱེས་ཏེ་སོང་༔  ཧཱུྃ༔  སྔོན་ནི་སུ་དང་སུ་ཡི་གླུད༔  ཨ་ཤོ་ཀ་ཡི་རྒྱལ་པོའི་གླུད༔  མཚམས་མེད་ སྡིག་པའི་ལས་བྱས་པས༔  མ་མོ་ལྷ་སྲིན་སྡེ་བརྒྱད་ཁྲོས༔  མུ་གེ་དུས་འཁྲུགས་ཡམས་ནད་བྱུང་༔  སློབ་དཔོན་རོ་ལངས་རྡོ་རྗེ་ཡིས༔  སྐུ་གླུད་དམར་གཏོར་བཤམས་ནས་ནི༔  སྣང་སྲིད་མཁའ་འགྲོའི་ཕྱག་ཏུ་འབུལ༔  བསད་པ་ལུས་ཀྱི་གླུད་དུ་འབུལ༔  འཕྲོག་པ་ནོར་གྱི་སྐྱིན་པར་འབུལ༔  ན་མི་ཕོད་པའི་གླུད་དུ་འབུལ༔  འཆི་མི་ཕོད་པའི་གླུད་དུ་འབུལ༔  ཧཱུྃ༔  བར་དུ་སུ་དང་སུ་ཡི་གླུད༔  བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ༔  མ་མོ་ཁྲོས་པའི་ལྟས་བྱུང་ནས༔  མི་དགེ་མི་རུང་སྣ་ཚོགས་བྱུང་༔  སློབ་དཔོན་པདྨ་འབྱུང་གནས་ཀྱིས༔  རྒྱལ་པོའི་སྐུ་ཡི་ཚད་དུ་བྱས༔  སྐུ་གླུད་དམར་གཏོར་བཤམས་ནས་ནི༔  སྣང་སྲིད་མ་མོའི༴  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མི་ཕོད་པའི༴  ཧཱུྃ༔  དེ་རིང་སུ་དང་སུ་ཡི་གླུད༔  བདག་ཅག་མི་ནོར་འཁོར་བཅས་ལ༔  མཁའ་འགྲོ་འཁྲུགས་པའི་ལྟས་བྱུང་ནས༔  མུ་གེ་དུས་ {{TibChung|[22a]}} འཁྲུགས་ཡམས་ནད་བྱུང༔  རིག་འཛིན་སྔགས་འཆང་བདག་གིས་ནི༔  སྐུ་གླུད་དར་ཟབ་རྒྱན་དང་ལྡན༔  དཔལ་གྱི་གཏོར་མ་དམར་གྱིས་བརྒྱན༔  སྣང་སྲིད་མ་མོའི༴  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མི་ཕོད་པའི༴  ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་དང་༴  མ་ཡམས་བརྟན་མ་ཡན་ཆད་དུ༔  སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔  སྲིད་པ་མ་མོའི༔  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མི་ཕོད་པའི༴  སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔  སྲིད་པར་གནས་པའི་ལྷ་འདྲེ་ལ༔  སྐུ་གླུད་དམར་གཏོར༴  སྣང་སྲིད་ལྷ་འདྲེའི༴  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མེད་ཕོད་པའི༴  མཁའ་འགྲོ་གཏོར་མས་མཉེས་གྱུར་ཅིག༔  ལྷ་འདྲེ་གླུད་ཀྱིས་མཉེས་གྱུར་ཅིག༔  ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔  རིགས་དྲུག་འདོད་པ་ཚིམས་གྱུར་ཅི༔  དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔  ཁྱིམ་སྒོ་ལམ་སྲང་འདི་རྣམས་སུ༔  གནོད་ཅིང་འགལ་བར་མ་མཛད་ཅིག༔  བཟུངས་ {{TibChung|[22b]}} པ་ཐོང་ལ་བཅིངས་པ་ཁྲོལ༔  བསྡམས་པ་གློད་ལ་ཟོས་པ་སྐྱུག༔  བརྩམས་པ་བཤོལ་ལ་མནན་པ་ཐེག༔  ལན་ཆགས་བདག་པོ་ཁྱེད་རྣམས་ལ༔  མི་བས་གླུད་བཟང་ད་འབུལ་ལོ༔  བྱ་བས་སྤུ་མཚར་ད་འབུལ་ལོ༔  སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔  ཤ་ཡི་གླུད་དུ་འདི་འབུལ་ལོ༔  ཁྲག་གི་གླུད་དུ༴  རུས་པའི་གླུད་དུ༔  དབང་པོ་སྒོ་ལྔའི་གླུད་དུ༴  རྣམ་ཤེས་ཚོགས་བརྒྱད་གླུད་དུ༴  སྐྱེ་མཆེད་བཅུ་ཉིས་གླུད་དུ༔  ཁམས་ཆེན་བཅོ་བརྒྱད་གླུད་དུ༴  མི་བས་གླུད་བཟང་འདི་ཁྱེར་ལ༔  ཕྱིན་ཆད་གནོད་འཚེ་མ་མཛད་པར༔  ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད༔  ཧཱུྃ༔  ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས༔  སྔགས་དང་ཕྱག་རྒྱས་དཀྲོལ་ཡང་དཀྲོལ༔  དམིགས་པ་བདག་གིས་འབུལ་ཡང་འབུལ༔  འབུལ་བ་བདག་གིས་མ་ནོར་རོ༔  བཞེས་པ་ཁྱེད་རྣམས་མ་འཁྲུལ་ཞིག༔  གསེར་ལས་དེ་ནི་རིན་ཆེ་མེད༔  ཆད་བས་དེ་ནི་ངོ་ཆེ་མེད༔  འཛམ་གླིང་རྒྱན་དུ་རིན་ཆེན་གླུད་འབུལ་ལོ༔  སྲིད་པའི་རྩེ་མོ་མན་ཆད་ནས༔  ན་རཀ་དམྱལ་བ་ཡན་ཆད་དུ༔  རིན་ཆེན་གླུད་གཏོར་འདི་ {{TibChung|[23a]}} འབུལ་ལོ༔  བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག༔  བསམ་པ་བཞིན་དུ་འགྲུབ་གྱུར་ཅིག༔  སོ་སོའི་ཐུགས་དམ་བསྐང་གྱུར་ཅིག༔  ཁྱེད་རྣམས་ཡུལ་གྱི་ལྷ་འདྲེ་ཡིན༔  ང་ནི་ཡུལ་གྱི་སྔགས་པ་ཡིན༔  གཅིག་ལ་གཅིག་བསྟོད་ཧ་བོའི་གངས་ལས་དཀར༔  གཅིག་གིས་གཅིག་སྨད་རོང་པོའི་རྫ་ལས་ནག༔  ཧ་བོའི་གངས་ལས་དཀར་བར་མཛོད༔  རོང་པོའི་རྫ་ལས་མ་ནག་ཅིག༔  སོ་སོ་རང་རང་གནས་སུ་གཤེགས༔  {{TibChung|ཞེས་བསྔོ།  གྲངས་བསགས་ན་སླར་ཡང་གླུད་ཕྲན་དང་འབྲས་ཆན་སོགས་བཤམས་ལ།  ནམ་མཁའ་མཛོད་སྔགས་དང་ཨ་ཀཱ་རོས་བྱིན་བརླབ།}}      ཀྱཻ༔  འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔  སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔  སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔  ཤ་ཡི་རིན་དང་ཁྲག་གི་ཚབས༔  བླ་སྲོག་དབུགས་དང་སྐྱེ་མཆེད་ཀྱི༔  གླུད་དུ་འདོད་རྒུའི་ལོངས་སྤྱོད་འབུལ༔  ནད་པ་ནད་ལས་ཐར་བ་དང་༔  འཆི་བདག་ལག་ནས་ཐོན་པར་མཛོད༔  {{TibChung|མཚན་བཞི་བརྗོད་ཅིང་།}}    སམྦྷ་ར་{{TibChung|ལན་བཅུ་རེས་ཕུལ་མཐར།}}    ན་མོ༔  དཀོན་མཆོག་གསུམ་གྱི་བདེན་པ་དང་༔  ཆོས་སྐུ་ {{TibChung|[23b]}} ལོངས་སྐུ་སྤྲུལ་སྐུ༔  བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔  དོན་དམ་ཆོས་ཉིད་ངོ་བོ་ཀ་ནས་དག་པའི་བདེན་པ་དང་༔  ཀུན་རྫོབ་རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུས༔  བདག་ཅག་འཁོར་དང་བཅས་པའམ།  སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་དུས་མ་ཡིན་པའི་འཆི་བ་རླུང་དང་མཁྲིས་པ་བད་ཀན་འདུས་པའི་ནད་རིགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔  ལོ་ཀེག་ཟླ་ཀེག་ཞག་ཟ་མའི་ཀེག་དུས་ཚོད་ཚེས་གྲངས་ཀྱི་ཀེག་མོ་རྩིས་རྨི་ལམ་མཚན་མ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག༔  བྱང་ཞིང་དག་པར་གྱུར་ཅིག༔  ནད་རིམས་ཡམས་ནད་འགོ་བའི་ནད་རིགས་ཐམས་ཅད་དང་སྲི་ངན་གཤིན་རྗེའི་ཁྲམ་དང་ཕོ་ཉ་མ་མོའི་བཀའ་ཆད་བྱད་བྱུར་དང་གཏད་ཁྲམ་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག༔  མེད་པར་གྱུར་ཅིག༔  ཞི་བར་གྱུར་ཅིག༔  སླན་ཆད་ཀྱང་མི་འབྱུང་བར་གྱུར་ཅིག༔  {{TibChung|ཅེས་བདེན་སྟོབས་བརྗོད་ལ་རོལ་མོ་དང་བཅས་ཏེ་བསྔོའོ།  །ཚུལ་འདི་ཉིད་ཉིན་ལྔའའམ་གསུམ་སོགས་སྦྲེལ་ནས་བྱ་བར་འདོད་ན་སྐབས་འདི་ནས་སྲུང་མའི་གཏོར་སྐྱོང་སོགས་ {{TibChung|[24a]}} ཆོ་གའི་རྗེས་ཀྱི་ལས་རིམ་རྣམས་ལས་བྱང་བཞིན་མཐར་དབྱུང་བས་འགྲུབ་ལ།  གང་ལྟར་ཡང་མདོས་གཏོར་འཕང་བ་དངོས་ལ་འཇུག་པ་ནི་གོང་གི་བདེན་སྟོབས་ཟིན་མ་ཐག་ཁྲམ་ཁ་ཕྱི་ཞིང་བྱད་ཐག་གཅོད་པ་ནི།  འགྲུབ་ན་བསྔོ་ཡུལ་གཤིན་རྗེའི་མདུན་རས་ནག་པོ་གྲུ་གསུམ་བཏིང་བ་ལ་སྦྱིན་བདག་གདོང་གཤིན་རྗེར་ཕྱོགས་པས་འཁོར་དུ་བཅུག་ལ།  བླ་སྒྲོམ་ལ་བཏགས་པའི་བྱད་ཐག་གི་སྣེ་མོས་མགུལ་དང་རྐང་ལག་རྣམས་དཀྲིས་ཏེ་བསྡམས་པའི་ཚུལ་བྱ།  ཐོག་མར་ལས་རྡོར་གྱིས་བླ་སྒྲོམ་སྟེང་དུ་བཙུགས་པའི་ཁྲམ་ཤིང་དེ་ཉིད་བླངས་ལ་གདོང་གཤིན་རྗེར་ཕྱོགས་ཏེ་ལག་གཡས་ཀྱི་དར་རས་དཀར་པོ་ལྟ་བུས་འདོན་ཚིག་དང་བསྟུན་ཏེ་ཕྱིས་ཞིང་།}}      ཧཱུྃ༔  ཆོས་སྐུ་ཞི་ལས་མ་གཡོས་ཀྱང་།  །གཟུགས་སྐུ་འཇིགས་པའི་ཆ་ལུགས་ན།  ཁྲག་འཐུང་ཁྲོ་རྒྱལ་ལྷ་ཚོགས་རྣམས།  །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད།  །དེང་འདིར་བསྲུང་བྱ་འཁོར་བཅས་ལ།  ཚེ་སྲོག་བདུད་དུ་བབས་པ་ཡི།  །མ་རུང་གདུག་པའི་ཁྲམ་ཁ་ཀུན།  །དེ་རིང་ལྷག་མེད་ཕྱི་བར་བགྱི།  །ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་པ།  །དབང་ཕྱུག་ཆེན་པོའི་ཁྲམ་ཁ་ཕྱི།  །མོ་རྒྱུད་རྣམས་ཀྱི་ཆེ་བཙན་པ།  །ཨུ་མ་དེ་ཝིའི༴  །དགྲ་སྲོག་འཁོར་ལོས་གཅོད་བྱེད་པ།  །གཤིན་རྗེ་ཡབ་ཡུམ༴  །མ་ {{TibChung|[24b]}} ཚོགས་དགྲ་ལ་དབབ་པའི་ཕྱིར།  །སྲིད་པའི་རྒྱལ་མོའི༴  །གསང་སྔགས་བསྟན་པ་སྲུང་མཛད་མ།  །སྔགས་སྲུང་ཆེན་མོའི༴  །དགྲ་ལ་བདུད་དམག་དབབ་མཛད་པའི།  །བདུད་མགོན་ཡབ་ཡུམ༴  །ལྟས་ངན་ཆོ་འཕྲུལ་མངའ་བདག་སྟེ།  །རྒྱལཔོས་བཅིངས་པའི༴  །སྨྱོ་འབོག་ཆོ་འཕྲུལ་མངའ་བདག་སྟེ།  །སྲོག་བདག་ཚངས་པའི༴  །སྤྲུལ་པ་སྣ་ཚོགས་སྟོན་མཛད་པ༴  །དགྲ་ལྷས་བཅིངས་པའི༴  །དགྲ་སྙིང་ཟས་སུ་ཟ་མཛད་པའི།  །རཀྴ་གློག་ཕྲེང་༴  །དགྲ་ཁྲག་སྐོམ་དུ་འཐུང་མཛད་པའི།  །སྦལ་མགོ་ཁྲག་མིག༴  །དགྲ་སྙིང་ཟས་སུ་རོལ་མཛད་པའི༴  །ཡཀྴ་མེད་དབལ༴  །བསྟན་པའི་བར་ཆད་སྒྲོལ་མཛད་པ།  །མ་ཧཱ་ཀ་ལའི༴  །དམ་ལས་འདས་པ་བསྒྲལ་བའི་ཕྱིར།  །རུ་དྲས་བཅིངས་པའི༴  །སྡང་དགྲ་ཁྲམ་ལ་དབབ་མཛད་པའི།  དམུ་ཡིས་བཅིངས་པའི༴  །ལོག་ལྟ་བར་ཆད་འདུལ་མཛད་པ།  །གུ་ལང་ནག་པོའི༴  །བར་ཆད་འགོང་པོ་འདུལ་མཛད་པ།  །ལྷ་རབ་ཤམ་པོའི༴  །མངོན་ཤེས་གཏན་ལ་དབབ་མཛད་པ།  །ཐོག་གི་བུ་ཡུག༴  །ཟས་སྣ་དངོས་ {{TibChung|[25a]}} གྲུབ་སྟེར་མཛད་པ།  །ཐེའུ་རང་བཅིངས་པའི༴  །དགྲ་ལ་གྲི་འཐབ་གཏོར་མཛད་པ།  །བཙན་རྒོད་རྣམས་ཀྱི༴  །དགྲ་ལ་ཕུང་བརྡལ་གཏོང་བྱེད་པ།  །བི་ནཱ་ཡ་ཀའི༴  །དགྲ་ལ་ཕུང་གསུམ་གཏོང་བྱེད་པ།  །ཡམ་ཤུད་དམར་པོའི༴  །དགྲ་བོ་ཐུན་གྱིས་བསད་པར་བྱེད།  །མགྱོགས་བྱེད་ནག་མོའི༴  །དགྲ་ལ་ཀླུ་ནད་གཏོང་བྱེད་པ།  །ཀླུ་བདུད་མགོ་དགུའི༴  །དགྲ་ལ་མཛེ་ནད་གཏོང་བྱེད་པ།  །ཡཀྴ་ནག་མོའི༴  །དེ་ལ་སོགས་ཏེ་ལྷ་སྲིན་གྱི།  །གཏད་ཁྲམ་མནན་གཟེར་ཐམས་ཅད་ཕྱི།  །བྱད་སྟེམས་ཉེས་ཚོགས་མ་ལུས་པ།  །ལྷག་མ་མེད་པར་ད་ཕྱིའོ།  །{{TibChung|ཞེས་ཕྱིས་ལ་ཁྲམ་ཤིང་དུམ་དུར་གཏུབ་བོ།  །དེ་ནས་ལས་རྡོར་གྱིས་རལ་གྲི་ཐོགས་ལ་འདོན་ཚིག་དང་བསྟུན་ཡོན་བདག་གི་མགུལ་ནས་བརྩམས་བླ་སྒྲོམ་ལ་དཀྲིས་པའི་བར་གྱི་བྱད་ཐག་རྣམས་རིམ་པར་བཅད་ལ།}}      ཧཱུྃ༔  ངོ་བོ་འཇམ་དཔལ་གཤིན་རྗེ་གཤེད།  །རྣམ་པ་གསེར་གྱི་སྤུ་གྲི་སྟེ།  །སྔགས་བོན་རྒྱལ་བཙུན་སྐྱེ་ཕོ་མོ།  །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས།  །སྦྱིན་བདག་མི་ནོར་འཁོར་བཅས་ལ།  །སྔགས་དང་ཕྱག་རྒྱ་རྫས་ཏིང་འཛིན།  །དམོད་ཟོར་བྱད་དུ་བཅུག་པ་ཡི།  ། {{TibChung|[25b]}} བྱད་ཐག་མཚོན་གྱིས་དུམ་བུར་བཅད།  །སྟེང་ཕྱོགས་ལྷ་ཡི་བཅིངས་པ་བཅད།  །ཤར་ཕྱོགས་དྲི་ཟའི༴  །ཤར་ལྷོ་མེ་ལྷའི༴  །ལྷོ་ཕྱོགས་གཤིན་རྗེས༴  །ལྷོ་ནུབ་སྲིན་པོས༴  །ནུབ་ཕྱོགས་ཆུ་ལྷས༴  །ནུབ་བྱང་རླུང་ལྷས༴  །བྱང་ཕྱོགས་གནོད་སྦྱིན༴  །བྱང་ཤར་དབང་ལྡན༴  །འོག་ཕྱོགས་ས་བདག༴  །བཅིངས་པ་ཐམས་ཅད་ད་བཅད་དོ།  །རྟེན་འབྲེལ་ཆོས་ཉིད་མཐུ་ཡིས་བསྒྱུར།  །བྱད་མ་རང་གཤེད་རང་ལ་ཕོབ།  །བསྲུང་བྱ་ཚེ་རྐྱེན་གེགས་ལས་ཐར།  །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག  །{{TibChung|ཅེས་དུམ་བུར་བཅད།  མཐར་སྦྱིན་བདག་སློབ་དཔོན་མདུན་དུ་སྟན་དཀར་པོ་བཏིང་བར་འཁོད་དུ་བཅུག་ལ།  བླ་སྒྲོ་ཁ་ཕྱེས་ཏེ་བླ་གཡུ་བླངས་ནས་སློབ་དཔོན་ལ་ཕུལ་ཞིང་།  བླ་གཡང་ལེན་པ་ནི།}}      ཀྱཻ།  སྟེང་ཕྱོགས་ལྷ་ཡི་གཞལ་ཡས་ནས།  །ལྷ་ཡི་རིག་འཛིན་ཐམས་ཅད་ཀྱི།  །ལྷ་ཚེ་རིང་པོའི་བླ་གཡང་དེ།  །དོ་ནུབ་འདི་རུ་གཡང་དུ་ལེན།  །འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས།  །ཀླུ་ཡི་རིག་འཛིན་ཐམས་ཅད་ཀྱི།  །ཀླུ་ཚེ་རིང་པོའི་བླ་གཡང་དེ།  །དོ་ནུབ་འདི་རུ༴  །བར་གྱི་སྟོང་གསུམ་འཇིག་རྟེན་ན།  །མི་ཡི་རིག་འཛིན༴  །མི་ཚེ་རིང་པོའི༴  ། {{TibChung|[26a]}} དོ་ནུབ་འདི་རུ༴  །དབང་ཕྱུག་བརྒྱད་ལྡན་ཡོན་ཏན་བདུན།  །དོ་ནུབ་འདི་རུ་གཡང་དུ་ལེན།  །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན།  །དོ་ནུབ་འདི་རུ༴  །ཚེ་དང་བསོད་ནམས་དཔལ་འབྱོར་དང་།  །འཁོར་དང་ལོངས་སྤྱོད་སྙན་གྲགས་སོགས།  །བདེ་སྐྱིད་མ་ལུས་ཕུན་ཚོགས་པའི།  །འདོད་རྒུའི་ཆར་ཆེན་སྦྱིན་བདག་ལ།  །དོ་ནུབ་གནས་འདིར་འབབ་པར་ཤོག  །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།  །{{TibChung|ཞེས་བླ་གཡུ་དེ་ཉིད་སྦྱིན་བདག་གི་མགུལ་དུ་བཏགས།  བླ་སྒྲོམ་ནང་དུ་ཁྲམ་ཤིང་དང་བྱད་ཐག་གི་དུམ་བུ་བླུགས་ལ་བཞག་གོ།  །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས།  ནང་དུ་བྱ་བ་དང་།  ཕྱི་རོལ་ནས་བྱ་བའོ།  །དང་པོ་ལ་གསུམ་ལས།  དང་པོ་ནི།  བསྐུལ་དང་ཆད་མདོ་བཏང་བ་ལས་བྱང་བཞིན་དང་།  གཉིས་པ་ཆོས་བཤད་བཀའ་བསྒོ་བ་ནི།  རོལ་མོ་དབྱངས་དང་བཅས་ཏེ།}}    ཧཱུྃ༔  འཆི་བདག་གཤིན་རྗེ་འཁོར་བཅས་དང་༔  ལྷ་ཀླུ་གནོད་སྦྱིན་ལ་སོགས་ཏེ༔  གདོན་བགེགས་རིགས་སུ་གྱུར་པ་རྣམས༔  བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔  གནོད་པར་གྱུར་པ་གང་ཡང་རུང་༔  སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔  གདོད་མ་ཉིད་ནས་དངོས་པོར་གོལ༔    {{TibChung|[26b]}} དངོས་མེད་པ་ལ་ཡོད་པར་བཟུང་༔  ད་ལྟ་ཉིད་དུ་དངོས་པོར་གོལ༔  རྟག་པར་བཟུང་ཞིང་འཛིན་པར་བཅས༔  དཔེར་ན་ཟོ་ཆུའི་ཁྱུད་མོ་འདྲ༔  སླར་ཡང་ལོག་ཅིང་ངན་སོང་འཁྱམས༔  ཁྱོད་ཀྱི་སེམས་དང་ང་ཡི་སེམས༔  ཁྱོད་ཀྱི་ད་ལྟ་སོ་སོར་བཟུང་༔  འཁྲུལ་པ་ཡིན་ཏེ་ང་ན་སོང་རྒྱུ༔  ང་ཡི་སེམས་ཉིད་ཀུན་བཟང་ལ༔  ཁྱོད་ཀྱིས་རྫུ་འཕྲུལ་ཅི་བསྟན་ཡང་༔  ང་ལ་གཡོ་བ་རྡུལ་ཙམ་མེད༔  སླར་ཡང་རང་སེམས་བརླག་པའི་རྒྱུ༔  སེམས་ཅན་ཀུན་ལ་མ་འཚེ་ཞིག༔  སེམས་ཅན་ཀུན་ལ་འཚེ་བ་ན༔  སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ༔  སངས་རྒྱས་སྐུ་ལ་ཁྲག་ཕྱུང་ན༔  འགྲོ་བ་སེམས་ཅན་མ་ལུས་ཀུན༔  སྡུག་བསྔལ་ཆེན་པོའི་ཆར་མི་ཕོད༔  གནོད་པར་བྱེད་ན་སྲིན་པོར་སྐྱེ༔  དཔལ་ཆེན་སྐུ་ཡིས་བསྒྲལ་ལ་རེ༔  རྟག་པར་བཟུང་ན་མུ་སྟེགས་ཡིན༔  བཅོམ་ལྡན་འདས་ཀྱིས་འདུལ་ལ་རེ༔  ང་རུ་བཟུང་ན་གཤིན་རྗེ་ཡིན༔  ཁྲོ་རྒྱལ་ཞབས་ཀྱིས་བཅག་ལ་རེ༔  ཕྲག་དོག་བརྟས་ན་ལྷ་མིན་ཡིན༔  འཆི་འཕོ་གཡང་སར་ལྷུང་བའི་རྒྱུ༔  རྒྱལ་བས་གསུངས་པའི་བཀའ་ {{TibChung|[27a]}} ལ་ཉོན༔  སྒོ་གསུམ་སྡོམས་ལ་གུས་པས་ཉོན༔  འདི་རུ་གནོད་པ་མ་བྱེད་ཅིག༔  ཇི་ལྟར་ས་བོན་གང་བཏབ་པ༔  འབྲས་བུ་དེ་ལྟར་སྨིན་པ་བཞིན༔  དགེ་བའི་འབྲས་བུ་མཐོ་རིས་ཐོབ༔  སྡིག་པའི་འབྲས་བུ་ངན་སོང་ལྟུང་༔  དེ་བས་ཡང་དག་དོན་ལ་སོམས༔  གཟུགས་ལ་མཚན་མར་མ་བཟུང་ཞིག༔  གཟུགས་ལ་མཚན་མར་བཟུང་བ་ན༔  དམྱལ་བའི་བཙོ་སྲེག་དེ་ན་ཡོད༔  ཡུལ་ལ་ཆགས་པ་མ་བྱེད་ཅིག༔  ཡུལ་ཆགས་པར་བྱས་པ་ན༔  དམྱལ་བའི་རྒྱུ་འབྲས་དེ་ན་ཡོད༔  ཚེ་ལ་རྟག་པར་མ་འཛིན་ཞིག༔  ཚེ་ལ་རྟག་པར་བཟུང་བ་ན༔  དམྱལ་བའི་ཚེ་འཕྲོག་དེ་ན་ཡོད༔  ངན་སོང་དམྱལ་བའི་སྡུག་བསྔལ་ཡང་༔  གཞན་ན་ཡོད་པ་མ་ཡིན་ནོ༔  རང་གི་ཉེས་པ་དམྱལ་བ་ཡིན༔  མ་རྟོགས་ན་ནི་སེམས་ཅན་ཡིན༔  མ་རིག་ན་ནི་ཉོན་མོངས་ཡིན༔  དུས་གསུམ་སངས་རྒྱས་བདེ་གཤེགས་ཀྱང་༔  གཞན་ཡང་ཡོད་པ་མ་ཡིན་ཏེ༔  རང་གིས་ལོན་ན་མཐོ་རིས་ཡིན༔  ལེགས་པར་རྟོགས་ན་སངས་རྒྱས་ཡིན༔  རིག་ཅིང་རྟོགས་ན་ཀུན་ {{TibChung|[27b]}} བཟང་ཡིན༔  གོ་ཞིང་རྟོགས་ན་རྡོར་འཆང་ཡིན༔  དེ་ལྟར་རྟོགས་ན་ཅི་ཕྱིར་གནོད༔  སེམས་ཉིད་ཀུན་ཏུ་བཟང་པོ་ལ༔  གནོད་པར་བྱེད་པའི་རྒྱུ་ཡང་མེད༔  གང་དུ་གནོད་པའི་གནས་ཀྱང་མེད༔  མཐོ་རིས་མེད་ཅིང་ངན་སོང་མེད༔  སངས་རྒྱས་མེད་ཅིང་སེམས་ཅན་མེད༔  ལྷ་ཡང་མེད་ཅིང་འདྲེ་ཡང་མེད༔  བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད༔  གལ་ཏེ་དེ་དོན་མ་རྟོགས་ན༔  དཔེར་ན་ནམ་མཁའི་སྐར་ཚོགས་འདྲ༔  ནམ་མཁའ་ཉིད་ལས་མ་གཡོས་ཀྱང་༔  ཉི་ཟླ་གཟའ་སྐར་བཀྲ་བ་རྣམས་༔  གློ་བུར་རྟོག་པའི་སྤྲིན་གྱིས་སྒྲིབ༔  ཆོས་ཀྱི་དབྱིངས་ལ་བཟང་ངན་མེད༔  ཀུན་བཟང་གནས་ལ་ཡངས་དོག་མེད༔  ཡེ་ཤེས་ཐུགས་ལ་གསལ་སྒྲིབ་མེད༔  སངས་རྒྱས་ཐུགས་ལ་སྤང་བླང་མེད༔  འཇིག་རྟེན་གནས་ལ་རང་བཞིན་མེད༔  རྟོགས་ནང་ལ་སྐྱབས་སུ་ཤོག༔  མ་རྟོགས་འཚེ་ན་གཞན་དུ་དེངས༔  སྔོན་གྱི་ལན་ཆགས་ཡིན་ན་ཡང་༔  མཆོད་སྦྱིན་འདི་ཡིས་འཁོར་བར་གྱིས༔  འཕྲལ་གྱི་རྐྱེན་འགལ་ཅི་ཡོད་ཀྱང་༔  མཆོད་སྦྱིན་འདི་ཡིས་ཕྲལ་བར་གྱིས༔    {{TibChung|[28a]}} བུ་ལོན་ཤ་མཁོན་ཡོད་ན་ཡང་༔  མཆོད་སྦྱིན་འདི་ཡིས་སྦྱོང་བར་གྱིས༔  དོན་མེད་གནོད་པ་བྱེད་ན་ཡང་༔  མཆོད་སྦྱིན་འདི་ཡིས་ཚིམས་པར་གྱིས༔  རང་སྲོག་རང་ལ་གཅེས་པ་ལྟར༔  གཞན་སྲོག་གཞན་ལ་དེ་བས་གཅེས༔  རང་གི་ལུས་ལ་དཔེ་ལོངས་ལ༔  གཞན་ལ་གནོད་པ་མ་བྱེད་ཅིག༔  བཟུང་བ་ཡོད་ན་བཏང་བར་གྱིས༔  བཅིངས་པ་ཡོད་ན་མྱུར་དུ་ཁྲོལ༔  བསྡམས་པ་ཡོད་ན་གློད་དུ་གསོལ༔  རྒྱལ་བའི་བཀའ་ལ་མི་ཉན་མེད༔  སྲིད་པའི་ཆུ་ལ་མི་འཐུང་མེད༔  འབྱུང་བ་རླུང་ལ་མི་བརྟེན་མེད༔  མཛེས་པའི་གླུད་ལ་མི་ལེན་མེད༔  དམ་རྫས་བདུད་རྩི་ཆེན་པོ་འདི༔  རྟོགས་པར་གྱུར་ན་སྨན་ཡིན་ཏེ༔  མ་རྟོགས་ན་ནི་དུག་ཏུ་འགྱུར༔  གཡང་ས་ཆེན་པོའི་ཆོས་མ་ཉན༔  རྟག་པར་འཛིན་པའི་ལས་མ་བྱེད༔  རང་བྱས་རང་ལ་སྨིན་གྱུར་པས༔  དཔེར་ན་སྐྱེས་པའི་མཚོན་ཆ་འདྲ༔  རང་གིས་བྱས་ཤིང་རང་ཉིད་འཇོམས༔  འཇིག་རྟེན་འདི་ནི་མི་རྟག་སྟེ༔  ས་ནི་ནམ་མཁར་འཕགས་ཀྱང་སྲིད༔  ཉི་ཟླ་ས་ལ་ལྷུང་ཡང་སྲིད༔  རླུང་ {{TibChung|[28b]}} ནི་ཞགས་པས་ཟིན་ཀྱང་སྲད༔  ཆུ་བོ་གྱེན་ལ་ལོག་ཀྱང་སྲིད༔  རྒྱལ་བའི་བཀའ་ལ་འགྱུར་མི་སྲིད༔  རྒྱལ་བའི་བཀའ་ལས་མ་འདའ་བར༔  རང་རང་གནས་སུ་ད་ནི་དེངས༔  རྒྱལ་བའི་བཀའ་ལས་འདས་གྱུར་ན༔  དེ་ཚེ་སངས་རྒྱས་ཐུགས་ཁྲོས་ནས༔  སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས༔  ལྕགས་ཀྱུ་མཚོན་ཆ་སྣ་ཚོགས་ཀྱིས༔  སྙིང་ནས་བཟུང་སྟེ་བརླག་པར་བྱེད༔  ཚེ་འདིར་སྡུག་བསྔལ་དཔག་མེད་མྱོང་༔  ཕྱི་མ་ངན་སོང་གནས་སུ་ལྷུང་༔  དེ་བས་རང་རང་གནས་སུ་དེངས༔  ང་ཡིས་མཚམས་བཅད་ཚུན་ཆད་ལ༔  སུ་ཡང་འདའ་བར་མ་བྱེད་ཅིག༔  གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔  {{TibChung|གསུམ་པ་ཡས་ལམ་བསྟན་ཅིང་རྫོང་འདེབས་པ་ནི།  གླུད་གཏོར་རྣམས་ལ་འབྲུ་སྣ་ཤེལ་ཚིག་ལ་སོགས་པའི་རྫོང་གང་ཡོད་འདེབས་ཤིང་།}}      ཀྱཻ༔  འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔  སྣང་སྲིད་ལྷ་འདྲེ་ཆེ་རྒུ་རྣམས༔  ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔  རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔  བཀའ་ལ་མི་ཉན་དམ་འོག་ཏུ༔  མི་འདུ་བ་ཡི་གདོན་བགེགས་རྣམས༔  དྲག་ཤུལ་སྟོབས་ཀྱིས་དབང་དུ་བསྡུས༔  རྒྱ་མཚོ་ཆེན་ {{TibChung|[29a]}} པོའི་ཕ་མཐའ་རུ༔  རང་དབང་མེད་པར་དེད་ལ་སོང་༔  འཆི་བདག་གཤིན་རྗེའི་ཡུལ་དུ་ཁྱེར༔  ཕྱིར་མི་ལྡོག་པའི་ཟིལ་གནོན་ཐོབ༔  སྦྱིན་བདག་ནད་ལས་ཐར་བར་མཛོད༔  ནད་དེ་ནད་བདག་རང་ལ་སྡུས༔  ཟུག་རྔུ་དྲུང་ནས་འབྱིན་པར་མཛོད༔  གདོན་བགེགས་གནོད་བྱེད་མ་ལུས་པ༔  འཆི་བདག་གཤིན་རྗེ་ཁྱོད་ཀྱིས་ཁྱེར༔  ད་ནི་ལྷ་འདྲེའི་ལམ་བསྟན་པ༔  དགུ་ཚིག་སྐྱ་མོ་ཡས་ཀྱི་ལམ༔  སྣང་སྲིད་ལྷ་འདྲེ་དེ་རུ་བཞུད༔  ཤར་ཕྱོགས་ལྷ་འདྲེ་ཤར་དུ་གཤེགས༔  དྲི་ཟའི་ཡུལ་དུ་གནས་རྟེན་ཆོས༔  ཤར་གྱི་གནོད་བྱེད་དེ་རུ་ཁྱེར༔  ཆགས་ཞེན་ཕྱི་མིག་མ་བལྟ་ཞིག༔  ལྷོ་ཡི་ལྷ་འདྲེ་ལྷོ་རུ་གཤེགས༔  གཤིན་རྗེའི་ཡུལ་དུ་གནས༴  ལྷོ་ཡི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  ནུབ་ཕྱོགས་ལྷ་འདྲེ་ནུབ་ཏུ་གཤེགས༔  ཆུ་ལྷའི་ཡུལ་དུ༴  ནུབ་ཀྱི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  བྱང་ཕྱོགས་ལྷ་འདྲེ་བྱང་དུ་གཤེགས༔  གནོད་སྦྱིན་ཡུལ་དུ༴  བྱང་གི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  ཤར་ལྷོའི་ལྷ་འདྲེ་ཤར་ལྷོར་གཤེགས༔  མེ་ལྷའི་ཡུལ་ {{TibChung|[29b]}} དུ༴  ཤར་ལྷོའི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  ལྷོ་ནུབ་ལྷ་འདྲེ་མཚམས་སུ་གཤེགས༔  སྲིན་པོའི་ཡུལ་དུ༴  ལྷོ་ནུབ་གནོད་བྱེད༴  ཆགས་ཞེན་ཕྱི༴  ནུབ་བྱང་ལྷ་འདྲེ་མཚམས་སུ་གཤེགས༔  རླུང་ལྷའི་ཡུལ་དུ༴  ནུབ་བྱང་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  བྱང་ཤར་ལྷ་འདྲེ་མཚམས་དེར་གཤེགས༔  དབང་ལྡན་ཡུལ་དུ༴  བྱང་ཤར་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  སྟེང་ཕྱོགས་ལྷ་འདྲེ་སྟེང་དུ་གཤེགས༔  ཚངས་པའི་ཡུལ་དུ༴  སྟེང་གི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  འོག་ཕྱོགས་ལྷ་འདྲེ་འོག་ཏུ་གཤེགས༔  དཔག་ཚད་བརྒྱད་ཁྲིའི་འོག་རོལ་དུ༔  རྟེན་ཆོས་འོག་ནས་བྱུང་བ་ཡི༔  གནོད་བྱེད་ཐམས་ཅད་དེ་རུ་ཁྱེར༔  ཆགས་ཞེན་ཕྱི་མིག་མ་བལྟ་ཞིག༔  ཀྱཻ༔  འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔  སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ༔  ཡང་ཅིག་རྫོངས་སུ་འདེབས་པ་ནི༔  འགྲན་བྲལ་ངར་གྱི་མི་བོ་ཆེ༔  ཁོག་སྟོད་དེ་ནི་གསེར་ལས་བྱས༔  ཁོག་སྨད་དངུལ་ལས་བྱས་པ་སྟེ༔  ལོང་ཐང་ནག་པོའི་མིག་འབྲས་ལ༔  མགྲོན་བུ་དཀར་ {{TibChung|[30a]}} པོའི་སོ་ཕྲེང་བྱས༔  རྐང་ལག་རིན་ཆེན་ཟངས་ལ་གྲུབ༔  ཟེར་མོང་དག་ལས་གྲུབ་པའི་སྐྲ༔  ལག་གཡས་དཔག་བསམ་ལྗོན་ཤིང་དང་༔  གཡོན་པ་འདོད་འབྱུང་ནོར་བུ་ཐོགས༔  སྨྲ་མཁས་དེ་ནི་དྭགས་སེ་དག༔  འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ༔  གཅིག་ལས་གྲངས་དཔག་མེད་པར་འཕྲོས༔  དེ་འདྲའི་ཡོན་ཏན་ཀུན་ལྡན་པའི༔  འགྲན་བྲལ་ངར་གྱི་མི་ཆེན་འདི༔  སྦྱིན་བདག་ཕོ་མོའི་གླུད་དུ་བསྐྱལ་༔  ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔  འདབ་ཆགས་སྡེར་ཆགས་རྨིག་ཆགས་དང་༔  གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔  དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔  ཁྱེད་ལྷ་འདྲེའི་ཚོགས་ལ༴  གསེར་དངུལ་ཟངས་ལྕགས་གཡུ་བྱེ་རུ༔  རིན་ཆེན་ནོར་གྱི་རིགས་གྱུར་པ༔  དངོས་འབྱོར༴  ཁྱེད་ལྷ་འདྲེའི༴  སྦྲ་ཁང་དར་གུར་ལ་སོགས་པའི༔  ཡིད་དང་མཐུན་པའི་ཁང་ཁྱིམ་རིགས༔  དངོས་འབྱོར༴  ཁྱེད་ལྷ༴  ཀ་ཆ་དཀོར་ཆ་གོ་མཚོན་རིགས༔  འདོད་རྒུའི་ཡོ་བྱད་སྣ་ཚོགས་པ༔  དངོས་འབྱོར༴  ཁྱེད་ལྷ་འདྲེའི་ {{TibChung|[30b]}} ཤ་ཁྲག་དམར་གྱི་རྒྱ་མཚོ་དང་༔  དཀར་གསུམ་མངར་གསུམ་ཟས་ཀྱི་རིགས༔  དངོས་འབྱོར༴  ཁྱེད་ལྷ༴  ཇ་ཆང་འོ་ཞོ་ལ་སོགས་པའི༔  སྐོམ་དུ་བཏུང་བའི་རིགས་བྱེད་ཀུན༔  དངོས་འབྱོར༴  ཁྱེད་ལྷ༴  མདོར་ན་བཟའ་བཅའ་བཏུང་བ་དང་༔  ལྡག་པ་གཞིབ་པ་ལ་སོགས་པའི༔  རང་རང་ཡིད་མཐུན་ཟས་ཀྱི་རིགས༔  དངོས་སུ་འབྱོར་བ་བཤམས་པ་ལ༔  ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤྲུལ༔  ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔  ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔  ང་ཡིས་འབུལ་བ་མ་ནོར་ལ༔  ཁྱེད་ཀྱིས་བཞེས་པ་མ་ནོར་ཅིག༔  དགའ་མགུ་ཡི་རང་ཚིམས་གྱུར་ནས༔  ད་ནི་ཆོས་ཆོས་འགྲོ་རེ་རན༔  དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔  བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔  ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔  བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག་ཅིང་སོང་།  སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༴  མོ་ལྟས་རྨི་ངན་མཚན་ངན༴  མི་ཡི་ན་ཚ་མ་ལུས༴  ཕྱུགས་ཀྱི་གོད་ཁ་མ་ལུས༴  ཆེ་སྲི་ཆུང་སྲི་མ་ལུས༴  གཞོན་སྲི་ {{TibChung|[31a]}} དར་སྲི་ཐམས་ཅད༴  བྱུར་སྲི་དམ་སྲི་ཐམས་ཅད༴  ལྟོག་འགོང་དབུལ་སྲི་ཐམས་ཅད༴  ཟ་འདྲེ་ཕུང་སྲི་ཐམས་ཅད༴  གྲི་ཁ་མཚོན་ཁ་ཐམས་ཅད༴  ཐན་དང་ལྟས་ངན་མ་ལུས༴  མི་ཁ་ཁ་མཆུ་གྱོད་སྲི༴  དུས་མིན་འཆི་བ་བཅོ་བརྒྱད༴  འཇིགས་ཆེན་བརྒྱད་དང་བཅུ་དྲུག༴  བན་བོན་ཀླ་ཀློའི་བྱད་ཁ༴  གཏད་མནན་ཧོམ་ཟོར་གནོད་པ༴  སྔོན་ལས་འཕྲལ་རྐྱེན་ངན་པ༴  གཤིན་རྗེའི་ཁྲམ་ཁ་མ་ལུས་བསྒྱུར་ཅིང་སོང་༔  བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་ཟློག༔  མ་མོའི་ནད་ཡམས་ལྷ་འདྲེའི་རྟགས་བཏབ་ཟློག༔  སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་དང་༔  གཟུགས་ཅན་གཟུགས་མེད་དགྲ་བགེགས་མ་ལུས་པ༔  བཟློག་ཅིང་བསྒྱུར་ལ་ཁྱེད་ཅག་རྣམས་ཀྱིས་གཞོམ༔  མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་ཀུན༔  མ་ལུས་ལུས་པ་མེད་པར་ཟློག་ཅིང་སོང་༔  ནད་མུག་མཚོན་འཁྲུགས་ཨར་ཇག་རྐུན་མའི་རིགས༔  འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི༔  སྣང་སྲིད་ལྷ་འདྲེ་ཁྱོད་ལ་གཏད་དོ་ཁྱེར༔  རྗེས་ཤུལ་ལྷག་མ་ {{TibChung|[31b]}} མེད་པར་ཧབ་ཐོབ་གྱིས༔  གནས་འདིར་མ་གནོད་མ་རྒོལ་མ་སྡང་ཞིག༔  མ་ཆགས་མ་ཞེན་མ་འཁོར་འགྲོ་བར་གྱིས༔  གལ་ཏེ་མི་འགྲོ་བཀའ་ལ་མི་ཉན་ན༔  དུས་གསུམ་རྒྱལ་བ་རྣམས་ཀྱིས་བཀའ་བཅག་པའི༔  བཀའ་ཆད་དྲག་པོས་མགོ་བོ་ཚལ་པར་འགེམ༔  རྡོ་རྗེའི་མེ་དབལ་ཆེན་པོ་སྙིང་བསྲེགས་ནས༔  ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔  རྣམ་ཤེས་མནར་མེད་དམྱལ་བའི་གནས་སུ་ལྟུང་༔  དེ་བས་ད་ལྟ་ཉིད་དུ་ལ་འུར་སོང་༔  སརྦ་བིགྷྣན་གཙྪ་ཧཱུྃ་ཕཊ༔  {{TibChung|ཞེས་ལམ་བསྟན་དང་འབྲེལ་ཟློག་པའི་ཕྲིན་ལས་བཅོལ་ལོ།  །གཉིས་པ་ཕྱི་རོལ་དུ་བྱ་བ་ལ་བདུན།  གསེར་སྐྱེམས།  གཟུ་དཔང་ཟ་ལམ།  ཟློག་སྒྱུར།  གཏོར་ཟོར།  བརྟན་སྐྱོང་།  རྟ་བྲོ།  རྒྱལ་དབྱངས་ཤིས་བརྗོད་དོ།  །དང་པོ་ནི།  འཛོམ་ན་སློབ་དཔོན་སྔགས་ཆས་སུ་ཞུགས།  མདོས་སྐྱེལ་བ་རྣམས་ཀྱང་ཞྭ་གོས་ནག་པོ་གྱོན།  དཀར་གཏོར་དང་གསེར་སྐྱེམས་ཐོགས་པས་སྣ་དྲངས་ཏེ་བསྔོ་ཡུལ་མགྲོན་གྱི་བཅའ་གཞི།  བསྔོ་བྱ་མདོས་ཀྱི་བཀོད་པ།  དཀར་མཆོད་དང་དམར་མཆོད་སོགས་རིམ་པས་ཁྱེར།  སློབ་དཔོན་གྱིས་གདོང་བླངས་ནས་ཆོག་རོག་བཅས་ཕྱི་རོལ་གང་དུ་འཕེན་པའི་སར་ཕྱིན་ཏེ།  དེ་ཡང་ཕྱོགས་འགྲིགས་ན་སྒྲུབ་པ་པོ་དང་ཡོན་བདག་གི་ལོ་ལྷ་མིན་པ།  གཟའ་ {{TibChung|[32a]}} རྒོད་དང་མཁའ་འགྲོ་རྒྱུ་ཕྱོགས་སུ་གདོང་མ་ཐུག་པར་བྱས་ལ་ལྷོ་སྟོད་སྨད་གཉིས།  ཤར་ལྷོ་ལྷོ་ནུབ་བཅས་ངོས་ཞིག་ཏུ་འགྲིགས་དགོས་པས་དེ་ལྟར་ཁྱེར།  གྲོང་ཟད་པའི་མཐར་ཆུ་ཆེན་ཡོད་ན་ལེགས་ཤིང་མེད་ཀྱང་ཁང་པ་མི་མཐོང་བའི་སར་ཕྱིན།  ཤིན་ཏུ་ཉེ་ནའང་གོམ་པ་བདུན་ཅུ་ལས་ཉེ་མི་རུང་ཞིང་།  འཕང་བའི་ས་དེར་སླེབས་པ་དང་གོ་རིམ་ལྟར་ཁ་ཕར་བསྟན་ལ་བསྒྲིག  །དཀར་གཏོར་དང་གསེར་སྐྱེམས་བཏེགས་ལ།  འདོད་ཡོན་ཟག་པ་མེད་པ་ལོངས་སྤྱོད་ཀྱི་གཏེར་དུ་གྱུར།}}      ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་བརླབ་ལ།}}    ཧཱུྃ༔  རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་།  བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ།  །ཁྱད་པར་ཁྲག་འཐུང་དྲག་པོའི་ལྷ་ཚོགས་རྣམས།  གསེར་སྐྱེམས་འདི་བཞེས་རྣལའབྱོར་མཐུ་དཔུང་བསྐྱེད།  མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས།  །དྲེགས་པ་སྡེ་བརྒྱད་གཏེར་སྲུང་དམ་ཚིག་ཅན།  །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས།  །གསེར་སྐྱེམས༴  །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་།  །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག  །  ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས།  །གསེར་སྐྱེམས་འདི་བཞེས་ {{TibChung|[32b]}} རྣལ་འབྱོར་མཐུ་དཔུང་བསྐྱེད།  །{{TibChung|ཅེས་གསེར་སྐྱེམས་མདོས་འཕེན་ཕྱོགས་སུ་ཕུལ།  གཉིས་པ་གཟུ་དཔང་གསོལ་ཞིང་ཟ་ལམ་བསྟན་པ་ནི།}}    ཧཱུྃ༔  དཀོན་མཆོག་རྩ་གསུམ་ལྷ་ཚོགས་དང་༔  ཁྱད་པར་ཁྲག་འཐུང་སྲུང་མར་བཅས༔  ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས༔  མཆོད་འོས་ཀུན་ལ་གསེར་སྐྱེམས་འབུལ༔  ཉེས་མེད་རྣལ་འབྱོར་འཁོར་བཅས་ལ༔  སྡང་དགྲ་གདོན་བགེགས་ཀུན་གྱིས་བརྙས༔  བདེན་བརྫུན་ཤན་ཕྱེས་གཟུ་དཔང་མཛོད༔  དམ་ཚིག་གཉན་དགོངས་དགྲ་བགེགས་སྒྲོལ༔  ཧཱུྃ༔  མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔  དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔  ཁྲག་འཐུང་ལྷ་ཚོགས་དམག་དཔུང་བསྐྱེད༔  མི་མཐུན་རྐྱེན་དང་བར་ཆད་ཟློག༔  བྷྱོ་བྷྱོ༔  སྣང་སྲིད་ལྷ་འདྲེའི་དཔུང་ཚོགས་ཀུན༔  མདོས་གླུད་བཟང་པོ་འདི་ཁྱེར་ལ༔  ཟ་ལམ་དགྲ་བགེགས་སྟེང་དུ་ཕྱེས༔  མདོས་དང་གཏོར་མའི་ལྷག་མ་ཀུན༔  ནད་མཚོན་དུག་གི་ཟོར་དུ་སྒྱུར༔  ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔  བསྟན་འགྲོར་འཚེ་བའི་དགྲ་ལ་འཕེན༔  ཟོར་འཕེན་གནོད་པའི་བགེགས་ལ་ {{TibChung|[33a]}} འཕེན༔  ནག་ཕྱོགས་གདུག་པའིབགེགས་ལ་འཕེན༔  ཟོར་འཕེན་བར་ཆད་ཟློག་ཕྱིར་འཕེན༔  ཆགས་ཆེ་ཉམ་ང་ཕྱི་ལ་བསྒྱུར༔  རྦད་འདྲེ་རྦོད་གཏོང་དགྲ་ལ་བྷྱོ༔  སྡེ་བརྒྱད་ཟ་ཁ་བགེགས་ལ་ཡ༔  དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔  ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔  {{TibChung|གསུམ་པ་མདོས་གཏོར་འཕང་ཞིང་ཟློག་སྒྱུར་བྱ་བ་ནི།  གཤིན་རྗེའི་བཅའ་གཞི་སྒྲོམ་ཁྲི་སོགས་བཏེགས་ལ།}}    ཧཱུྃ༔  དབང་དྲག་འབར་བ་ཡབ་ཡུམ་གྱི༔  ལྷ་སྔགས་ཏིང་འཛིན་ནུས་རྩལ་ལས༔  དཔལ་གྱི་གཏོར་ཟོར་མི་ལྟར་འབར༔  དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔  མཐའ་དམག་གདུག་པའི་གནོད་པ་ཟློག༔  ཧོར་སོག་རྒྱ་འདྲེའི་གནོད་པ་ཟློག༔  འགོང་པོ་སྤུན་དགུའི་གནོད་པ་ཟློག༔  དུ་རུཥྐ་ཡི་གནོད་པ་ཟློག༔  {{TibChung|ཅེས་དང་།}}      བྷྱོ༔  གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔  རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔  གནོད་ཅིང་བར་དུ་གཅོད་པ་ཡི༔  ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔  ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴  དུས་མིན་འཆི་དང་འཇིགས་བརྒྱད༴  གློ་བུར་བདུན་བརྒྱ་ {{TibChung|[33b]}} ཉི་ཤུ༴  བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴  གདོན་རིགས་ཉི་ཁྲི་ཆིག་སྟོང་༴  ཀེག་ཆེན་གསུམ་བརྒྱ་དྲུག་ཅུ༴  ལྷ་ཆེན་དྲག་པོའི་གདུག་རྩུབ༴  ལྷ་མ་ཡིན་གྱི་རྒྱུ་ཐབས༴  མགོན་པོས་པར་བུ་བསྐོར་བ༴  གཤིན་རྗེའི་འཁྲུལ་འཁོར་བཅས་པ༴  དྲང་སྲོང་བྲམ་ཟེའི་དམོད་པ༴  གཟའ་ཡི་ཀི་ཀང་འཕེན་པ༴  བཙན་ནད་གཟེར་ཁ་གཏོང་བ༴  ས་བདག་ཀླུ་ཡི་མཛེ་ནད༴  བནྔྷེས་འབུམ་སྐོར་བྱེད་པ༴  སྔགས་པས་སྔགས་ཟོར་འཕེན་པ༴  བོན་གྱི་ཛོ་དམར་འཕེན་པ༴  མུ་སྟེགས་ངན་སྔགས་བྱེད་པ༴  བྱད་ཕུར་རྦོད་གཏོང་ཟུག་པ༴  མནན་གཏད་བསྲེགས་འཕང་བྱས་པ༴  མོ་རྩིས་རྨི་ལྟས་མཚན་ངན༴  སྔགས་ཞགས་མདའ་ལྟར་འཕེན་པ༴  ཕྱི་ཞགས་གྲུ་གུར་ཐུལ་བ༴  མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག༔  {{TibChung|ཅེས་སློབ་དཔོན་ལྟ་བའི་གདིང་བསྒོམ་པའི་གསལ་སྣང་དང་བཅས་པས་གཤིན་རྗེའི་གཟུགས་ཁ་ཕར་གྱུས་ཏེ་འཕང་།  དེའི་རྗེས་སུ་མདོས་གླུད་ཡོངས་རྫོགས་ཁ་ཕར་གྱུ་སྟེ་བཞག    །བཞི་པ་གཏོར་ཟོར་འཕང་བ་ནི།  ཐུན་གཏོར་ལ་རཀྟ་བྲན།  འགུགས་གཞུག་སྤྱི་ལྟར་བྱས་ལ།  བྱད་མ་དགྲ་བགེགས་འགུགས་བསྟིམ་བྱས་ཏེ་གཏོར་མ་དགྲ་བགེགས་དངོས་སུ་ {{TibChung|[34a]}} གསལ་བ་ལ་རང་གི་སྙིང་ག་ནས་ཛཿཡིག་དམར་ནག་འཕྲོས་པ་དམིགས་བྱའི་གཤང་ལམ་ནས་ཞུགས་སྙིང་གར་སླེབས་པ་ན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དགུ་པར་གྱུར་པ་འཁོར་བས་གཟུགས་ཕུང་རྡུལ་དུ་བརླག་པར་བསམ་ལ་སྨན་ཕུད་བྲན་ཞིང་བྱིན་བརླབ་སྤྱི་ལྟར་བྱ།}}    གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ཆལ་ཆོལ་དུ་གསོལ་བར་{{TibChung|བསམ་ཞིང་།  ཡི་དམ་གྱི་རྩ་སྔགས་ལ།}}      ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤཱ་ཏྲུན་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།  {{TibChung|ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་མཐར་གཏོར་མའི་ལྷག་མ་ནད་མཚོན་དུག་གི་རང་བཞིན་ཐོག་རྒོད་འཁྲུགས་པ་ལྟར་བྱུང་བས་དགྲ་བགེགས་ཀྱི་གནས་ལུས་ལོངས་སྤྱོད་དང་བཅས་པ་ཐལ་བའི་རྡུལ་བཞིན་བརླག་པར་བསམ་ཞིང་།}}    ཧཱུྃ༔  ང་ནི་ཁྲོ་རྒྱལ་ཧེ་རུ་ཀ༔  འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔  ང་ལས་ཆེ་བཙན་སུ་ཡང་མེད༔  ངས་ནི་དྲག་པོའི་གཏོར་ཟོར་འཕེན༔  ཕྱོགས་མཚམས་སྟེང་འོག་གནས་རྒྱུ་བའི༔  སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔  གཏོར་ཆེན་མཚོན་ཆའི་ཟེར་འཕྲོས་པས༔  ལུས་སེམས་མ་ལུས་བརླག་པར་མཆིས༔  ཟོར་ལས་ཕྱེས་ལ་སྐུ་བཟུར་ཅིག༔  བརྣག་པའི་དགྲ་བགེགས་མ་གཏོགས་པ༔  ཉེས་མེད་ {{TibChung|[34b]}} རྣམས་ལ་ཟོར་མི་འཕེན༔  ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད༔  དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔  ཉམས་པའི་དགྲ་བོ་སྡིག་ཅན་འདི༔  རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔  {{TibChung|དྲག་སྔགས་སོ་ལྔ་པའམ་ལས་སྔགས་སྤུ་གྲི་གང་རུང་མཐར་}} མ་ཧཱ་ཤ་རི་བྷྱོ་ཟློག༔  {{TibChung|ཅེས་བཟླ་ཞིང་གཏོར་ཆེན་རྔམས་སྟབས་སུ་འཕངས་ལ་ཐལ་མོ་དང་རྡུལ་མོ་བརྡབ།  གོ་ཆ་མཚོན་ཆ་ཅན་ཡོད་ན་བསྭོ་སྒྲ་སྒྲོག  །དར་ནག་བརྡབ།  རྣལ་འབྱོར་ནུས་པ་དམན་པའམ་ཕྱོགས་གཙང་མ་འགྲིགས་ན་ཁ་ཕར་གྱུས་ལ་བཞག་པའམ།  ཆུ་ཆེན་ཡོད་ན་དེའི་གཞུང་དུ་བསྐྱལ།  ལས་བྱང་བཞིན་སྲུང་འཁོར་བརྟན་པོར་བསྒོམ་རྗེས།}}      སྤྲུལ་པའི་བྱ་ཁྱུང་ནག་པོ་རི་རབ་ཙམ་ཞལ་ཕར་གཟིགས་ནས་རྗེས་སྙེགས་བཅད་པར་གྱུར།  ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ།  {{TibChung|ཅེས་བརྗོད་ལ་སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་བལྟ་བར་ལོག་གོ།  །ལྔ་པ་བརྟན་མ་བསྐྱང་བ་ནི།  སྒོ་དྲུང་དུ་བརྟན་མའི་གཏོར་མར་གཏོར་སྣོད་སྨན་ཕུད་ཀྱིས་བཤལ་བ་བྲན་ལ།  འབྲུ་གསུམ་གྱིས་བྱིན་བརླབ་ལ་ལས་བྱང་ལྟར་ཕུལ།  དྲུག་པ་བྲོ་བརྡུང་བ་ནི།  གཏོར་གཞོང་ཁ་སྦུབ་པར་དགྲ་བགེགས་འགུགས་གཞུག་བྱས་ལ་ལས་བྱང་ལྟར་བྲོ་བརྡུང་།  བདུན་པ་རྒྱལ་དབྱངས་ཤིས་པ་བརྗོད་པ་ནི།  རྣལ་འབྱོར་པ་རྣམས་ཞལ་གྱེན་དུ་ཕྱོགས་ལ་འབྲུ་འཐོར་ཞིང་།}}      ཧཱུྃ།  བྱིན་རླབས་ {{TibChung|[35a]}} འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་།  །རྩ་བརྒྱུད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས།  །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས།  །རྒྱལ་ལོ་དུག་ལྔའི་གཡུལ་ལས་ད་རྒྱལ་ལོ།  །དངོས་གྲུབ་མེ་དཔུང་ཐིག་ལེ་འབར་བའི་དབུས།  །ཡི་དམ་ཞི་ཁྲོ་རབ་འབྱམས་མཐུ་སྟོབས་ཀྱིས།  །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས།  །རྒྱལ་ལོ་བདུད་བཞིའི་དཔུང་ལས་ད་རྒྱལ་ལོ།  །ཕྲིན་ལས་མཚོན་ཆའི་བུ་ཡུག་འཚུབས་པ་ནས།  མཁའ་འགྲོ་ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས།  །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས།  རྒྱལ་ལོ་དགྲ་དང་བགེགས་ལས་ད་རྒྱལ་ལོ།  །སྟོབས་བཅུ་མངའ་བ་བདུད་ཀྱི་དཔུང་ལས་རྒྱལ།  །ལྷ་ཡི་དབང་པོ་ལྷ་མ་ཡིན་ལས་རྒྱལ།  །རྡོ་རྗེ་ཕ་ལམ་དངོས་པོ་ཀུན་ལས་རྒྱལ།  །རིག་པའི་ཡེ་ཤེས་མ་རིག་པ་ལས་རྒྱལ།  །ཆོས་ཉིད་བདེན་པ་ཆོས་ཅན་གནས་ལས་རྒྱལ།  །དཀར་ཕྱོགས་ལྷ་སྲུང་ནག་པོའི་ཕྱོགས་ལས་རྒྱལ།  །བདག་ཅག་མཆོད་ཡོན་འཆི་བདག་གཡུལ་ལས་རྒྱལ།  །ཕྱོགས་ལས་རྣམ་རྒྱལ་ {{TibChung|[35b]}} བཀྲ་ཤིས་ཨེ་མ་ཧོཿ    །  {{TibChung|ཞེས་དང་།  ཤིས་བརྗོད་ཤློ་ཀ་རེ་ཟུང་བྱ།  དེནས་ནང་དུ་སླེབས་པ་དང་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱིས་བསྒྲུབས་པའི་སྔགས་ཆུས་གནས་ཁང་ཕྱི་ནང་ཀུན་ཏུ་བསང་གཏོར་ལེགས་པར་བྱ།  སྐབས་འདིར་ནད་པ་གལ་ཆེ་བར་ཚེ་ཆོག་དང་འབྲེལ་ན་ཚེ་དབང་བསྐུར་ཞིང་།  ཚེ་དབང་དང་མི་འབྲེལ་བའི་སྤྱི་ཙམ་ལའང་ཚེ་འགུགས་བསྐུལ་ཞིང་རྒྱས་གདབ་ཤིས་བརྗོད་ཙམ་བྱ།  མཐར་སྲུང་མའི་རྗེས་ཆོག་དང་ཡི་དམ་རང་གཞུང་གི་གཏང་རག་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་རྒྱས་པར་སྤེལ་བས་གྲུབ་བོ།  །འདིར་ཞར་བྱུང་དུ་སྨོས་ན།  སློབ་དཔོན་ཕྱི་རོལ་བྱོན་མི་ཐུབ་པ་དང་།  སྤྲོས་བཅས་ཀྱི་ལག་ལེན་མི་འགྲིགས་ན་འདོན་ཆ་ཚང་ངམ་ནང་ནས་བྱས་ལ།  ཡས་གླུད་རྣམས་ཕྱི་རོལ་སྐྱེལ་དུ་བཏང་ནའང་ཧ་ཅང་མི་རུང་བ་མེད།  གང་ལྟར་པྲ་ལྟས་བརྟག་པ་ལ།  མདོས་གླུད་ཁ་ཕྱིར་བསྒྱུར་ན་ཆག་སྒོ་མེད་པས་བཟང་།  ཁ་ཡར་བསྒྱུར་ན་ཟློག་པ་བསྐྱར་ལ་བྱ།  འཕྲེད་དུ་བསྒྱུར་ན་ཉེས་ཆེར་མི་འབྱུང་ཡང་སྐུ་རིམ་ལ་འབད།  དེ་ལྟར་མདོས་ཆོག་འདི་ཉིད་བསྒྲུབ་པས་རྐྱེན་ཆ་ཇི་ལྟར་ཆེ་ཡང་ལན་གསུམ་བསྐྱར་ན་མི་ཟློག་མི་སྲིད་ཅེས་གསུངས་ཤིང་།  གཞན་ཡང་གཞུང་ལས།  བསྐྱེད་རྫོགས་གདིང་དང་ལྡན་པའི་རྣལ་འབྱོར་གྱིས༔  འདི་ལྟར་མདོས་གླུད་བཏང་བའི་ཡོན་ཏན་ {{TibChung|[36a]}} ནི༔  ནད་པའི་ཚེ་བསྲིང་འཆི་བ་བསླུ་བ་དང་༔  འདྲ་གདོན་བགེགས་ཀྱི་རྒོལ་བ་ཐམས་ཅད་དང་༔  མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་པ༔  ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔  འབྱོར་པ་ཆེ་ཆུང་དབང་དུ་བྱས་ནས་སུ༔  མདོས་རྫས་གླུད་རྫས་གྲངས་མང་རྒྱ་ཆེ་ཞིང་༔  མཛེས་ཤིང་གཙང་སྦྲ་བྱེད་པ་གནད་དུ་ཤེས༔  ལྔ་བརྒྱ་དུས་ཀྱི་མཐའ་མ་ལ་བབས་ཚེ༔  འདྲེ་རྒོད་གདུག་པས་སྐྱེ་འགྲོའི་སྲོག་ལ་རྒོལ༔  ཤི་ཚད་འདྲེར་ལྡང་གསོན་ལ་ཟ་ཁ་སྟོན༔  མི་ཕྱུགས་ཀུན་ལ་མི་བདེའི་ལ་ཡོག་འདོར༔  དེ་དག་བཟློག་པའི་ཐབས་ལ་འདི་ཟབ་པས༔  གཞན་གྱིས་བཟློག་པར་མི་ནུས་པ་ཡི་རིགས༔  ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔  པད་བྱུང་བདག་གིས་འགྲོ་ལ་སྙིང་བརྩེ་བས༔  སྨོན་ལམ་མཐུ་དང་ཏིང་འཛིན་རྒྱ་ཡིས་བཏབ༔  ཅེས་རྡོ་རྗེའི་གསུང་ལ་ནམ་ཡང་བསླུ་བ་མེད་པས་ན་ཡིད་ཆེས་པའི་གནས་སུ་རིགས་པར་བྱའོ།  །སྲིད་ན་གཅེས་པ་བླ་སྲོག་ནོར་གྱི་བུ།  །གཤིན་གྱི་རྗེ་བོའི་གྲེ་བ་ནས་ཕྱུངས་ཏེ།  །སྐལ་བཟང་སྲོག་གི་ཟུངས་སུ་སྩོལ་མཁས་པ།  །མཚོ་སྐྱེས་བླ་མ་ཁྱོད་མིན་གཞན་སུ་ཞིག      །དེ་ལྟའི་མན་ངག་ཟབ་གཏེར་གསང་མཛོད་ཀྱི།  ། {{TibChung|[36b]}} ཡང་གསང་ཚེ་སྒྲུབ་ཟབ་མོའི་ཆ་ལག་ཉིད།  །ཉམ་ཐག་གདུང་བ་སེལ་བའི་ཆ་རྐྱེན་དུ།  །བཀླག་ཆོག་འཇུག་བདེའི་ངག་ཁྲིགས་འདི་བསྡེབས་སོ།  །མདོས་གཏོར་ཡས་ཀྱིས་ལན་ཆགས་མགྲོན་རྣམས་ཚིམས།  །རིང་འཚོའི་བདུད་རྩིས་མོས་ལྡན་བསྲུང་བྱ་ཚིམས།  །བདེ་དགའི་དཔལ་གྱིས་མཆོད་ཡོན་འབྲེལ་བཅས་ཚིམས།  །གཏན་གྱི་བདེ་བས་འགྲོ་ཀུན་ཚིམས་བྱེད་ཤོག  །ཅེས་བདུད་འཇོམས་གཏེར་གསར་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཆ་ལག་འཆི་བསླུ་གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་ཟློག་ཅེས་བྱ་བ་འདི་ནི།  རིང་མོ་ཉིད་ནས་ཤར་ཕྱོགས་མོན་ཡུལ་མངྒ་ལའི་ལྗོངས་ཀྱི་སྔགས་སྟོན་ཚེ་དབང་དཔལ་འབྱོར་གྱིས་ཡང་ཡང་བསྐུལ་བ་ཡིད་ལ་བཅག་པའི་ཐོག  །ཉེ་ཆར་མདོ་ཁམས་ཕྱོགས་ཀྱི་རིགས་སྔགས་སྨྲ་བ་ཚེ་རིང་ལྷ་དབང་གཡུལ་རྒྱལ་གྱིས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས།  གཏེར་གཞུང་རྩ་བའི་མན་ངག་གྱེར་ཤོམ་གྱི་རིམ་པ་རྣམས་གཞིར་བཟུང་།  གླུད་རབས་སོགས་ཅུང་ཟད་སྤྲོས་པའི་ཆ་རྐྱེན་རིག་མཐུན་གྱི་གཏེར་ཁ་ལས་ཁ་བསྐང་།  ཆོ་གའི་ཡན་ལག་གི་མཚམས་སྦྱོར་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ།  གྲོང་སྔགས་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་སྔགས་བན་ཀུན་བཟང་ {{TibChung|[37a]}} དབང་འདུས་ཀྱིས་བགྱིས་པའོ།  །འདིས་ཀྱང་འགྲོ་རྣམས་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་པའི་དཔུང་གཉེན་མཆོག་ཏུ་གྱུར་ཅིག    །སརྦ་དཱ་མངྒ་ལཾ།།  །།}} }}
{{TibChung|གཉིས་པ་དམར་མཆོད་ལ་སྦྱོར་བ་དང་།  དངོས་གཉིས་ལས།  དང་པོ་ནི།  འགྲུབ་ན་སློབ་དཔོན་སྔགས་ཆས་སྤྲད།  མ་འགྲུབ་ན་ཕོ་རོག་གདོང་ཞུ་གྱོན་ཞིང་གདོང་ལ་སོལ་བས་ཞུར་ནག་དང་།  མཁུར་ཚོས་ལ་ཁྲག་གི་ཐིག་ལེ་སོགས་དྲག་པོའི་ཆས་དང་འདྲུག་སྟངས་བཅས་ངེས་པར་ཡི་དམ་ཁྲོ་བའི་ང་རྒྱལ་བསྐྱེད།  ལྟ་དགོངས་ཏིང་འཛིན་གཡེལ་བ་མེད་པའི་ངང་ནས།  ལིངྒ་རྣམས་བྲུབ་ཁུང་དུ་བཀོད་པ་མདུན་དུ་བཞག    །བསྒྲལ་ཆས་འདུ་བྱས་ལ།}}    ཨེ་ཡཾ་ཛྭ་ལ་རཾ།  བྲུབ་ཁང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས་གནོད་བྱེད་དགྲ་བགེགས་ཀྱི་གཟུགས་ཕུང་དབང་པོ་སྐྱེ་མཆེད་ཡོངས་སུ་རྫོགས་པར་གྱུར།  རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་རྣམ་པར་ཤེས་པ་ནྲྀ་དམར་ལྗང་དང་ཏྲི་དམར་སེར་ལ་ཕོག་པས་རང་དབང་མེད་པར་བཀུག་ནས་གཟུགས་ལ་ཐིམ་པར་གྱུར།  {{TibChung|ཅེས་དམིགས།  བྱད་ཁ་ཆེ་ན་བྱད་མ་བཀུག་ལ་བསྒྲལ་ནས་འཆི་བདག་ལ་བསྟབ་པས་ལས་མྱུར།  གདིང་ལྡན་གྱི་རྣལ་འབྱོར་པས་རང་དོན་བྱེད་ན་འཆི་བདག་གཤིན་རྗེ་འཁོར་བཅས་དང་།  ཚེ་སྲོག་ལ་ {{TibChung|[16b]}} བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བཀུག་ཅིང་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་སླར་ཁོ་རང་རྣམས་ལ་བྱིན་པས་རང་དབང་མེད་པར་ཟོས་ཏེ་ཚིམ་པར་དམིགས་ཞེས་གསུངས་ཀྱང་སུ་ཐོད་ཐོད་ཀྱི་བྱར་མི་རུང་ངོ་།  །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ།}}    ན་མོ།  དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།  སངས་རྒྱས་ཀྱི༴  ཆོས་ཀྱི༴  དགེ་འདུན་གྱི༴  ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴  མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི༴  དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴  ཁྱད་པར་དུའང་དཔལ་ཆེན་ཁྲག་འཐུང་ཁྲོ་བོའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི༴  ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས།  བདག་ཅག་དཔོན་སློབ་འཁོར་དང་བཅས་པའམ།  སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཚེ་ལ་རྐུ་ཞིང་སྲོག་ལ་འཇབ་པ།  དཀར་པོ་དགེ་བའི་ལས་སྒྲུབ་པ་ལ་བར་དུ་གཅོད་པའི་འབྱུང་པོ་མི་དང་མི་མ་ཡིན་གང་ཡིན་པ་དེ་དག་ཐམས་ཅད་གར་གནས་གང་དུ་འདུག་ཀྱང་རང་དབང་མེད་པར་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག  །ཨཱ་ཀརྵ་ཡ་ཛཿ    {{TibChung|[17a]}} {{TibChung|ལན་གསུམ།}}    ཧཱུྃ༔  དམ་ཚིག་ཆེན་པོའི་དུས་ལ་བབ༔  དཔལ་ཆེན་འབར་བའི་ལྷ་ཚོགས་རྣམས༔  སྤྲུལ་པ་འགྱེད་པའི་དུས་ལ་བབ༔  རང་དབང་མེད་པར་འདིར་ཁུག་ཅིག༔  དབང་དུ་སྡུས་ལ་འདིར་ཁུག་ཅིག༔  ཧཱུྃ༔  ཁྲོ་བོ་རོལ་པའི་འོད་ཟེར་འཁྱུགས༔  ལྕགས་ཀྱུ་སྤྲུལ་པས་ནམ་མཁའ་གང་༔  ཞགས་པ་སྤྲུལ་པས་བར་སྣང་གང་༔  ལྕགས་སྒྲོག་སྤྲུལ་པ་ས་གཞི་གང་༔  དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་གང་༔  འཁོར་འདས་ལག་ཏུ་ཤོར་མི་འཚལ༔  བཛྲ་ཨཾ་ཀུ་ཤ་ཛཿ  པཱ་ཤ་ཧཱུྃ༔  སྥོ་ཊ་བཾ༔  གཎྜེ་ཧོཿ  {{TibChung|ཞེས་ཕྱག་རྒྱ་བཞིས་འགུགས་འཆིང་བསྡམ་མྱོས་བྱ།}}    ཧཱུྃ༔  ལས་བྱེད་ཕོ་ཉའི་དུས་ལ་བབ༔  དངོས་གྲུབ་བར་ཆད་བྱེད་པའི་བགེགས༔  གདུག་ཅིང་སྡང་སེམས་ལྡན་པ་རྣམས༔  སྐྱོབ་བྱེད་ལྷ་དང་ད་ཕྲོལ་ཅིག༔  ལྷན་ཅིག་སྐྱེས་པའི་བདུད་དང་སྤྲོད༔  ཟུང་ཞིག་རྒྱོབ་ཅིག་བྱད་དུ་ཆུག༔  སྨྱོ་འབོག་རེངས་ཤིང་སྒུལ་སྐྱོད་བྲལ༔  ཕུང་པོ་རྣམ་ཤེས་རྟེན་དང་ཕྲོལ༔  པྲ་བེ་ཤ་ཡ་ཕཊ༔  {{TibChung|ཅེས་ལྷ་དང་དབྱེ་བ་སོགས་བྱ།  ཕུར་པ་ཐོགས་ལ།}}    ཧཱུྃ༔  ང་ནི་ཁྲག་འཐུང་འབར་བའི་སྐུ༔  སྲས་ {{TibChung|[17b]}} འཁོར་སྤྲུལ་པ་བྱེ་བ་འབུམ༔  བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔  དཔལ་ཆེན་ལྷ་ཚོགས་དུས་ལ་བབ༔  གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔  གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔  ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔  གནོད་བྱེད་དགྲ་བགེགས་མྱུར་དུ་སྒྲོལ༔  {{TibChung|དྲག་སྔགས་སོ་ལྔ་ལྟ་བུ་བརྗོད།  ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་བུ་བཏབ་ལ།}}      ཧཱུྃ༔  གནོད་བྱེད་དགྲ་བགེགས་རུ་ཏྲ་བདུད་དཔུང་ལ༔  འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབས་པ༔  འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང་༔  བརྡུང་བའི་དབྱུག་ཐོ་འགུགས་པའི་ལྕགས་ཀྱུ་དང་༔  གཅོད་པའི་སྟྭ་རེ་ལྔ་ལ་སོགས་པ་ཡིས༔  བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང་༔  གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔  སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུག༔  གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱུང་༔  རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔  རྡུལ་ཕྲན་རྡུལ་ཕྲན༔  ཕྱེ་མ་ཕྱེ་མ༔  དུམ་བུར་དུམ་བུར༔  ཤག་ཤག༔  ཚལ་པ་ཚལ་པ་རྦད༔  ཨོཾ་བཛྲ་ཏིཀྵྞ་ཁ་ཐིཾ༔  གནོད་བྱེད་དགྲ་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔    {{TibChung|[18a]}} {{TibChung|ཅེས་རལ་གྲི་སོགས་མཚོན་ཆས་དུམ་བུར་གཏུབ།  གཉིས་པ་དངོས་ལའང་གསུམ་གྱི།  དང་པོ་བྱིན་གྱིས་བརླབ་པ་ནི།  ཅོག་སྟེགས་ཁར་དྲག་སྣོད་དུ་གཡོན་ཕྱོགས་ཀྱི་ལིང་རོ་དང་།  ཆངས་བུ།  གཏོར་ཆུང་གང་ཡོད།  ཆང་།  འབྲུ་ནག  །ཤ་ཚིལ་སོགས་སྣོད་སོ་སོར་བཤམས་ལ་ནས་ཆན་བླུགས།  ཐེབས་སྟོངས་པའང་བཞག    ཆང་དང་ཁྲག་ཆབ་ཀྱིས་བྲན་ལ།}}    ཨོཾ་སྭ་བྷཱ་ཝ་{{TibChung|ས་སྦྱང་།}}    སྟོང་པའི་ངང་ལས་སྣོད་བྷནྡྷ་དམར་པོ་གྲུ་གསུམ་པའི་ནང་དུ།  གནོད་བྱེད་ཀྱི་གཟུགས་ཕུང་ལས་བཟའ་བ་ཤ་ཡི་རི་བོ།  བཏུང་བ་ཁྲག་གི་རྒྱ་མཚོ།  བཅའ་བ་རུས་པའི་གྲམ་ཁྲོད།  ལྡག་པ་ཚིལ་ཞུན་གྱི་ཕུང་པོ།  ཟག་པ་མེད་པའི་བདུད་རྩིར་གྱུར།  ཨོཾ་ཨཱཿཧཱུྃ༔  {{TibChung|ལན་གསུམ།  ཐེབས་སྟོང་པར་ཁག་ཆུ་སྦྲེང་ལ།}}    སམྦྷ་ར{{TibChung|འི་སྔགས་ལན་བདུན་བརྗོད།    གཉིས་པ་འབུལ་བ་ནི།}}    དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེའི་རྒྱལ་པོ།  ལས་མཁན་སྡེ་བརྒྱད།  ཕོ་གདོན་རྒྱལ་པོ།  མོ་གདོན་བསེན་མོ།  ཀླུ་གདོན་ས་བདག    །  ལོ་བདུད་ལོ་གཤེད་བཅུ་གཉིས།  བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ།  །{{TibChung|གསུམ་པ་ {{TibChung|[18b]}} བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི།}}    ན་མོ།  དཀོན་མཆོག་གསུམ་གྱི་བདེན་པ་དང་{{TibChung|སོགས་གོང་གི་དཀར་མཆོད་ལྟར་ལ།}}    དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་བྱད་མ་ལྷ་སྲུང་དང་བཅས་པའི་གནོད་བྱེད་ཐམས་ཅད་རང་བྱད་རང་ལ་ལོག་པར་གྱུར་ཅིག  །རང་གཤེད་རང་ལ་འབེབས་པར་གྱུར་ཅིག  །རང་སྲོག་རང་གིས་གཅོད་པར་གྱུར་ཅིག  །རང་ཤ་རང་གིས་ཟ་བར་གྱུར་ཅིག    །  རང་ཁྲག་རང་གིས་འཐུང་བར་གྱུར་ཅིག    །  རང་སྨ་རང་གིས་འབེབས་པར་གྱུར་ཅིག  །ཕུང་བར་གྱུར་ཅིག  །བརླག་པར་གྱུར་ཅིག    །  མེད་པར་གྱུར་ཅིག    །  སྟོང་པར་གྱུར་ཅིག    །  {{TibChung|ཅེས་རོལ་མོ་དང་བཅས་ཕུལ་བས་ཚར་དང་པོར་གྲུབ།  །བཤམས་བསྔོ་ཟིན་པ་རྣམས་གཡོན་ཕྱོགས་ཀྱི་ལྕགས་སྣོད་སྟོང་པ་བཞག་པའི་ནང་དུ་བླུགས།  བཤམ་སྣོད་རྣམས་ཀྱང་ཁྲག་ཆུས་བཤལ།  རྗེས་མ་བསྔོ་རྒྱུ་བཤམ་བྲན་བྱས་ལ་བྱིན་བརླབས་ནས་ཕྲིན་བཅོལ་བར་བྱ་ཚུལ་གོང་མས་རིགས་འགྲེས་ཏེ་བརྒྱ་རྩ་བརྒྱད་གྲངས་ཚང་འབུལ།  གྲངས་རྫོགས་པ་དང་བཤམ་སྟེགས་སོགས་བསྡུ།  ཡས་སྣོད་གཉིས་རེ་ཞིག་གཡས་གཡོན་དུ་བཞག་གོ།  །གསུམ་པ་གླུད་བསྔོ་བ་ནི།  ཐོག་མར་བྱིན་གྱིས་བརླབ་པའི་སླད་དུ་ཆ་བ་བྲན་ལ་བསང་སྦྱང་།}}    སྟོང་པའི་ངང་ལས་ངར་གྱི་ {{TibChung|[19a]}} མི།  །མུ་ཏིག་ཀླད་པ་ལུང་བཏང་མིག  །བྱེ་རུའི་ལྗགས་ལ་མགྲོན་བུའི་སོ།  །ཟེར་མང་སྐྲ་ལ་བསྭེ་ཡི་ཤ།  །རིན་ཆེན་འབྲུ་སྣའི་ཁོག་བཅུད་ཅན།  །ཞོ་ཤའི་སྙིང་ལ་མཁལ་ཤའི་མཁལ།  །གླ་སྒང་བགྲོད་པ་དར་སྣའི་ལྤགས།  །ལག་གཡས་གསེར་ལ་ལག་གཡོན་དངུལ།  །རྐང་གཡས་ལྕགས་ལ་གཡོན་པ་ཟངས།  །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས།  །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ།  །སྨྲ་མཁས་ལྗག་ལྗག་འགྲོས་ལྡེམ་ལྡེམ།  །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ།  །མི་བས་གླུད་བཟང་ལྷ་ཕྲུག་འདྲ།  །ཡུལ་མཁར་དཀོར་ནོར་ཕུན་སུམ་ཚོགས།  །གཡོག་འཁོར་རྟ་ཕྱུགས་ས་གཞི་གང་།  ཆངས་བུ་སོ་སོའི་འདོད་ཡོན་ལྡན།  །སྒང་ལྔ་འདོད་པའི་ཡོན་ཏན་ལྔ།  །གཤོང་དྲུག་རིགས་དྲུག་རེ་བ་སྐོང་།  །འབུར་ཆུང་བཅུ་གཉིས་ལོ་བདུད་ཚིམ།  །ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿཁཾ་ཧཱུྃ།  {{TibChung|ལན་གསུམ།}}      ཨོཾ་གྱིས་མགྲོན་རིགས་ཀུན་ལ་ཁྱབ།  བྷྲཱུྃ་གྱིས་རིན་ཆེན་གཞལ་ཡས་ཁང་།  ཏྲཱྃ་གྱིས་རཏྣའི་ཆར་པ་འབེབས།  །ཧྲཱིཿཡིས་གསུང་དབྱངས་དྲུག་ཅུ་ལྡན།  །ཨཱཿཡིས་གདོན་རིགས་བྱམས་སེམས་ {{TibChung|[19b]}} ལྡན།  །ཁྃ་གིས་བདུད་རྩིའི་ཆར་རྒྱུན་བབས།  །ཧཱུྃ་གིས་ཉོན་མོངས་དུག་ལྔ་སངས།  །དགོས་འདོད་རེ་སྐོང་ནམ་མཁའ་མཛོད།  །རྒྱ་ཆེན་ཟད་མི་ཤེས་བར་གྱུར།  །བདག་གི་བསམ་པའི་སྟོབས་{{TibChung|སོགས་བདེན་བརྗོད་ཀྱང་བྱས་ལ།  འདི་སྐད་གྱེར་མ་དབྱངས་སུ་བྱའོ།  །}} ཀྱཻ༔  དང་པོ་གླུད་བྱུང་གང་ནས་བྱུང་༔  གླུད་ཀྱི་དེ་ནི་རབས་སྨོས་ན༔  གླུད་ཀྱི་ཕ་ནི་གནམ་ཡང་ཡིན༔  གླུད་ཀྱི་མ་ནི་ས་ཡང་ཡིན༔  གནམ་ས་གཉིས་ཀྱིས་བྱིན་བརླབས་པས༔  འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔  རྒྱ་ཡུལ་སྐྱེ་ཞིང་ཁྲི་སྒོར་འཁྲུངས༔  སྟོན་པ་དགའ་རབ་རྡོ་རྗེ་ཡིས༔  འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔  མོན་པ་ཕོ་མོའི་ལག་ཏུ་གཏད༔  བརྔོ་ཞིང་བཏགས་པར་གྱིས་ཤིག་གསུངས༔  མོན་པ་ཕོ་མོ་ལྔ་བརྒྱ་ཡིས༔  བརྔོའམ་དེ་ནི་མ་བརྔོས་ན༔  རྒྱ་སླང་མོན་སླང་ནང་དུ་བརྔོས༔  མོན་ཕྲུག་ཕོ་མོ་ལྔ་བརྒྱ་ཡིས༔  བཏགས་སམ་དེ་ནི་མ་བཏགས་ན༔  རྒྱ་བཏགས་མོན་བཏགས་ཁ་ལ་བཏགས༔  སྟོན་པ་དགའ་རབ་ཕྱག་ཏུ་ཕུལ༔  སྟོན་པ་དགའ་རབ་རྡོ་རྗེ་ཡིས༔  རིན་ཆེན་སྣ་ལྔའི་ཕྱེ་བསྲེས་ནས༔  མི་དང་མཉམ་པའི་གླུད་དུ་བྱས༔  སྔགས་དང་ {{TibChung|[20a]}} ཕྱག་རྒྱའི་བྱིན་རླབས་ཀྱིས༔  གླུད་ནི་ངར་གླུད་ལ༔  ཤ་ནི་མ་མཆིས་ན༔  བསྭེ་ལ་ཤ་ཡང་བྱས༔  ཁྲག་ནི་མ་མཆིས་ན༔  མཚལ་ཆེན་ལྕོག་ལས་བྱས༔  རུས་པ་མ་མཆིས་ན༔  དཔལ་ཆེན་དུང་ལས་བྱས༔  ལྤགས་པ་མ་མཆིས་ན༔  གྲུམ་ཤུན་ལྤགས་ལས་བྱས༔  སྙིང་ནི་མ་མཆིས་ན༔  ཞོ་ཤའི་སྙིང་དུ་བྱས༔  གློ་བ་མ་མཆིས་ན༔  གླ་གོར་ཞོ་ཤས་བྱས༔  མཆིན་པ་མ་མཆིས་ན༔  བ་མཆིན་སྨུག་པོས་བྱས༔  མཚེར་པ་མ་མཆིས་ན༔  མཁལ་སྲན་བྱིའུས་བྱས༔  མཁལ་མ་མ་མཆིས་ན༔  མཁལ་མ་ཞོ་ཤས་བྱས༔  རྒྱུས་པ་མ་མཆིས་ན༔  ཐང་དཀར་སྤུ་རྒྱུས་བྱས༔  རྩ་རྒྱུས་མ་མཆིས་ན༔  སྤུ་ཤེལ་རྩེ་ལས་བྱས༔  སོ་ནི་མ་མཆིས་ན༔  མགྲོན་བུའི་སོ་ཡང་བྱས༔  ལྕེ་ནི་མ་མཆིས་ན༔  ལེ་བརྒན་དར་ལས་བྱས༔  མིག་ནི་མ་མཆིས་ན༔  ལུང་ཐང་མིག་ཏུ་བྱས༔  སྣ་ནི་མ་མཆིས་ན༔  ཟངས་མའི་སྣ་རུ་བྱས༔  རྣ་བ་མ་མཆིས་ནི༔  གྲོ་གའི་རྣ་བ་བྱས༔  སྐྲ་ནི་མ་མཆིས་ན༔  ཟེར་མོའི་སྤུ་ལས་བྱས༔    {{TibChung|[20b]}} དབུགས་ནི་མ་མཆིས་ན༔  འབྱུང་བ་རླུང་ལ་བྱས༔  དྲོད་ནི་མ་མཆིས་ན༔  འབྱུང་བ་མེ་ལ་བྱས༔  སེམས་ནི་མ་མཆིས་ན༔  ནམ་མཁའ་ཡངས་པས་བྱས༔  ཡན་ལག་མ་མཆིས་ན༔  དབང་པོ་ལག་པས་བྱས༔  རིན་ཆེན་དར་གླུད་འདི་ཡི་ནི༔  ཕྲག་པ་གཡས་པ་ནི༔  རིན་ཆེན་གསེར་ལས་བྱས༔  ཕྲག་པ་གཡོན་པ་ནི༔  རིན་ཆེན་དངུལ་ལས་བྱས༔  རྐང་པ་གཡས་པ་ནི༔  ཐབས་ཆེན་ལྕགས་ལས་བྱས༔  རྐང་པ་གཡོན་པ་ནི༔  ཤེས་རབ་ཟངས་ལས་བྱས༔  སྟོན་པའི་ཞལ་ན་རེ༔  གླུད་ཀྱི་ངར་གླུད་ལ༔  ཁྱོད་མི་ཡི་གླུད་དུ་སོང་ཞིག་གསུང་ས༔  ངར་གླུད་དེ་ཡི་ཞལ་ན་རེ།  ད་མི་ཡི་གླུད་དུ་འགྲོ་བ་ལ༔  ང་ལ་ཡོན་ཏན་ཅི་ཙམ་ཡོད༔  སྐྱེས་པ་ཕོ་ཡི་གླུད་དུ་ཇི་ལྟར་འགྲོ༔  ཟ་མ་མོ་ཡི་གླུད་དུ་ཇི་ལྟར་འགྲོ༔  བྱིས་པ་ཆུང་གི་གླུད་དུ་ཇི་ལྟར་འགྲོ༔  ཡུལ་དང་མཁར་གྱི་གླུད་དུ་ཇི་ལྟར་འགྲོ༔  དེ་སྐད་ཙམ་ཞིག་ཞུས་པ་ལས༔  སྟོན་པའི་ཞལ་ནས་འདི་སྐད་གསུངས༔  གླུད་ཀྱི་ངར་གླུད་ཚུར་ཉོན་དང་༔  ཁྱོད་མི་ཡི་གླུད་དུ་འགྲོ་བ་ལ༔  ཡོན་ཏན་བགྲང་ན་བསམ་མི་ཁྱབ༔    {{TibChung|[21a]}} སྐྱེ་མཆེད་བཅུ་གཉིས་ཁྱོད་ལ་ཚང་༔  རྣམ་ཤེས་ཚོགས་བརྒྱད་ཁྱོད་ལ་ཚང་༔  ཁམས་ཆེན་བཅོ་བརྒྱད་ཁྱོད་ལ་ཚང་༔  ཕྲག་གཡས་གསེར་ལས་བྱས་པ་དེ༔  སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔  ཕྲག་གཡོན་དངུལ་ལས་བྱས་པ་དེ༔  ཟ་མ་མོ་ཡི་གླུད་དུ་སོང་༔  རྐང་གཡས་ལྕགས་ལས་བྱས་པ་དེ༔  བྱིས་པ་ཕོ་ཡི་གླུད་དུ་སོང་༔  རྐང་གཡོན་ཟངས་ལས་བྱས་པ་དེ༔  བྱིས་པ་མོ་ཡི་གླུད་དུ་སོང་༔  ཕུང་པོ་གཟུགས་དང་བཅས་པ་དེ༔  ཡུལ་མཁར་ཁྱིམ་གྱི་གླུད་དུ་སོང་༔  ཞལ་རས་མཚལ་གྱིས་བྱུགས་པ་དེ༔  རྣལ་འབྱོར་འཁོར་བཅས་གླུད་དུ་སོང་༔  སྨྲ་བ་ངག་སྙན་ཀྱུ་རུ་རུ༔  མི་ཆུང་དེ་ནི་ཐོད་ཀྱིས་བསྟོད༔  འགྲོ་ན་སྟབས་སྡུད་ཁྲིགས་སེ་འགྲོ༔  གླུད་ཀྱི་ངར་གླུད་ཆས་ཏེ་འགྲོ༔  ལྷ་སྲིན་སྡེ་བརྒྱད་སྤྱན་སྔ་རུ༔  ངར་གླུད་མི་སྐད་ཐོལ་གྱིས་སྨྲོས༔  ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔  ང་མི་ཡི་གླུད་དུ་བཏང་བ་ལགས༔  མི་དང་གླུད་དུ་བརྗེ་བར་ཞུ༔  དེ་སྐད་ཙམ་ཞིག་གླེང་བ་ལ༔  ལྷ་སྲིན་སྡེ་བརྒྱད་ཞལ་ན་རེ༔  སྟོན་པ་དགའ་རབ་བཀའ་དྲིན་ཆེ༔  མི་དང་ {{TibChung|[21b]}} གླུད་གཉིས་བརྗེ་འོ་ཟེར༔  ལྷ་སྲིན་སྡེ་བརྒྱད་དགྱེས་ཏེ་སོང་༔  ཧཱུྃ༔  སྔོན་ནི་སུ་དང་སུ་ཡི་གླུད༔  ཨ་ཤོ་ཀ་ཡི་རྒྱལ་པོའི་གླུད༔  མཚམས་མེད་ སྡིག་པའི་ལས་བྱས་པས༔  མ་མོ་ལྷ་སྲིན་སྡེ་བརྒྱད་ཁྲོས༔  མུ་གེ་དུས་འཁྲུགས་ཡམས་ནད་བྱུང་༔  སློབ་དཔོན་རོ་ལངས་རྡོ་རྗེ་ཡིས༔  སྐུ་གླུད་དམར་གཏོར་བཤམས་ནས་ནི༔  སྣང་སྲིད་མཁའ་འགྲོའི་ཕྱག་ཏུ་འབུལ༔  བསད་པ་ལུས་ཀྱི་གླུད་དུ་འབུལ༔  འཕྲོག་པ་ནོར་གྱི་སྐྱིན་པར་འབུལ༔  ན་མི་ཕོད་པའི་གླུད་དུ་འབུལ༔  འཆི་མི་ཕོད་པའི་གླུད་དུ་འབུལ༔  ཧཱུྃ༔  བར་དུ་སུ་དང་སུ་ཡི་གླུད༔  བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ༔  མ་མོ་ཁྲོས་པའི་ལྟས་བྱུང་ནས༔  མི་དགེ་མི་རུང་སྣ་ཚོགས་བྱུང་༔  སློབ་དཔོན་པདྨ་འབྱུང་གནས་ཀྱིས༔  རྒྱལ་པོའི་སྐུ་ཡི་ཚད་དུ་བྱས༔  སྐུ་གླུད་དམར་གཏོར་བཤམས་ནས་ནི༔  སྣང་སྲིད་མ་མོའི༴  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མི་ཕོད་པའི༴  ཧཱུྃ༔  དེ་རིང་སུ་དང་སུ་ཡི་གླུད༔  བདག་ཅག་མི་ནོར་འཁོར་བཅས་ལ༔  མཁའ་འགྲོ་འཁྲུགས་པའི་ལྟས་བྱུང་ནས༔  མུ་གེ་དུས་ {{TibChung|[22a]}} འཁྲུགས་ཡམས་ནད་བྱུང༔  རིག་འཛིན་སྔགས་འཆང་བདག་གིས་ནི༔  སྐུ་གླུད་དར་ཟབ་རྒྱན་དང་ལྡན༔  དཔལ་གྱི་གཏོར་མ་དམར་གྱིས་བརྒྱན༔  སྣང་སྲིད་མ་མོའི༴  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མི་ཕོད་པའི༴  ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་དང་༴  མ་ཡམས་བརྟན་མ་ཡན་ཆད་དུ༔  སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔  སྲིད་པ་མ་མོའི༔  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མི་ཕོད་པའི༴  སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔  སྲིད་པར་གནས་པའི་ལྷ་འདྲེ་ལ༔  སྐུ་གླུད་དམར་གཏོར༴  སྣང་སྲིད་ལྷ་འདྲེའི༴  བསད་པ་ལུས་ཀྱི༴  འཕྲོག་པ་ནོར་གྱི༴  ན་མི་ཕོད་པའི༴  འཆི་མེད་ཕོད་པའི༴  མཁའ་འགྲོ་གཏོར་མས་མཉེས་གྱུར་ཅིག༔  ལྷ་འདྲེ་གླུད་ཀྱིས་མཉེས་གྱུར་ཅིག༔  ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔  རིགས་དྲུག་འདོད་པ་ཚིམས་གྱུར་ཅི༔  དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔  ཁྱིམ་སྒོ་ལམ་སྲང་འདི་རྣམས་སུ༔  གནོད་ཅིང་འགལ་བར་མ་མཛད་ཅིག༔  བཟུངས་ {{TibChung|[22b]}} པ་ཐོང་ལ་བཅིངས་པ་ཁྲོལ༔  བསྡམས་པ་གློད་ལ་ཟོས་པ་སྐྱུག༔  བརྩམས་པ་བཤོལ་ལ་མནན་པ་ཐེག༔  ལན་ཆགས་བདག་པོ་ཁྱེད་རྣམས་ལ༔  མི་བས་གླུད་བཟང་ད་འབུལ་ལོ༔  བྱ་བས་སྤུ་མཚར་ད་འབུལ་ལོ༔  སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔  ཤ་ཡི་གླུད་དུ་འདི་འབུལ་ལོ༔  ཁྲག་གི་གླུད་དུ༴  རུས་པའི་གླུད་དུ༔  དབང་པོ་སྒོ་ལྔའི་གླུད་དུ༴  རྣམ་ཤེས་ཚོགས་བརྒྱད་གླུད་དུ༴  སྐྱེ་མཆེད་བཅུ་ཉིས་གླུད་དུ༔  ཁམས་ཆེན་བཅོ་བརྒྱད་གླུད་དུ༴  མི་བས་གླུད་བཟང་འདི་ཁྱེར་ལ༔  ཕྱིན་ཆད་གནོད་འཚེ་མ་མཛད་པར༔  ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད༔  ཧཱུྃ༔  ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས༔  སྔགས་དང་ཕྱག་རྒྱས་དཀྲོལ་ཡང་དཀྲོལ༔  དམིགས་པ་བདག་གིས་འབུལ་ཡང་འབུལ༔  འབུལ་བ་བདག་གིས་མ་ནོར་རོ༔  བཞེས་པ་ཁྱེད་རྣམས་མ་འཁྲུལ་ཞིག༔  གསེར་ལས་དེ་ནི་རིན་ཆེ་མེད༔  ཆད་བས་དེ་ནི་ངོ་ཆེ་མེད༔  འཛམ་གླིང་རྒྱན་དུ་རིན་ཆེན་གླུད་འབུལ་ལོ༔  སྲིད་པའི་རྩེ་མོ་མན་ཆད་ནས༔  ན་རཀ་དམྱལ་བ་ཡན་ཆད་དུ༔  རིན་ཆེན་གླུད་གཏོར་འདི་ {{TibChung|[23a]}} འབུལ་ལོ༔  བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག༔  བསམ་པ་བཞིན་དུ་འགྲུབ་གྱུར་ཅིག༔  སོ་སོའི་ཐུགས་དམ་བསྐང་གྱུར་ཅིག༔  ཁྱེད་རྣམས་ཡུལ་གྱི་ལྷ་འདྲེ་ཡིན༔  ང་ནི་ཡུལ་གྱི་སྔགས་པ་ཡིན༔  གཅིག་ལ་གཅིག་བསྟོད་ཧ་བོའི་གངས་ལས་དཀར༔  གཅིག་གིས་གཅིག་སྨད་རོང་པོའི་རྫ་ལས་ནག༔  ཧ་བོའི་གངས་ལས་དཀར་བར་མཛོད༔  རོང་པོའི་རྫ་ལས་མ་ནག་ཅིག༔  སོ་སོ་རང་རང་གནས་སུ་གཤེགས༔  {{TibChung|ཞེས་བསྔོ།  གྲངས་བསགས་ན་སླར་ཡང་གླུད་ཕྲན་དང་འབྲས་ཆན་སོགས་བཤམས་ལ།  ནམ་མཁའ་མཛོད་སྔགས་དང་ཨ་ཀཱ་རོས་བྱིན་བརླབ།}}      ཀྱཻ༔  འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔  སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔  སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔  ཤ་ཡི་རིན་དང་ཁྲག་གི་ཚབས༔  བླ་སྲོག་དབུགས་དང་སྐྱེ་མཆེད་ཀྱི༔  གླུད་དུ་འདོད་རྒུའི་ལོངས་སྤྱོད་འབུལ༔  ནད་པ་ནད་ལས་ཐར་བ་དང་༔  འཆི་བདག་ལག་ནས་ཐོན་པར་མཛོད༔  {{TibChung|མཚན་བཞི་བརྗོད་ཅིང་།}}    སམྦྷ་ར་{{TibChung|ལན་བཅུ་རེས་ཕུལ་མཐར།}}    ན་མོ༔  དཀོན་མཆོག་གསུམ་གྱི་བདེན་པ་དང་༔  ཆོས་སྐུ་ {{TibChung|[23b]}} ལོངས་སྐུ་སྤྲུལ་སྐུ༔  བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔  དོན་དམ་ཆོས་ཉིད་ངོ་བོ་ཀ་ནས་དག་པའི་བདེན་པ་དང་༔  ཀུན་རྫོབ་རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུས༔  བདག་ཅག་འཁོར་དང་བཅས་པའམ།  སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་དུས་མ་ཡིན་པའི་འཆི་བ་རླུང་དང་མཁྲིས་པ་བད་ཀན་འདུས་པའི་ནད་རིགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔  ལོ་ཀེག་ཟླ་ཀེག་ཞག་ཟ་མའི་ཀེག་དུས་ཚོད་ཚེས་གྲངས་ཀྱི་ཀེག་མོ་རྩིས་རྨི་ལམ་མཚན་མ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག༔  བྱང་ཞིང་དག་པར་གྱུར་ཅིག༔  ནད་རིམས་ཡམས་ནད་འགོ་བའི་ནད་རིགས་ཐམས་ཅད་དང་སྲི་ངན་གཤིན་རྗེའི་ཁྲམ་དང་ཕོ་ཉ་མ་མོའི་བཀའ་ཆད་བྱད་བྱུར་དང་གཏད་ཁྲམ་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག༔  མེད་པར་གྱུར་ཅིག༔  ཞི་བར་གྱུར་ཅིག༔  སླན་ཆད་ཀྱང་མི་འབྱུང་བར་གྱུར་ཅིག༔  {{TibChung|ཅེས་བདེན་སྟོབས་བརྗོད་ལ་རོལ་མོ་དང་བཅས་ཏེ་བསྔོའོ།  །ཚུལ་འདི་ཉིད་ཉིན་ལྔའའམ་གསུམ་སོགས་སྦྲེལ་ནས་བྱ་བར་འདོད་ན་སྐབས་འདི་ནས་སྲུང་མའི་གཏོར་སྐྱོང་སོགས་ {{TibChung|[24a]}} ཆོ་གའི་རྗེས་ཀྱི་ལས་རིམ་རྣམས་ལས་བྱང་བཞིན་མཐར་དབྱུང་བས་འགྲུབ་ལ།  གང་ལྟར་ཡང་མདོས་གཏོར་འཕང་བ་དངོས་ལ་འཇུག་པ་ནི་གོང་གི་བདེན་སྟོབས་ཟིན་མ་ཐག་ཁྲམ་ཁ་ཕྱི་ཞིང་བྱད་ཐག་གཅོད་པ་ནི།  འགྲུབ་ན་བསྔོ་ཡུལ་གཤིན་རྗེའི་མདུན་རས་ནག་པོ་གྲུ་གསུམ་བཏིང་བ་ལ་སྦྱིན་བདག་གདོང་གཤིན་རྗེར་ཕྱོགས་པས་འཁོར་དུ་བཅུག་ལ།  བླ་སྒྲོམ་ལ་བཏགས་པའི་བྱད་ཐག་གི་སྣེ་མོས་མགུལ་དང་རྐང་ལག་རྣམས་དཀྲིས་ཏེ་བསྡམས་པའི་ཚུལ་བྱ།  ཐོག་མར་ལས་རྡོར་གྱིས་བླ་སྒྲོམ་སྟེང་དུ་བཙུགས་པའི་ཁྲམ་ཤིང་དེ་ཉིད་བླངས་ལ་གདོང་གཤིན་རྗེར་ཕྱོགས་ཏེ་ལག་གཡས་ཀྱི་དར་རས་དཀར་པོ་ལྟ་བུས་འདོན་ཚིག་དང་བསྟུན་ཏེ་ཕྱིས་ཞིང་།}}      ཧཱུྃ༔  ཆོས་སྐུ་ཞི་ལས་མ་གཡོས་ཀྱང་།  །གཟུགས་སྐུ་འཇིགས་པའི་ཆ་ལུགས་ན།  ཁྲག་འཐུང་ཁྲོ་རྒྱལ་ལྷ་ཚོགས་རྣམས།  །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད།  །དེང་འདིར་བསྲུང་བྱ་འཁོར་བཅས་ལ།  ཚེ་སྲོག་བདུད་དུ་བབས་པ་ཡི།  །མ་རུང་གདུག་པའི་ཁྲམ་ཁ་ཀུན།  །དེ་རིང་ལྷག་མེད་ཕྱི་བར་བགྱི།  །ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་པ།  །དབང་ཕྱུག་ཆེན་པོའི་ཁྲམ་ཁ་ཕྱི།  །མོ་རྒྱུད་རྣམས་ཀྱི་ཆེ་བཙན་པ།  །ཨུ་མ་དེ་ཝིའི༴  །དགྲ་སྲོག་འཁོར་ལོས་གཅོད་བྱེད་པ།  །གཤིན་རྗེ་ཡབ་ཡུམ༴  །མ་ {{TibChung|[24b]}} ཚོགས་དགྲ་ལ་དབབ་པའི་ཕྱིར།  །སྲིད་པའི་རྒྱལ་མོའི༴  །གསང་སྔགས་བསྟན་པ་སྲུང་མཛད་མ།  །སྔགས་སྲུང་ཆེན་མོའི༴  །དགྲ་ལ་བདུད་དམག་དབབ་མཛད་པའི།  །བདུད་མགོན་ཡབ་ཡུམ༴  །ལྟས་ངན་ཆོ་འཕྲུལ་མངའ་བདག་སྟེ།  །རྒྱལཔོས་བཅིངས་པའི༴  །སྨྱོ་འབོག་ཆོ་འཕྲུལ་མངའ་བདག་སྟེ།  །སྲོག་བདག་ཚངས་པའི༴  །སྤྲུལ་པ་སྣ་ཚོགས་སྟོན་མཛད་པ༴  །དགྲ་ལྷས་བཅིངས་པའི༴  །དགྲ་སྙིང་ཟས་སུ་ཟ་མཛད་པའི།  །རཀྴ་གློག་ཕྲེང་༴  །དགྲ་ཁྲག་སྐོམ་དུ་འཐུང་མཛད་པའི།  །སྦལ་མགོ་ཁྲག་མིག༴  །དགྲ་སྙིང་ཟས་སུ་རོལ་མཛད་པའི༴  །ཡཀྴ་མེད་དབལ༴  །བསྟན་པའི་བར་ཆད་སྒྲོལ་མཛད་པ།  །མ་ཧཱ་ཀ་ལའི༴  །དམ་ལས་འདས་པ་བསྒྲལ་བའི་ཕྱིར།  །རུ་དྲས་བཅིངས་པའི༴  །སྡང་དགྲ་ཁྲམ་ལ་དབབ་མཛད་པའི།  དམུ་ཡིས་བཅིངས་པའི༴  །ལོག་ལྟ་བར་ཆད་འདུལ་མཛད་པ།  །གུ་ལང་ནག་པོའི༴  །བར་ཆད་འགོང་པོ་འདུལ་མཛད་པ།  །ལྷ་རབ་ཤམ་པོའི༴  །མངོན་ཤེས་གཏན་ལ་དབབ་མཛད་པ།  །ཐོག་གི་བུ་ཡུག༴  །ཟས་སྣ་དངོས་ {{TibChung|[25a]}} གྲུབ་སྟེར་མཛད་པ།  །ཐེའུ་རང་བཅིངས་པའི༴  །དགྲ་ལ་གྲི་འཐབ་གཏོར་མཛད་པ།  །བཙན་རྒོད་རྣམས་ཀྱི༴  །དགྲ་ལ་ཕུང་བརྡལ་གཏོང་བྱེད་པ།  །བི་ནཱ་ཡ་ཀའི༴  །དགྲ་ལ་ཕུང་གསུམ་གཏོང་བྱེད་པ།  །ཡམ་ཤུད་དམར་པོའི༴  །དགྲ་བོ་ཐུན་གྱིས་བསད་པར་བྱེད།  །མགྱོགས་བྱེད་ནག་མོའི༴  །དགྲ་ལ་ཀླུ་ནད་གཏོང་བྱེད་པ།  །ཀླུ་བདུད་མགོ་དགུའི༴  །དགྲ་ལ་མཛེ་ནད་གཏོང་བྱེད་པ།  །ཡཀྴ་ནག་མོའི༴  །དེ་ལ་སོགས་ཏེ་ལྷ་སྲིན་གྱི།  །གཏད་ཁྲམ་མནན་གཟེར་ཐམས་ཅད་ཕྱི།  །བྱད་སྟེམས་ཉེས་ཚོགས་མ་ལུས་པ།  །ལྷག་མ་མེད་པར་ད་ཕྱིའོ།  །{{TibChung|ཞེས་ཕྱིས་ལ་ཁྲམ་ཤིང་དུམ་དུར་གཏུབ་བོ།  །དེ་ནས་ལས་རྡོར་གྱིས་རལ་གྲི་ཐོགས་ལ་འདོན་ཚིག་དང་བསྟུན་ཡོན་བདག་གི་མགུལ་ནས་བརྩམས་བླ་སྒྲོམ་ལ་དཀྲིས་པའི་བར་གྱི་བྱད་ཐག་རྣམས་རིམ་པར་བཅད་ལ།}}      ཧཱུྃ༔  ངོ་བོ་འཇམ་དཔལ་གཤིན་རྗེ་གཤེད།  །རྣམ་པ་གསེར་གྱི་སྤུ་གྲི་སྟེ།  །སྔགས་བོན་རྒྱལ་བཙུན་སྐྱེ་ཕོ་མོ།  །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས།  །སྦྱིན་བདག་མི་ནོར་འཁོར་བཅས་ལ།  །སྔགས་དང་ཕྱག་རྒྱ་རྫས་ཏིང་འཛིན།  །དམོད་ཟོར་བྱད་དུ་བཅུག་པ་ཡི།  ། {{TibChung|[25b]}} བྱད་ཐག་མཚོན་གྱིས་དུམ་བུར་བཅད།  །སྟེང་ཕྱོགས་ལྷ་ཡི་བཅིངས་པ་བཅད།  །ཤར་ཕྱོགས་དྲི་ཟའི༴  །ཤར་ལྷོ་མེ་ལྷའི༴  །ལྷོ་ཕྱོགས་གཤིན་རྗེས༴  །ལྷོ་ནུབ་སྲིན་པོས༴  །ནུབ་ཕྱོགས་ཆུ་ལྷས༴  །ནུབ་བྱང་རླུང་ལྷས༴  །བྱང་ཕྱོགས་གནོད་སྦྱིན༴  །བྱང་ཤར་དབང་ལྡན༴  །འོག་ཕྱོགས་ས་བདག༴  །བཅིངས་པ་ཐམས་ཅད་ད་བཅད་དོ།  །རྟེན་འབྲེལ་ཆོས་ཉིད་མཐུ་ཡིས་བསྒྱུར།  །བྱད་མ་རང་གཤེད་རང་ལ་ཕོབ།  །བསྲུང་བྱ་ཚེ་རྐྱེན་གེགས་ལས་ཐར།  །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག  །{{TibChung|ཅེས་དུམ་བུར་བཅད།  མཐར་སྦྱིན་བདག་སློབ་དཔོན་མདུན་དུ་སྟན་དཀར་པོ་བཏིང་བར་འཁོད་དུ་བཅུག་ལ།  བླ་སྒྲོ་ཁ་ཕྱེས་ཏེ་བླ་གཡུ་བླངས་ནས་སློབ་དཔོན་ལ་ཕུལ་ཞིང་།  བླ་གཡང་ལེན་པ་ནི།}}      ཀྱཻ།  སྟེང་ཕྱོགས་ལྷ་ཡི་གཞལ་ཡས་ནས།  །ལྷ་ཡི་རིག་འཛིན་ཐམས་ཅད་ཀྱི།  །ལྷ་ཚེ་རིང་པོའི་བླ་གཡང་དེ།  །དོ་ནུབ་འདི་རུ་གཡང་དུ་ལེན།  །འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས།  །ཀླུ་ཡི་རིག་འཛིན་ཐམས་ཅད་ཀྱི།  །ཀླུ་ཚེ་རིང་པོའི་བླ་གཡང་དེ།  །དོ་ནུབ་འདི་རུ༴  །བར་གྱི་སྟོང་གསུམ་འཇིག་རྟེན་ན།  །མི་ཡི་རིག་འཛིན༴  །མི་ཚེ་རིང་པོའི༴  ། {{TibChung|[26a]}} དོ་ནུབ་འདི་རུ༴  །དབང་ཕྱུག་བརྒྱད་ལྡན་ཡོན་ཏན་བདུན།  །དོ་ནུབ་འདི་རུ་གཡང་དུ་ལེན།  །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན།  །དོ་ནུབ་འདི་རུ༴  །ཚེ་དང་བསོད་ནམས་དཔལ་འབྱོར་དང་།  །འཁོར་དང་ལོངས་སྤྱོད་སྙན་གྲགས་སོགས།  །བདེ་སྐྱིད་མ་ལུས་ཕུན་ཚོགས་པའི།  །འདོད་རྒུའི་ཆར་ཆེན་སྦྱིན་བདག་ལ།  །དོ་ནུབ་གནས་འདིར་འབབ་པར་ཤོག  །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།  །{{TibChung|ཞེས་བླ་གཡུ་དེ་ཉིད་སྦྱིན་བདག་གི་མགུལ་དུ་བཏགས།  བླ་སྒྲོམ་ནང་དུ་ཁྲམ་ཤིང་དང་བྱད་ཐག་གི་དུམ་བུ་བླུགས་ལ་བཞག་གོ།  །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས།  ནང་དུ་བྱ་བ་དང་།  ཕྱི་རོལ་ནས་བྱ་བའོ།  །དང་པོ་ལ་གསུམ་ལས།  དང་པོ་ནི།  བསྐུལ་དང་ཆད་མདོ་བཏང་བ་ལས་བྱང་བཞིན་དང་།  གཉིས་པ་ཆོས་བཤད་བཀའ་བསྒོ་བ་ནི།  རོལ་མོ་དབྱངས་དང་བཅས་ཏེ།}}    ཧཱུྃ༔  འཆི་བདག་གཤིན་རྗེ་འཁོར་བཅས་དང་༔  ལྷ་ཀླུ་གནོད་སྦྱིན་ལ་སོགས་ཏེ༔  གདོན་བགེགས་རིགས་སུ་གྱུར་པ་རྣམས༔  བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔  གནོད་པར་གྱུར་པ་གང་ཡང་རུང་༔  སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔  གདོད་མ་ཉིད་ནས་དངོས་པོར་གོལ༔    {{TibChung|[26b]}} དངོས་མེད་པ་ལ་ཡོད་པར་བཟུང་༔  ད་ལྟ་ཉིད་དུ་དངོས་པོར་གོལ༔  རྟག་པར་བཟུང་ཞིང་འཛིན་པར་བཅས༔  དཔེར་ན་ཟོ་ཆུའི་ཁྱུད་མོ་འདྲ༔  སླར་ཡང་ལོག་ཅིང་ངན་སོང་འཁྱམས༔  ཁྱོད་ཀྱི་སེམས་དང་ང་ཡི་སེམས༔  ཁྱོད་ཀྱི་ད་ལྟ་སོ་སོར་བཟུང་༔  འཁྲུལ་པ་ཡིན་ཏེ་ང་ན་སོང་རྒྱུ༔  ང་ཡི་སེམས་ཉིད་ཀུན་བཟང་ལ༔  ཁྱོད་ཀྱིས་རྫུ་འཕྲུལ་ཅི་བསྟན་ཡང་༔  ང་ལ་གཡོ་བ་རྡུལ་ཙམ་མེད༔  སླར་ཡང་རང་སེམས་བརླག་པའི་རྒྱུ༔  སེམས་ཅན་ཀུན་ལ་མ་འཚེ་ཞིག༔  སེམས་ཅན་ཀུན་ལ་འཚེ་བ་ན༔  སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ༔  སངས་རྒྱས་སྐུ་ལ་ཁྲག་ཕྱུང་ན༔  འགྲོ་བ་སེམས་ཅན་མ་ལུས་ཀུན༔  སྡུག་བསྔལ་ཆེན་པོའི་ཆར་མི་ཕོད༔  གནོད་པར་བྱེད་ན་སྲིན་པོར་སྐྱེ༔  དཔལ་ཆེན་སྐུ་ཡིས་བསྒྲལ་ལ་རེ༔  རྟག་པར་བཟུང་ན་མུ་སྟེགས་ཡིན༔  བཅོམ་ལྡན་འདས་ཀྱིས་འདུལ་ལ་རེ༔  ང་རུ་བཟུང་ན་གཤིན་རྗེ་ཡིན༔  ཁྲོ་རྒྱལ་ཞབས་ཀྱིས་བཅག་ལ་རེ༔  ཕྲག་དོག་བརྟས་ན་ལྷ་མིན་ཡིན༔  འཆི་འཕོ་གཡང་སར་ལྷུང་བའི་རྒྱུ༔  རྒྱལ་བས་གསུངས་པའི་བཀའ་ {{TibChung|[27a]}} ལ་ཉོན༔  སྒོ་གསུམ་སྡོམས་ལ་གུས་པས་ཉོན༔  འདི་རུ་གནོད་པ་མ་བྱེད་ཅིག༔  ཇི་ལྟར་ས་བོན་གང་བཏབ་པ༔  འབྲས་བུ་དེ་ལྟར་སྨིན་པ་བཞིན༔  དགེ་བའི་འབྲས་བུ་མཐོ་རིས་ཐོབ༔  སྡིག་པའི་འབྲས་བུ་ངན་སོང་ལྟུང་༔  དེ་བས་ཡང་དག་དོན་ལ་སོམས༔  གཟུགས་ལ་མཚན་མར་མ་བཟུང་ཞིག༔  གཟུགས་ལ་མཚན་མར་བཟུང་བ་ན༔  དམྱལ་བའི་བཙོ་སྲེག་དེ་ན་ཡོད༔  ཡུལ་ལ་ཆགས་པ་མ་བྱེད་ཅིག༔  ཡུལ་ཆགས་པར་བྱས་པ་ན༔  དམྱལ་བའི་རྒྱུ་འབྲས་དེ་ན་ཡོད༔  ཚེ་ལ་རྟག་པར་མ་འཛིན་ཞིག༔  ཚེ་ལ་རྟག་པར་བཟུང་བ་ན༔  དམྱལ་བའི་ཚེ་འཕྲོག་དེ་ན་ཡོད༔  ངན་སོང་དམྱལ་བའི་སྡུག་བསྔལ་ཡང་༔  གཞན་ན་ཡོད་པ་མ་ཡིན་ནོ༔  རང་གི་ཉེས་པ་དམྱལ་བ་ཡིན༔  མ་རྟོགས་ན་ནི་སེམས་ཅན་ཡིན༔  མ་རིག་ན་ནི་ཉོན་མོངས་ཡིན༔  དུས་གསུམ་སངས་རྒྱས་བདེ་གཤེགས་ཀྱང་༔  གཞན་ཡང་ཡོད་པ་མ་ཡིན་ཏེ༔  རང་གིས་ལོན་ན་མཐོ་རིས་ཡིན༔  ལེགས་པར་རྟོགས་ན་སངས་རྒྱས་ཡིན༔  རིག་ཅིང་རྟོགས་ན་ཀུན་ {{TibChung|[27b]}} བཟང་ཡིན༔  གོ་ཞིང་རྟོགས་ན་རྡོར་འཆང་ཡིན༔  དེ་ལྟར་རྟོགས་ན་ཅི་ཕྱིར་གནོད༔  སེམས་ཉིད་ཀུན་ཏུ་བཟང་པོ་ལ༔  གནོད་པར་བྱེད་པའི་རྒྱུ་ཡང་མེད༔  གང་དུ་གནོད་པའི་གནས་ཀྱང་མེད༔  མཐོ་རིས་མེད་ཅིང་ངན་སོང་མེད༔  སངས་རྒྱས་མེད་ཅིང་སེམས་ཅན་མེད༔  ལྷ་ཡང་མེད་ཅིང་འདྲེ་ཡང་མེད༔  བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད༔  གལ་ཏེ་དེ་དོན་མ་རྟོགས་ན༔  དཔེར་ན་ནམ་མཁའི་སྐར་ཚོགས་འདྲ༔  ནམ་མཁའ་ཉིད་ལས་མ་གཡོས་ཀྱང་༔  ཉི་ཟླ་གཟའ་སྐར་བཀྲ་བ་རྣམས་༔  གློ་བུར་རྟོག་པའི་སྤྲིན་གྱིས་སྒྲིབ༔  ཆོས་ཀྱི་དབྱིངས་ལ་བཟང་ངན་མེད༔  ཀུན་བཟང་གནས་ལ་ཡངས་དོག་མེད༔  ཡེ་ཤེས་ཐུགས་ལ་གསལ་སྒྲིབ་མེད༔  སངས་རྒྱས་ཐུགས་ལ་སྤང་བླང་མེད༔  འཇིག་རྟེན་གནས་ལ་རང་བཞིན་མེད༔  རྟོགས་ནང་ལ་སྐྱབས་སུ་ཤོག༔  མ་རྟོགས་འཚེ་ན་གཞན་དུ་དེངས༔  སྔོན་གྱི་ལན་ཆགས་ཡིན་ན་ཡང་༔  མཆོད་སྦྱིན་འདི་ཡིས་འཁོར་བར་གྱིས༔  འཕྲལ་གྱི་རྐྱེན་འགལ་ཅི་ཡོད་ཀྱང་༔  མཆོད་སྦྱིན་འདི་ཡིས་ཕྲལ་བར་གྱིས༔    {{TibChung|[28a]}} བུ་ལོན་ཤ་མཁོན་ཡོད་ན་ཡང་༔  མཆོད་སྦྱིན་འདི་ཡིས་སྦྱོང་བར་གྱིས༔  དོན་མེད་གནོད་པ་བྱེད་ན་ཡང་༔  མཆོད་སྦྱིན་འདི་ཡིས་ཚིམས་པར་གྱིས༔  རང་སྲོག་རང་ལ་གཅེས་པ་ལྟར༔  གཞན་སྲོག་གཞན་ལ་དེ་བས་གཅེས༔  རང་གི་ལུས་ལ་དཔེ་ལོངས་ལ༔  གཞན་ལ་གནོད་པ་མ་བྱེད་ཅིག༔  བཟུང་བ་ཡོད་ན་བཏང་བར་གྱིས༔  བཅིངས་པ་ཡོད་ན་མྱུར་དུ་ཁྲོལ༔  བསྡམས་པ་ཡོད་ན་གློད་དུ་གསོལ༔  རྒྱལ་བའི་བཀའ་ལ་མི་ཉན་མེད༔  སྲིད་པའི་ཆུ་ལ་མི་འཐུང་མེད༔  འབྱུང་བ་རླུང་ལ་མི་བརྟེན་མེད༔  མཛེས་པའི་གླུད་ལ་མི་ལེན་མེད༔  དམ་རྫས་བདུད་རྩི་ཆེན་པོ་འདི༔  རྟོགས་པར་གྱུར་ན་སྨན་ཡིན་ཏེ༔  མ་རྟོགས་ན་ནི་དུག་ཏུ་འགྱུར༔  གཡང་ས་ཆེན་པོའི་ཆོས་མ་ཉན༔  རྟག་པར་འཛིན་པའི་ལས་མ་བྱེད༔  རང་བྱས་རང་ལ་སྨིན་གྱུར་པས༔  དཔེར་ན་སྐྱེས་པའི་མཚོན་ཆ་འདྲ༔  རང་གིས་བྱས་ཤིང་རང་ཉིད་འཇོམས༔  འཇིག་རྟེན་འདི་ནི་མི་རྟག་སྟེ༔  ས་ནི་ནམ་མཁར་འཕགས་ཀྱང་སྲིད༔  ཉི་ཟླ་ས་ལ་ལྷུང་ཡང་སྲིད༔  རླུང་ {{TibChung|[28b]}} ནི་ཞགས་པས་ཟིན་ཀྱང་སྲད༔  ཆུ་བོ་གྱེན་ལ་ལོག་ཀྱང་སྲིད༔  རྒྱལ་བའི་བཀའ་ལ་འགྱུར་མི་སྲིད༔  རྒྱལ་བའི་བཀའ་ལས་མ་འདའ་བར༔  རང་རང་གནས་སུ་ད་ནི་དེངས༔  རྒྱལ་བའི་བཀའ་ལས་འདས་གྱུར་ན༔  དེ་ཚེ་སངས་རྒྱས་ཐུགས་ཁྲོས་ནས༔  སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས༔  ལྕགས་ཀྱུ་མཚོན་ཆ་སྣ་ཚོགས་ཀྱིས༔  སྙིང་ནས་བཟུང་སྟེ་བརླག་པར་བྱེད༔  ཚེ་འདིར་སྡུག་བསྔལ་དཔག་མེད་མྱོང་༔  ཕྱི་མ་ངན་སོང་གནས་སུ་ལྷུང་༔  དེ་བས་རང་རང་གནས་སུ་དེངས༔  ང་ཡིས་མཚམས་བཅད་ཚུན་ཆད་ལ༔  སུ་ཡང་འདའ་བར་མ་བྱེད་ཅིག༔  གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔  {{TibChung|གསུམ་པ་ཡས་ལམ་བསྟན་ཅིང་རྫོང་འདེབས་པ་ནི།  གླུད་གཏོར་རྣམས་ལ་འབྲུ་སྣ་ཤེལ་ཚིག་ལ་སོགས་པའི་རྫོང་གང་ཡོད་འདེབས་ཤིང་།}}      ཀྱཻ༔  འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔  སྣང་སྲིད་ལྷ་འདྲེ་ཆེ་རྒུ་རྣམས༔  ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔  རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔  བཀའ་ལ་མི་ཉན་དམ་འོག་ཏུ༔  མི་འདུ་བ་ཡི་གདོན་བགེགས་རྣམས༔  དྲག་ཤུལ་སྟོབས་ཀྱིས་དབང་དུ་བསྡུས༔  རྒྱ་མཚོ་ཆེན་ {{TibChung|[29a]}} པོའི་ཕ་མཐའ་རུ༔  རང་དབང་མེད་པར་དེད་ལ་སོང་༔  འཆི་བདག་གཤིན་རྗེའི་ཡུལ་དུ་ཁྱེར༔  ཕྱིར་མི་ལྡོག་པའི་ཟིལ་གནོན་ཐོབ༔  སྦྱིན་བདག་ནད་ལས་ཐར་བར་མཛོད༔  ནད་དེ་ནད་བདག་རང་ལ་སྡུས༔  ཟུག་རྔུ་དྲུང་ནས་འབྱིན་པར་མཛོད༔  གདོན་བགེགས་གནོད་བྱེད་མ་ལུས་པ༔  འཆི་བདག་གཤིན་རྗེ་ཁྱོད་ཀྱིས་ཁྱེར༔  ད་ནི་ལྷ་འདྲེའི་ལམ་བསྟན་པ༔  དགུ་ཚིག་སྐྱ་མོ་ཡས་ཀྱི་ལམ༔  སྣང་སྲིད་ལྷ་འདྲེ་དེ་རུ་བཞུད༔  ཤར་ཕྱོགས་ལྷ་འདྲེ་ཤར་དུ་གཤེགས༔  དྲི་ཟའི་ཡུལ་དུ་གནས་རྟེན་ཆོས༔  ཤར་གྱི་གནོད་བྱེད་དེ་རུ་ཁྱེར༔  ཆགས་ཞེན་ཕྱི་མིག་མ་བལྟ་ཞིག༔  ལྷོ་ཡི་ལྷ་འདྲེ་ལྷོ་རུ་གཤེགས༔  གཤིན་རྗེའི་ཡུལ་དུ་གནས༴  ལྷོ་ཡི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  ནུབ་ཕྱོགས་ལྷ་འདྲེ་ནུབ་ཏུ་གཤེགས༔  ཆུ་ལྷའི་ཡུལ་དུ༴  ནུབ་ཀྱི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  བྱང་ཕྱོགས་ལྷ་འདྲེ་བྱང་དུ་གཤེགས༔  གནོད་སྦྱིན་ཡུལ་དུ༴  བྱང་གི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  ཤར་ལྷོའི་ལྷ་འདྲེ་ཤར་ལྷོར་གཤེགས༔  མེ་ལྷའི་ཡུལ་ {{TibChung|[29b]}} དུ༴  ཤར་ལྷོའི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  ལྷོ་ནུབ་ལྷ་འདྲེ་མཚམས་སུ་གཤེགས༔  སྲིན་པོའི་ཡུལ་དུ༴  ལྷོ་ནུབ་གནོད་བྱེད༴  ཆགས་ཞེན་ཕྱི༴  ནུབ་བྱང་ལྷ་འདྲེ་མཚམས་སུ་གཤེགས༔  རླུང་ལྷའི་ཡུལ་དུ༴  ནུབ་བྱང་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  བྱང་ཤར་ལྷ་འདྲེ་མཚམས་དེར་གཤེགས༔  དབང་ལྡན་ཡུལ་དུ༴  བྱང་ཤར་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  སྟེང་ཕྱོགས་ལྷ་འདྲེ་སྟེང་དུ་གཤེགས༔  ཚངས་པའི་ཡུལ་དུ༴  སྟེང་གི་གནོད་བྱེད༴  ཆགས་ཞེན་ཕྱི་མིག༴  འོག་ཕྱོགས་ལྷ་འདྲེ་འོག་ཏུ་གཤེགས༔  དཔག་ཚད་བརྒྱད་ཁྲིའི་འོག་རོལ་དུ༔  རྟེན་ཆོས་འོག་ནས་བྱུང་བ་ཡི༔  གནོད་བྱེད་ཐམས་ཅད་དེ་རུ་ཁྱེར༔  ཆགས་ཞེན་ཕྱི་མིག་མ་བལྟ་ཞིག༔  ཀྱཻ༔  འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔  སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ༔  ཡང་ཅིག་རྫོངས་སུ་འདེབས་པ་ནི༔  འགྲན་བྲལ་ངར་གྱི་མི་བོ་ཆེ༔  ཁོག་སྟོད་དེ་ནི་གསེར་ལས་བྱས༔  ཁོག་སྨད་དངུལ་ལས་བྱས་པ་སྟེ༔  ལོང་ཐང་ནག་པོའི་མིག་འབྲས་ལ༔  མགྲོན་བུ་དཀར་ {{TibChung|[30a]}} པོའི་སོ་ཕྲེང་བྱས༔  རྐང་ལག་རིན་ཆེན་ཟངས་ལ་གྲུབ༔  ཟེར་མོང་དག་ལས་གྲུབ་པའི་སྐྲ༔  ལག་གཡས་དཔག་བསམ་ལྗོན་ཤིང་དང་༔  གཡོན་པ་འདོད་འབྱུང་ནོར་བུ་ཐོགས༔  སྨྲ་མཁས་དེ་ནི་དྭགས་སེ་དག༔  འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ༔  གཅིག་ལས་གྲངས་དཔག་མེད་པར་འཕྲོས༔  དེ་འདྲའི་ཡོན་ཏན་ཀུན་ལྡན་པའི༔  འགྲན་བྲལ་ངར་གྱི་མི་ཆེན་འདི༔  སྦྱིན་བདག་ཕོ་མོའི་གླུད་དུ་བསྐྱལ་༔  ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔  འདབ་ཆགས་སྡེར་ཆགས་རྨིག་ཆགས་དང་༔  གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔  དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔  ཁྱེད་ལྷ་འདྲེའི་ཚོགས་ལ༴  གསེར་དངུལ་ཟངས་ལྕགས་གཡུ་བྱེ་རུ༔  རིན་ཆེན་ནོར་གྱི་རིགས་གྱུར་པ༔  དངོས་འབྱོར༴  ཁྱེད་ལྷ་འདྲེའི༴  སྦྲ་ཁང་དར་གུར་ལ་སོགས་པའི༔  ཡིད་དང་མཐུན་པའི་ཁང་ཁྱིམ་རིགས༔  དངོས་འབྱོར༴  ཁྱེད་ལྷ༴  ཀ་ཆ་དཀོར་ཆ་གོ་མཚོན་རིགས༔  འདོད་རྒུའི་ཡོ་བྱད་སྣ་ཚོགས་པ༔  དངོས་འབྱོར༴  ཁྱེད་ལྷ་འདྲེའི་ {{TibChung|[30b]}} ཤ་ཁྲག་དམར་གྱི་རྒྱ་མཚོ་དང་༔  དཀར་གསུམ་མངར་གསུམ་ཟས་ཀྱི་རིགས༔  དངོས་འབྱོར༴  ཁྱེད་ལྷ༴  ཇ་ཆང་འོ་ཞོ་ལ་སོགས་པའི༔  སྐོམ་དུ་བཏུང་བའི་རིགས་བྱེད་ཀུན༔  དངོས་འབྱོར༴  ཁྱེད་ལྷ༴  མདོར་ན་བཟའ་བཅའ་བཏུང་བ་དང་༔  ལྡག་པ་གཞིབ་པ་ལ་སོགས་པའི༔  རང་རང་ཡིད་མཐུན་ཟས་ཀྱི་རིགས༔  དངོས་སུ་འབྱོར་བ་བཤམས་པ་ལ༔  ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤྲུལ༔  ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔  ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔  ང་ཡིས་འབུལ་བ་མ་ནོར་ལ༔  ཁྱེད་ཀྱིས་བཞེས་པ་མ་ནོར་ཅིག༔  དགའ་མགུ་ཡི་རང་ཚིམས་གྱུར་ནས༔  ད་ནི་ཆོས་ཆོས་འགྲོ་རེ་རན༔  དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔  བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔  ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔  བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག་ཅིང་སོང་།  སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༴  མོ་ལྟས་རྨི་ངན་མཚན་ངན༴  མི་ཡི་ན་ཚ་མ་ལུས༴  ཕྱུགས་ཀྱི་གོད་ཁ་མ་ལུས༴  ཆེ་སྲི་ཆུང་སྲི་མ་ལུས༴  གཞོན་སྲི་ {{TibChung|[31a]}} དར་སྲི་ཐམས་ཅད༴  བྱུར་སྲི་དམ་སྲི་ཐམས་ཅད༴  ལྟོག་འགོང་དབུལ་སྲི་ཐམས་ཅད༴  ཟ་འདྲེ་ཕུང་སྲི་ཐམས་ཅད༴  གྲི་ཁ་མཚོན་ཁ་ཐམས་ཅད༴  ཐན་དང་ལྟས་ངན་མ་ལུས༴  མི་ཁ་ཁ་མཆུ་གྱོད་སྲི༴  དུས་མིན་འཆི་བ་བཅོ་བརྒྱད༴  འཇིགས་ཆེན་བརྒྱད་དང་བཅུ་དྲུག༴  བན་བོན་ཀླ་ཀློའི་བྱད་ཁ༴  གཏད་མནན་ཧོམ་ཟོར་གནོད་པ༴  སྔོན་ལས་འཕྲལ་རྐྱེན་ངན་པ༴  གཤིན་རྗེའི་ཁྲམ་ཁ་མ་ལུས་བསྒྱུར་ཅིང་སོང་༔  བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་ཟློག༔  མ་མོའི་ནད་ཡམས་ལྷ་འདྲེའི་རྟགས་བཏབ་ཟློག༔  སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་དང་༔  གཟུགས་ཅན་གཟུགས་མེད་དགྲ་བགེགས་མ་ལུས་པ༔  བཟློག་ཅིང་བསྒྱུར་ལ་ཁྱེད་ཅག་རྣམས་ཀྱིས་གཞོམ༔  མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་ཀུན༔  མ་ལུས་ལུས་པ་མེད་པར་ཟློག་ཅིང་སོང་༔  ནད་མུག་མཚོན་འཁྲུགས་ཨར་ཇག་རྐུན་མའི་རིགས༔  འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི༔  སྣང་སྲིད་ལྷ་འདྲེ་ཁྱོད་ལ་གཏད་དོ་ཁྱེར༔  རྗེས་ཤུལ་ལྷག་མ་ {{TibChung|[31b]}} མེད་པར་ཧབ་ཐོབ་གྱིས༔  གནས་འདིར་མ་གནོད་མ་རྒོལ་མ་སྡང་ཞིག༔  མ་ཆགས་མ་ཞེན་མ་འཁོར་འགྲོ་བར་གྱིས༔  གལ་ཏེ་མི་འགྲོ་བཀའ་ལ་མི་ཉན་ན༔  དུས་གསུམ་རྒྱལ་བ་རྣམས་ཀྱིས་བཀའ་བཅག་པའི༔  བཀའ་ཆད་དྲག་པོས་མགོ་བོ་ཚལ་པར་འགེམ༔  རྡོ་རྗེའི་མེ་དབལ་ཆེན་པོ་སྙིང་བསྲེགས་ནས༔  ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔  རྣམ་ཤེས་མནར་མེད་དམྱལ་བའི་གནས་སུ་ལྟུང་༔  དེ་བས་ད་ལྟ་ཉིད་དུ་ལ་འུར་སོང་༔  སརྦ་བིགྷྣན་གཙྪ་ཧཱུྃ་ཕཊ༔  {{TibChung|ཞེས་ལམ་བསྟན་དང་འབྲེལ་ཟློག་པའི་ཕྲིན་ལས་བཅོལ་ལོ།  །གཉིས་པ་ཕྱི་རོལ་དུ་བྱ་བ་ལ་བདུན།  གསེར་སྐྱེམས།  གཟུ་དཔང་ཟ་ལམ།  ཟློག་སྒྱུར།  གཏོར་ཟོར།  བརྟན་སྐྱོང་།  རྟ་བྲོ།  རྒྱལ་དབྱངས་ཤིས་བརྗོད་དོ།  །དང་པོ་ནི།  འཛོམ་ན་སློབ་དཔོན་སྔགས་ཆས་སུ་ཞུགས།  མདོས་སྐྱེལ་བ་རྣམས་ཀྱང་ཞྭ་གོས་ནག་པོ་གྱོན།  དཀར་གཏོར་དང་གསེར་སྐྱེམས་ཐོགས་པས་སྣ་དྲངས་ཏེ་བསྔོ་ཡུལ་མགྲོན་གྱི་བཅའ་གཞི།  བསྔོ་བྱ་མདོས་ཀྱི་བཀོད་པ།  དཀར་མཆོད་དང་དམར་མཆོད་སོགས་རིམ་པས་ཁྱེར།  སློབ་དཔོན་གྱིས་གདོང་བླངས་ནས་ཆོག་རོག་བཅས་ཕྱི་རོལ་གང་དུ་འཕེན་པའི་སར་ཕྱིན་ཏེ།  དེ་ཡང་ཕྱོགས་འགྲིགས་ན་སྒྲུབ་པ་པོ་དང་ཡོན་བདག་གི་ལོ་ལྷ་མིན་པ།  གཟའ་ {{TibChung|[32a]}} རྒོད་དང་མཁའ་འགྲོ་རྒྱུ་ཕྱོགས་སུ་གདོང་མ་ཐུག་པར་བྱས་ལ་ལྷོ་སྟོད་སྨད་གཉིས།  ཤར་ལྷོ་ལྷོ་ནུབ་བཅས་ངོས་ཞིག་ཏུ་འགྲིགས་དགོས་པས་དེ་ལྟར་ཁྱེར།  གྲོང་ཟད་པའི་མཐར་ཆུ་ཆེན་ཡོད་ན་ལེགས་ཤིང་མེད་ཀྱང་ཁང་པ་མི་མཐོང་བའི་སར་ཕྱིན།  ཤིན་ཏུ་ཉེ་ནའང་གོམ་པ་བདུན་ཅུ་ལས་ཉེ་མི་རུང་ཞིང་།  འཕང་བའི་ས་དེར་སླེབས་པ་དང་གོ་རིམ་ལྟར་ཁ་ཕར་བསྟན་ལ་བསྒྲིག  །དཀར་གཏོར་དང་གསེར་སྐྱེམས་བཏེགས་ལ།  འདོད་ཡོན་ཟག་པ་མེད་པ་ལོངས་སྤྱོད་ཀྱི་གཏེར་དུ་གྱུར།}}      ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་བརླབ་ལ།}}    ཧཱུྃ༔  རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་།  བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ།  །ཁྱད་པར་ཁྲག་འཐུང་དྲག་པོའི་ལྷ་ཚོགས་རྣམས།  གསེར་སྐྱེམས་འདི་བཞེས་རྣལའབྱོར་མཐུ་དཔུང་བསྐྱེད།  མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས།  །དྲེགས་པ་སྡེ་བརྒྱད་གཏེར་སྲུང་དམ་ཚིག་ཅན།  །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས།  །གསེར་སྐྱེམས༴  །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་།  །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག  །  ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས།  །གསེར་སྐྱེམས་འདི་བཞེས་ {{TibChung|[32b]}} རྣལ་འབྱོར་མཐུ་དཔུང་བསྐྱེད།  །{{TibChung|ཅེས་གསེར་སྐྱེམས་མདོས་འཕེན་ཕྱོགས་སུ་ཕུལ།  གཉིས་པ་གཟུ་དཔང་གསོལ་ཞིང་ཟ་ལམ་བསྟན་པ་ནི།}}    ཧཱུྃ༔  དཀོན་མཆོག་རྩ་གསུམ་ལྷ་ཚོགས་དང་༔  ཁྱད་པར་ཁྲག་འཐུང་སྲུང་མར་བཅས༔  ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས༔  མཆོད་འོས་ཀུན་ལ་གསེར་སྐྱེམས་འབུལ༔  ཉེས་མེད་རྣལ་འབྱོར་འཁོར་བཅས་ལ༔  སྡང་དགྲ་གདོན་བགེགས་ཀུན་གྱིས་བརྙས༔  བདེན་བརྫུན་ཤན་ཕྱེས་གཟུ་དཔང་མཛོད༔  དམ་ཚིག་གཉན་དགོངས་དགྲ་བགེགས་སྒྲོལ༔  ཧཱུྃ༔  མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔  དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔  ཁྲག་འཐུང་ལྷ་ཚོགས་དམག་དཔུང་བསྐྱེད༔  མི་མཐུན་རྐྱེན་དང་བར་ཆད་ཟློག༔  བྷྱོ་བྷྱོ༔  སྣང་སྲིད་ལྷ་འདྲེའི་དཔུང་ཚོགས་ཀུན༔  མདོས་གླུད་བཟང་པོ་འདི་ཁྱེར་ལ༔  ཟ་ལམ་དགྲ་བགེགས་སྟེང་དུ་ཕྱེས༔  མདོས་དང་གཏོར་མའི་ལྷག་མ་ཀུན༔  ནད་མཚོན་དུག་གི་ཟོར་དུ་སྒྱུར༔  ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔  བསྟན་འགྲོར་འཚེ་བའི་དགྲ་ལ་འཕེན༔  ཟོར་འཕེན་གནོད་པའི་བགེགས་ལ་ {{TibChung|[33a]}} འཕེན༔  ནག་ཕྱོགས་གདུག་པའིབགེགས་ལ་འཕེན༔  ཟོར་འཕེན་བར་ཆད་ཟློག་ཕྱིར་འཕེན༔  ཆགས་ཆེ་ཉམ་ང་ཕྱི་ལ་བསྒྱུར༔  རྦད་འདྲེ་རྦོད་གཏོང་དགྲ་ལ་བྷྱོ༔  སྡེ་བརྒྱད་ཟ་ཁ་བགེགས་ལ་ཡ༔  དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔  ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔  {{TibChung|གསུམ་པ་མདོས་གཏོར་འཕང་ཞིང་ཟློག་སྒྱུར་བྱ་བ་ནི།  གཤིན་རྗེའི་བཅའ་གཞི་སྒྲོམ་ཁྲི་སོགས་བཏེགས་ལ།}}    ཧཱུྃ༔  དབང་དྲག་འབར་བ་ཡབ་ཡུམ་གྱི༔  ལྷ་སྔགས་ཏིང་འཛིན་ནུས་རྩལ་ལས༔  དཔལ་གྱི་གཏོར་ཟོར་མི་ལྟར་འབར༔  དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔  མཐའ་དམག་གདུག་པའི་གནོད་པ་ཟློག༔  ཧོར་སོག་རྒྱ་འདྲེའི་གནོད་པ་ཟློག༔  འགོང་པོ་སྤུན་དགུའི་གནོད་པ་ཟློག༔  དུ་རུཥྐ་ཡི་གནོད་པ་ཟློག༔  {{TibChung|ཅེས་དང་།}}      བྷྱོ༔  གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔  རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔  གནོད་ཅིང་བར་དུ་གཅོད་པ་ཡི༔  ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔  ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴  དུས་མིན་འཆི་དང་འཇིགས་བརྒྱད༴  གློ་བུར་བདུན་བརྒྱ་ {{TibChung|[33b]}} ཉི་ཤུ༴  བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴  གདོན་རིགས་ཉི་ཁྲི་ཆིག་སྟོང་༴  ཀེག་ཆེན་གསུམ་བརྒྱ་དྲུག་ཅུ༴  ལྷ་ཆེན་དྲག་པོའི་གདུག་རྩུབ༴  ལྷ་མ་ཡིན་གྱི་རྒྱུ་ཐབས༴  མགོན་པོས་པར་བུ་བསྐོར་བ༴  གཤིན་རྗེའི་འཁྲུལ་འཁོར་བཅས་པ༴  དྲང་སྲོང་བྲམ་ཟེའི་དམོད་པ༴  གཟའ་ཡི་ཀི་ཀང་འཕེན་པ༴  བཙན་ནད་གཟེར་ཁ་གཏོང་བ༴  ས་བདག་ཀླུ་ཡི་མཛེ་ནད༴  བནྔྷེས་འབུམ་སྐོར་བྱེད་པ༴  སྔགས་པས་སྔགས་ཟོར་འཕེན་པ༴  བོན་གྱི་ཛོ་དམར་འཕེན་པ༴  མུ་སྟེགས་ངན་སྔགས་བྱེད་པ༴  བྱད་ཕུར་རྦོད་གཏོང་ཟུག་པ༴  མནན་གཏད་བསྲེགས་འཕང་བྱས་པ༴  མོ་རྩིས་རྨི་ལྟས་མཚན་ངན༴  སྔགས་ཞགས་མདའ་ལྟར་འཕེན་པ༴  ཕྱི་ཞགས་གྲུ་གུར་ཐུལ་བ༴  མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག༔  {{TibChung|ཅེས་སློབ་དཔོན་ལྟ་བའི་གདིང་བསྒོམ་པའི་གསལ་སྣང་དང་བཅས་པས་གཤིན་རྗེའི་གཟུགས་ཁ་ཕར་གྱུས་ཏེ་འཕང་།  དེའི་རྗེས་སུ་མདོས་གླུད་ཡོངས་རྫོགས་ཁ་ཕར་གྱུ་སྟེ་བཞག    །བཞི་པ་གཏོར་ཟོར་འཕང་བ་ནི།  ཐུན་གཏོར་ལ་རཀྟ་བྲན།  འགུགས་གཞུག་སྤྱི་ལྟར་བྱས་ལ།  བྱད་མ་དགྲ་བགེགས་འགུགས་བསྟིམ་བྱས་ཏེ་གཏོར་མ་དགྲ་བགེགས་དངོས་སུ་ {{TibChung|[34a]}} གསལ་བ་ལ་རང་གི་སྙིང་ག་ནས་ཛཿཡིག་དམར་ནག་འཕྲོས་པ་དམིགས་བྱའི་གཤང་ལམ་ནས་ཞུགས་སྙིང་གར་སླེབས་པ་ན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དགུ་པར་གྱུར་པ་འཁོར་བས་གཟུགས་ཕུང་རྡུལ་དུ་བརླག་པར་བསམ་ལ་སྨན་ཕུད་བྲན་ཞིང་བྱིན་བརླབ་སྤྱི་ལྟར་བྱ།}}    གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ཆལ་ཆོལ་དུ་གསོལ་བར་{{TibChung|བསམ་ཞིང་།  ཡི་དམ་གྱི་རྩ་སྔགས་ལ།}}      ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤཱ་ཏྲུན་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།  {{TibChung|ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་མཐར་གཏོར་མའི་ལྷག་མ་ནད་མཚོན་དུག་གི་རང་བཞིན་ཐོག་རྒོད་འཁྲུགས་པ་ལྟར་བྱུང་བས་དགྲ་བགེགས་ཀྱི་གནས་ལུས་ལོངས་སྤྱོད་དང་བཅས་པ་ཐལ་བའི་རྡུལ་བཞིན་བརླག་པར་བསམ་ཞིང་།}}    ཧཱུྃ༔  ང་ནི་ཁྲོ་རྒྱལ་ཧེ་རུ་ཀ༔  འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔  ང་ལས་ཆེ་བཙན་སུ་ཡང་མེད༔  ངས་ནི་དྲག་པོའི་གཏོར་ཟོར་འཕེན༔  ཕྱོགས་མཚམས་སྟེང་འོག་གནས་རྒྱུ་བའི༔  སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔  གཏོར་ཆེན་མཚོན་ཆའི་ཟེར་འཕྲོས་པས༔  ལུས་སེམས་མ་ལུས་བརླག་པར་མཆིས༔  ཟོར་ལས་ཕྱེས་ལ་སྐུ་བཟུར་ཅིག༔  བརྣག་པའི་དགྲ་བགེགས་མ་གཏོགས་པ༔  ཉེས་མེད་ {{TibChung|[34b]}} རྣམས་ལ་ཟོར་མི་འཕེན༔  ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད༔  དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔  ཉམས་པའི་དགྲ་བོ་སྡིག་ཅན་འདི༔  རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔  {{TibChung|དྲག་སྔགས་སོ་ལྔ་པའམ་ལས་སྔགས་སྤུ་གྲི་གང་རུང་མཐར་}} མ་ཧཱ་ཤ་རི་བྷྱོ་ཟློག༔  {{TibChung|ཅེས་བཟླ་ཞིང་གཏོར་ཆེན་རྔམས་སྟབས་སུ་འཕངས་ལ་ཐལ་མོ་དང་རྡུལ་མོ་བརྡབ།  གོ་ཆ་མཚོན་ཆ་ཅན་ཡོད་ན་བསྭོ་སྒྲ་སྒྲོག  །དར་ནག་བརྡབ།  རྣལ་འབྱོར་ནུས་པ་དམན་པའམ་ཕྱོགས་གཙང་མ་འགྲིགས་ན་ཁ་ཕར་གྱུས་ལ་བཞག་པའམ།  ཆུ་ཆེན་ཡོད་ན་དེའི་གཞུང་དུ་བསྐྱལ།  ལས་བྱང་བཞིན་སྲུང་འཁོར་བརྟན་པོར་བསྒོམ་རྗེས།}}      སྤྲུལ་པའི་བྱ་ཁྱུང་ནག་པོ་རི་རབ་ཙམ་ཞལ་ཕར་གཟིགས་ནས་རྗེས་སྙེགས་བཅད་པར་གྱུར།  ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ།  {{TibChung|ཅེས་བརྗོད་ལ་སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་བལྟ་བར་ལོག་གོ།  །ལྔ་པ་བརྟན་མ་བསྐྱང་བ་ནི།  སྒོ་དྲུང་དུ་བརྟན་མའི་གཏོར་མར་གཏོར་སྣོད་སྨན་ཕུད་ཀྱིས་བཤལ་བ་བྲན་ལ།  འབྲུ་གསུམ་གྱིས་བྱིན་བརླབ་ལ་ལས་བྱང་ལྟར་ཕུལ།  དྲུག་པ་བྲོ་བརྡུང་བ་ནི།  གཏོར་གཞོང་ཁ་སྦུབ་པར་དགྲ་བགེགས་འགུགས་གཞུག་བྱས་ལ་ལས་བྱང་ལྟར་བྲོ་བརྡུང་།  བདུན་པ་རྒྱལ་དབྱངས་ཤིས་པ་བརྗོད་པ་ནི།  རྣལ་འབྱོར་པ་རྣམས་ཞལ་གྱེན་དུ་ཕྱོགས་ལ་འབྲུ་འཐོར་ཞིང་།}}      ཧཱུྃ།  བྱིན་རླབས་ {{TibChung|[35a]}} འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་།  །རྩ་བརྒྱུད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས།  །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས།  །རྒྱལ་ལོ་དུག་ལྔའི་གཡུལ་ལས་ད་རྒྱལ་ལོ།  །དངོས་གྲུབ་མེ་དཔུང་ཐིག་ལེ་འབར་བའི་དབུས།  །ཡི་དམ་ཞི་ཁྲོ་རབ་འབྱམས་མཐུ་སྟོབས་ཀྱིས།  །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས།  །རྒྱལ་ལོ་བདུད་བཞིའི་དཔུང་ལས་ད་རྒྱལ་ལོ།  །ཕྲིན་ལས་མཚོན་ཆའི་བུ་ཡུག་འཚུབས་པ་ནས།  མཁའ་འགྲོ་ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས།  །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས།  རྒྱལ་ལོ་དགྲ་དང་བགེགས་ལས་ད་རྒྱལ་ལོ།  །སྟོབས་བཅུ་མངའ་བ་བདུད་ཀྱི་དཔུང་ལས་རྒྱལ།  །ལྷ་ཡི་དབང་པོ་ལྷ་མ་ཡིན་ལས་རྒྱལ།  །རྡོ་རྗེ་ཕ་ལམ་དངོས་པོ་ཀུན་ལས་རྒྱལ།  །རིག་པའི་ཡེ་ཤེས་མ་རིག་པ་ལས་རྒྱལ།  །ཆོས་ཉིད་བདེན་པ་ཆོས་ཅན་གནས་ལས་རྒྱལ།  །དཀར་ཕྱོགས་ལྷ་སྲུང་ནག་པོའི་ཕྱོགས་ལས་རྒྱལ།  །བདག་ཅག་མཆོད་ཡོན་འཆི་བདག་གཡུལ་ལས་རྒྱལ།  །ཕྱོགས་ལས་རྣམ་རྒྱལ་ {{TibChung|[35b]}} བཀྲ་ཤིས་ཨེ་མ་ཧོཿ    །  {{TibChung|ཞེས་དང་།  ཤིས་བརྗོད་ཤློ་ཀ་རེ་ཟུང་བྱ།  དེནས་ནང་དུ་སླེབས་པ་དང་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱིས་བསྒྲུབས་པའི་སྔགས་ཆུས་གནས་ཁང་ཕྱི་ནང་ཀུན་ཏུ་བསང་གཏོར་ལེགས་པར་བྱ།  སྐབས་འདིར་ནད་པ་གལ་ཆེ་བར་ཚེ་ཆོག་དང་འབྲེལ་ན་ཚེ་དབང་བསྐུར་ཞིང་།  ཚེ་དབང་དང་མི་འབྲེལ་བའི་སྤྱི་ཙམ་ལའང་ཚེ་འགུགས་བསྐུལ་ཞིང་རྒྱས་གདབ་ཤིས་བརྗོད་ཙམ་བྱ།  མཐར་སྲུང་མའི་རྗེས་ཆོག་དང་ཡི་དམ་རང་གཞུང་གི་གཏང་རག་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་རྒྱས་པར་སྤེལ་བས་གྲུབ་བོ།  །འདིར་ཞར་བྱུང་དུ་སྨོས་ན།  སློབ་དཔོན་ཕྱི་རོལ་བྱོན་མི་ཐུབ་པ་དང་།  སྤྲོས་བཅས་ཀྱི་ལག་ལེན་མི་འགྲིགས་ན་འདོན་ཆ་ཚང་ངམ་ནང་ནས་བྱས་ལ།  ཡས་གླུད་རྣམས་ཕྱི་རོལ་སྐྱེལ་དུ་བཏང་ནའང་ཧ་ཅང་མི་རུང་བ་མེད།  གང་ལྟར་པྲ་ལྟས་བརྟག་པ་ལ།  མདོས་གླུད་ཁ་ཕྱིར་བསྒྱུར་ན་ཆག་སྒོ་མེད་པས་བཟང་།  ཁ་ཡར་བསྒྱུར་ན་ཟློག་པ་བསྐྱར་ལ་བྱ།  འཕྲེད་དུ་བསྒྱུར་ན་ཉེས་ཆེར་མི་འབྱུང་ཡང་སྐུ་རིམ་ལ་འབད།  དེ་ལྟར་མདོས་ཆོག་འདི་ཉིད་བསྒྲུབ་པས་རྐྱེན་ཆ་ཇི་ལྟར་ཆེ་ཡང་ལན་གསུམ་བསྐྱར་ན་མི་ཟློག་མི་སྲིད་ཅེས་གསུངས་ཤིང་།  གཞན་ཡང་གཞུང་ལས།  བསྐྱེད་རྫོགས་གདིང་དང་ལྡན་པའི་རྣལ་འབྱོར་གྱིས༔  འདི་ལྟར་མདོས་གླུད་བཏང་བའི་ཡོན་ཏན་ {{TibChung|[36a]}} ནི༔  ནད་པའི་ཚེ་བསྲིང་འཆི་བ་བསླུ་བ་དང་༔  འདྲ་གདོན་བགེགས་ཀྱི་རྒོལ་བ་ཐམས་ཅད་དང་༔  མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་པ༔  ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔  འབྱོར་པ་ཆེ་ཆུང་དབང་དུ་བྱས་ནས་སུ༔  མདོས་རྫས་གླུད་རྫས་གྲངས་མང་རྒྱ་ཆེ་ཞིང་༔  མཛེས་ཤིང་གཙང་སྦྲ་བྱེད་པ་གནད་དུ་ཤེས༔  ལྔ་བརྒྱ་དུས་ཀྱི་མཐའ་མ་ལ་བབས་ཚེ༔  འདྲེ་རྒོད་གདུག་པས་སྐྱེ་འགྲོའི་སྲོག་ལ་རྒོལ༔  ཤི་ཚད་འདྲེར་ལྡང་གསོན་ལ་ཟ་ཁ་སྟོན༔  མི་ཕྱུགས་ཀུན་ལ་མི་བདེའི་ལ་ཡོག་འདོར༔  དེ་དག་བཟློག་པའི་ཐབས་ལ་འདི་ཟབ་པས༔  གཞན་གྱིས་བཟློག་པར་མི་ནུས་པ་ཡི་རིགས༔  ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔  པད་བྱུང་བདག་གིས་འགྲོ་ལ་སྙིང་བརྩེ་བས༔  སྨོན་ལམ་མཐུ་དང་ཏིང་འཛིན་རྒྱ་ཡིས་བཏབ༔  ཅེས་རྡོ་རྗེའི་གསུང་ལ་ནམ་ཡང་བསླུ་བ་མེད་པས་ན་ཡིད་ཆེས་པའི་གནས་སུ་རིགས་པར་བྱའོ།  །སྲིད་ན་གཅེས་པ་བླ་སྲོག་ནོར་གྱི་བུ།  །གཤིན་གྱི་རྗེ་བོའི་གྲེ་བ་ནས་ཕྱུངས་ཏེ།  །སྐལ་བཟང་སྲོག་གི་ཟུངས་སུ་སྩོལ་མཁས་པ།  །མཚོ་སྐྱེས་བླ་མ་ཁྱོད་མིན་གཞན་སུ་ཞིག      །དེ་ལྟའི་མན་ངག་ཟབ་གཏེར་གསང་མཛོད་ཀྱི།  ། {{TibChung|[36b]}} ཡང་གསང་ཚེ་སྒྲུབ་ཟབ་མོའི་ཆ་ལག་ཉིད།  །ཉམ་ཐག་གདུང་བ་སེལ་བའི་ཆ་རྐྱེན་དུ།  །བཀླག་ཆོག་འཇུག་བདེའི་ངག་ཁྲིགས་འདི་བསྡེབས་སོ།  །མདོས་གཏོར་ཡས་ཀྱིས་ལན་ཆགས་མགྲོན་རྣམས་ཚིམས།  །རིང་འཚོའི་བདུད་རྩིས་མོས་ལྡན་བསྲུང་བྱ་ཚིམས།  །བདེ་དགའི་དཔལ་གྱིས་མཆོད་ཡོན་འབྲེལ་བཅས་ཚིམས།  །གཏན་གྱི་བདེ་བས་འགྲོ་ཀུན་ཚིམས་བྱེད་ཤོག  །ཅེས་བདུད་འཇོམས་གཏེར་གསར་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཆ་ལག་འཆི་བསླུ་གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་ཟློག་ཅེས་བྱ་བ་འདི་ནི།  རིང་མོ་ཉིད་ནས་ཤར་ཕྱོགས་མོན་ཡུལ་མངྒ་ལའི་ལྗོངས་ཀྱི་སྔགས་སྟོན་ཚེ་དབང་དཔལ་འབྱོར་གྱིས་ཡང་ཡང་བསྐུལ་བ་ཡིད་ལ་བཅག་པའི་ཐོག  །ཉེ་ཆར་མདོ་ཁམས་ཕྱོགས་ཀྱི་རིགས་སྔགས་སྨྲ་བ་ཚེ་རིང་ལྷ་དབང་གཡུལ་རྒྱལ་གྱིས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས།  གཏེར་གཞུང་རྩ་བའི་མན་ངག་གྱེར་ཤོམ་གྱི་རིམ་པ་རྣམས་གཞིར་བཟུང་།  གླུད་རབས་སོགས་ཅུང་ཟད་སྤྲོས་པའི་ཆ་རྐྱེན་རིག་མཐུན་གྱི་གཏེར་ཁ་ལས་ཁ་བསྐང་།  ཆོ་གའི་ཡན་ལག་གི་མཚམས་སྦྱོར་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ།  གྲོང་སྔགས་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་སྔགས་བན་ཀུན་བཟང་ {{TibChung|[37a]}} དབང་འདུས་ཀྱིས་བགྱིས་པའོ།  །འདིས་ཀྱང་འགྲོ་རྣམས་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་པའི་དཔུང་གཉེན་མཆོག་ཏུ་གྱུར་ཅིག    །སརྦ་དཱ་མངྒ་ལཾ།།  །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 14:16, 2 September 2025

Wylie title zab gsang mkha' 'gro'i snying thig yang gsang tshe sgrub dngos grub 'dod 'byung gi cha lag 'chi bslu gshin rje'i gtor chen 'chi bdag dpung zlog DJYD-KABUM-23-A-016.pdf
Location bdud 'joms rin po che bka' 'bum
Volume 23, Text 16, Pages 263-335 (Folios 1a1 to 37a1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab gsang mkha' 'gro'i snying thig yang gsang tshe sgrub dngos grub 'dod 'byung gi cha lag 'chi bslu gshin rje'i gtor chen 'chi bdag dpung zlog. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 263-335. Kalimpong: Dupjung Lama, 1979-1985.
Side notes Recto: 'chi bslu gtor chen   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Ransom Rites to Extend Lifespan - 'chi bslu
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
Colophon

།ཅེས་བདུད་འཇོམས་གཏེར་གསར་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཆ་ལག་འཆི་བསླུ་གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་ཟློག་ཅེས་བྱ་བ་འདི་ནི། རིང་མོ་ཉིད་ནས་ཤར་ཕྱོགས་མོན་ཡུལ་མངྒ་ལའི་ལྗོངས་ཀྱི་སྔགས་སྟོན་ཚེ་དབང་དཔལ་འབྱོར་གྱིས་ཡང་ཡང་བསྐུལ་བ་ཡིད་ལ་བཅག་པའི་ཐོག །ཉེ་ཆར་མདོ་ཁམས་ཕྱོགས་ཀྱི་རིགས་སྔགས་སྨྲ་བ་ཚེ་རིང་ལྷ་དབང་གཡུལ་རྒྱལ་གྱིས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་རྩ་བའི་མན་ངག་གྱེར་ཤོམ་གྱི་རིམ་པ་རྣམས་གཞིར་བཟུང་། གླུད་རབས་སོགས་ཅུང་ཟད་སྤྲོས་པའི་ཆ་རྐྱེན་རིག་མཐུན་གྱི་གཏེར་ཁ་ལས་ཁ་བསྐང་། ཆོ་གའི་ཡན་ལག་གི་མཚམས་སྦྱོར་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ། གྲོང་སྔགས་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་སྔགས་བན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་འགྲོ་རྣམས་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་པའི་དཔུང་གཉེན་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces bdud 'joms gter gsar tshe sgrub dngos grub 'dod 'byung gi cha lag 'chi bslu gshin rje'i gtor chen 'chi bdag dpung zlog ces bya ba 'di ni/___ring mo nyid nas shar phyogs mon yul mang+ga la'i ljongs kyi sngags ston tshe dbang dpal 'byor gyis yang yang bskul ba yid la bcag pa'i thog___/nye char mdo khams phyogs kyi rigs sngags smra ba tshe ring lha dbang g.yul rgyal gyis nan tan chen pos bskul ba la brten nas/___gter gzhung rtsa ba'i man ngag gyer shom gyi rim pa rnams gzhir bzung /___glud rabs sogs cung zad spros pa'i cha rkyen rig mthun gyi gter kha las kha bskang /___cho ga'i yan lag gi mtshams sbyor ji ltar rigs pas kyang mi 'gal bar brgyan te/___grong sngags rgan po 'jigs bral ye shes rdo rjes sbyar ba las yi ge pa ni shar phyogs mon gyi sngags ban kun bzang dbang 'dus kyis bgyis pa'o/___/'dis kyang 'gro rnams dus min 'chi ba'i 'jigs pa las skyob pa'i dpung gnyen mchog tu gyur cig_____/sarba dA mang+ga laM//

[edit]
༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཆ་ལག་འཆི་བསླུ་གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་ཟློག་ཅེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི་སིདྡྷཾ། མི་ཤིགས་རྡོ་རྗེ་ཁྲོས་པའི་གཟི་བྱིན་གྱིས། །སྣང་སྲིད་དབང་སྡུད་ཟིལ་གནོན་ཧེ་རུ་ཀ །ཁྱབ་བདག་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས། །འཆི་ཟློག་མདོས་ཀྱི་མན་ངག་འདིར་གསལ་བྱ། །དེའང་ཇི་སྐད་དུ་རྩ་གཞུང་ལས། ལྔ་བརྒྱ་དུས་ཀྱི་མཐའ་མ་ལ༔ སྐྱེ་འགྲོས་དམུ་རྒོད་ལས་ངན་སྤྱོད༔ སྔགས་བཙུན་དམ་སྡོམ་ངོ་ལྐོག་ཅན༔ བུད་མེད་འདྲེ་མོས་ཆོས་ཁྲིམས་བཤིག༔ དེ་དུས་སྣང་སྲིད་ལྷ་འདྲེ་འཁྲུགས༔ ནད་མུག་མཚོན་གྱི་བསྐལ་པ་དར༔ དེ་ཚེ་སྨོན་ལམ་ལས་འཕྲོ་ཅན༔ སྐལ་བར་ལྡན་པའི་སྐྱེས་བུ་འགས༔ འདིར་བརྩོན་དུས་མིན་འཆི་བ་བཟློག༔ ཅེས་ཇི་ལྟར་གདམས་པར་མཛད་པ་བཞིན་ [2a] སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟང་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་ལ་རྩ་བ་གསུམ་གྱི་སྒྲུབ་སྐོར་ཇི་སྙེད་ཅིག་བཞུགས་པ་ལས། འདིར་ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཕྲིན་ལས་ཆ་ལག་ལས་བྱོན་པ་འཆི་བསླུའི་གཏོར་ཆེན་ཟབ་མོ་ལག་ཏུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས་ལས། ཐོག་མར་བྱ་བའི་སྦྱོར་བ་ནི། དེའང་རྩོམ་པའི་ཡུལ་རྣལ་འབྱོར་པ་རང་དང་རང་གི་བླ་མ་མཆེད་གྲོགས་དམ་ཚིག་ཅན་ཕ་མ་དང་ཆོས་ལྡན་གྱི་སྐྱེ་བོ་དད་པ་ཅན་སྦྱིན་བདག་སོགས་ཡོངས་སྨན་བློ་གཏོད་ཕེར་བའི་རིགས་ཀྱི་རིམ་གྲོར་བྱ་བ་ལས། མི་ནག་སྐྱེ་བོ་ཕལ་པ་དམ་མེད་སྡིག་ཅན་གྱི་རིགས་སོགས་བསྟན་པ་དང་འགྲོ་བ་ལ་ [2b] གནོད་པ་སྐྱེལ་བའི་གང་ཟག་གི་ཆེད་དུ་བྱས་ན་སླར་རང་ལ་འཁུ་ལྡོག་འབྱུང་བར་ངེས་ཤིང་། རྩོམ་པའི་དུས་སྤྱིར་བཏང་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་འཆི་བདག་ཟློག་པའི་དུས་ཁྱད་པར་ཅན་དུ་བསྔགས་པའི་ཕྱིར་རྣལ་འབྱོར་པ་རང་དོན་ལྟ་བུར་དུས་དེར་ལོ་རེ་བཞིན་བྱ་བའམ། སྤྱིར་ཉེར་དགུའི་རིགས་ལ་བཟང་ཞིང་། དམིགས་བསལ་ལོ་ཟླ་ཞག་དུས་ཀེག་སྲི་ལངས་པའམ་གློ་བུར་སྡེ་བརྒྱད་འབྱུང་པོའི་ཆོ་འཕྲུལ་རྐྱེན་ངན་བར་གཅོད་ལ་བརྟེན་ནས་ནད་གདོན་དྲག་པོས་གཙེས་ཏེ་དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་ཉེ་བ་ན། དེ་ཉིད་ཟློག་པའི་ཐབས་བྱ་སླ་ལ་ཆོད་ཆེ་བ་འདི་ལ་འབད་པར་བྱ་སྟེ། རྩོམ་པ་པོ་སློབ་དཔོན་རབ་ལྟ་བའི་གདིང་དང་ལྡན་པ། འབྲིང་བསྐྱེད་རྫོགས་ལ་གསལ་སྣང་ཐོན་པ། ཐ་མ་གཞན་ཕན་གྱི་སེམས་དང་ལྡན་ཅིང་ཡི་དམ་ལྷའི་བསྙེན་སྒྲུབ་ཚད་དུ་ཐེམས་པ་ཞིག་གིས་བསྒྲུབ་པ་ལས་གཞན་གང་བྱུང་གི་བྱེད་ན་རང་གཞན་གཉིས་ཀར་ཕན་པ་མེད་པའི་སྟེང་དུ་གནོད་པ་འབྱུང་བར་ངེས་པ་བཅས་སྤྱིར་ཤེས་པར་བྱས་ནས། བྱ་བའི་སྦྱོར་བ་དངོས་ལ། བསྒྲུབ་བྱ་ཤིན་ཏུ་གལ་ཆེན་ཡིན་ན་སྒྲུབ་གཞི་ཚེ་སྒྲུབ་ལ་བརྟེན་པ་ཉིད་སྐབས་དང་འབྲེལ་ཞིང་གཤིན་རྗེའི་ཁྲམ་ཟློག་ཟིན་མ་ཐག་བླ་ཚེ་འགུགས་ཤིང་ཚེ་དབང་རྒྱས་གདབ་བཅས་དགོས་པ་ཡིན་པས། གནས་ཁང་གི་ཕུག་ལོགས་གཞི་སྟེགས་དང་པོར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གཞུང་བཞིན་བྲིས་པའི་རས་བྲིས་བཀྲམ་པའམ། མ་འགྲུབ་ན་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པ་ [3a] བཀྲམ། དེར་མཉྫིའི་སྟེགས་ལ་རྣམ་བུམ་སོ་ལྔའི་རྫས་དང་། ཚེ་རྫས་ཕབ་གཏའ་ཅན་གྱི་བུམ་ཆུས་སུམ་གཉིས་བཀང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། མདུན་དུ་ཚེའི་འབྲང་རྒྱས། གཡས་གཡོན་དུ་ཕབ་ལྡན་གྱི་ཚེ་བཅུད་རིལ་བུ་དང་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་མདེའུ་ཅན་དར་ཚོན་སྣ་ལྔས་བརྒྱན་ཅིང་མེ་ལོང་བཏགས་པ་བཅས་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་། བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྟེགས་གཉིས་བར་གོང་སྨོས་རྩ་བའི་ཡི་དམ་གུར་དྲག་རྟ་ཕུར་གཤིན་རྗེ་སོགས་གང་ལ་བརྟེན་པ་དེའི་མཆོད་གཏོར། གཡས་གཡོན་དུ་སྲུང་མ་ཕོ་རྒྱུད་མོ་རྒྱུད། གཏེར་གཞི། ཆད་བརྟན། སྨན་རཀ་བཅས་དང་། མདུན་དུ་ཞི་དྲག་གི་ཉེར་སྤྱོད་མཇུག་སྤྲོད་དུ་བཤམ། དེའི་ནང་ངམ་མཇུག་སྤྲོད་ཀྱི་བར་དུ་རྩ་བའི་ཐུན་གཏོར་རམ་ཟོར་གཏོར་ཐོག་མདེལ་དབྱིབས་ཅན་ཁྲུ་གང་བ་རྩང་དམར་མེ་རི་མཚེ་ཡུངས་སོགས་ཀྱིས་བརྒྱན་པ་བཀོད། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། རོལ་མོ་འབུད་དཀྲོལ་བརྡུང་བའི་བྱེ་བྲག །ཞྭ་ནག་གོས་ནག་དྲག་པོའི་ཆས་གོས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱ་བ་རྣམས་ནི་གོང་གཞི་བདག་བསྐྱེད་ལ་བརྟེན་པའི་བཅས་ཤོམ་མོ། །སྐབས་ཐོབ་གཏོར་ཆེན་མདོས་ཀྱི་བཅས་གཞི་དངོས་ལ་། གོ་ཡུལ་འགྲིགས་ན་སྒྲུབ་པ་པོ་བྱང་ནས་ལྷོར་ཁ་གྱུ་བ་དང་མདུན་སྤྲོད་ཀྱི་ཕྱར་བ་ནག་པོ་ལྟ་བུའི་གཞི་ཁེབས་སྟེང་ལྕགས་སྣོད་དམ་ [3b] སྒྲོམ་ཁྲི་ཆེ་ཞིང་ཡངས་པ་ལས་སྟེགས་གྲུ་གསུམ་རོ་སོལ་གྱི་བྱུག་པའི་ཁར་བྲ་ནག་ནས་ནག་ཚིག་ནག་སོགས་བསྲེས་པའི་ཟན་ནམ་ས་ནག་དུག་ཁྲག་གི་ཆུས་སྦྲུབ་པ་ལས་མ་ཏྲཾ་གྱི་གཟུགས་མགོ་བོ་མདུན་བསྟན་གན་རྐྱལ་དུ་གནས་པའི་ལྟོ་བར་མ་ཧེ་རུ་རིང་རྔམ་བརྫིད་ཅན་སྔོ་ནག་ལ་ཞོན་པའི་མི་ནག་ཁྲོ་ཉམས་ཅན་བེར་ནག་བགོས་པ། གཡས་དགྲ་སྟྭ་འཕྱར་ཞིང་། གཡོན་ཁྲམ་ཤིང་འཛིན་པས་ཡུ་བ་སྐེད་ལ་བརྟན་པ། གདོང་ཅུང་ཟད་སྨད་པའི་རྣམ་པ་ཅན་རྦ་སྨྱུག་ལ་ནམ་མཁའ་ཟུར་བརྒྱད་པ་བྲན་ཅིང་བཙུགས་པ་ལ་རྒྱབ་བརྟེན་ཏེ་བཞག །དེའི་མཐའ་སྐོར་ཕྱོགས་མཚམས་བརྒྱད་ཀྱི་ཤར་དུ་ཨ་བ་གླང་མགོ་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྟྭ། ལྷོར་དར་མ་སྤྲེལ་མགོ་གཡས་ལྕགས་ཐག་དང་གཡོན་རལ་གྲི། ནུབ་ཏུ་ཟིལ་གནོན་སེང་མགོ་གཡས་ལྕགས་སྒྲོགས་དང་གཡོན་ཐོ་བ། བྱང་དུ་ཟ་བྱེད་སྤྱང་གདོང་གཡས་འཁོར་ལོ་དང་གཡོན་སོག་ལེ། ཤར་ལྷོར་དཔའ་གཏུམ་སྟག་མགོ་གཡས་སྐམ་པ་དང་གཡོན་ཞགས་པ། ལྷོ་ནུབ་ཏུ་ཧ་ལ་དྲེད་མགོ་གཡས་མེ་ལོང་དང་གཡོན་ཁྲམ་ཤིང་། ནུབ་བྱང་དུ་མནར་བྱེད་གཟིག་མགོ་གཡས་མེ་ཞགས་དང་གཡོན་ཁྲོ་ཆུ། བྱང་ཤར་དུ་གནོད་བྱེད་དོམ་མགོ་གཡས་རལ་གྲི་དང་གཡོན་རྒྱུ་མ་ཟ་བ། ཐམས་ཅད་ཀྱང་ལུས་གཅེར་བུ་མདོག་ནག་ཅིང་མི་ལྤགས་ཀྱིས་སྟོད་གཡོགས་པ་ཤ་སྟག་གོ། །དེ་དག་གི་ཕྱི་རོལ་མདུན་དུ་ཀླུ་བདུད་ཕག་གི་མགོ་ཅན་སྔོ་ནག་གཡས་དུག་སྦྲུལ་བརྒྱད་ཀྱི་སྐེད་པ་སྦམ་ནས་འཛིན་ཅིང་། གཡོན་པས་དུག་གི་ [4a] མེ་ཏོག་ནག་པོ་ཐོགས་པ་ནམ་མཁའ་ནག་པོ་ལ་བརྟེན་པ། དེའི་མཐའ་སྐོར་དུ་ཉ་སྦྲུལ་སྦལ་ལྕོང་མང་པོས་བསྐོར་བ། གཡས་སུ་རྒྱལ་འགོང་སྦྲུལ་གྱི་མགོ་ཅན་ཁམ་ནག་གཡས་སྦྲུལ་ཞགས་དང་། གཡོན་མདུང་ཐུང་འཛིན་པ་ནམ་མཁའ་སེར་པོ་ལ་བརྟེན་པ། དེའི་ཕྱོགས་བཞིར་རྒྱལ་པོ་བཙུན་གཟུགས་ཆོས་གོས་བསྭེ་ཐེབས་ཅན་ལག་ན་མཁར་གསིལ་ཐོགས་པ་བཞིས་བསྐོར་བ། གཡོན་དུ་བསེན་མོ་ནག་མོ་བྱའི་གདོང་ཅན་དམར་ནག་གཅེར་མོ་ནུ་མ་འཕྱང་བ་གཡས་པས་ཁྲག་ཀོང་དང་། གཡོན་པས་ནད་རྐྱལ་ཐོགས་པ་ནམ་མཁའ་དམར་པོ་ལ་བརྟན་པ། དེའི་མཐའ་སྐོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཐུར་དུ་གསིག་པའི་སྣེ་གཡས་གཡོན་གཉིས་རང་གི་ལག་པས་འཛིན་པ་བཞིས་བསྐོར་བ། དེའི་མཐར་ཤར་སྟོད་དུ་མི་ལུས་སྟག་མགོ ། ཤར་སྨད་དུ་མི་ལུས་ཡོས་མགོ ། ཤར་ལྷོར་མི་ལུས་འབྲུག་མགོ ལྷོ་སྟོད་དུ་མི་ལུས་སྦྲུལ་མགོ ལྷོ་སྨད་དུ་མི་ལུས་རྟ་མགོ ། ལྷོ་ནུབ་ཏུ་མི་ལུས་ལུག་མགོ ། ནུབ་སྟོད་དུ་མི་ལུས་སྤྲེལ་མགོ ། ནུབ་སྨད་དུ་མི་ལུས་བྱ་མགོ ། ནུབ་བྱང་དུ་མི་ལུས་ཁྱི་མགོ ། བྱང་སྟོད་དུ་མི་ལུས་ཕག་མགོ ། བྱང་སྨད་དུ་མི་ལུས་བྱི་མགོ ། བྱང་ཤར་དུ་མི་ལུས་གླང་མགོ་སྟེ་བཅུ་གཉིས་པོ་སོ་སོའི་ཁམས་མཐུན་རང་མདོག་བེར་ནག་ཅན་གཡས་ཁྲམ་ཤིང་དང་གཡོན་ཞགས་པ་ཐོགས་པ། དེའི་ཕྱི་རོལ་ཤར་དུ་ལྷ་བཤོས་ཟླུམ་པོ་དཀར་པོ། ལྷོར་གཤིན་རྗེ་གྲུ་གསུམ་ནག་པོ་ཁྲམ་རིས་ཅན། ནུབ་ཏུ་མ་མོ་སྨན་ཏིང་སེར་པོ། [4b] བྱང་དུ་བདུད་བཤོས་ཟུར་གསུམ་ནག་པོ་རྩེ་གུག །ཤར་ལྷོར་བཙན་བཤོས་གྲུ་གསུམ་དམར་པོ་རྩེ་གསུམ། ལྷོ་ནུབ་ཏུ་རྒྱལ་བཤོས་གྲུ་བཞི་དཀར་པོ། ནུབ་བྱང་དུ་གནོད་སྦྱིན་འབྲང་རྒྱས་ནོར་གཟུགས་དམར་པོ། བྱང་ཤར་དུ་ཀླུ་བཤོས་དཀར་ཟླུམ་སྦྲུལ་དཀྲིས་ཅན་རྣམས་ཀྱིས་བསྐོར། དེ་རྣམས་ཀུན་གྱི་མཐའ་ལྕགས་རིས་བསྐོར་བར་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པའི་སྐེད་པ་སྐུད་པ་སྔོ་དམར་གྱིས་དཀྲི། དེའི་མདུན་དུ་བླ་སྒྲོམ་དམར་ནག་གྲུ་གསུམ་ཁ་ཕྱེ་བཏུབ་པའི་ནང་དུ་བསྲུང་བྱའི་བླ་གཡུ་བཟང་པོ་ལ་མཚལ་གྱི་ཧྲཱིཿབྲིས་པ་འདོགས་སྐུད་ལ་བརྒྱུས་ཏེ་བཅུག་ཅིང་ཁ་བཅད། དེའི་ཕྱི་ནས་བྱད་ཐག་སྔོ་དམར་གྱིས་དཀྲིས་པའི་སྣེ་རིང་ཙམ་རྗེས་སུ་སྦྱིན་བདག་གི་གཟུགས་ལ་དཀྲིར་ལོང་བ་བྱས་ཏེ་གཤིན་རྗེའི་བཞོན་པ་མ་ཧེ་རུ་རིང་གི་སྐེ་ལ་བཏགས་ནས་བཞག་ཅིང་། བླ་སྒྲོམ་གྱི་སྟེང་དུ་ཁྲམ་བྱང་ལ་བསྲུང་བྱའི་ལོ་གྲངས་ཀྱི་ཁྲམ་སོལ་བས་བཏབ་པ་བཙུག ། གལ་ཏེ་གཤིན་རྗེ་འཁོར་བཅས་ཀྱི་འདྲ་གཟུགས་བཅའ་བ་སྤྲོས་པ་དང་ལག་རྩལ་སོགས་ཀྱིས་མ་ལྕོགས་ན། ཁྱེར་བདེའི་ལག་ལེན་དུ་གོང་གི་འདྲ་གཟུགས་རང་རང་གི་གནས་སུ་དམར་གྱི་བཤོས་བུ་ཐུན་གཏོར་གྱི་རྣམ་པ་ཅན་གཙོ་བོ་ལ་ཁྲུ་གང་དང་འཁོར་རྣམས་མཐོ་གང་ལས་མི་ཆུང་བ་བཀོད་ལ། དེར་རང་རང་གི་འདྲ་གཟུགས་རི་མོའི་རྣམ་འགྱུར་མཚན་ཉིད་ཚང་བའི་ཙཀླའི་སྔར་ནས་འདུ་བྱས་པ་རྣམས་མ་ནོར་བར་འཛུགས་ཤིང་རྩེར་དར་གདུགས་ནག་པོས་སྤྲས་པས་ཀྱང་འཇུག་པ་བདེ། དེ་དང་ཁ་སྤྲོད་དུ་བསྔོ་བྱ་སྦྱིན་བདག་གི་ཡས་གླུད་ལ། གཞི་སྟེགས་ [5a] གྲུ་བཞི་ཡངས་ཤིང་འཇམ་པའི་ཁར་རི་རབ་བང་རིམ་བཞི་པའི་ལྟེ་བར་སྲོག་ཤིང་ཁྲུ་དོ་ཙམ་པ་དཔག་བསམ་ལྗོན་ཤིང་གི་ཚལ་དུ་ཡལ་ག་ལོ་འབྲས་སོགས་ཀྱིས་སྤྲས་པའིརྩ་བར། འབྲུ་སྣ་ལྔའི་ངར་ཕྱེ་གཙང་མར་ལས་སྔགས་བཟླས་པའི་བུམ་ཆུས་བསྒྲུབ་བྱའི་ལུས་རིལ་པོའམ་ཡན་ལག་ལྔ་ཁྲུས་བྱས་པའི་ཆུས་སྦྲུས་པའི་ཟན་ལས་ཕོ་མོ་གཉིས་གཟུགས་སྐྱེ་མཆེད་དོད་པ། བསྒྲུབ་བྱ་གཙོ་བོ་ཁྲུ་གང་ལས་མི་ཆུང་མ་ལ་ཟེར་མོའི་སྒྲོས་སྐྲ། ལུང་ཐང་གི་མིག་སོགས་གླུད་རྫས་གླུད་རབས་ནས་བྱུང་བ་ལྟར་གནས་སོ་སོར་འགོད་པའམ། སྟབས་བདེའི་དབང་དུ་རྫས་རྣམས་ཕྱོགས་བསྡུས་ཀྱི་ཁུ་བ་ཟན་ལ་བསྲེས་ཀྱང་རུང་། དངོས་སུ་གྱོན་འཕྲོའི་གོས་དུམ་ཡོད་ན་ལེགས་ཤིང་། གང་ལྟར་ཞྭ་གོས་མགུལ་རྒྱན་སོགས་ཕོ་མོ་གང་ཡིན་རང་རང་གི་ཆས་ཤིན་ཏུ་ལེགས་པར་བྱས་ལ་འགོད། སྐྱེས་པར་ཕོ་ཤིང་སྟག་པ་ལྟ་བུ་ལ་ཁྲམ་ལོ་གྲངས་བྲིས་པ་ཕྲག་གཡས་དང་། བུད་མེད་ལ་མོ་ཤིང་གླང་མ་ལྟ་བུར་ཁྲ་མ་ལོ་གྲངས་བྲིས་ཏེ་ཕྲག་པ་གཡོན་དུ་གཟུག ། ཡུ་བ་སྲོག་ཤིང་ལ་བརྟེན་པའི་སྟེང་གདུགས་དང་ཁྱུང་ཚང་དཔལ་བེའུ་ཏོག་སོགས་བཀོད་པས་མཛེས་པ་དང་། བྱ་རིགས་སྣ་ཚོགས་ཤོག་བུར་ཚོན་གྱིས་བྲིས་པ་སྐུད་པར་བརྒྱུས་ཏེ་གདུགས་ཀྱི་འདབ་ཆར་བཏགས་ལ་འཕྱང་འཕྲུལ་དུ་གཡོ་བར་བྱ། གཙོ་བོའི་འདྲ་གླུད་ཀྱི་མཐའ་སྐོར་དུ་ངར་གླུད་ཕོ་མོ་གྲངས་མཉམ་སྤེལ་མས་བསྐོར་ཞིང་། ཕོའི་གཡས་སུ་མདའ་རེ་དང་། མོའི་གཡོན་དུ་འཕང་རེ་བཙུགས། བང་རིམ་ [5b] དང་པོའི་ཟུར་བཞིར་སེང་གེ་བཞི་དང་སྟག་གཟིག་སོགས་གཅན་གཟན་གྱི་རིགས། བང་རིམ་གཉིས་པའི་ཟུར་བཞིར་གླང་ཆེན་བཞི་སོགས་རི་དྭགས་ཀྱི་རིགས། བང་རིམ་གསུམ་པའི་ཟུར་བཞིར་མ་ཧེ་བཞི་སོགས་གཡུང་དྭགས་ཀྱི་རིགས། བང་རིམ་བཞི་པའི་མཐའ་སོར་བཞི་པའི་རྒྱ་ཁྱོན་གྱི་མཚོ་རྫིང་གི་ར་བ་བསྐོར་བའི་ནང་དུ་མཚོ་ལ་ཆུ་གནས་ཀྱི་རིགས། དེ་རྣམས་ཀུན་གྱི་མཐའ་སྐོར་ལྕགས་རིའི་ནང་གི་ཤར་ངོས་སུ་བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། སྣ་བདུན། ཉེ་བའི་རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཟན་ལ་འབུར་དུ་གཏོད་པ་དང་། ལྷོའི་ངོས་སུ་གསེར། དངུལ། ཟངས། ལྕགས་སོགས་རིན་པོ་ཆེ་སྣ་ལྔ་བཞུ་བའི་རིགས་སོ་སོར་དར་རས་ཀྱི་ཐུམ་པོར་བྱས་པའམ་ཏིང་ཕོར་དུ་བླུགས་པ་དང་། གཡུ། བྱེ་རུ། མུ་ཏིག །མུ་མེན། མཆོང་སོགས་མི་བཞུ་བའི་ཁམས་དར་སྐུད་ལ་བརྒྱུས་པ། ནུབ་ངོས་སུ་ཨ་བར་སྐྱུར་གསུམ། བཟང་པོ་དྲུག །སྨན་འབྲས་གསུམ། སེ་འབྲུ། ཤིང་ཚ། ཤིང་མངར། ག་བུར་སོགས་སྨན་གྱི་རིགས་དང་། འབྲས། གྲོ། ནས། སོ་བ། སྲན་དཀར་སོགས་འབྲུ་དཀར་དང་། ཏིལ། ཡུངས་ནག ། བྲ་བོ། སྲན་ནག་སོགས་འབྲུ་སྣའི་རིགས། ཁམ་བུ། སྟར་ག རྒུན་འབྲུམ། ཀུ་ཤུ་སོགས་ཤིང་ཏོག་གི་རིགས་བཅས་སྣོད་སོ་སོར་བཀང་བ། བྱང་ངོས་སུ་དར་ཟབ། སྣམ་རས། སྟག་གཟིག་གི་རས་མ་སོགས་བགོ་བའི་རིགས་སོ་སོར་བསྡམས་པ་དང་། དཀར་གསུམ། མངར་གསུམ། ཇ། ཆང་། [6a] ཚྭ། སྒོག ། རམ་པ། ཤ་སྣ། སྙིང་སྣ། ཁྲག་སྣ། རྐང་རུས། ཚིལ་ཞུན་སོགས་སྣོད་སོ་སོར་བཀང་བ། ཀུན་གྱི་ཕྱི་རོལ་ཟུར་བཞིར་མར་མེ་བཞི། ལོགས་བཞིར་དང་ཕྱོགས་མདོག་གི་བ་དན་བཞི། ལྕགས་རིའི་སྟེང་ཁྲམ་ཤིང་། འཇའ་རིས། ནམ་མཁའ། རྒྱང་བུ། ཕོ་ཏང་། མོ་ཏང་། ཤིང་རིས། མདའ་ཁྲ། འཕང་ཁྲ་སོགས་ཚར་དུ་དངར་བ་བཙུགས་ལ། མཐའ་མདོས་འཁྱུད་ཚོན་སྐུད་སྣ་ལྔས་དཀྲི། གཏོར་ཆེན་གྱི་མདུན་གཡས་སུ་ཅོག་སྟེགས་དཀར་པོའི་སྟེང་དུ་ཆངས་བུ་དཀར་པོ་དང་། རིལ་བུ་དཀར་པོ་བརྒྱ་རྩ་བརྒྱད་རེ། གྲོ་ནས་འབྲས་ཏིལ་དཀར་ཡུངས་དཀར་སོགས་འབྲུ་དཀར་ཅི་འཛོམ། མར་ཐུད་ཕྱུར་བ། དར་ཟབ། རིན་ཆེན་ཕྱེ་མ། ཤིང་ཏོག་རྣམས་བཞག ། མངར་གསུམ་དང་སྦྱར་བའི་འོ་ཆབ་གཙང་མ་ཟངས་དཀར་རམ་རག་རྡིག་ལྟ་བུར་བླུགས་པའང་དེའི་ཉེ་ལོགས་སུ་བཀོད། མདུན་གཡོན་ངོས་སྟེགས་ནག་པོའི་སྟེང་དུ་ཆངས་བུ་ནག་པོ། གཏོར་ཆུང་ནག་པོ་ཟུར་གསུམ། ལིང་ཆུང་ནག་པོ་སྤར་བཏབ་པ་བརྒྱ་རྩ་བརྒྱད་རྣམས་བྲུབ་ཁུང་དུ་བཞག །ཡུངས་ནག་བྲའོ་སྲན་མ་སོགས་འབྲུ་ནག །ཚ་སྒོག་རམ་པ་ཆང་གི་གླུམ། ཤ་ཚིལ་དུམ་བུ་རྣམས་བཞག ། ལྕགས་ཟངས་ཀྱི་སྣོད་དུ་ཆང་དང་ཁྲག་ཆུ་བླུགས་པའང་ཉེ་ལོགས་སུ་བཀོད། གཡས་གཡོན་གཉིས་ཁ་གནས་ཁང་ཡངས་ཤིང་སྣོད་འཛོམ་ན་གཏོར་མ་འབྲུ་སྣ་སོགས་སྣོད་སོ་སོའི་ནང་དུ་བཀོད། འབྲུ་དང་ཤ་སོགས་བརྒྱ་རྩ་བརྒྱད་རེ་ [6b] འདེང་ངེས་བྱ། གླུད་བསྔོའི་སྐབས་གྲངས་གསོག་རྒྱུའི་གླུད་ཕྲན་དང་ཆང་བུའང་བརྒྱ་རྩ། ཞི་དྲག་གཉིས་དང་གླུད་བསྔོ་བཅས་པར་ཚར་རེ་རེ་བཞིན་ནས་ཆན་ནམ་འབྲས་ཆན་རེ་ཡང་བླུག་སྲོལ་ཡོད་པ་བཙོས་ལ་ཟུར་དུ་བཞག །མདུན་ངོས་སུ་བསྔོ་སྐབས་བསྒྲིག་གཞི་ཅོག་སྟེགས་བཤམ་སྣོད་ཐེབ་ཙེ་དྲུག་བདུན་ལས་མི་ཉུང་བ། འོ་ཆབ་སོགས་སྦྲེང་སྤྱད་ཆུ་བུམ་མམ་གཏོར་འགུ། སྔོ་ཚར་དུས་བླུགས་སྣོད་གཡས་ཕྱོགས་སུ་ཟངས་དང་གཡོན་ཕྱོགས་སུ་ལྕགས་ལྟ་བུའི་སྣོད་གང་འཛོམ་ཆེ་བ་གཉིས་དང་། མདུན་ངོས་སུ་གླུས་གསོག་སྣོད་ཀྱང་སོ་སོར་བཞག །ཡང་ཁང་ཁྱིམ་དོགས་ཤིང་འབྱོར་པས་མི་ལྕོགས་ན་བཤམ་བསྔོ་གཉིས་ཀ་སྣོད་ཉུང་དུར་ཕྱོགས་བསྡུས་བྱས་ཀྱང་མི་འགལ། བསྔོ་རྫས་གཤོམ་བསྡུ་མཁན་དང་ཆུ་སོགས་སྦྲེང་མཁན་མཆོད་གཡོག་གཉིས་དགོས་པས་ལག་པ་བཀྲུ་ཞིང་ཁ་སྣ་རས་ཀྱིས་དཀྲི་བ་སོགས་གཙང་སྦྲ་གལ་ཆེ། གཞན་ཡང་དཀར་གཏོར་གསེར་སྐྱེམས་སོགས་ཀྱིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གའི་སྦྱོར་བ་ལ། དམིགས་བསལ་ཅན་ལ་གོང་དུ་སྨོས་པ་ལྟར་ཚེ་དཀྱིལ་ལ་དམིགས་ཏེ་ཚེ་ཆོག་བཟླས་པ་ཚེ་འགུག་རྒྱས་བཏབ་ཀྱི་བར་བཏང་། རྩ་བའི་དངོས་བསྟན་བདག་བསྐྱེད་གུ་དྲག་རྟ་མགྲིན་ཕུར་པ་གང་རུང་དང་། ཁྱད་པར་གཤིན་རྗེ་གཤེད་ཉིད་དམིགས་བསལ་དུ་བསྔགས། གང་ལྟར་སྔོན་གཏོར་ནས་བརྩམས་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་ལ་འབད། བཀའ་སྐྱོང་སྲུང་མའི་ཚོགས་ལའང་གཏོར་འབུལ་ཕྲིན་བཅོལ། ཚོགས་མཆོད་སྐོང་བཤགས་སོགས་ནས་ལྷག་མ་ [7a] བཏང་བའི་བར་གྲུབ་པར་བྱའོ། །གཉིས་པ་མདོས་གཞུང་དངོས་ལ་ལྔ། བྱིན་རླབས། བསྐྱེད་ཆོག །སྤྱན་དྲང་། སྲུང་འཁོར། མཆོད་ཅིང་བསྔོ་བའོ། །དང་པོ་ཡོ་བྱད་སྤྱིར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི། རྫས་རྣམས་ཆུ་གཙང་གིས་བྲན། བསང་སྤོས་ཀྱིས་བདུག །བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལ་རྣམ་པ་ལས་བྱེད་ཀྱི་ལྷ་སོ་སོའི་ང་རྒྱལ་འཕོས་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སྭབྷཱ་ཝ་ཤུངྔྷ་སརྦ་དྷརྨ་སྭ་བྷཱ་ཝ་བིཤུདྡྷོཉཧཾ། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འདྲེ། ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་ལྡན་པས་གཏོར་རྫས་ཀྱི། འབག་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟེ་སྦྱར་བའི་ཚིག་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ [7b] ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་སྭ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེན་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེང་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་ལྡན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་སོས་དུག་ལྔའི་སྨན་གྱུར་ཅིག ། བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝཱ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་ [8a] རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམས་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡིགེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་བ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་པ་གོ་ལྡོག་པའང་སྣང་། མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུཾ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་པ་སྤྱི་བོར་བསྐོར་ལ། ན་མ་ས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷྱ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ [8b] ཀུན། །བདག་གིས་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོང་གྲོགས་མཛད་གྱུར་ཅིག ། མཐར། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། དེ་དག་ཐམས་ཅད་ཅི་རིགས་པར། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་དང་། ཁྱད་པར་མདོས་གླུད་ཡོངས་རྫོགས་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝ་ས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་གསུམ་དང་ལྡན་པ༔ ཤར་དཀར་པོ་ཤེལ་ལས་གྲུབ་པ༔ ལྷོ་སེར་པོ་གསེར་ལས་གྲུབ་པ༔ ནུབ་དམར་པོ་པདྨ་རཱ་ག་ལས་གྲུབ་པ༔ བྱང་ལྗང་གུ་ཨིནྡྲ་ནཱི་ལ་ལས་གྲུབ་པ་རྣམས་ཀྱི་ཉེ་འདབས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་རྫ་ལྟར་ཉིལ་བ༔ རྩེ་མོ་མཐོ་བ་དགུང་ལ་སྙེགས་པ༔ རྩ་བ་བརྟན་པ་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་གྱུར༔ རི་རབ་ལས་འོད་ཕུང་དཀར་སེར་ [9a] དམར་ལྗང་སྤྲིན་གྱི་ཕུང་པོ་ལྟར་གཏིབས་པ་ལས༔ མཐུན་པའི་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཁ་ཆར་ལྟར་འབེབས་པ༔ རི་རབ་ཀྱི་རྩེ་མོ་བཻཌཱུརྻའི་ས་གཞིའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་པ་ལས་མགྲོན་སོ་སོའི་སེམས་ལ་གང་བསམ་པ་ཐམས་ཅད་འབྱུང་ཞིང་འབབ་པ༔ ལྗོན་ཤིང་གི་ཤར་ཕྱོགས་སུ་ཁ་དོག་སྣ་ཚོགས་པས་མཛེས་ཤིང་སྣང་སྲིད་ལྷ་འདྲེས་སྣང་བ་བསྒྱུར་ནུས་པའི་ནམ་མཁའ་ཟུར་བརྒྱད་པ་འོད་དང་འོད་ཟེར་འབར་བ༔ ལྷོ་ཕྱོགས་སུ་རྣམ་པར་རྒྱལ་པའི་ཁང་བཟང་ལྟ་བུའི་ཕོ་བྲང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་མཛེས་ཤིང་བཀོད་ལེགས་པ་བ་གམ་དང་ནོར་བུའི་ཏོག་གིས་མཛེས་པ་ལས་དེ་འདྲ་བ་དཔག་ཏུ་མེད་པ་རྒྱུན་མི་ཆད་པར་འཕྲོས་པས་སྣང་སྲིད་ལྷ་འདྲེའི་གནས་ཡུལ་རང་རང་གི་ཡིད་དང་མཐུན་པའི་གནས་ཁང་འབྱུང་ནུས་པ༔ ནུབ་ཕྱོགས་སུ་དར་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་རྒྱལ་མཚན་དར་འཕན་གནམ་ཡོལ་ལ་སོགས་པའི་དར་ལྷབ་ལྷུབ་སྣ་ཚོགས་ཀྱིས་གང་བ༔ བྱང་དུ་སྲབ་འཇམ་མཛེས་ཤིང་ཡངས་པའི་ཁ་དོག་སྣ་ཚོགས་པའི་གོས་དང་༔ རབ་ཏུ་ [9b] བཙན་པའི་སྲ་མཁྲེགས་ཀྱི་གོ་ཁྲབ༔ རྣོ་དབལ་གསོད་གཅོད་ཀྱི་ནུས་པ་དང་ལྡན་པའི་མཚོན་ཆའི་རིགས་བྱེད་རྣམ་པ་སྣ་ཚོགས་དང་༔ དེ་དག་གི་ཕྱི་རིམ་ཁོར་ཡུག་ཏུ་ཁྱུང་ཆེན་རྨ་བྱ་ལ་སོགས་པའི་བྱ་རིགས་སྣ་ཚོགས༔ དེའི་ཕྱི་རོལ་ནས་གཡས་སྐོར་དུ་མི་ཕོ་སྐྱེས་བུའི་ཚོགས་ལྷའི་བུ་ལྟ་བུ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པས་ཡོངས་སུ་གང་བ༔ གཡོན་སྐོར་དུ་ལྷའི་བུ་མོ་ལྟ་བུའི་གཟུགས་བྱད་མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་གོས་རྒྱན་སྣ་ཚོགས་པས་ཡོངས་སུ་སྤྲས་པའི་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པས་གང་བ༔ བང་རིམ་གཉིས་པ་ལ་རི་དྭགས་རྣམ་པ་སྣ་ཚོགས༔ གཡུང་དྭགས་རྣམ་པ་སྣ་ཚོགས༔ ཆུ་གནས་རྣམ་པ་སྣ་ཚོགས༔ འདབ་ཆགས་དང་༔ སྡེར་ཆགས་དང་༔ རྨིག་ཆགས་དང་༔ གཅན་གཟན་ལ་སོགས་པའི་གཟུགས་འགྲོས་རྣམ་པ་སྣ་ཚོགས་ཆེ་ཕྲ་ཆུང་གསུམ་གྱི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་གང་བ༔ བང་རིམ་མཐའ་མ་ལ་ཁྲམ་ཤིང་དང་རྒྱང་བུ་འཇའ་རིས་ཅན་ཁ་དོག་སྣ་ཚོགས་པ་དང་༔ ཕོ་ཏང་མང་པོ་ལས་ཕོ་རིགས་དང་༔ མོ་ཏང་མང་པོ་ལས་མོ་རིགས་དཔག་ཏུ་མེད་པ་རྒྱུན་མི་ཆད་ [10a] པར་འཕྲོ་བ༔ གཡས་ཀྱི་མདའ་བཀྲ་ལས་མཚོན་ཆའི་རིགས་སྣ་ཚོགས་སོགས་ཕོའི་ཉེར་སྤྱོད་དང་༔ གཡོན་གྱི་འཕང་བཀྲ་ལས་མོའི་ཉེར་སྤྱོད་སྣ་ཚོགས་རྒྱུན་མི་ཆད་པར་འཕྲོ་ཞིང་འབྱུང་བ༔ བང་རིམ་གསུམ་གྱི་ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་རིན་པོ་ཆེའི་རིགས་བྱེད་རྣམ་པ་སྣ་ཚོགས༔ བཟའ་བ་ཤ་ཡི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོ༔ བཅའ་བ་རུས་པའི་གྲམ་ཁྲོད༔ ལྡག་པ་ཚིལ་དང་ཞུན་ཆེན༔ གཞིབ་པ་རྐང་དང་ལྷ་བ༔ འོ་མ་དང་ཞོ་ཡི་རྒྱ་མཚོ༔ མར་དང་ཐུད་ཀྱི་རི་བོ༔ ཀ་ར་དང་བུ་རམ་སྦྲང་རྩིའི་བྲག་རི༔ འབྲུ་སྣ་རྣམ་པ་སྣ་ཚོགས༔ ཤིང་ཏོག་རྣམ་པ་སྣ་ཚོགས༔ རང་རང་གི་ཡིད་སྤྱོད་དང་མཐུན་པའི་འདོད་རྒུ་སོགས་ཐམས་ཅད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ༔ རི་རབ་ཀྱི་སྟེང་གི་དཔག་བསམ་ལྗོན་ཤིང་གི་རྩ་བར་སྦྱིན་བདག་ཕོ་རྣམས་ཀྱི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེས་བུ་གཟུགས་བྱད་མཛེས་ཤིང་སྨྲ་མཁས་དྭགས་དག༔ འགྲོ་མཁའ་ལྡེམ་ལྡེམ༔ བཀྲག་མདངས་དང་གཟི་བརྗིད་འབར་བ༔ དཔལ་རྩལ་སྟོབས་ཤུགས་དང་ལྡན་ [10b] པ༔ གཡོན་དུ་སྦྱིན་བདག་མོའི་གླུད་དུ་འགྲོ་ནུས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུ་མོ་མཛེས་ཤིང་རྒྱན་གྱིས་བརྒྱན་པ་གཞོན་ཞིང་དར་ལ་བབས་པ༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་པ༔ དྲན་པ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པ༔ མདོས་གླུད་དེ་དག་རེ་རེ་ལས་ཀྱང་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འཕྲོ་ཞིང་ཡོངས་སུ་གང་བར་གྱུར༔ མཚན་བཞི་བརྗོད་ཅིང་ སམྦྷ་ར་བདུན་དང་ནམ་མཁའ་མཛོད་ལན་བདུན། ཨ་ཀཱ་རོ་ལན་གསུམ། དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཆོས་ཅན་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་དེ་བཞིན་དུ་ཡོངས་སུ་རྫོགས་ཤིང་གྲུབ་པར་གྱུར་ཅིག༔ རྟེན་འབྲེལ་སྙིང་པོ་ལན་བདུན་བརྗོད་པས་བྱིན་བརླབ་བོ། །གཉིས་པ་མདོས་མགྲོན་བསྐྱེད་པ་ནི། སྭབྷཱ་ཝས་སྦྱང་། བདག་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་དྲག་པོ་གནམ་ལྕགས་ལས་གྲུབ་པའི་ས་གཞི་གྲུ་གསུམ་པ་རྒྱ་ཁྱོན་རབ་ཏུ་ཡངས་པའི་དབུས་སུ་བདུད་པོ་མ་ཏྲཾ་རུ་དྲ་ [11a] གན་རྐྱལ་དུ་གནས་པའི་ལྟོ་བར་སྲིད་པའི་མ་ཧེ་སྔོ་ནག་གནམ་ལྕགས་ཀྱི་རྭ་རྩེ་ལས་མེ་འབར་བ་མིག་བསྒྲད་ཅིང་ཁ་གདངས་པ་ང་རྒྱལ་གྱིས་འགྱིང་སྟབས་སུ་ཡོད་པའི་སྒལ་སྟེང་དུ་ཡཿལས་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་ནག་པོ་རབ་ཏུ་ཁྲོ་ཞིང་གཏུམ་པ་ཞབས་གཉིས་འདོར་སྟབས་སུ་བགྲད་པ༔ ཕྱག་གཉིས་དགྲ་སྟྭ་དང་ཁྲམ་ཤིང་བསྣམས་ནས་སྐྱེ་འགྲོའི་སྲོག་དབུགས་སྡུད་པ༔ གོས་སུ་སྟག་གཟིག་དོམ་དྲེད་ཀྱི་པགས་རློན་ཀླུབ་ཅིང་སྦྲུལ་རིགས་ལྔའི་ཆུན་པོས་སྐུ་རེགས་བཅིང་བ༔ དབུ་སྐྲ་དམར་ནག་སྲིད་པའི་རྩེ་རུ་འབར་བ༔ སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གློག་འཁྱུག་པ་བསྐལ་པའི་མེ་རླུང་རབ་ཏུ་འཁྲུགས་པའི་ཀློང་དུ་བཞུགས་པའོ༔ དེའི་ཕྱོགས་མཚམས་ཀྱི་ཤར་དུ་ཨ་ཝ་གླང་མགོ་ལྕགས་ཀྱུ་དང་དགྲ་སྟྭ་ཐོགས་པ༔ ལྷོ་རུ་དར་མ་སྤྲེལ་མགོ་ལྕགས་ཐག་དང་རལ་གྲི་ཐོགས་པ༔ ནུབ་ཏུ་ཟིལ་གནོན་སེང་མགོ་ལྕགས་སྒྲོག་དང་ཐོ་བ་ཐོགས་པ༔ བྱང་དུ་ཟ་བྱེད་སྤྱང་གདོང་འཁོར་ལོ་དང་སོག་ལེ་ཐོགས་པ༔ ཤར་ལྷོར་དཔའ་གཏུམ་སྟག་མགོ་སྐམ་པ་དང་ཞགས་པ་ཐོགས་པ༔ ལྷོ་ནུབ་ཏུ་ཧ་ལ་དྲེད་མགོ་མེ་ལོང་དང་ [11b] ཁྲམ་ཤིང་ཐོགས་པ༔ ནུབ་བྱང་དུ་མནར་བྱེད་གཟིག་མགོ་མེ་ཞགས་དང་ཁྲོ་ཆུ་ཁོལ་མ་ཐོགས་པ༔ བྱང་ཤར་དུ་གནོད་བྱེད་དོམ་མགོ་རལ་གྲི་འཕྱར་ཞིང་རྒྱུ་མ་ཟ་བའོ། །དེ་དག་ཐམས་ཅད་ཀྱང་གཅེར་བུ་མི་ལྤགས་ཀྱི་སྟོད་གཡོགས་གྱོན་ནས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པའོ། །དེ་དག་གི་གཡས་ཕྱོགས་སུ་ཞེ་སྡང་འབར་བའི་རང་གཟུགས་རཱ་ཛ་སྤྲུལ་གྱི་མགོ་ཅན་གཡས་སྦྲུལ་ཞགས་དང་གཡོན་པས་མདུང་ཐུང་ཐོགས་པ༔ འཁོར་དུ་རྒྱལ་པོ་བསྭེ་ཐེབས་ཅན་ཆོས་གོས་དང་མཁར་གསིལ་ཐོགས་པ་སྡེ་བཞིས་བསྐོར་བ༔ མདུན་ཕྱོགས་སུ་གཏི་མུག་འཐིབ་པའི་རང་གཟུགས་ཀླུ་བདུད་ཕག་གི་མགོ་ཅན་གཡས་ན་དུག་སྦྲུལ་བརྒྱད་བཅང་ཞིང་གཡོན་པས་དུག་གི་མེ་ཏོག་ཐོགས་པ༔ འཁོར་དུ་ཀླུ་གཉན་ས་བདག་ཐམས་ཅད་ཀྱིས་བསྐོར་བ༔ གཡོན་ཕྱོགས་སུ་འདོད་ཆགས་འཁྲུགས་པའི་རང་གཟུགས་བསེན་མོ་བྱའི་གདོང་ཅན་གཡས་པས་ཁྲག་ཀོང་དང་གཡོན་ནད་རྐྱལ་ཐོགས་པ༔ འཁོར་དུ་རང་འདྲ་བའི་བུད་མེད་ཁྲག་གི་རལ་པ་ཅན་བཞིས་བསྐོར་བ༔ དེ་དག་ཐམས་ཅད་ཀྱང་དད་ཅིང་འདུན་པ་མོས་ཤིང་གུས་པས་ [12a] ཅི་བསྒོ་བའི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་འཁོད་པར་གྱུར༔ རང་རང་གི་སྲོག་ཡིག་ལས་འོད་འཕྲོས་པས་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་པར་གྱུར༔ གསུམ་པ་སྤྱན་དྲངས་པ་ནི། ཧཱུྃ་ཛཿ ལྷོ་ཕྱོགས་འཇིགས་རུང་གཤིན་རྗེའི་ཡུལ༔ མི་སྲུན་རྔམས་པའི་གྲོང་ཁྱེར་དུ༔ ལྕགས་མཁར་དགུ་རིམ་གཏམས་པའི་ནང་༔ ཉོན་མོངས་ལས་ལས་གྲུབ་པ་ཡི༔ འཆི་བདག་གཤིན་རྗེའི་རྒྱལ་པོ་ནི༔ ཡ་མ་རཱ་ཙ་ནག་པོ་དང་༔ སྤྲུལ་པའི་ལས་མཁན་ཤན་པ་འབུམ༔ ཡང་སྤྲུལ་དྲེགས་པའི་ཚོགས་དང་བཅས༔ དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔ མགྲོན་གྱི་གྲལ་དུ་བག་ཕེབས་མཛོད༔ ཛཿ མུན་པ་ནག་པོའི་གཏིང་རུམ་ནས༔ གཏི་མུག་ལས་ལས་གྲུབ་པ་ཡི༔ མི་སྲུན་གཏུམ་པོ་ཀླུ་ཡི་རྒྱལ༔ ནག་པོ་ཕག་གི་གདོང་པ་ཅན༔ སྤྲུལ་པ་ཀླུ་གདོན་ཡོངས་ཀྱིས་བསྐོར༔ ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔ དམ་ཚིག་གཉན་གྱིས་སྤྱན་འདྲེན་ནོ༔ [12b] མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་འབྲེལ་རང་གཟུགས་འདིར་རྟེན་ཆོས༔ མགྲོན་གྱི་གྲལ་དུ་བག་ཕེབས་མཛོད༔ ཛཿ བསྐལ་པའི་མེ་དཔུང་འབར་ཀློང་དུ༔ ཞེ་སྡང་ལས་ལས་སྐྱེས་པ་ཡི༔ དྲགས་རྔམས་ཕོ་གདོན་ཡོངས་ཀྱི་གཙོ༔ རྒྱལ་པོ་ཆེན་པོ་སྤྲུལ་གྱི་གདོང་༔ སྤྲུལ་པ་རྒྱལ་འགོང་སྡེ་བརྒྱད་དང་༔ ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔ དམ་ཚིག་གཉན་གྱིས༴ མ་ཐོགས་མྱུར་དུ༴ རྟེན་འབྲེལ་རང་གཟུགས༴ མགྲོན་གྱི་གྲལ་དུ༴ ཛཿ རཀྟའི་རྒྱ་མཚོ་ཆེན་པོའི་ཀློང་༔ འདོད་ཆགས་ལས་ལས་གྲུབ་པ་ཡི༔ ཆགས་སྡང་མོ་འདྲེའི་ཉུལ་ལེའི་ག ཧོཿ བསེན་མོ་ནག་མོ་བྱ་ཡི་གདོང་༔ སྤྲུལ་པ་མོ་གདོན་ཡོངས་ཀྱིས་བསྐོར༔ ཡང་སྤྲུལ་ལྷ་འདྲེའི་སྡེ་དཔུང་བཅས༔ དམ་ཚིག་གཉན་གྱིས༴ མ་ཐོགས་མྱུར་དུ༴ རྟེན་འབྲེལ་རང་གཟུགས༴ མགྲོན་གྱི་གྲལ་དུ༴ ཛཿ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ དུག་གསུམ་སྲིད་པའི་ལྷ་འདྲེ་རྣམས༔ སྔོན་ཚེ་སྤྱི་དཔལ་ཆེན་པོའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ མཐའ་མ་རིག་འཛིན་བརྒྱུད་པའི་ [13a] ཚིག༔ དཔང་དུ་བཞག་ནས་འབོད་པ་དང་༔ བཀའ་བསྒོ་ཕྲིན་བཅོལ་ལས་གཉེར་གྱིས༔ མ་འདས་མ་གཡེལ་མ་འགྱང་བར༔ བདག་གི་བསམ་པའི་དོན་སྒྲུབ་མཛོད༔ མ་ཏྲི་བཛྲ་ས་མ་ཡ་ཛཿཛཿ སླར་ཡང་བདེན་བརྗོད་ཀྱིས་བཀུག་པ་ནི། ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐུ་གསུམ་རྒྱལ་བའི་བདེན་པ་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི༔ ལུས་ངག་ཡིད་དང་ཚེ་བསོད་དཔལ༔ ཡོངས་ལ་གནོད་པའི་འདྲེ་གདོན་བགེགས༔ མ་ལུས་མྱུར་དུ་འདིར་ཁུག་ཅིག༔ རྟེན་འབྲེལ་གཟུགས་འདིར་མཆིས་གྱུར་ཅིག༔ ཅེས་གྲངས་བརྒྱའམ་ཉེར་གཅིག་ཙམ་བརྗོད། དེ་ནས་གྲལ་བྱེད་པ་ནི༔ ཀྱཻ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད༔ ལས་མཁན་དྲེགས་པའི་སྡེ་འཁོར་བཅས༔ མགྲོན་གྱི་གཙོ་རུ་བཞུགས་པར་ཞུ༔ འཁོར་འབངས་ཟིལ་གྱིས་གནོན་པར་གྱིས༔ ང་ཡི་བཀའ་ཉན་གསུང་སྡོད་མཛོད༔ ཞེ་སྡང་ཕོ་གདོན་རྒྱལ་པོ་ཁྱོད༔ འཁོར་གཡོག་འབངས་དང་བཅས་པ་ཀུན༔ གཤིན་རྗེའི་ [13b] གཡས་ཀྱི་གྲལ་དུ་ཕེབས༔ འཁོར་འབངས་ཟིལ་གྱིས་གནོན་མཛོད་ལ༔ ང་ཡི་བཀའ་ཉན༴ འདོད་ཆགས་མོ་གདོན་རྒྱལ་མོ་ཁྱོད༔ འཁོར་གཡོག་འབངས་དང་༴ གཤིན་རྗེའི་གཡོན་གྱི༴ འཁོར་འབངས་ཟིལ་གྱིས༴ ང་ཡི་བཀའ་ཉན༴ གཏི་མུག་ཀླུ་གདོན་རྒྱལ་པོ་ཁྱོད༔ འཁོར་གཡོག་འབངས་དང་༴ གཤིན་རྗེའི་མདུན་གྱི༴ འཁོར་འབངས་ཟིལ་གྱིས༴ ང་ཡི་བཀའ་ཉན་གསུང་སྡོད་མཛོད༔ ཏྲི་ས་མ་ཡ་སྟྲཾ༔ དཔང་པོ་ཞུ་བ་ནི། ཧོཿ བླ་ན་མེད་པའི་དཀོན་མཆོག་གསུམ༔ ང་ཡི་དཔང་དུ་དགོངས་བཞུགས་གསོལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ང་ཡི་དཔང་དུ༴ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ མ་ལུས་དཔང་ལ༴ དེ་རིང་སྦྱིན་པའི་བདག་པོ་ཉིད༔ འཆི་བའི་གེགས་ལས་བསླུ་བའི་ཕྱིར༔ འཆི་བདག་གཤིན་རྗེ་ལ་སོགས་པའི༔ ལྷ་འདྲེ་རྣམས་ལ་མདོས་དང་གླུད༔ འཇལ་ནས་བཀའ་བསྒོས་ཚོགས་རྣམས་ཀྱི༔ དཔང་དུ་རྒྱལ་བ་སྲས་བཅས་བཞུགས༔ བསྒོས་བཞིན་བསྒྲུབས་ཏེ་བཀའ་ཉན་ན༔ སྡུག་བསྔལ་འཇིགས་ལས་བསྐྱབ་མཛོད་ཅིག༔ གལ་ཏེ་བཀའ་བཅག་དམ་ [14a] ཉམས་ན༔ བཀའ་ཡི་ཆད་པས་རྡུལ་དུ་རློག༔ ཡུན་དུ་ལྡང་མེད་གཟེར་གྱིས་ཐོས༔ ན་མོ་བུདྡྷ་དྷརྨ་སཾ་གྷ་ཡ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནི༔ ན་མོ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ས་མ་ཡ་ཛཿཛཿ ན་མོ་ན་མ་ཧོཿ བཞི་པ་སྲུང་བའི་གུར་ཁང་ནི། བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་ཧཱུཾ་ཡིག་བཅུ་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས་སྟེང་དུ་ཧཱུཾ་ཀཱ་ར། འོག་ཏུ་སྟོབས་པོ་ཆེ། ཤར་དུ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ། ཤར་ལྷོར་དབྱུག་སྔོན། ལྷོ་ནུབ་ཏུ་མི་གཡོ་མགོན་པོ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་ཏེ་ཀུན་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། དམ་ཡེ་གཉིས་སུ་མེད་པའི་ཁྲོ་བོ་ཆེན་པོའི་གུར་ཁང་ཞལ་ནང་དུ་ཕྱོགས་པའོ། །དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ནམ་མཁའི་མཐར་ཁྱབ་པར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་བྱིན་རླབས་དང་འཁོར་འདས་བརྟན་ [14b] གཡོའི་ནུས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་གཟི་བྱིན་ནུས་སྟོབས་རབ་ཏུ་འབར་ཞིང་། རང་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པ་རྣམས་དང་བཅས་པའི་སྐུ་ལས་སྐྱེས་པའི་མི་དང་ཕྱག་ན་མཚོན་ཆ་སྣ་ཚོགས་དང་། ཞལ་ནས་སྔགས་སྒྲ་དྲག་པོར་སྒྲོགས་པས་བར་མཚམས་མེད་པར་གཏམས་པས་འཆི་བདག་འཁོར་བཅས་འབྲོས་པའི་ལམ་མེད་པར་འདར་ཕྲི་ལི་ལི་བདག་གིས་ཅི་བསྒོའི་བཀའ་ཉན་པར་གྱུར། ན་མཿས་མ་ནྟ་བུདྡྷ་ནཱཾ༔ ན་མཿས་མནྟ་ངྷརྨཱ་ནཱཾ༔ ན་མཿས་མནྟ་སངྒ་ནཱཾ༔ ཨོཾ་སི་ཏཱ་ཏཱ་པ་ཏྲེ༔ ཨོཾ་བྷི་མ་ལེ༔ ཨོཾ་ཤངྐ་ར༔ ཨོཾ་པྲ་ཏྱཾ་གི་ར༔ ཨོཾ་བཛྲ་ཨུཥྞཱི་ཥ༔ ཙཀྲ་ཝརྟྟི༔ སརྦ་ཡནྟྲ་མནྟྲ༔ མཱུ་ལ་ཀརྨ༔ བྷནྡྷ་ནཱཾ༔ ཏཱ་ཌ་ནཱཾ༔ ཀཱི་ལ་ནཱཾ་ཝ༔ མ་མ་ཀྲྀ་ཏ་ཡེ་ན་ག་ན་ཙིཏྟ་ཀྲི་ཏནྟད༔ སརྦ་ནྟུ༔ ཚིནྔྷ་ཚིནྔྷ༔ བྷིནྔྷ་བྷིནྔྷ༔ ཙི་རི་ཙི་རི༔ གི་རི་གི་རི༔ མཱ་ར་མཱ་ར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་བཟླ། སྲུང་འཁོར་ཤིན་ཏུ་དམ་པ་གནད་ཆེ་བར་གསུངས། ལྔ་པ་མཆོད་ཅིང་བསྔོ་བ་ལ་གསུམ། དཀར་མཆོད། དམར་གཆོད། གླུད་བསྔོ་བའོ། །དང་པོ་ལའང་གསུམ་ལས་ཐོག་མར་བྱིན་གྱིས་བརླབ་པ་ནི། མདུན་གྱི་ [15a] ཅོག་སྟེགས་ཁར་ཞི་སྣོད་དུ་གཡས་ཕྱོགས་སུ་བཤམས་པའི་རིལ་བུ་ཆངས་བུ་འབྲུ་སྨན་ཟས་སྣ་སོགས་འདོན་མི་དུ་ཡོད་ཀྱི་གྲངས་དང་མཉམ་པ་སྣོད་སོ་སོར་བཤམ་ལ་ནས་ཆན་རེ་བླུག །ཐེབ་སྟོང་པ་ཞིག་ཀྱང་བཞག །འོ་ཆབ་བྲན་ལ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ༔ ལན་གསུམ། ཐེབ་སྟོང་པར་འོ་ཆབ་སྦྲེང་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་སམྦྷ་ར་ཧཱུྃ༔ ཞེས་ལན་བདུན་བརྗོད། གཉིས་པ་འབུལ་བ་ནི། མཆོད་སྦྱིན་གྱི་གཏེར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེའི་རྒྱལ་པོ། ལས་མཁན་སྡེ་བརྒྱད། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །ལོ་བདུད་ལོ་གཤེད་བཅུ་གཉིས། བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསུམ་པ་བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི།

ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། [15b] ཏིང་ངེ་འཛིན་གྱི་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས། དེ་རིང་ཆོས་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས། བདག་ཅག་འཁོར་དང་བཅས་པའམ། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ། དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནད་ཀྱི་རིགས་སུ་གྱུར་པ་དང་། གདོན་གྱི་རིགས་སུ་གྱུར་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་དང་། དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐུན་ཅིང་དགེ་བའི་རིགས་སུ་གྱུར་པ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། བཀྲ་ཤིས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་རོལ་མོ་དང་བཅས་ཕུལ་བས་ཚར་དང་པོ་གྲུབ། ཕྲིན་བཅོལ་གྱི་ཚེ་བཤམ་སྔ་མ་རྣམས་གཡས་ཕྱོགས་ཀྱི་ཟངས་སྣོད་སྟོང་པ་བཞག་པའི་ནང་དུ་བླུགས། བཤམ་སྣོད་རྣམས་ཀྱང་འོ་ཆབ་ཀྱིས་བཤལ། ཚར་རྗེས་མའི་བསྔོ་རྒྱུ་བཤམ་གྲུབ་པ་བྱ་དགོས། དེ་ནས་བྱིན་ [16a] རླབས་ནས་ཕྲིན་བཅོལ་བར་བསྐྱར་ཏེ་བཏང་བའི་བརྒྱ་རྩ་བརྒྱད་རྫོགས་པར་འགྲོ་དགོས་པས་འདོན་མི་མང་ན་མི་གྲངས་ལྟར་བརྩི། གཅིག་ལས་མེད་ན་མ་ཚང་བར་བསྐྱར་དགོས་སོ། །

གཉིས་པ་དམར་མཆོད་ལ་སྦྱོར་བ་དང་། དངོས་གཉིས་ལས། དང་པོ་ནི། འགྲུབ་ན་སློབ་དཔོན་སྔགས་ཆས་སྤྲད། མ་འགྲུབ་ན་ཕོ་རོག་གདོང་ཞུ་གྱོན་ཞིང་གདོང་ལ་སོལ་བས་ཞུར་ནག་དང་། མཁུར་ཚོས་ལ་ཁྲག་གི་ཐིག་ལེ་སོགས་དྲག་པོའི་ཆས་དང་འདྲུག་སྟངས་བཅས་ངེས་པར་ཡི་དམ་ཁྲོ་བའི་ང་རྒྱལ་བསྐྱེད། ལྟ་དགོངས་ཏིང་འཛིན་གཡེལ་བ་མེད་པའི་ངང་ནས། ལིངྒ་རྣམས་བྲུབ་ཁུང་དུ་བཀོད་པ་མདུན་དུ་བཞག །བསྒྲལ་ཆས་འདུ་བྱས་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས་གནོད་བྱེད་དགྲ་བགེགས་ཀྱི་གཟུགས་ཕུང་དབང་པོ་སྐྱེ་མཆེད་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་རྣམ་པར་ཤེས་པ་ནྲྀ་དམར་ལྗང་དང་ཏྲི་དམར་སེར་ལ་ཕོག་པས་རང་དབང་མེད་པར་བཀུག་ནས་གཟུགས་ལ་ཐིམ་པར་གྱུར། ཅེས་དམིགས། བྱད་ཁ་ཆེ་ན་བྱད་མ་བཀུག་ལ་བསྒྲལ་ནས་འཆི་བདག་ལ་བསྟབ་པས་ལས་མྱུར། གདིང་ལྡན་གྱི་རྣལ་འབྱོར་པས་རང་དོན་བྱེད་ན་འཆི་བདག་གཤིན་རྗེ་འཁོར་བཅས་དང་། ཚེ་སྲོག་ལ་ [16b] བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བཀུག་ཅིང་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་སླར་ཁོ་རང་རྣམས་ལ་བྱིན་པས་རང་དབང་མེད་པར་ཟོས་ཏེ་ཚིམ་པར་དམིགས་ཞེས་གསུངས་ཀྱང་སུ་ཐོད་ཐོད་ཀྱི་བྱར་མི་རུང་ངོ་། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴ ཁྱད་པར་དུའང་དཔལ་ཆེན་ཁྲག་འཐུང་ཁྲོ་བོའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི༴ ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའམ། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཚེ་ལ་རྐུ་ཞིང་སྲོག་ལ་འཇབ་པ། དཀར་པོ་དགེ་བའི་ལས་སྒྲུབ་པ་ལ་བར་དུ་གཅོད་པའི་འབྱུང་པོ་མི་དང་མི་མ་ཡིན་གང་ཡིན་པ་དེ་དག་ཐམས་ཅད་གར་གནས་གང་དུ་འདུག་ཀྱང་རང་དབང་མེད་པར་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨཱ་ཀརྵ་ཡ་ཛཿ [17a] ལན་གསུམ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་འབར་བའི་ལྷ་ཚོགས་རྣམས༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ རང་དབང་མེད་པར་འདིར་ཁུག་ཅིག༔ དབང་དུ་སྡུས་ལ་འདིར་ཁུག་ཅིག༔ ཧཱུྃ༔ ཁྲོ་བོ་རོལ་པའི་འོད་ཟེར་འཁྱུགས༔ ལྕགས་ཀྱུ་སྤྲུལ་པས་ནམ་མཁའ་གང་༔ ཞགས་པ་སྤྲུལ་པས་བར་སྣང་གང་༔ ལྕགས་སྒྲོག་སྤྲུལ་པ་ས་གཞི་གང་༔ དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་གང་༔ འཁོར་འདས་ལག་ཏུ་ཤོར་མི་འཚལ༔ བཛྲ་ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ༔ སྥོ་ཊ་བཾ༔ གཎྜེ་ཧོཿ ཞེས་ཕྱག་རྒྱ་བཞིས་འགུགས་འཆིང་བསྡམ་མྱོས་བྱ། ཧཱུྃ༔ ལས་བྱེད་ཕོ་ཉའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སྐྱོབ་བྱེད་ལྷ་དང་ད་ཕྲོལ་ཅིག༔ ལྷན་ཅིག་སྐྱེས་པའི་བདུད་དང་སྤྲོད༔ ཟུང་ཞིག་རྒྱོབ་ཅིག་བྱད་དུ་ཆུག༔ སྨྱོ་འབོག་རེངས་ཤིང་སྒུལ་སྐྱོད་བྲལ༔ ཕུང་པོ་རྣམ་ཤེས་རྟེན་དང་ཕྲོལ༔ པྲ་བེ་ཤ་ཡ་ཕཊ༔ ཅེས་ལྷ་དང་དབྱེ་བ་སོགས་བྱ། ཕུར་པ་ཐོགས་ལ། ཧཱུྃ༔ ང་ནི་ཁྲག་འཐུང་འབར་བའི་སྐུ༔ སྲས་ [17b] འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ དཔལ་ཆེན་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་མྱུར་དུ་སྒྲོལ༔ དྲག་སྔགས་སོ་ལྔ་ལྟ་བུ་བརྗོད། ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་བུ་བཏབ་ལ། ཧཱུྃ༔ གནོད་བྱེད་དགྲ་བགེགས་རུ་ཏྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབས་པ༔ འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང་༔ བརྡུང་བའི་དབྱུག་ཐོ་འགུགས་པའི་ལྕགས་ཀྱུ་དང་༔ གཅོད་པའི་སྟྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང་༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུག༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱུང་༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུར་དུམ་བུར༔ ཤག་ཤག༔ ཚལ་པ་ཚལ་པ་རྦད༔ ཨོཾ་བཛྲ་ཏིཀྵྞ་ཁ་ཐིཾ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ [18a] ཅེས་རལ་གྲི་སོགས་མཚོན་ཆས་དུམ་བུར་གཏུབ། གཉིས་པ་དངོས་ལའང་གསུམ་གྱི། དང་པོ་བྱིན་གྱིས་བརླབ་པ་ནི། ཅོག་སྟེགས་ཁར་དྲག་སྣོད་དུ་གཡོན་ཕྱོགས་ཀྱི་ལིང་རོ་དང་། ཆངས་བུ། གཏོར་ཆུང་གང་ཡོད། ཆང་། འབྲུ་ནག །ཤ་ཚིལ་སོགས་སྣོད་སོ་སོར་བཤམས་ལ་ནས་ཆན་བླུགས། ཐེབས་སྟོངས་པའང་བཞག ཆང་དང་ཁྲག་ཆབ་ཀྱིས་བྲན་ལ། ཨོཾ་སྭ་བྷཱ་ཝ་ས་སྦྱང་། སྟོང་པའི་ངང་ལས་སྣོད་བྷནྡྷ་དམར་པོ་གྲུ་གསུམ་པའི་ནང་དུ། གནོད་བྱེད་ཀྱི་གཟུགས་ཕུང་ལས་བཟའ་བ་ཤ་ཡི་རི་བོ། བཏུང་བ་ཁྲག་གི་རྒྱ་མཚོ། བཅའ་བ་རུས་པའི་གྲམ་ཁྲོད། ལྡག་པ་ཚིལ་ཞུན་གྱི་ཕུང་པོ། ཟག་པ་མེད་པའི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཐེབས་སྟོང་པར་ཁག་ཆུ་སྦྲེང་ལ། སམྦྷ་རའི་སྔགས་ལན་བདུན་བརྗོད། གཉིས་པ་འབུལ་བ་ནི། དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འཆི་བདག་གཤིན་རྗེའི་རྒྱལ་པོ། ལས་མཁན་སྡེ་བརྒྱད། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག ། ལོ་བདུད་ལོ་གཤེད་བཅུ་གཉིས། བཀའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསུམ་པ་ [18b] བདེན་སྟོབས་ཀྱི་ཕྲིན་ལས་བཅོལ་བ་ནི། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས་གོང་གི་དཀར་མཆོད་ལྟར་ལ། དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་བྱད་མ་ལྷ་སྲུང་དང་བཅས་པའི་གནོད་བྱེད་ཐམས་ཅད་རང་བྱད་རང་ལ་ལོག་པར་གྱུར་ཅིག །རང་གཤེད་རང་ལ་འབེབས་པར་གྱུར་ཅིག །རང་སྲོག་རང་གིས་གཅོད་པར་གྱུར་ཅིག །རང་ཤ་རང་གིས་ཟ་བར་གྱུར་ཅིག ། རང་ཁྲག་རང་གིས་འཐུང་བར་གྱུར་ཅིག ། རང་སྨ་རང་གིས་འབེབས་པར་གྱུར་ཅིག །ཕུང་བར་གྱུར་ཅིག །བརླག་པར་གྱུར་ཅིག ། མེད་པར་གྱུར་ཅིག ། སྟོང་པར་གྱུར་ཅིག ། ཅེས་རོལ་མོ་དང་བཅས་ཕུལ་བས་ཚར་དང་པོར་གྲུབ། །བཤམས་བསྔོ་ཟིན་པ་རྣམས་གཡོན་ཕྱོགས་ཀྱི་ལྕགས་སྣོད་སྟོང་པ་བཞག་པའི་ནང་དུ་བླུགས། བཤམ་སྣོད་རྣམས་ཀྱང་ཁྲག་ཆུས་བཤལ། རྗེས་མ་བསྔོ་རྒྱུ་བཤམ་བྲན་བྱས་ལ་བྱིན་བརླབས་ནས་ཕྲིན་བཅོལ་བར་བྱ་ཚུལ་གོང་མས་རིགས་འགྲེས་ཏེ་བརྒྱ་རྩ་བརྒྱད་གྲངས་ཚང་འབུལ། གྲངས་རྫོགས་པ་དང་བཤམ་སྟེགས་སོགས་བསྡུ། ཡས་སྣོད་གཉིས་རེ་ཞིག་གཡས་གཡོན་དུ་བཞག་གོ། །གསུམ་པ་གླུད་བསྔོ་བ་ནི། ཐོག་མར་བྱིན་གྱིས་བརླབ་པའི་སླད་དུ་ཆ་བ་བྲན་ལ་བསང་སྦྱང་། སྟོང་པའི་ངང་ལས་ངར་གྱི་ [19a] མི། །མུ་ཏིག་ཀླད་པ་ལུང་བཏང་མིག །བྱེ་རུའི་ལྗགས་ལ་མགྲོན་བུའི་སོ། །ཟེར་མང་སྐྲ་ལ་བསྭེ་ཡི་ཤ། །རིན་ཆེན་འབྲུ་སྣའི་ཁོག་བཅུད་ཅན། །ཞོ་ཤའི་སྙིང་ལ་མཁལ་ཤའི་མཁལ། །གླ་སྒང་བགྲོད་པ་དར་སྣའི་ལྤགས། །ལག་གཡས་གསེར་ལ་ལག་གཡོན་དངུལ། །རྐང་གཡས་ལྕགས་ལ་གཡོན་པ་ཟངས། །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ། །སྨྲ་མཁས་ལྗག་ལྗག་འགྲོས་ལྡེམ་ལྡེམ། །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ། །མི་བས་གླུད་བཟང་ལྷ་ཕྲུག་འདྲ། །ཡུལ་མཁར་དཀོར་ནོར་ཕུན་སུམ་ཚོགས། །གཡོག་འཁོར་རྟ་ཕྱུགས་ས་གཞི་གང་། ཆངས་བུ་སོ་སོའི་འདོད་ཡོན་ལྡན། །སྒང་ལྔ་འདོད་པའི་ཡོན་ཏན་ལྔ། །གཤོང་དྲུག་རིགས་དྲུག་རེ་བ་སྐོང་། །འབུར་ཆུང་བཅུ་གཉིས་ལོ་བདུད་ཚིམ། །ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿཁཾ་ཧཱུྃ། ལན་གསུམ། ཨོཾ་གྱིས་མགྲོན་རིགས་ཀུན་ལ་ཁྱབ། བྷྲཱུྃ་གྱིས་རིན་ཆེན་གཞལ་ཡས་ཁང་། ཏྲཱྃ་གྱིས་རཏྣའི་ཆར་པ་འབེབས། །ཧྲཱིཿཡིས་གསུང་དབྱངས་དྲུག་ཅུ་ལྡན། །ཨཱཿཡིས་གདོན་རིགས་བྱམས་སེམས་ [19b] ལྡན། །ཁྃ་གིས་བདུད་རྩིའི་ཆར་རྒྱུན་བབས། །ཧཱུྃ་གིས་ཉོན་མོངས་དུག་ལྔ་སངས། །དགོས་འདོད་རེ་སྐོང་ནམ་མཁའ་མཛོད། །རྒྱ་ཆེན་ཟད་མི་ཤེས་བར་གྱུར། །བདག་གི་བསམ་པའི་སྟོབས་སོགས་བདེན་བརྗོད་ཀྱང་བྱས་ལ། འདི་སྐད་གྱེར་མ་དབྱངས་སུ་བྱའོ། ། ཀྱཻ༔ དང་པོ་གླུད་བྱུང་གང་ནས་བྱུང་༔ གླུད་ཀྱི་དེ་ནི་རབས་སྨོས་ན༔ གླུད་ཀྱི་ཕ་ནི་གནམ་ཡང་ཡིན༔ གླུད་ཀྱི་མ་ནི་ས་ཡང་ཡིན༔ གནམ་ས་གཉིས་ཀྱིས་བྱིན་བརླབས་པས༔ འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔ རྒྱ་ཡུལ་སྐྱེ་ཞིང་ཁྲི་སྒོར་འཁྲུངས༔ སྟོན་པ་དགའ་རབ་རྡོ་རྗེ་ཡིས༔ འབྲུ་སྣ་ཉི་ཤུ་རྩ་གཅིག་དེ༔ མོན་པ་ཕོ་མོའི་ལག་ཏུ་གཏད༔ བརྔོ་ཞིང་བཏགས་པར་གྱིས་ཤིག་གསུངས༔ མོན་པ་ཕོ་མོ་ལྔ་བརྒྱ་ཡིས༔ བརྔོའམ་དེ་ནི་མ་བརྔོས་ན༔ རྒྱ་སླང་མོན་སླང་ནང་དུ་བརྔོས༔ མོན་ཕྲུག་ཕོ་མོ་ལྔ་བརྒྱ་ཡིས༔ བཏགས་སམ་དེ་ནི་མ་བཏགས་ན༔ རྒྱ་བཏགས་མོན་བཏགས་ཁ་ལ་བཏགས༔ སྟོན་པ་དགའ་རབ་ཕྱག་ཏུ་ཕུལ༔ སྟོན་པ་དགའ་རབ་རྡོ་རྗེ་ཡིས༔ རིན་ཆེན་སྣ་ལྔའི་ཕྱེ་བསྲེས་ནས༔ མི་དང་མཉམ་པའི་གླུད་དུ་བྱས༔ སྔགས་དང་ [20a] ཕྱག་རྒྱའི་བྱིན་རླབས་ཀྱིས༔ གླུད་ནི་ངར་གླུད་ལ༔ ཤ་ནི་མ་མཆིས་ན༔ བསྭེ་ལ་ཤ་ཡང་བྱས༔ ཁྲག་ནི་མ་མཆིས་ན༔ མཚལ་ཆེན་ལྕོག་ལས་བྱས༔ རུས་པ་མ་མཆིས་ན༔ དཔལ་ཆེན་དུང་ལས་བྱས༔ ལྤགས་པ་མ་མཆིས་ན༔ གྲུམ་ཤུན་ལྤགས་ལས་བྱས༔ སྙིང་ནི་མ་མཆིས་ན༔ ཞོ་ཤའི་སྙིང་དུ་བྱས༔ གློ་བ་མ་མཆིས་ན༔ གླ་གོར་ཞོ་ཤས་བྱས༔ མཆིན་པ་མ་མཆིས་ན༔ བ་མཆིན་སྨུག་པོས་བྱས༔ མཚེར་པ་མ་མཆིས་ན༔ མཁལ་སྲན་བྱིའུས་བྱས༔ མཁལ་མ་མ་མཆིས་ན༔ མཁལ་མ་ཞོ་ཤས་བྱས༔ རྒྱུས་པ་མ་མཆིས་ན༔ ཐང་དཀར་སྤུ་རྒྱུས་བྱས༔ རྩ་རྒྱུས་མ་མཆིས་ན༔ སྤུ་ཤེལ་རྩེ་ལས་བྱས༔ སོ་ནི་མ་མཆིས་ན༔ མགྲོན་བུའི་སོ་ཡང་བྱས༔ ལྕེ་ནི་མ་མཆིས་ན༔ ལེ་བརྒན་དར་ལས་བྱས༔ མིག་ནི་མ་མཆིས་ན༔ ལུང་ཐང་མིག་ཏུ་བྱས༔ སྣ་ནི་མ་མཆིས་ན༔ ཟངས་མའི་སྣ་རུ་བྱས༔ རྣ་བ་མ་མཆིས་ནི༔ གྲོ་གའི་རྣ་བ་བྱས༔ སྐྲ་ནི་མ་མཆིས་ན༔ ཟེར་མོའི་སྤུ་ལས་བྱས༔ [20b] དབུགས་ནི་མ་མཆིས་ན༔ འབྱུང་བ་རླུང་ལ་བྱས༔ དྲོད་ནི་མ་མཆིས་ན༔ འབྱུང་བ་མེ་ལ་བྱས༔ སེམས་ནི་མ་མཆིས་ན༔ ནམ་མཁའ་ཡངས་པས་བྱས༔ ཡན་ལག་མ་མཆིས་ན༔ དབང་པོ་ལག་པས་བྱས༔ རིན་ཆེན་དར་གླུད་འདི་ཡི་ནི༔ ཕྲག་པ་གཡས་པ་ནི༔ རིན་ཆེན་གསེར་ལས་བྱས༔ ཕྲག་པ་གཡོན་པ་ནི༔ རིན་ཆེན་དངུལ་ལས་བྱས༔ རྐང་པ་གཡས་པ་ནི༔ ཐབས་ཆེན་ལྕགས་ལས་བྱས༔ རྐང་པ་གཡོན་པ་ནི༔ ཤེས་རབ་ཟངས་ལས་བྱས༔ སྟོན་པའི་ཞལ་ན་རེ༔ གླུད་ཀྱི་ངར་གླུད་ལ༔ ཁྱོད་མི་ཡི་གླུད་དུ་སོང་ཞིག་གསུང་ས༔ ངར་གླུད་དེ་ཡི་ཞལ་ན་རེ། ད་མི་ཡི་གླུད་དུ་འགྲོ་བ་ལ༔ ང་ལ་ཡོན་ཏན་ཅི་ཙམ་ཡོད༔ སྐྱེས་པ་ཕོ་ཡི་གླུད་དུ་ཇི་ལྟར་འགྲོ༔ ཟ་མ་མོ་ཡི་གླུད་དུ་ཇི་ལྟར་འགྲོ༔ བྱིས་པ་ཆུང་གི་གླུད་དུ་ཇི་ལྟར་འགྲོ༔ ཡུལ་དང་མཁར་གྱི་གླུད་དུ་ཇི་ལྟར་འགྲོ༔ དེ་སྐད་ཙམ་ཞིག་ཞུས་པ་ལས༔ སྟོན་པའི་ཞལ་ནས་འདི་སྐད་གསུངས༔ གླུད་ཀྱི་ངར་གླུད་ཚུར་ཉོན་དང་༔ ཁྱོད་མི་ཡི་གླུད་དུ་འགྲོ་བ་ལ༔ ཡོན་ཏན་བགྲང་ན་བསམ་མི་ཁྱབ༔ [21a] སྐྱེ་མཆེད་བཅུ་གཉིས་ཁྱོད་ལ་ཚང་༔ རྣམ་ཤེས་ཚོགས་བརྒྱད་ཁྱོད་ལ་ཚང་༔ ཁམས་ཆེན་བཅོ་བརྒྱད་ཁྱོད་ལ་ཚང་༔ ཕྲག་གཡས་གསེར་ལས་བྱས་པ་དེ༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཕྲག་གཡོན་དངུལ་ལས་བྱས་པ་དེ༔ ཟ་མ་མོ་ཡི་གླུད་དུ་སོང་༔ རྐང་གཡས་ལྕགས་ལས་བྱས་པ་དེ༔ བྱིས་པ་ཕོ་ཡི་གླུད་དུ་སོང་༔ རྐང་གཡོན་ཟངས་ལས་བྱས་པ་དེ༔ བྱིས་པ་མོ་ཡི་གླུད་དུ་སོང་༔ ཕུང་པོ་གཟུགས་དང་བཅས་པ་དེ༔ ཡུལ་མཁར་ཁྱིམ་གྱི་གླུད་དུ་སོང་༔ ཞལ་རས་མཚལ་གྱིས་བྱུགས་པ་དེ༔ རྣལ་འབྱོར་འཁོར་བཅས་གླུད་དུ་སོང་༔ སྨྲ་བ་ངག་སྙན་ཀྱུ་རུ་རུ༔ མི་ཆུང་དེ་ནི་ཐོད་ཀྱིས་བསྟོད༔ འགྲོ་ན་སྟབས་སྡུད་ཁྲིགས་སེ་འགྲོ༔ གླུད་ཀྱི་ངར་གླུད་ཆས་ཏེ་འགྲོ༔ ལྷ་སྲིན་སྡེ་བརྒྱད་སྤྱན་སྔ་རུ༔ ངར་གླུད་མི་སྐད་ཐོལ་གྱིས་སྨྲོས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ ང་མི་ཡི་གླུད་དུ་བཏང་བ་ལགས༔ མི་དང་གླུད་དུ་བརྗེ་བར་ཞུ༔ དེ་སྐད་ཙམ་ཞིག་གླེང་བ་ལ༔ ལྷ་སྲིན་སྡེ་བརྒྱད་ཞལ་ན་རེ༔ སྟོན་པ་དགའ་རབ་བཀའ་དྲིན་ཆེ༔ མི་དང་ [21b] གླུད་གཉིས་བརྗེ་འོ་ཟེར༔ ལྷ་སྲིན་སྡེ་བརྒྱད་དགྱེས་ཏེ་སོང་༔ ཧཱུྃ༔ སྔོན་ནི་སུ་དང་སུ་ཡི་གླུད༔ ཨ་ཤོ་ཀ་ཡི་རྒྱལ་པོའི་གླུད༔ མཚམས་མེད་ སྡིག་པའི་ལས་བྱས་པས༔ མ་མོ་ལྷ་སྲིན་སྡེ་བརྒྱད་ཁྲོས༔ མུ་གེ་དུས་འཁྲུགས་ཡམས་ནད་བྱུང་༔ སློབ་དཔོན་རོ་ལངས་རྡོ་རྗེ་ཡིས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མཁའ་འགྲོའི་ཕྱག་ཏུ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ འཕྲོག་པ་ནོར་གྱི་སྐྱིན་པར་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ ཧཱུྃ༔ བར་དུ་སུ་དང་སུ་ཡི་གླུད༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མ་མོ་ཁྲོས་པའི་ལྟས་བྱུང་ནས༔ མི་དགེ་མི་རུང་སྣ་ཚོགས་བྱུང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོའི་སྐུ་ཡི་ཚད་དུ་བྱས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མ་མོའི༴ བསད་པ་ལུས་ཀྱི༴ འཕྲོག་པ་ནོར་གྱི༴ ན་མི་ཕོད་པའི༴ འཆི་མི་ཕོད་པའི༴ ཧཱུྃ༔ དེ་རིང་སུ་དང་སུ་ཡི་གླུད༔ བདག་ཅག་མི་ནོར་འཁོར་བཅས་ལ༔ མཁའ་འགྲོ་འཁྲུགས་པའི་ལྟས་བྱུང་ནས༔ མུ་གེ་དུས་ [22a] འཁྲུགས་ཡམས་ནད་བྱུང༔ རིག་འཛིན་སྔགས་འཆང་བདག་གིས་ནི༔ སྐུ་གླུད་དར་ཟབ་རྒྱན་དང་ལྡན༔ དཔལ་གྱི་གཏོར་མ་དམར་གྱིས་བརྒྱན༔ སྣང་སྲིད་མ་མོའི༴ བསད་པ་ལུས་ཀྱི༴ འཕྲོག་པ་ནོར་གྱི༴ ན་མི་ཕོད་པའི༴ འཆི་མི་ཕོད་པའི༴ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་དང་༴ མ་ཡམས་བརྟན་མ་ཡན་ཆད་དུ༔ སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔ སྲིད་པ་མ་མོའི༔ བསད་པ་ལུས་ཀྱི༴ འཕྲོག་པ་ནོར་གྱི༴ ན་མི་ཕོད་པའི༴ འཆི་མི་ཕོད་པའི༴ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ སྲིད་པར་གནས་པའི་ལྷ་འདྲེ་ལ༔ སྐུ་གླུད་དམར་གཏོར༴ སྣང་སྲིད་ལྷ་འདྲེའི༴ བསད་པ་ལུས་ཀྱི༴ འཕྲོག་པ་ནོར་གྱི༴ ན་མི་ཕོད་པའི༴ འཆི་མེད་ཕོད་པའི༴ མཁའ་འགྲོ་གཏོར་མས་མཉེས་གྱུར་ཅིག༔ ལྷ་འདྲེ་གླུད་ཀྱིས་མཉེས་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅི༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཁྱིམ་སྒོ་ལམ་སྲང་འདི་རྣམས་སུ༔ གནོད་ཅིང་འགལ་བར་མ་མཛད་ཅིག༔ བཟུངས་ [22b] པ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་ཟོས་པ་སྐྱུག༔ བརྩམས་པ་བཤོལ་ལ་མནན་པ་ཐེག༔ ལན་ཆགས་བདག་པོ་ཁྱེད་རྣམས་ལ༔ མི་བས་གླུད་བཟང་ད་འབུལ་ལོ༔ བྱ་བས་སྤུ་མཚར་ད་འབུལ་ལོ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་གླུད་དུ་འདི་འབུལ་ལོ༔ ཁྲག་གི་གླུད་དུ༴ རུས་པའི་གླུད་དུ༔ དབང་པོ་སྒོ་ལྔའི་གླུད་དུ༴ རྣམ་ཤེས་ཚོགས་བརྒྱད་གླུད་དུ༴ སྐྱེ་མཆེད་བཅུ་ཉིས་གླུད་དུ༔ ཁམས་ཆེན་བཅོ་བརྒྱད་གླུད་དུ༴ མི་བས་གླུད་བཟང་འདི་ཁྱེར་ལ༔ ཕྱིན་ཆད་གནོད་འཚེ་མ་མཛད་པར༔ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད༔ ཧཱུྃ༔ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས༔ སྔགས་དང་ཕྱག་རྒྱས་དཀྲོལ་ཡང་དཀྲོལ༔ དམིགས་པ་བདག་གིས་འབུལ་ཡང་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱེད་རྣམས་མ་འཁྲུལ་ཞིག༔ གསེར་ལས་དེ་ནི་རིན་ཆེ་མེད༔ ཆད་བས་དེ་ནི་ངོ་ཆེ་མེད༔ འཛམ་གླིང་རྒྱན་དུ་རིན་ཆེན་གླུད་འབུལ་ལོ༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རཀ་དམྱལ་བ་ཡན་ཆད་དུ༔ རིན་ཆེན་གླུད་གཏོར་འདི་ [23a] འབུལ་ལོ༔ བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག༔ བསམ་པ་བཞིན་དུ་འགྲུབ་གྱུར་ཅིག༔ སོ་སོའི་ཐུགས་དམ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཡུལ་གྱི་ལྷ་འདྲེ་ཡིན༔ ང་ནི་ཡུལ་གྱི་སྔགས་པ་ཡིན༔ གཅིག་ལ་གཅིག་བསྟོད་ཧ་བོའི་གངས་ལས་དཀར༔ གཅིག་གིས་གཅིག་སྨད་རོང་པོའི་རྫ་ལས་ནག༔ ཧ་བོའི་གངས་ལས་དཀར་བར་མཛོད༔ རོང་པོའི་རྫ་ལས་མ་ནག་ཅིག༔ སོ་སོ་རང་རང་གནས་སུ་གཤེགས༔ ཞེས་བསྔོ། གྲངས་བསགས་ན་སླར་ཡང་གླུད་ཕྲན་དང་འབྲས་ཆན་སོགས་བཤམས་ལ། ནམ་མཁའ་མཛོད་སྔགས་དང་ཨ་ཀཱ་རོས་བྱིན་བརླབ། ཀྱཻ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ སྦྱིན་བདག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་རིན་དང་ཁྲག་གི་ཚབས༔ བླ་སྲོག་དབུགས་དང་སྐྱེ་མཆེད་ཀྱི༔ གླུད་དུ་འདོད་རྒུའི་ལོངས་སྤྱོད་འབུལ༔ ནད་པ་ནད་ལས་ཐར་བ་དང་༔ འཆི་བདག་ལག་ནས་ཐོན་པར་མཛོད༔ མཚན་བཞི་བརྗོད་ཅིང་། སམྦྷ་ར་ལན་བཅུ་རེས་ཕུལ་མཐར། ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་སྐུ་ [23b] ལོངས་སྐུ་སྤྲུལ་སྐུ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་ཀ་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུས༔ བདག་ཅག་འཁོར་དང་བཅས་པའམ། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་དུས་མ་ཡིན་པའི་འཆི་བ་རླུང་དང་མཁྲིས་པ་བད་ཀན་འདུས་པའི་ནད་རིགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ ལོ་ཀེག་ཟླ་ཀེག་ཞག་ཟ་མའི་ཀེག་དུས་ཚོད་ཚེས་གྲངས་ཀྱི་ཀེག་མོ་རྩིས་རྨི་ལམ་མཚན་མ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག༔ བྱང་ཞིང་དག་པར་གྱུར་ཅིག༔ ནད་རིམས་ཡམས་ནད་འགོ་བའི་ནད་རིགས་ཐམས་ཅད་དང་སྲི་ངན་གཤིན་རྗེའི་ཁྲམ་དང་ཕོ་ཉ་མ་མོའི་བཀའ་ཆད་བྱད་བྱུར་དང་གཏད་ཁྲམ་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ སླན་ཆད་ཀྱང་མི་འབྱུང་བར་གྱུར་ཅིག༔ ཅེས་བདེན་སྟོབས་བརྗོད་ལ་རོལ་མོ་དང་བཅས་ཏེ་བསྔོའོ། །ཚུལ་འདི་ཉིད་ཉིན་ལྔའའམ་གསུམ་སོགས་སྦྲེལ་ནས་བྱ་བར་འདོད་ན་སྐབས་འདི་ནས་སྲུང་མའི་གཏོར་སྐྱོང་སོགས་ [24a] ཆོ་གའི་རྗེས་ཀྱི་ལས་རིམ་རྣམས་ལས་བྱང་བཞིན་མཐར་དབྱུང་བས་འགྲུབ་ལ། གང་ལྟར་ཡང་མདོས་གཏོར་འཕང་བ་དངོས་ལ་འཇུག་པ་ནི་གོང་གི་བདེན་སྟོབས་ཟིན་མ་ཐག་ཁྲམ་ཁ་ཕྱི་ཞིང་བྱད་ཐག་གཅོད་པ་ནི། འགྲུབ་ན་བསྔོ་ཡུལ་གཤིན་རྗེའི་མདུན་རས་ནག་པོ་གྲུ་གསུམ་བཏིང་བ་ལ་སྦྱིན་བདག་གདོང་གཤིན་རྗེར་ཕྱོགས་པས་འཁོར་དུ་བཅུག་ལ། བླ་སྒྲོམ་ལ་བཏགས་པའི་བྱད་ཐག་གི་སྣེ་མོས་མགུལ་དང་རྐང་ལག་རྣམས་དཀྲིས་ཏེ་བསྡམས་པའི་ཚུལ་བྱ། ཐོག་མར་ལས་རྡོར་གྱིས་བླ་སྒྲོམ་སྟེང་དུ་བཙུགས་པའི་ཁྲམ་ཤིང་དེ་ཉིད་བླངས་ལ་གདོང་གཤིན་རྗེར་ཕྱོགས་ཏེ་ལག་གཡས་ཀྱི་དར་རས་དཀར་པོ་ལྟ་བུས་འདོན་ཚིག་དང་བསྟུན་ཏེ་ཕྱིས་ཞིང་། ཧཱུྃ༔ ཆོས་སྐུ་ཞི་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་ན། ཁྲག་འཐུང་ཁྲོ་རྒྱལ་ལྷ་ཚོགས་རྣམས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །དེང་འདིར་བསྲུང་བྱ་འཁོར་བཅས་ལ། ཚེ་སྲོག་བདུད་དུ་བབས་པ་ཡི། །མ་རུང་གདུག་པའི་ཁྲམ་ཁ་ཀུན། །དེ་རིང་ལྷག་མེད་ཕྱི་བར་བགྱི། །ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་པ། །དབང་ཕྱུག་ཆེན་པོའི་ཁྲམ་ཁ་ཕྱི། །མོ་རྒྱུད་རྣམས་ཀྱི་ཆེ་བཙན་པ། །ཨུ་མ་དེ་ཝིའི༴ །དགྲ་སྲོག་འཁོར་ལོས་གཅོད་བྱེད་པ། །གཤིན་རྗེ་ཡབ་ཡུམ༴ །མ་ [24b] ཚོགས་དགྲ་ལ་དབབ་པའི་ཕྱིར། །སྲིད་པའི་རྒྱལ་མོའི༴ །གསང་སྔགས་བསྟན་པ་སྲུང་མཛད་མ། །སྔགས་སྲུང་ཆེན་མོའི༴ །དགྲ་ལ་བདུད་དམག་དབབ་མཛད་པའི། །བདུད་མགོན་ཡབ་ཡུམ༴ །ལྟས་ངན་ཆོ་འཕྲུལ་མངའ་བདག་སྟེ། །རྒྱལཔོས་བཅིངས་པའི༴ །སྨྱོ་འབོག་ཆོ་འཕྲུལ་མངའ་བདག་སྟེ། །སྲོག་བདག་ཚངས་པའི༴ །སྤྲུལ་པ་སྣ་ཚོགས་སྟོན་མཛད་པ༴ །དགྲ་ལྷས་བཅིངས་པའི༴ །དགྲ་སྙིང་ཟས་སུ་ཟ་མཛད་པའི། །རཀྴ་གློག་ཕྲེང་༴ །དགྲ་ཁྲག་སྐོམ་དུ་འཐུང་མཛད་པའི། །སྦལ་མགོ་ཁྲག་མིག༴ །དགྲ་སྙིང་ཟས་སུ་རོལ་མཛད་པའི༴ །ཡཀྴ་མེད་དབལ༴ །བསྟན་པའི་བར་ཆད་སྒྲོལ་མཛད་པ། །མ་ཧཱ་ཀ་ལའི༴ །དམ་ལས་འདས་པ་བསྒྲལ་བའི་ཕྱིར། །རུ་དྲས་བཅིངས་པའི༴ །སྡང་དགྲ་ཁྲམ་ལ་དབབ་མཛད་པའི། དམུ་ཡིས་བཅིངས་པའི༴ །ལོག་ལྟ་བར་ཆད་འདུལ་མཛད་པ། །གུ་ལང་ནག་པོའི༴ །བར་ཆད་འགོང་པོ་འདུལ་མཛད་པ། །ལྷ་རབ་ཤམ་པོའི༴ །མངོན་ཤེས་གཏན་ལ་དབབ་མཛད་པ། །ཐོག་གི་བུ་ཡུག༴ །ཟས་སྣ་དངོས་ [25a] གྲུབ་སྟེར་མཛད་པ། །ཐེའུ་རང་བཅིངས་པའི༴ །དགྲ་ལ་གྲི་འཐབ་གཏོར་མཛད་པ། །བཙན་རྒོད་རྣམས་ཀྱི༴ །དགྲ་ལ་ཕུང་བརྡལ་གཏོང་བྱེད་པ། །བི་ནཱ་ཡ་ཀའི༴ །དགྲ་ལ་ཕུང་གསུམ་གཏོང་བྱེད་པ། །ཡམ་ཤུད་དམར་པོའི༴ །དགྲ་བོ་ཐུན་གྱིས་བསད་པར་བྱེད། །མགྱོགས་བྱེད་ནག་མོའི༴ །དགྲ་ལ་ཀླུ་ནད་གཏོང་བྱེད་པ། །ཀླུ་བདུད་མགོ་དགུའི༴ །དགྲ་ལ་མཛེ་ནད་གཏོང་བྱེད་པ། །ཡཀྴ་ནག་མོའི༴ །དེ་ལ་སོགས་ཏེ་ལྷ་སྲིན་གྱི། །གཏད་ཁྲམ་མནན་གཟེར་ཐམས་ཅད་ཕྱི། །བྱད་སྟེམས་ཉེས་ཚོགས་མ་ལུས་པ། །ལྷག་མ་མེད་པར་ད་ཕྱིའོ། །ཞེས་ཕྱིས་ལ་ཁྲམ་ཤིང་དུམ་དུར་གཏུབ་བོ། །དེ་ནས་ལས་རྡོར་གྱིས་རལ་གྲི་ཐོགས་ལ་འདོན་ཚིག་དང་བསྟུན་ཡོན་བདག་གི་མགུལ་ནས་བརྩམས་བླ་སྒྲོམ་ལ་དཀྲིས་པའི་བར་གྱི་བྱད་ཐག་རྣམས་རིམ་པར་བཅད་ལ། ཧཱུྃ༔ ངོ་བོ་འཇམ་དཔལ་གཤིན་རྗེ་གཤེད། །རྣམ་པ་གསེར་གྱི་སྤུ་གྲི་སྟེ། །སྔགས་བོན་རྒྱལ་བཙུན་སྐྱེ་ཕོ་མོ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས། །སྦྱིན་བདག་མི་ནོར་འཁོར་བཅས་ལ། །སྔགས་དང་ཕྱག་རྒྱ་རྫས་ཏིང་འཛིན། །དམོད་ཟོར་བྱད་དུ་བཅུག་པ་ཡི། ། [25b] བྱད་ཐག་མཚོན་གྱིས་དུམ་བུར་བཅད། །སྟེང་ཕྱོགས་ལྷ་ཡི་བཅིངས་པ་བཅད། །ཤར་ཕྱོགས་དྲི་ཟའི༴ །ཤར་ལྷོ་མེ་ལྷའི༴ །ལྷོ་ཕྱོགས་གཤིན་རྗེས༴ །ལྷོ་ནུབ་སྲིན་པོས༴ །ནུབ་ཕྱོགས་ཆུ་ལྷས༴ །ནུབ་བྱང་རླུང་ལྷས༴ །བྱང་ཕྱོགས་གནོད་སྦྱིན༴ །བྱང་ཤར་དབང་ལྡན༴ །འོག་ཕྱོགས་ས་བདག༴ །བཅིངས་པ་ཐམས་ཅད་ད་བཅད་དོ། །རྟེན་འབྲེལ་ཆོས་ཉིད་མཐུ་ཡིས་བསྒྱུར། །བྱད་མ་རང་གཤེད་རང་ལ་ཕོབ། །བསྲུང་བྱ་ཚེ་རྐྱེན་གེགས་ལས་ཐར། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཅེས་དུམ་བུར་བཅད། མཐར་སྦྱིན་བདག་སློབ་དཔོན་མདུན་དུ་སྟན་དཀར་པོ་བཏིང་བར་འཁོད་དུ་བཅུག་ལ། བླ་སྒྲོ་ཁ་ཕྱེས་ཏེ་བླ་གཡུ་བླངས་ནས་སློབ་དཔོན་ལ་ཕུལ་ཞིང་། བླ་གཡང་ལེན་པ་ནི། ཀྱཻ། སྟེང་ཕྱོགས་ལྷ་ཡི་གཞལ་ཡས་ནས། །ལྷ་ཡི་རིག་འཛིན་ཐམས་ཅད་ཀྱི། །ལྷ་ཚེ་རིང་པོའི་བླ་གཡང་དེ། །དོ་ནུབ་འདི་རུ་གཡང་དུ་ལེན། །འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས། །ཀླུ་ཡི་རིག་འཛིན་ཐམས་ཅད་ཀྱི། །ཀླུ་ཚེ་རིང་པོའི་བླ་གཡང་དེ། །དོ་ནུབ་འདི་རུ༴ །བར་གྱི་སྟོང་གསུམ་འཇིག་རྟེན་ན། །མི་ཡི་རིག་འཛིན༴ །མི་ཚེ་རིང་པོའི༴ ། [26a] དོ་ནུབ་འདི་རུ༴ །དབང་ཕྱུག་བརྒྱད་ལྡན་ཡོན་ཏན་བདུན། །དོ་ནུབ་འདི་རུ་གཡང་དུ་ལེན། །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན། །དོ་ནུབ་འདི་རུ༴ །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །འཁོར་དང་ལོངས་སྤྱོད་སྙན་གྲགས་སོགས། །བདེ་སྐྱིད་མ་ལུས་ཕུན་ཚོགས་པའི། །འདོད་རྒུའི་ཆར་ཆེན་སྦྱིན་བདག་ལ། །དོ་ནུབ་གནས་འདིར་འབབ་པར་ཤོག །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །ཞེས་བླ་གཡུ་དེ་ཉིད་སྦྱིན་བདག་གི་མགུལ་དུ་བཏགས། བླ་སྒྲོམ་ནང་དུ་ཁྲམ་ཤིང་དང་བྱད་ཐག་གི་དུམ་བུ་བླུགས་ལ་བཞག་གོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། ནང་དུ་བྱ་བ་དང་། ཕྱི་རོལ་ནས་བྱ་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། བསྐུལ་དང་ཆད་མདོ་བཏང་བ་ལས་བྱང་བཞིན་དང་། གཉིས་པ་ཆོས་བཤད་བཀའ་བསྒོ་བ་ནི། རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་བཅས་དང་༔ ལྷ་ཀླུ་གནོད་སྦྱིན་ལ་སོགས་ཏེ༔ གདོན་བགེགས་རིགས་སུ་གྱུར་པ་རྣམས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་པར་གྱུར་པ་གང་ཡང་རུང་༔ སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ གདོད་མ་ཉིད་ནས་དངོས་པོར་གོལ༔ [26b] དངོས་མེད་པ་ལ་ཡོད་པར་བཟུང་༔ ད་ལྟ་ཉིད་དུ་དངོས་པོར་གོལ༔ རྟག་པར་བཟུང་ཞིང་འཛིན་པར་བཅས༔ དཔེར་ན་ཟོ་ཆུའི་ཁྱུད་མོ་འདྲ༔ སླར་ཡང་ལོག་ཅིང་ངན་སོང་འཁྱམས༔ ཁྱོད་ཀྱི་སེམས་དང་ང་ཡི་སེམས༔ ཁྱོད་ཀྱི་ད་ལྟ་སོ་སོར་བཟུང་༔ འཁྲུལ་པ་ཡིན་ཏེ་ང་ན་སོང་རྒྱུ༔ ང་ཡི་སེམས་ཉིད་ཀུན་བཟང་ལ༔ ཁྱོད་ཀྱིས་རྫུ་འཕྲུལ་ཅི་བསྟན་ཡང་༔ ང་ལ་གཡོ་བ་རྡུལ་ཙམ་མེད༔ སླར་ཡང་རང་སེམས་བརླག་པའི་རྒྱུ༔ སེམས་ཅན་ཀུན་ལ་མ་འཚེ་ཞིག༔ སེམས་ཅན་ཀུན་ལ་འཚེ་བ་ན༔ སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ༔ སངས་རྒྱས་སྐུ་ལ་ཁྲག་ཕྱུང་ན༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་ཆེན་པོའི་ཆར་མི་ཕོད༔ གནོད་པར་བྱེད་ན་སྲིན་པོར་སྐྱེ༔ དཔལ་ཆེན་སྐུ་ཡིས་བསྒྲལ་ལ་རེ༔ རྟག་པར་བཟུང་ན་མུ་སྟེགས་ཡིན༔ བཅོམ་ལྡན་འདས་ཀྱིས་འདུལ་ལ་རེ༔ ང་རུ་བཟུང་ན་གཤིན་རྗེ་ཡིན༔ ཁྲོ་རྒྱལ་ཞབས་ཀྱིས་བཅག་ལ་རེ༔ ཕྲག་དོག་བརྟས་ན་ལྷ་མིན་ཡིན༔ འཆི་འཕོ་གཡང་སར་ལྷུང་བའི་རྒྱུ༔ རྒྱལ་བས་གསུངས་པའི་བཀའ་ [27a] ལ་ཉོན༔ སྒོ་གསུམ་སྡོམས་ལ་གུས་པས་ཉོན༔ འདི་རུ་གནོད་པ་མ་བྱེད་ཅིག༔ ཇི་ལྟར་ས་བོན་གང་བཏབ་པ༔ འབྲས་བུ་དེ་ལྟར་སྨིན་པ་བཞིན༔ དགེ་བའི་འབྲས་བུ་མཐོ་རིས་ཐོབ༔ སྡིག་པའི་འབྲས་བུ་ངན་སོང་ལྟུང་༔ དེ་བས་ཡང་དག་དོན་ལ་སོམས༔ གཟུགས་ལ་མཚན་མར་མ་བཟུང་ཞིག༔ གཟུགས་ལ་མཚན་མར་བཟུང་བ་ན༔ དམྱལ་བའི་བཙོ་སྲེག་དེ་ན་ཡོད༔ ཡུལ་ལ་ཆགས་པ་མ་བྱེད་ཅིག༔ ཡུལ་ཆགས་པར་བྱས་པ་ན༔ དམྱལ་བའི་རྒྱུ་འབྲས་དེ་ན་ཡོད༔ ཚེ་ལ་རྟག་པར་མ་འཛིན་ཞིག༔ ཚེ་ལ་རྟག་པར་བཟུང་བ་ན༔ དམྱལ་བའི་ཚེ་འཕྲོག་དེ་ན་ཡོད༔ ངན་སོང་དམྱལ་བའི་སྡུག་བསྔལ་ཡང་༔ གཞན་ན་ཡོད་པ་མ་ཡིན་ནོ༔ རང་གི་ཉེས་པ་དམྱལ་བ་ཡིན༔ མ་རྟོགས་ན་ནི་སེམས་ཅན་ཡིན༔ མ་རིག་ན་ནི་ཉོན་མོངས་ཡིན༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀྱང་༔ གཞན་ཡང་ཡོད་པ་མ་ཡིན་ཏེ༔ རང་གིས་ལོན་ན་མཐོ་རིས་ཡིན༔ ལེགས་པར་རྟོགས་ན་སངས་རྒྱས་ཡིན༔ རིག་ཅིང་རྟོགས་ན་ཀུན་ [27b] བཟང་ཡིན༔ གོ་ཞིང་རྟོགས་ན་རྡོར་འཆང་ཡིན༔ དེ་ལྟར་རྟོགས་ན་ཅི་ཕྱིར་གནོད༔ སེམས་ཉིད་ཀུན་ཏུ་བཟང་པོ་ལ༔ གནོད་པར་བྱེད་པའི་རྒྱུ་ཡང་མེད༔ གང་དུ་གནོད་པའི་གནས་ཀྱང་མེད༔ མཐོ་རིས་མེད་ཅིང་ངན་སོང་མེད༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ ལྷ་ཡང་མེད་ཅིང་འདྲེ་ཡང་མེད༔ བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད༔ གལ་ཏེ་དེ་དོན་མ་རྟོགས་ན༔ དཔེར་ན་ནམ་མཁའི་སྐར་ཚོགས་འདྲ༔ ནམ་མཁའ་ཉིད་ལས་མ་གཡོས་ཀྱང་༔ ཉི་ཟླ་གཟའ་སྐར་བཀྲ་བ་རྣམས་༔ གློ་བུར་རྟོག་པའི་སྤྲིན་གྱིས་སྒྲིབ༔ ཆོས་ཀྱི་དབྱིངས་ལ་བཟང་ངན་མེད༔ ཀུན་བཟང་གནས་ལ་ཡངས་དོག་མེད༔ ཡེ་ཤེས་ཐུགས་ལ་གསལ་སྒྲིབ་མེད༔ སངས་རྒྱས་ཐུགས་ལ་སྤང་བླང་མེད༔ འཇིག་རྟེན་གནས་ལ་རང་བཞིན་མེད༔ རྟོགས་ནང་ལ་སྐྱབས་སུ་ཤོག༔ མ་རྟོགས་འཚེ་ན་གཞན་དུ་དེངས༔ སྔོན་གྱི་ལན་ཆགས་ཡིན་ན་ཡང་༔ མཆོད་སྦྱིན་འདི་ཡིས་འཁོར་བར་གྱིས༔ འཕྲལ་གྱི་རྐྱེན་འགལ་ཅི་ཡོད་ཀྱང་༔ མཆོད་སྦྱིན་འདི་ཡིས་ཕྲལ་བར་གྱིས༔ [28a] བུ་ལོན་ཤ་མཁོན་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་སྦྱོང་བར་གྱིས༔ དོན་མེད་གནོད་པ་བྱེད་ན་ཡང་༔ མཆོད་སྦྱིན་འདི་ཡིས་ཚིམས་པར་གྱིས༔ རང་སྲོག་རང་ལ་གཅེས་པ་ལྟར༔ གཞན་སྲོག་གཞན་ལ་དེ་བས་གཅེས༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ བཟུང་བ་ཡོད་ན་བཏང་བར་གྱིས༔ བཅིངས་པ་ཡོད་ན་མྱུར་དུ་ཁྲོལ༔ བསྡམས་པ་ཡོད་ན་གློད་དུ་གསོལ༔ རྒྱལ་བའི་བཀའ་ལ་མི་ཉན་མེད༔ སྲིད་པའི་ཆུ་ལ་མི་འཐུང་མེད༔ འབྱུང་བ་རླུང་ལ་མི་བརྟེན་མེད༔ མཛེས་པའི་གླུད་ལ་མི་ལེན་མེད༔ དམ་རྫས་བདུད་རྩི་ཆེན་པོ་འདི༔ རྟོགས་པར་གྱུར་ན་སྨན་ཡིན་ཏེ༔ མ་རྟོགས་ན་ནི་དུག་ཏུ་འགྱུར༔ གཡང་ས་ཆེན་པོའི་ཆོས་མ་ཉན༔ རྟག་པར་འཛིན་པའི་ལས་མ་བྱེད༔ རང་བྱས་རང་ལ་སྨིན་གྱུར་པས༔ དཔེར་ན་སྐྱེས་པའི་མཚོན་ཆ་འདྲ༔ རང་གིས་བྱས་ཤིང་རང་ཉིད་འཇོམས༔ འཇིག་རྟེན་འདི་ནི་མི་རྟག་སྟེ༔ ས་ནི་ནམ་མཁར་འཕགས་ཀྱང་སྲིད༔ ཉི་ཟླ་ས་ལ་ལྷུང་ཡང་སྲིད༔ རླུང་ [28b] ནི་ཞགས་པས་ཟིན་ཀྱང་སྲད༔ ཆུ་བོ་གྱེན་ལ་ལོག་ཀྱང་སྲིད༔ རྒྱལ་བའི་བཀའ་ལ་འགྱུར་མི་སྲིད༔ རྒྱལ་བའི་བཀའ་ལས་མ་འདའ་བར༔ རང་རང་གནས་སུ་ད་ནི་དེངས༔ རྒྱལ་བའི་བཀའ་ལས་འདས་གྱུར་ན༔ དེ་ཚེ་སངས་རྒྱས་ཐུགས་ཁྲོས་ནས༔ སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས༔ ལྕགས་ཀྱུ་མཚོན་ཆ་སྣ་ཚོགས་ཀྱིས༔ སྙིང་ནས་བཟུང་སྟེ་བརླག་པར་བྱེད༔ ཚེ་འདིར་སྡུག་བསྔལ་དཔག་མེད་མྱོང་༔ ཕྱི་མ་ངན་སོང་གནས་སུ་ལྷུང་༔ དེ་བས་རང་རང་གནས་སུ་དེངས༔ ང་ཡིས་མཚམས་བཅད་ཚུན་ཆད་ལ༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ གསུམ་པ་ཡས་ལམ་བསྟན་ཅིང་རྫོང་འདེབས་པ་ནི། གླུད་གཏོར་རྣམས་ལ་འབྲུ་སྣ་ཤེལ་ཚིག་ལ་སོགས་པའི་རྫོང་གང་ཡོད་འདེབས་ཤིང་། ཀྱཻ༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྣང་སྲིད་ལྷ་འདྲེ་ཆེ་རྒུ་རྣམས༔ ཆོས་ཤིག་ཆོས་ཤིག་ད་ཆོས་ཤིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བཀའ་ལ་མི་ཉན་དམ་འོག་ཏུ༔ མི་འདུ་བ་ཡི་གདོན་བགེགས་རྣམས༔ དྲག་ཤུལ་སྟོབས་ཀྱིས་དབང་དུ་བསྡུས༔ རྒྱ་མཚོ་ཆེན་ [29a] པོའི་ཕ་མཐའ་རུ༔ རང་དབང་མེད་པར་དེད་ལ་སོང་༔ འཆི་བདག་གཤིན་རྗེའི་ཡུལ་དུ་ཁྱེར༔ ཕྱིར་མི་ལྡོག་པའི་ཟིལ་གནོན་ཐོབ༔ སྦྱིན་བདག་ནད་ལས་ཐར་བར་མཛོད༔ ནད་དེ་ནད་བདག་རང་ལ་སྡུས༔ ཟུག་རྔུ་དྲུང་ནས་འབྱིན་པར་མཛོད༔ གདོན་བགེགས་གནོད་བྱེད་མ་ལུས་པ༔ འཆི་བདག་གཤིན་རྗེ་ཁྱོད་ཀྱིས་ཁྱེར༔ ད་ནི་ལྷ་འདྲེའི་ལམ་བསྟན་པ༔ དགུ་ཚིག་སྐྱ་མོ་ཡས་ཀྱི་ལམ༔ སྣང་སྲིད་ལྷ་འདྲེ་དེ་རུ་བཞུད༔ ཤར་ཕྱོགས་ལྷ་འདྲེ་ཤར་དུ་གཤེགས༔ དྲི་ཟའི་ཡུལ་དུ་གནས་རྟེན་ཆོས༔ ཤར་གྱི་གནོད་བྱེད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་བལྟ་ཞིག༔ ལྷོ་ཡི་ལྷ་འདྲེ་ལྷོ་རུ་གཤེགས༔ གཤིན་རྗེའི་ཡུལ་དུ་གནས༴ ལྷོ་ཡི་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ ནུབ་ཕྱོགས་ལྷ་འདྲེ་ནུབ་ཏུ་གཤེགས༔ ཆུ་ལྷའི་ཡུལ་དུ༴ ནུབ་ཀྱི་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ བྱང་ཕྱོགས་ལྷ་འདྲེ་བྱང་དུ་གཤེགས༔ གནོད་སྦྱིན་ཡུལ་དུ༴ བྱང་གི་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ ཤར་ལྷོའི་ལྷ་འདྲེ་ཤར་ལྷོར་གཤེགས༔ མེ་ལྷའི་ཡུལ་ [29b] དུ༴ ཤར་ལྷོའི་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ ལྷོ་ནུབ་ལྷ་འདྲེ་མཚམས་སུ་གཤེགས༔ སྲིན་པོའི་ཡུལ་དུ༴ ལྷོ་ནུབ་གནོད་བྱེད༴ ཆགས་ཞེན་ཕྱི༴ ནུབ་བྱང་ལྷ་འདྲེ་མཚམས་སུ་གཤེགས༔ རླུང་ལྷའི་ཡུལ་དུ༴ ནུབ་བྱང་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ བྱང་ཤར་ལྷ་འདྲེ་མཚམས་དེར་གཤེགས༔ དབང་ལྡན་ཡུལ་དུ༴ བྱང་ཤར་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ སྟེང་ཕྱོགས་ལྷ་འདྲེ་སྟེང་དུ་གཤེགས༔ ཚངས་པའི་ཡུལ་དུ༴ སྟེང་གི་གནོད་བྱེད༴ ཆགས་ཞེན་ཕྱི་མིག༴ འོག་ཕྱོགས་ལྷ་འདྲེ་འོག་ཏུ་གཤེགས༔ དཔག་ཚད་བརྒྱད་ཁྲིའི་འོག་རོལ་དུ༔ རྟེན་ཆོས་འོག་ནས་བྱུང་བ་ཡི༔ གནོད་བྱེད་ཐམས་ཅད་དེ་རུ་ཁྱེར༔ ཆགས་ཞེན་ཕྱི་མིག་མ་བལྟ་ཞིག༔ ཀྱཻ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས༔ སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ༔ ཡང་ཅིག་རྫོངས་སུ་འདེབས་པ་ནི༔ འགྲན་བྲལ་ངར་གྱི་མི་བོ་ཆེ༔ ཁོག་སྟོད་དེ་ནི་གསེར་ལས་བྱས༔ ཁོག་སྨད་དངུལ་ལས་བྱས་པ་སྟེ༔ ལོང་ཐང་ནག་པོའི་མིག་འབྲས་ལ༔ མགྲོན་བུ་དཀར་ [30a] པོའི་སོ་ཕྲེང་བྱས༔ རྐང་ལག་རིན་ཆེན་ཟངས་ལ་གྲུབ༔ ཟེར་མོང་དག་ལས་གྲུབ་པའི་སྐྲ༔ ལག་གཡས་དཔག་བསམ་ལྗོན་ཤིང་དང་༔ གཡོན་པ་འདོད་འབྱུང་ནོར་བུ་ཐོགས༔ སྨྲ་མཁས་དེ་ནི་དྭགས་སེ་དག༔ འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ༔ གཅིག་ལས་གྲངས་དཔག་མེད་པར་འཕྲོས༔ དེ་འདྲའི་ཡོན་ཏན་ཀུན་ལྡན་པའི༔ འགྲན་བྲལ་ངར་གྱི་མི་ཆེན་འདི༔ སྦྱིན་བདག་ཕོ་མོའི་གླུད་དུ་བསྐྱལ་༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ འདབ་ཆགས་སྡེར་ཆགས་རྨིག་ཆགས་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ ཁྱེད་ལྷ་འདྲེའི་ཚོགས་ལ༴ གསེར་དངུལ་ཟངས་ལྕགས་གཡུ་བྱེ་རུ༔ རིན་ཆེན་ནོར་གྱི་རིགས་གྱུར་པ༔ དངོས་འབྱོར༴ ཁྱེད་ལྷ་འདྲེའི༴ སྦྲ་ཁང་དར་གུར་ལ་སོགས་པའི༔ ཡིད་དང་མཐུན་པའི་ཁང་ཁྱིམ་རིགས༔ དངོས་འབྱོར༴ ཁྱེད་ལྷ༴ ཀ་ཆ་དཀོར་ཆ་གོ་མཚོན་རིགས༔ འདོད་རྒུའི་ཡོ་བྱད་སྣ་ཚོགས་པ༔ དངོས་འབྱོར༴ ཁྱེད་ལྷ་འདྲེའི་ [30b] ཤ་ཁྲག་དམར་གྱི་རྒྱ་མཚོ་དང་༔ དཀར་གསུམ་མངར་གསུམ་ཟས་ཀྱི་རིགས༔ དངོས་འབྱོར༴ ཁྱེད་ལྷ༴ ཇ་ཆང་འོ་ཞོ་ལ་སོགས་པའི༔ སྐོམ་དུ་བཏུང་བའི་རིགས་བྱེད་ཀུན༔ དངོས་འབྱོར༴ ཁྱེད་ལྷ༴ མདོར་ན་བཟའ་བཅའ་བཏུང་བ་དང་༔ ལྡག་པ་གཞིབ་པ་ལ་སོགས་པའི༔ རང་རང་ཡིད་མཐུན་ཟས་ཀྱི་རིགས༔ དངོས་སུ་འབྱོར་བ་བཤམས་པ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤྲུལ༔ ཁྱེད་ལྷ་འདྲེའི་ཚོགས་ལ་རྫོངས་སུ་འདེབས༔ ཕམ་རྒྱལ་འཐབ་རྩོད་མེད་པར་ལོངས༔ ང་ཡིས་འབུལ་བ་མ་ནོར་ལ༔ ཁྱེད་ཀྱིས་བཞེས་པ་མ་ནོར་ཅིག༔ དགའ་མགུ་ཡི་རང་ཚིམས་གྱུར་ནས༔ ད་ནི་ཆོས་ཆོས་འགྲོ་རེ་རན༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག་ཅིང་སོང་། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༴ མོ་ལྟས་རྨི་ངན་མཚན་ངན༴ མི་ཡི་ན་ཚ་མ་ལུས༴ ཕྱུགས་ཀྱི་གོད་ཁ་མ་ལུས༴ ཆེ་སྲི་ཆུང་སྲི་མ་ལུས༴ གཞོན་སྲི་ [31a] དར་སྲི་ཐམས་ཅད༴ བྱུར་སྲི་དམ་སྲི་ཐམས་ཅད༴ ལྟོག་འགོང་དབུལ་སྲི་ཐམས་ཅད༴ ཟ་འདྲེ་ཕུང་སྲི་ཐམས་ཅད༴ གྲི་ཁ་མཚོན་ཁ་ཐམས་ཅད༴ ཐན་དང་ལྟས་ངན་མ་ལུས༴ མི་ཁ་ཁ་མཆུ་གྱོད་སྲི༴ དུས་མིན་འཆི་བ་བཅོ་བརྒྱད༴ འཇིགས་ཆེན་བརྒྱད་དང་བཅུ་དྲུག༴ བན་བོན་ཀླ་ཀློའི་བྱད་ཁ༴ གཏད་མནན་ཧོམ་ཟོར་གནོད་པ༴ སྔོན་ལས་འཕྲལ་རྐྱེན་ངན་པ༴ གཤིན་རྗེའི་ཁྲམ་ཁ་མ་ལུས་བསྒྱུར་ཅིང་སོང་༔ བདུད་ཀྱི་རྩིས་དང་བཙན་གྱི་ཤྭ་རྡེལ་ཟློག༔ མ་མོའི་ནད་ཡམས་ལྷ་འདྲེའི་རྟགས་བཏབ་ཟློག༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་དང་༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་མ་ལུས་པ༔ བཟློག་ཅིང་བསྒྱུར་ལ་ཁྱེད་ཅག་རྣམས་ཀྱིས་གཞོམ༔ མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་ཀུན༔ མ་ལུས་ལུས་པ་མེད་པར་ཟློག་ཅིང་སོང་༔ ནད་མུག་མཚོན་འཁྲུགས་ཨར་ཇག་རྐུན་མའི་རིགས༔ འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པའི༔ སྣང་སྲིད་ལྷ་འདྲེ་ཁྱོད་ལ་གཏད་དོ་ཁྱེར༔ རྗེས་ཤུལ་ལྷག་མ་ [31b] མེད་པར་ཧབ་ཐོབ་གྱིས༔ གནས་འདིར་མ་གནོད་མ་རྒོལ་མ་སྡང་ཞིག༔ མ་ཆགས་མ་ཞེན་མ་འཁོར་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལ་མི་ཉན་ན༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བཀའ་བཅག་པའི༔ བཀའ་ཆད་དྲག་པོས་མགོ་བོ་ཚལ་པར་འགེམ༔ རྡོ་རྗེའི་མེ་དབལ་ཆེན་པོ་སྙིང་བསྲེགས་ནས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔ རྣམ་ཤེས་མནར་མེད་དམྱལ་བའི་གནས་སུ་ལྟུང་༔ དེ་བས་ད་ལྟ་ཉིད་དུ་ལ་འུར་སོང་༔ སརྦ་བིགྷྣན་གཙྪ་ཧཱུྃ་ཕཊ༔ ཞེས་ལམ་བསྟན་དང་འབྲེལ་ཟློག་པའི་ཕྲིན་ལས་བཅོལ་ལོ། །གཉིས་པ་ཕྱི་རོལ་དུ་བྱ་བ་ལ་བདུན། གསེར་སྐྱེམས། གཟུ་དཔང་ཟ་ལམ། ཟློག་སྒྱུར། གཏོར་ཟོར། བརྟན་སྐྱོང་། རྟ་བྲོ། རྒྱལ་དབྱངས་ཤིས་བརྗོད་དོ། །དང་པོ་ནི། འཛོམ་ན་སློབ་དཔོན་སྔགས་ཆས་སུ་ཞུགས། མདོས་སྐྱེལ་བ་རྣམས་ཀྱང་ཞྭ་གོས་ནག་པོ་གྱོན། དཀར་གཏོར་དང་གསེར་སྐྱེམས་ཐོགས་པས་སྣ་དྲངས་ཏེ་བསྔོ་ཡུལ་མགྲོན་གྱི་བཅའ་གཞི། བསྔོ་བྱ་མདོས་ཀྱི་བཀོད་པ། དཀར་མཆོད་དང་དམར་མཆོད་སོགས་རིམ་པས་ཁྱེར། སློབ་དཔོན་གྱིས་གདོང་བླངས་ནས་ཆོག་རོག་བཅས་ཕྱི་རོལ་གང་དུ་འཕེན་པའི་སར་ཕྱིན་ཏེ། དེ་ཡང་ཕྱོགས་འགྲིགས་ན་སྒྲུབ་པ་པོ་དང་ཡོན་བདག་གི་ལོ་ལྷ་མིན་པ། གཟའ་ [32a] རྒོད་དང་མཁའ་འགྲོ་རྒྱུ་ཕྱོགས་སུ་གདོང་མ་ཐུག་པར་བྱས་ལ་ལྷོ་སྟོད་སྨད་གཉིས། ཤར་ལྷོ་ལྷོ་ནུབ་བཅས་ངོས་ཞིག་ཏུ་འགྲིགས་དགོས་པས་དེ་ལྟར་ཁྱེར། གྲོང་ཟད་པའི་མཐར་ཆུ་ཆེན་ཡོད་ན་ལེགས་ཤིང་མེད་ཀྱང་ཁང་པ་མི་མཐོང་བའི་སར་ཕྱིན། ཤིན་ཏུ་ཉེ་ནའང་གོམ་པ་བདུན་ཅུ་ལས་ཉེ་མི་རུང་ཞིང་། འཕང་བའི་ས་དེར་སླེབས་པ་དང་གོ་རིམ་ལྟར་ཁ་ཕར་བསྟན་ལ་བསྒྲིག །དཀར་གཏོར་དང་གསེར་སྐྱེམས་བཏེགས་ལ། འདོད་ཡོན་ཟག་པ་མེད་པ་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ་ལ། ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་ཁྲག་འཐུང་དྲག་པོའི་ལྷ་ཚོགས་རྣམས། གསེར་སྐྱེམས་འདི་བཞེས་རྣལའབྱོར་མཐུ་དཔུང་བསྐྱེད། མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པ་སྡེ་བརྒྱད་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས༴ །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག ། ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་ [32b] རྣལ་འབྱོར་མཐུ་དཔུང་བསྐྱེད། །ཅེས་གསེར་སྐྱེམས་མདོས་འཕེན་ཕྱོགས་སུ་ཕུལ། གཉིས་པ་གཟུ་དཔང་གསོལ་ཞིང་ཟ་ལམ་བསྟན་པ་ནི། ཧཱུྃ༔ དཀོན་མཆོག་རྩ་གསུམ་ལྷ་ཚོགས་དང་༔ ཁྱད་པར་ཁྲག་འཐུང་སྲུང་མར་བཅས༔ ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས༔ མཆོད་འོས་ཀུན་ལ་གསེར་སྐྱེམས་འབུལ༔ ཉེས་མེད་རྣལ་འབྱོར་འཁོར་བཅས་ལ༔ སྡང་དགྲ་གདོན་བགེགས་ཀུན་གྱིས་བརྙས༔ བདེན་བརྫུན་ཤན་ཕྱེས་གཟུ་དཔང་མཛོད༔ དམ་ཚིག་གཉན་དགོངས་དགྲ་བགེགས་སྒྲོལ༔ ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔ ཁྲག་འཐུང་ལྷ་ཚོགས་དམག་དཔུང་བསྐྱེད༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ བྷྱོ་བྷྱོ༔ སྣང་སྲིད་ལྷ་འདྲེའི་དཔུང་ཚོགས་ཀུན༔ མདོས་གླུད་བཟང་པོ་འདི་ཁྱེར་ལ༔ ཟ་ལམ་དགྲ་བགེགས་སྟེང་དུ་ཕྱེས༔ མདོས་དང་གཏོར་མའི་ལྷག་མ་ཀུན༔ ནད་མཚོན་དུག་གི་ཟོར་དུ་སྒྱུར༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ བསྟན་འགྲོར་འཚེ་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་ [33a] འཕེན༔ ནག་ཕྱོགས་གདུག་པའིབགེགས་ལ་འཕེན༔ ཟོར་འཕེན་བར་ཆད་ཟློག་ཕྱིར་འཕེན༔ ཆགས་ཆེ་ཉམ་ང་ཕྱི་ལ་བསྒྱུར༔ རྦད་འདྲེ་རྦོད་གཏོང་དགྲ་ལ་བྷྱོ༔ སྡེ་བརྒྱད་ཟ་ཁ་བགེགས་ལ་ཡ༔ དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔ ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ གསུམ་པ་མདོས་གཏོར་འཕང་ཞིང་ཟློག་སྒྱུར་བྱ་བ་ནི། གཤིན་རྗེའི་བཅའ་གཞི་སྒྲོམ་ཁྲི་སོགས་བཏེགས་ལ། ཧཱུྃ༔ དབང་དྲག་འབར་བ་ཡབ་ཡུམ་གྱི༔ ལྷ་སྔགས་ཏིང་འཛིན་ནུས་རྩལ་ལས༔ དཔལ་གྱི་གཏོར་ཟོར་མི་ལྟར་འབར༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ མཐའ་དམག་གདུག་པའི་གནོད་པ་ཟློག༔ ཧོར་སོག་རྒྱ་འདྲེའི་གནོད་པ་ཟློག༔ འགོང་པོ་སྤུན་དགུའི་གནོད་པ་ཟློག༔ དུ་རུཥྐ་ཡི་གནོད་པ་ཟློག༔ ཅེས་དང་། བྷྱོ༔ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་དང་འཇིགས་བརྒྱད༴ གློ་བུར་བདུན་བརྒྱ་ [33b] ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་ཉི་ཁྲི་ཆིག་སྟོང་༴ ཀེག་ཆེན་གསུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་རྒྱུ་ཐབས༴ མགོན་པོས་པར་བུ་བསྐོར་བ༴ གཤིན་རྗེའི་འཁྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀི་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྔྷེས་འབུམ་སྐོར་བྱེད་པ༴ སྔགས་པས་སྔགས་ཟོར་འཕེན་པ༴ བོན་གྱི་ཛོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ མནན་གཏད་བསྲེགས་འཕང་བྱས་པ༴ མོ་རྩིས་རྨི་ལྟས་མཚན་ངན༴ སྔགས་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་གྲུ་གུར་ཐུལ་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག༔ ཅེས་སློབ་དཔོན་ལྟ་བའི་གདིང་བསྒོམ་པའི་གསལ་སྣང་དང་བཅས་པས་གཤིན་རྗེའི་གཟུགས་ཁ་ཕར་གྱུས་ཏེ་འཕང་། དེའི་རྗེས་སུ་མདོས་གླུད་ཡོངས་རྫོགས་ཁ་ཕར་གྱུ་སྟེ་བཞག །བཞི་པ་གཏོར་ཟོར་འཕང་བ་ནི། ཐུན་གཏོར་ལ་རཀྟ་བྲན། འགུགས་གཞུག་སྤྱི་ལྟར་བྱས་ལ། བྱད་མ་དགྲ་བགེགས་འགུགས་བསྟིམ་བྱས་ཏེ་གཏོར་མ་དགྲ་བགེགས་དངོས་སུ་ [34a] གསལ་བ་ལ་རང་གི་སྙིང་ག་ནས་ཛཿཡིག་དམར་ནག་འཕྲོས་པ་དམིགས་བྱའི་གཤང་ལམ་ནས་ཞུགས་སྙིང་གར་སླེབས་པ་ན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དགུ་པར་གྱུར་པ་འཁོར་བས་གཟུགས་ཕུང་རྡུལ་དུ་བརླག་པར་བསམ་ལ་སྨན་ཕུད་བྲན་ཞིང་བྱིན་བརླབ་སྤྱི་ལྟར་བྱ། གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ཆལ་ཆོལ་དུ་གསོལ་བར་བསམ་ཞིང་། ཡི་དམ་གྱི་རྩ་སྔགས་ལ། ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤཱ་ཏྲུན་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་མཐར་གཏོར་མའི་ལྷག་མ་ནད་མཚོན་དུག་གི་རང་བཞིན་ཐོག་རྒོད་འཁྲུགས་པ་ལྟར་བྱུང་བས་དགྲ་བགེགས་ཀྱི་གནས་ལུས་ལོངས་སྤྱོད་དང་བཅས་པ་ཐལ་བའི་རྡུལ་བཞིན་བརླག་པར་བསམ་ཞིང་། ཧཱུྃ༔ ང་ནི་ཁྲོ་རྒྱལ་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔ ང་ལས་ཆེ་བཙན་སུ་ཡང་མེད༔ ངས་ནི་དྲག་པོའི་གཏོར་ཟོར་འཕེན༔ ཕྱོགས་མཚམས་སྟེང་འོག་གནས་རྒྱུ་བའི༔ སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔ གཏོར་ཆེན་མཚོན་ཆའི་ཟེར་འཕྲོས་པས༔ ལུས་སེམས་མ་ལུས་བརླག་པར་མཆིས༔ ཟོར་ལས་ཕྱེས་ལ་སྐུ་བཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ ཉེས་མེད་ [34b] རྣམས་ལ་ཟོར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དགྲ་བོ་སྡིག་ཅན་འདི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དྲག་སྔགས་སོ་ལྔ་པའམ་ལས་སྔགས་སྤུ་གྲི་གང་རུང་མཐར་ མ་ཧཱ་ཤ་རི་བྷྱོ་ཟློག༔ ཅེས་བཟླ་ཞིང་གཏོར་ཆེན་རྔམས་སྟབས་སུ་འཕངས་ལ་ཐལ་མོ་དང་རྡུལ་མོ་བརྡབ། གོ་ཆ་མཚོན་ཆ་ཅན་ཡོད་ན་བསྭོ་སྒྲ་སྒྲོག །དར་ནག་བརྡབ། རྣལ་འབྱོར་ནུས་པ་དམན་པའམ་ཕྱོགས་གཙང་མ་འགྲིགས་ན་ཁ་ཕར་གྱུས་ལ་བཞག་པའམ། ཆུ་ཆེན་ཡོད་ན་དེའི་གཞུང་དུ་བསྐྱལ། ལས་བྱང་བཞིན་སྲུང་འཁོར་བརྟན་པོར་བསྒོམ་རྗེས། སྤྲུལ་པའི་བྱ་ཁྱུང་ནག་པོ་རི་རབ་ཙམ་ཞལ་ཕར་གཟིགས་ནས་རྗེས་སྙེགས་བཅད་པར་གྱུར། ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཅེས་བརྗོད་ལ་སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་བལྟ་བར་ལོག་གོ། །ལྔ་པ་བརྟན་མ་བསྐྱང་བ་ནི། སྒོ་དྲུང་དུ་བརྟན་མའི་གཏོར་མར་གཏོར་སྣོད་སྨན་ཕུད་ཀྱིས་བཤལ་བ་བྲན་ལ། འབྲུ་གསུམ་གྱིས་བྱིན་བརླབ་ལ་ལས་བྱང་ལྟར་ཕུལ། དྲུག་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབ་པར་དགྲ་བགེགས་འགུགས་གཞུག་བྱས་ལ་ལས་བྱང་ལྟར་བྲོ་བརྡུང་། བདུན་པ་རྒྱལ་དབྱངས་ཤིས་པ་བརྗོད་པ་ནི། རྣལ་འབྱོར་པ་རྣམས་ཞལ་གྱེན་དུ་ཕྱོགས་ལ་འབྲུ་འཐོར་ཞིང་། ཧཱུྃ། བྱིན་རླབས་ [35a] འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་། །རྩ་བརྒྱུད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས། །རྒྱལ་ལོ་དུག་ལྔའི་གཡུལ་ལས་ད་རྒྱལ་ལོ། །དངོས་གྲུབ་མེ་དཔུང་ཐིག་ལེ་འབར་བའི་དབུས། །ཡི་དམ་ཞི་ཁྲོ་རབ་འབྱམས་མཐུ་སྟོབས་ཀྱིས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས། །རྒྱལ་ལོ་བདུད་བཞིའི་དཔུང་ལས་ད་རྒྱལ་ལོ། །ཕྲིན་ལས་མཚོན་ཆའི་བུ་ཡུག་འཚུབས་པ་ནས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་བཅས། རྒྱལ་ལོ་དགྲ་དང་བགེགས་ལས་ད་རྒྱལ་ལོ། །སྟོབས་བཅུ་མངའ་བ་བདུད་ཀྱི་དཔུང་ལས་རྒྱལ། །ལྷ་ཡི་དབང་པོ་ལྷ་མ་ཡིན་ལས་རྒྱལ། །རྡོ་རྗེ་ཕ་ལམ་དངོས་པོ་ཀུན་ལས་རྒྱལ། །རིག་པའི་ཡེ་ཤེས་མ་རིག་པ་ལས་རྒྱལ། །ཆོས་ཉིད་བདེན་པ་ཆོས་ཅན་གནས་ལས་རྒྱལ། །དཀར་ཕྱོགས་ལྷ་སྲུང་ནག་པོའི་ཕྱོགས་ལས་རྒྱལ། །བདག་ཅག་མཆོད་ཡོན་འཆི་བདག་གཡུལ་ལས་རྒྱལ། །ཕྱོགས་ལས་རྣམ་རྒྱལ་ [35b] བཀྲ་ཤིས་ཨེ་མ་ཧོཿ ། ཞེས་དང་། ཤིས་བརྗོད་ཤློ་ཀ་རེ་ཟུང་བྱ། དེནས་ནང་དུ་སླེབས་པ་དང་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱིས་བསྒྲུབས་པའི་སྔགས་ཆུས་གནས་ཁང་ཕྱི་ནང་ཀུན་ཏུ་བསང་གཏོར་ལེགས་པར་བྱ། སྐབས་འདིར་ནད་པ་གལ་ཆེ་བར་ཚེ་ཆོག་དང་འབྲེལ་ན་ཚེ་དབང་བསྐུར་ཞིང་། ཚེ་དབང་དང་མི་འབྲེལ་བའི་སྤྱི་ཙམ་ལའང་ཚེ་འགུགས་བསྐུལ་ཞིང་རྒྱས་གདབ་ཤིས་བརྗོད་ཙམ་བྱ། མཐར་སྲུང་མའི་རྗེས་ཆོག་དང་ཡི་དམ་རང་གཞུང་གི་གཏང་རག་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་རྒྱས་པར་སྤེལ་བས་གྲུབ་བོ། །འདིར་ཞར་བྱུང་དུ་སྨོས་ན། སློབ་དཔོན་ཕྱི་རོལ་བྱོན་མི་ཐུབ་པ་དང་། སྤྲོས་བཅས་ཀྱི་ལག་ལེན་མི་འགྲིགས་ན་འདོན་ཆ་ཚང་ངམ་ནང་ནས་བྱས་ལ། ཡས་གླུད་རྣམས་ཕྱི་རོལ་སྐྱེལ་དུ་བཏང་ནའང་ཧ་ཅང་མི་རུང་བ་མེད། གང་ལྟར་པྲ་ལྟས་བརྟག་པ་ལ། མདོས་གླུད་ཁ་ཕྱིར་བསྒྱུར་ན་ཆག་སྒོ་མེད་པས་བཟང་། ཁ་ཡར་བསྒྱུར་ན་ཟློག་པ་བསྐྱར་ལ་བྱ། འཕྲེད་དུ་བསྒྱུར་ན་ཉེས་ཆེར་མི་འབྱུང་ཡང་སྐུ་རིམ་ལ་འབད། དེ་ལྟར་མདོས་ཆོག་འདི་ཉིད་བསྒྲུབ་པས་རྐྱེན་ཆ་ཇི་ལྟར་ཆེ་ཡང་ལན་གསུམ་བསྐྱར་ན་མི་ཟློག་མི་སྲིད་ཅེས་གསུངས་ཤིང་། གཞན་ཡང་གཞུང་ལས། བསྐྱེད་རྫོགས་གདིང་དང་ལྡན་པའི་རྣལ་འབྱོར་གྱིས༔ འདི་ལྟར་མདོས་གླུད་བཏང་བའི་ཡོན་ཏན་ [36a] ནི༔ ནད་པའི་ཚེ་བསྲིང་འཆི་བ་བསླུ་བ་དང་༔ འདྲ་གདོན་བགེགས་ཀྱི་རྒོལ་བ་ཐམས་ཅད་དང་༔ མདོར་ན་མི་འདོད་མི་མཐུན་ཕྱོགས་ངན་པ༔ ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔ འབྱོར་པ་ཆེ་ཆུང་དབང་དུ་བྱས་ནས་སུ༔ མདོས་རྫས་གླུད་རྫས་གྲངས་མང་རྒྱ་ཆེ་ཞིང་༔ མཛེས་ཤིང་གཙང་སྦྲ་བྱེད་པ་གནད་དུ་ཤེས༔ ལྔ་བརྒྱ་དུས་ཀྱི་མཐའ་མ་ལ་བབས་ཚེ༔ འདྲེ་རྒོད་གདུག་པས་སྐྱེ་འགྲོའི་སྲོག་ལ་རྒོལ༔ ཤི་ཚད་འདྲེར་ལྡང་གསོན་ལ་ཟ་ཁ་སྟོན༔ མི་ཕྱུགས་ཀུན་ལ་མི་བདེའི་ལ་ཡོག་འདོར༔ དེ་དག་བཟློག་པའི་ཐབས་ལ་འདི་ཟབ་པས༔ གཞན་གྱིས་བཟློག་པར་མི་ནུས་པ་ཡི་རིགས༔ ཐམས་ཅད་འདི་ཡིས་མི་བཟློག་གང་ཡང་མེད༔ པད་བྱུང་བདག་གིས་འགྲོ་ལ་སྙིང་བརྩེ་བས༔ སྨོན་ལམ་མཐུ་དང་ཏིང་འཛིན་རྒྱ་ཡིས་བཏབ༔ ཅེས་རྡོ་རྗེའི་གསུང་ལ་ནམ་ཡང་བསླུ་བ་མེད་པས་ན་ཡིད་ཆེས་པའི་གནས་སུ་རིགས་པར་བྱའོ། །སྲིད་ན་གཅེས་པ་བླ་སྲོག་ནོར་གྱི་བུ། །གཤིན་གྱི་རྗེ་བོའི་གྲེ་བ་ནས་ཕྱུངས་ཏེ། །སྐལ་བཟང་སྲོག་གི་ཟུངས་སུ་སྩོལ་མཁས་པ། །མཚོ་སྐྱེས་བླ་མ་ཁྱོད་མིན་གཞན་སུ་ཞིག །དེ་ལྟའི་མན་ངག་ཟབ་གཏེར་གསང་མཛོད་ཀྱི། ། [36b] ཡང་གསང་ཚེ་སྒྲུབ་ཟབ་མོའི་ཆ་ལག་ཉིད། །ཉམ་ཐག་གདུང་བ་སེལ་བའི་ཆ་རྐྱེན་དུ། །བཀླག་ཆོག་འཇུག་བདེའི་ངག་ཁྲིགས་འདི་བསྡེབས་སོ། །མདོས་གཏོར་ཡས་ཀྱིས་ལན་ཆགས་མགྲོན་རྣམས་ཚིམས། །རིང་འཚོའི་བདུད་རྩིས་མོས་ལྡན་བསྲུང་བྱ་ཚིམས། །བདེ་དགའི་དཔལ་གྱིས་མཆོད་ཡོན་འབྲེལ་བཅས་ཚིམས། །གཏན་གྱི་བདེ་བས་འགྲོ་ཀུན་ཚིམས་བྱེད་ཤོག །ཅེས་བདུད་འཇོམས་གཏེར་གསར་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ཆ་ལག་འཆི་བསླུ་གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་ཟློག་ཅེས་བྱ་བ་འདི་ནི། རིང་མོ་ཉིད་ནས་ཤར་ཕྱོགས་མོན་ཡུལ་མངྒ་ལའི་ལྗོངས་ཀྱི་སྔགས་སྟོན་ཚེ་དབང་དཔལ་འབྱོར་གྱིས་ཡང་ཡང་བསྐུལ་བ་ཡིད་ལ་བཅག་པའི་ཐོག །ཉེ་ཆར་མདོ་ཁམས་ཕྱོགས་ཀྱི་རིགས་སྔགས་སྨྲ་བ་ཚེ་རིང་ལྷ་དབང་གཡུལ་རྒྱལ་གྱིས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་རྩ་བའི་མན་ངག་གྱེར་ཤོམ་གྱི་རིམ་པ་རྣམས་གཞིར་བཟུང་། གླུད་རབས་སོགས་ཅུང་ཟད་སྤྲོས་པའི་ཆ་རྐྱེན་རིག་མཐུན་གྱི་གཏེར་ཁ་ལས་ཁ་བསྐང་། ཆོ་གའི་ཡན་ལག་གི་མཚམས་སྦྱོར་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ། གྲོང་སྔགས་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་སྔགས་བན་ཀུན་བཟང་ [37a] དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་འགྲོ་རྣམས་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་པའི་དཔུང་གཉེན་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། }}