DJYD-KABUM-07-JA-018: Difference between revisions
From Dudjom Wiki
DJYD-KABUM-07-JA-018
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། རིམ་གཉིས་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=07 | |||
|volumeLetter=JA | |||
|textnuminvol=018 | |||
|pdflink=File:DJYD-KABUM-07-JA-018.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-07-JA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། རིམ་གཉིས་ | |||
རྣལ་འབྱོར་ཐུན་མོང་གི་སྔོན་འགྲོའི་ངག་འདོན་རིག་པ་ | རྣལ་འབྱོར་ཐུན་མོང་གི་སྔོན་འགྲོའི་ངག་འདོན་རིག་པ་ | ||
འཛིན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། | འཛིན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། | ||
| Line 7: | Line 26: | ||
(གཉིས་པ་ལ་གཉིས། ཐུན་མོང་བློ་སྦྱོང་དང་། ཁྱད་པར་བསགས་སྦྱོང་ངོ་། །སྔ་མ་ལ་བློ་ལྡོག་རྣམ་པ་བཞི་ལས། དང་པོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་དཀའ་བར་བསམ་པ་ནི།)དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། (གཉིས་པ་འདུས་བྱས་ཐམས་ཅད་མི་རྟག་འཇིག་པའི་རང་བཞིན་ཅན་དུ་བསམ་པ་ནི།)སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ། རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། | (གཉིས་པ་ལ་གཉིས། ཐུན་མོང་བློ་སྦྱོང་དང་། ཁྱད་པར་བསགས་སྦྱོང་ངོ་། །སྔ་མ་ལ་བློ་ལྡོག་རྣམ་པ་བཞི་ལས། དང་པོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་དཀའ་བར་བསམ་པ་ནི།)དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། (གཉིས་པ་འདུས་བྱས་ཐམས་ཅད་མི་རྟག་འཇིག་པའི་རང་བཞིན་ཅན་དུ་བསམ་པ་ནི།)སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ། རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། | ||
(གསུམ་པ་ལས་དཀར་ནག་གི་འབྲས་བུ་བསླུ་བ་མེད་པའི་ཚུལ་ལ་བསམ་པ་ནི།)དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་གྱུར་(2བ)ན། ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། ། | (གསུམ་པ་ལས་དཀར་ནག་གི་འབྲས་བུ་བསླུ་བ་མེད་པའི་ཚུལ་ལ་བསམ་པ་ནི།)དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་གྱུར་(2བ)ན། ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། ། | ||
(བཞི་པ་ཁམས་གསུམ་འཁོར་བའི་གནས་ལ་སྡུག་བསྔལ་གྱི་རང་བཞིན་བཟོད་བགླག་མེད་པར་བསམ་པ་ནི།)སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། (ཚུལ་དེ་ལྟ་བུའི་གནས་ལ་ངེས་པར་འབྱུང་བའི་བློས་རྒྱུད་ཡང་དག་བྱང་ཆུབ་ཀྱི་ལམ་དུ་བསྐུལ་བ་ནི།)མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཕྱིར་ཡེངས་མེད་བརྩོན་པའི་ཤུགས་བསྐྱེད་ནས། །ཟབ་མོའི་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །(ཞེས་སྟོན་པ་བཀའ་དྲིན་ཅན་གྱི་གསུང་དྲི་མ་མེད་པས་མཚོན་ཐར་བར་བསྐུལ་བའི་ཚིག་རྣམས་ངག་ཏུ་བརྗོད་ཅིང་དོན་རྒྱུད་ལ་འདྲེས་ངེས་སུ་བྱའོ། །གཉིས་པ་ལ་ལྔ་ལས། དང་པོ་ལམ་ཐམས་ཅད་ཀྱི་འཇུག་སྒོ་(3ན)སྐྱབས་སུ་འགྲོ་བ་ལ། ཐོག་མར་སྐྱབས་ཡུལ་གསལ་གདབ་པ་ནི།)མདུན་གྱི་ནམ་མཁར་དཔག་བསམ་ཤིང་༔ རབ་ཏུ་རྒྱས་པའི་སྙིང་པོ་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ དགྱེས་འཛུམ་འོད་ཟེར་སྤྲོ་བའི་སྐུ༔ སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས༔ (ཞེས་གསལ་བཏབ་ལ། དེའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་ཟློས།)ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་(ཅི་ནུས་སུ་བྱའོ། །གཉིས་པ་ཐེག་ཆེན་ལམ་གྱི་གཞི་རྟེན་སེམས་བསྐྱེད་པ་ནི། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར། སེམས་ཅན་ཐམས་ཅད་གཏན་བདེའི་ས་ལ་འགོད་ཕྱིར་བྱང་ཆུབ་དོན་དུ་གཉེར་བ་སྨོན་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་ཚུལ་བཞིན་སྤྱད་པར་དམ་བཅའ་བ་འཇུག་པའི་སེམས་བསྐྱེད་གསལ་འདེབས་བཞིན་པས།)ན་མོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅའོ༔ ( ཞེས་བརྗོད་ཅིང་(3བ)སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བློ་སྦྱང་། མཐར་སྐྱབས་ཡུལ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ལ་མི་དམིགས་པའི་ངང་དུ་བཞག་གོ །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས་ནི།)རང་གི་སྤྱི་བོར་པད་ཟླའི་སྟེང༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར༔ ཧཱུྃ་མཐར་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ (ཅེས་སྟོབས་བཞིའི་དམིགས་གནད་དང་ལྡན་པའི་སྒོ་ནས།)ཨོཾ་བཛྲ་སཏྭ་ས་མ་ཡ་(སོགས་ཡི་གེ་བརྒྱ་པ་བཟླས་པའི་དངོས་གཞི་དང་། ཡང་སྙིང་ཡིག་དྲུག་ཀྱང་ཇི་ལྟར་ནུས་པ་བཟླ། མཐར་མོས་གདུང་དྲག་པོས།)མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་(4ན)ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་གདུ་གསོལ། (ཞེས་གསོལ་བ་བཏབ་པས།)རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་སྩལ་བ་དང་ཆབ་གཅིག་འོད་དུ་ཞུ་ནས་རང་ལ་ཐིམ་པར་(བསམ་ཞིང་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །བཞི་པ་མཐུན་རྐྱེན་ཚོགས་བསགས་མཎྜལ་འབུལ་བ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པ་ལ་མཆོད་པའི་མཎྜལ་མཚོན་བྱེད་དུ་བྱས་ཏེ། རང་གཞན་གྱི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་མཆོད་སྤྲིན་དུ་འབུལ་བའི་བློས།)བདག་གཞན་ལུས་དང་ལོངས་སྤྱོད་དང་༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤྲོས་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་སྭཱཧཱ༔ (ཞེས་ཅི་ནུས་སུ་འབུལ་ལོ། །ལྔ་པ་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་ལ། ཐོག་མར་དབང་རྟེན་གསལ་གདབ་པ་ནི།)ཧྲཱིཿ མི་དམིགས་སྟོང་པའི་ངང་ཉིད་ལས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་གམདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་(4བ)གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ༔ དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགས༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་༔ སྐུ་གསུམ་རྒྱལ་བ་འདུས་པའི་དངོས༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ ཨཱ་ཙརྻ་གཞོན་ཚུལ་དཀར་དམར་ཞལ༔ ཕྱག་གཡས་རྡོ་རྗེ་གཡོན་ཐོད་བུམ༔ པད་ཞྭ་གསང་ཕོད་ཆོས་གོས་དང་༔ ཟ་འོག་བེ་ར་སྨུག་བརྗིད་པར་གསོལ༔ སྙན་ཆ་མགུལ་ཆུ་ཁ་ཊྭཱཾ་འཛིན༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ པང་དུ་བདེ་ཆེན་མཚོ་རྒྱལ་དཀར༔ གྲི་ཐོད་འཛིན་པས་དགྱེས་པར་འཁྲིལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ འཕྲོ་འདུའི་གཟི་བྱིན་ལམ་མེ་བ༔ མངོན་སུམ་བཞིན་དུ་བཞུགས་པར་གྱུར༔ (ཞེས་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ་ལ།)ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་(5ན)སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ (ཞེས་བྱིན་དབབ་ཅིང་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས། ཚོགས་བསགས་པའི་སླད་དུ།)ཧཱུཾ་ཧྲཱིཿ གུ་རུ་ཡི་དམ་དྷཱ་ཀི་གཤེགས༔ པད་ཉིའི་གདན་ལ་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བླ་མེད་དོན་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ (ཅེས་ཡན་ལག་བཅུ་པ་བྱ། སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས་བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་སྒོ་ནས།)ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས་༔ བླ་མ་རྡོ་རྗེ་(5བ) ཐོད་ཕྲེང་རྩལ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུལ་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་བསྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ( ཞེས་མོས་གུས་ཀྱི་ཉམས་མ་སྐྱེས་ཀྱི་བར་དུ་གསོལ་བ་བཏབ་ཅིང་ཐུགས་རྒྱུད་བསྐུལ་བའི་བཟླས་པ་ཕུར་ཚུགས་སུ་བྱ། མཐར་བླ་མ་ཡབ་ཡུམ་གྱི་སྐུའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿམ་རྣམས་དཀར་དམར་མཐིང་ལྗང་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་བདག་ཉིད་དུ་བཞུགས་པར་བསམ་ལ། སླར་ཡང་མོས་གུས་ཀྱི་ཤུགས་བསྐྱེད་དེ།)རྗེ་གུ་རུའི་སྐུ་ལ་གསོལ་བ་འདེབས༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ ལུས་ལ་བདེ་དྲོད་འབར་བ་དང་༔ ལུས་སྤྲུལ་སྐུར་གྲོལ་བར་བྱིན་གྱིས་རློབས༔ རྗེ་གུ་རུའི་གསུང་ལ་གསོལ་བ་འདེབས༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ངག་གི་སྒྲིབ་པ་དག་ནས་ཀྱང་༔ ངག་ལ་ནུས་པ་(6ན)སྐྱེ་བ་དང་༔ ངག་ལོངས་སྐུར་གྲོལ་བར་བྱིན་གྱིས་རློབས༔ རྗེ་གུ་རུའི་ཐུགས་ལ་གསོལ་བ་འདེབས༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ ཡིད་ཀྱི་སྒྲིབ་པ་དག་ནས་ཀྱང་༔ སེམས་ལ་རྟོགས་པ་འཆར་བ་དང་༔ ཡིད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས༔ གུ་རུའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བུའི་སྒོ་གསུམ་ཐ་དད་འཛིན་ཞེན་དག༔ ལྷན་སྐྱེས་ངོ་བོ་ཉིད་ཀྱི་སྐུ༔ ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ (ཞེས་གསོལ་བ་བཏབ་པས།)བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ (ཅེས་དབང་བཞི་བླངས་མཐར།)བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ (ཞེས་སྤྱི་བོའི་བླ་མ་རང་ལ་བསྟིམས་ནས་གཉིས་མེད་བློ་འདས་ཀྱི་དགོངས་པ་རིག་སྟོང་དོན་གྱི་བླ་མའི་རང་ཞལ་ཅི་གནས་སུ་བསྐྱང་། དེ་ལས་ལྡང་བར་བརྩམ་པ་ན་སླར་ཡང་སྣང་གྲགས་རྟོག་ཚོགས་བླ་མའི་གསང་བ་གསུམ་དུ་ལམ་གྱིས་སད་པར་བལྟས་(6བ)ལ།)ན་མོ༔ བདག་གིས་ཡང་གསང་བླ་མ་བསྒྲུབ་ལ་སོགས་༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ (ཅེས་བསྔོ་སྨོན་གྱིས་རྒྱས་གདབ་ཅིང་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་ཅིར་སྣང་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་ཞིང་དད་མོས་དམ་ཚིག་རྣམ་པར་དག་པའི་སྒོ་ནས་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་གོང་ནས་གོང་དུ་སྤེལ་བ་ལ་བརྩོན་པར་བྱའོ། །དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་སོ་སོར་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར་འདི་ཉིད་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་བརྩོན་པ་དྲག་པོས་ཉམས་སུ་བླངས་པས་བསྐྱེད་རྫོགས་གཞན་གྱི་ཉམས་ལེན་ལ་ལྟོས་མི་དགོས་པར་བདེ་ཆེན་པདྨ་འོད་(7ན)ཀྱི་ཞིང་དུ་དབུགས་དབྱུང་སྟེ་ས་ལམ་གྱི་བགྲོད་པ་མིག་འཕྲུལ་ལྟ་བུས་ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པར་འགྱུར་བ་ནི་ངེས་པའོ། །ཟབ་མོའི་ལམ་བཟང་རིག་པ་འཛིན་པའི་སར། །མྱུར་བདེར་དཀྲི་བའི་ཤིང་རྟ་གསལ་བྱས་པ། །འདི་ལས་འགྲོ་ཀུན་ཟུང་འཇུག་བདེ་བ་ཆེ། །མཚོ་སྐྱེས་བླ་མའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་ལམ་འདིར་མོས་པའི་སྐྱེ་བོ་རྣམས་ལ་ཕན་པའི་ཕྱིར་གཏེར་གཞུང་རྩ་བའི་དགོངས་དོན་འཇུག་པ་བདེ་བའི་ངག་འདོན་སྙིང་བོར་དྲིལ་ཏེ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། །། | (བཞི་པ་ཁམས་གསུམ་འཁོར་བའི་གནས་ལ་སྡུག་བསྔལ་གྱི་རང་བཞིན་བཟོད་བགླག་མེད་པར་བསམ་པ་ནི།)སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། (ཚུལ་དེ་ལྟ་བུའི་གནས་ལ་ངེས་པར་འབྱུང་བའི་བློས་རྒྱུད་ཡང་དག་བྱང་ཆུབ་ཀྱི་ལམ་དུ་བསྐུལ་བ་ནི།)མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཕྱིར་ཡེངས་མེད་བརྩོན་པའི་ཤུགས་བསྐྱེད་ནས། །ཟབ་མོའི་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །(ཞེས་སྟོན་པ་བཀའ་དྲིན་ཅན་གྱི་གསུང་དྲི་མ་མེད་པས་མཚོན་ཐར་བར་བསྐུལ་བའི་ཚིག་རྣམས་ངག་ཏུ་བརྗོད་ཅིང་དོན་རྒྱུད་ལ་འདྲེས་ངེས་སུ་བྱའོ། །གཉིས་པ་ལ་ལྔ་ལས། དང་པོ་ལམ་ཐམས་ཅད་ཀྱི་འཇུག་སྒོ་(3ན)སྐྱབས་སུ་འགྲོ་བ་ལ། ཐོག་མར་སྐྱབས་ཡུལ་གསལ་གདབ་པ་ནི།)མདུན་གྱི་ནམ་མཁར་དཔག་བསམ་ཤིང་༔ རབ་ཏུ་རྒྱས་པའི་སྙིང་པོ་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ དགྱེས་འཛུམ་འོད་ཟེར་སྤྲོ་བའི་སྐུ༔ སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས༔ (ཞེས་གསལ་བཏབ་ལ། དེའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་ཟློས།)ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་(ཅི་ནུས་སུ་བྱའོ། །གཉིས་པ་ཐེག་ཆེན་ལམ་གྱི་གཞི་རྟེན་སེམས་བསྐྱེད་པ་ནི། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར། སེམས་ཅན་ཐམས་ཅད་གཏན་བདེའི་ས་ལ་འགོད་ཕྱིར་བྱང་ཆུབ་དོན་དུ་གཉེར་བ་སྨོན་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་ཚུལ་བཞིན་སྤྱད་པར་དམ་བཅའ་བ་འཇུག་པའི་སེམས་བསྐྱེད་གསལ་འདེབས་བཞིན་པས།)ན་མོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅའོ༔ ( ཞེས་བརྗོད་ཅིང་(3བ)སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བློ་སྦྱང་། མཐར་སྐྱབས་ཡུལ་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ལ་མི་དམིགས་པའི་ངང་དུ་བཞག་གོ །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས་ནི།)རང་གི་སྤྱི་བོར་པད་ཟླའི་སྟེང༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར༔ ཧཱུྃ་མཐར་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ (ཅེས་སྟོབས་བཞིའི་དམིགས་གནད་དང་ལྡན་པའི་སྒོ་ནས།)ཨོཾ་བཛྲ་སཏྭ་ས་མ་ཡ་(སོགས་ཡི་གེ་བརྒྱ་པ་བཟླས་པའི་དངོས་གཞི་དང་། ཡང་སྙིང་ཡིག་དྲུག་ཀྱང་ཇི་ལྟར་ནུས་པ་བཟླ། མཐར་མོས་གདུང་དྲག་པོས།)མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་(4ན)ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་གདུ་གསོལ། (ཞེས་གསོལ་བ་བཏབ་པས།)རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་སྩལ་བ་དང་ཆབ་གཅིག་འོད་དུ་ཞུ་ནས་རང་ལ་ཐིམ་པར་(བསམ་ཞིང་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །བཞི་པ་མཐུན་རྐྱེན་ཚོགས་བསགས་མཎྜལ་འབུལ་བ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པ་ལ་མཆོད་པའི་མཎྜལ་མཚོན་བྱེད་དུ་བྱས་ཏེ། རང་གཞན་གྱི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་མཆོད་སྤྲིན་དུ་འབུལ་བའི་བློས།)བདག་གཞན་ལུས་དང་ལོངས་སྤྱོད་དང་༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤྲོས་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་སྭཱཧཱ༔ (ཞེས་ཅི་ནུས་སུ་འབུལ་ལོ། །ལྔ་པ་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་ལ། ཐོག་མར་དབང་རྟེན་གསལ་གདབ་པ་ནི།)ཧྲཱིཿ མི་དམིགས་སྟོང་པའི་ངང་ཉིད་ལས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་གམདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་(4བ)གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ༔ དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགས༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་༔ སྐུ་གསུམ་རྒྱལ་བ་འདུས་པའི་དངོས༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ ཨཱ་ཙརྻ་གཞོན་ཚུལ་དཀར་དམར་ཞལ༔ ཕྱག་གཡས་རྡོ་རྗེ་གཡོན་ཐོད་བུམ༔ པད་ཞྭ་གསང་ཕོད་ཆོས་གོས་དང་༔ ཟ་འོག་བེ་ར་སྨུག་བརྗིད་པར་གསོལ༔ སྙན་ཆ་མགུལ་ཆུ་ཁ་ཊྭཱཾ་འཛིན༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ པང་དུ་བདེ་ཆེན་མཚོ་རྒྱལ་དཀར༔ གྲི་ཐོད་འཛིན་པས་དགྱེས་པར་འཁྲིལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ འཕྲོ་འདུའི་གཟི་བྱིན་ལམ་མེ་བ༔ མངོན་སུམ་བཞིན་དུ་བཞུགས་པར་གྱུར༔ (ཞེས་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ་ལ།)ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་༔ གེ་སར་པད་སྡོང་མེ་ཏོག་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་(5ན)སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ (ཞེས་བྱིན་དབབ་ཅིང་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས། ཚོགས་བསགས་པའི་སླད་དུ།)ཧཱུཾ་ཧྲཱིཿ གུ་རུ་ཡི་དམ་དྷཱ་ཀི་གཤེགས༔ པད་ཉིའི་གདན་ལ་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བླ་མེད་དོན་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ (ཅེས་ཡན་ལག་བཅུ་པ་བྱ། སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས་བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་སྒོ་ནས།)ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས་༔ བླ་མ་རྡོ་རྗེ་(5བ) ཐོད་ཕྲེང་རྩལ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུལ་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་བསྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ( ཞེས་མོས་གུས་ཀྱི་ཉམས་མ་སྐྱེས་ཀྱི་བར་དུ་གསོལ་བ་བཏབ་ཅིང་ཐུགས་རྒྱུད་བསྐུལ་བའི་བཟླས་པ་ཕུར་ཚུགས་སུ་བྱ། མཐར་བླ་མ་ཡབ་ཡུམ་གྱི་སྐུའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿམ་རྣམས་དཀར་དམར་མཐིང་ལྗང་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་བདག་ཉིད་དུ་བཞུགས་པར་བསམ་ལ། སླར་ཡང་མོས་གུས་ཀྱི་ཤུགས་བསྐྱེད་དེ།)རྗེ་གུ་རུའི་སྐུ་ལ་གསོལ་བ་འདེབས༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ ལུས་ལ་བདེ་དྲོད་འབར་བ་དང་༔ ལུས་སྤྲུལ་སྐུར་གྲོལ་བར་བྱིན་གྱིས་རློབས༔ རྗེ་གུ་རུའི་གསུང་ལ་གསོལ་བ་འདེབས༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ངག་གི་སྒྲིབ་པ་དག་ནས་ཀྱང་༔ ངག་ལ་ནུས་པ་(6ན)སྐྱེ་བ་དང་༔ ངག་ལོངས་སྐུར་གྲོལ་བར་བྱིན་གྱིས་རློབས༔ རྗེ་གུ་རུའི་ཐུགས་ལ་གསོལ་བ་འདེབས༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ ཡིད་ཀྱི་སྒྲིབ་པ་དག་ནས་ཀྱང་༔ སེམས་ལ་རྟོགས་པ་འཆར་བ་དང་༔ ཡིད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས༔ གུ་རུའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བུའི་སྒོ་གསུམ་ཐ་དད་འཛིན་ཞེན་དག༔ ལྷན་སྐྱེས་ངོ་བོ་ཉིད་ཀྱི་སྐུ༔ ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ (ཞེས་གསོལ་བ་བཏབ་པས།)བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ (ཅེས་དབང་བཞི་བླངས་མཐར།)བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ (ཞེས་སྤྱི་བོའི་བླ་མ་རང་ལ་བསྟིམས་ནས་གཉིས་མེད་བློ་འདས་ཀྱི་དགོངས་པ་རིག་སྟོང་དོན་གྱི་བླ་མའི་རང་ཞལ་ཅི་གནས་སུ་བསྐྱང་། དེ་ལས་ལྡང་བར་བརྩམ་པ་ན་སླར་ཡང་སྣང་གྲགས་རྟོག་ཚོགས་བླ་མའི་གསང་བ་གསུམ་དུ་ལམ་གྱིས་སད་པར་བལྟས་(6བ)ལ།)ན་མོ༔ བདག་གིས་ཡང་གསང་བླ་མ་བསྒྲུབ་ལ་སོགས་༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ (ཅེས་བསྔོ་སྨོན་གྱིས་རྒྱས་གདབ་ཅིང་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་ཅིར་སྣང་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་ཞིང་དད་མོས་དམ་ཚིག་རྣམ་པར་དག་པའི་སྒོ་ནས་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་གོང་ནས་གོང་དུ་སྤེལ་བ་ལ་བརྩོན་པར་བྱའོ། །དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་སོ་སོར་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར་འདི་ཉིད་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་བརྩོན་པ་དྲག་པོས་ཉམས་སུ་བླངས་པས་བསྐྱེད་རྫོགས་གཞན་གྱི་ཉམས་ལེན་ལ་ལྟོས་མི་དགོས་པར་བདེ་ཆེན་པདྨ་འོད་(7ན)ཀྱི་ཞིང་དུ་དབུགས་དབྱུང་སྟེ་ས་ལམ་གྱི་བགྲོད་པ་མིག་འཕྲུལ་ལྟ་བུས་ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པར་འགྱུར་བ་ནི་ངེས་པའོ། །ཟབ་མོའི་ལམ་བཟང་རིག་པ་འཛིན་པའི་སར། །མྱུར་བདེར་དཀྲི་བའི་ཤིང་རྟ་གསལ་བྱས་པ། །འདི་ལས་འགྲོ་ཀུན་ཟུང་འཇུག་བདེ་བ་ཆེ། །མཚོ་སྐྱེས་བླ་མའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་ལམ་འདིར་མོས་པའི་སྐྱེ་བོ་རྣམས་ལ་ཕན་པའི་ཕྱིར་གཏེར་གཞུང་རྩ་བའི་དགོངས་དོན་འཇུག་པ་བདེ་བའི་ངག་འདོན་སྙིང་བོར་དྲིལ་ཏེ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། །།}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:18, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 7, Text 18, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||