DJYD-KABUM-09-TA-004: Difference between revisions

From Dudjom Wiki
DJYD-KABUM-09-TA-004
No edit summary
m (Text replacement - "ཧོཿ" to "ཧོཿ ")
 
Line 41: Line 41:




༄༅།  །ན་མོ་གུ་རུ་མ་ཧཱ་ཀྲོ་དྷ་རཱ་ཛ་ཡ།  བདེ་གཤེགས་ཀུན་གྱི་སྟོབས་འདུས་ཧེ་རུ་ཀ  །  གཟི་བརྗིད་མཐུ་བྱིན་དུས་མཐའི་མེ་དཔུང་གིས།  །མ་རིག་གདོན་བགེགས་རྩ་སྦུར་ཡུད་ཀྱིས་ཟ།  །བླ་མ་རིག་པའི་རྒྱལ་པོས་རྟག་ཏུ་སྲུངས།  །གང་དེའི་སྒྲུབ་ཐབས་ཀུན་ལས་ཁྱད་འཕགས་པ།  །ནམ་མཁའི་ཀློང་མཛོད་ལས་བྱོན་བཀའ་སྲོལ་གྱི།  །ཕྲིན་ལས་ཟབ་མོའི་ལས་རིམ་ཇི་ལྟ་བར།  །འདི་ན་འཇུག་བདེའི་ཁྲིགས་སུ་བསྡེབས་པར་བྱ།  །དེའང་ཇི་སྐད་དུ།  {{TibChung|གཞུང་ལས།  ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔  གཏི་མུག་ཀླུ་གཉན་གདུག་པ་དར༔  ནད་རིགས་མི་གཅིག་སྣ་ཚོགས་གཏོང་༔  མི་རྣམས་ཕལ་ཆེར་དེ་ཡིས་འཆི༔  ཁྱད་པར་མཛེ་ཤུ་པགས་    {{TibChung|[2a]}}  ནད་དང་༔  བད་ཀན་ལས་གྱུར་སྣ་ཚོགས་པ༔  མ་ངེས་སྐྱི་སེར་བཞིན་དུ་འཚུབས༔  མཐའ་ཡི་འབྱུང་པོ་སྨོན་ལོག་པས༔  རྫས་སྔགས་དམོད་པའི་ཆོ་འཕྲུལ་སྟོན༔    སྐྱེ་འགྲོའི་ཤེས་རྒྱུད་བསླད་ཅིང་བསླུས༔  མི་དགེ་སྡིག་པའི་ལས་ལ་སྤྱོད༔  དཀོན་མཆོག་དབུ་འཕང་སྨད་ཅིང་འཕེན༔    བསྟན་འཛིན་སྐྱེས་བུ་དག་ལ་འཚེ༔  དེ་ཚེ་བདུད་ཀྱི་མགོ་མནོན་ཅིང་༔  ཀླུ་གཉན་གདུག་པའི་སྲོག་གཅོད་པ༔  འཇིགས་བྱེད་ནཱ་ག་རཀྴ་འདི༔  སྒྲུབ་པ་བྱེད་པའི་སྐྱེས་བུ་རྣམས༔  སྲིད་པ་གསུམ་ལས་རྣམ་པར་རྒྱལ༔  ཞེས་གསུངས་པ་ལྟར་སྙིགས་དུས་ཀྱི་གདོན་བགེགས་འབྱུང་པོ་སྤྱི་དང་བྱེ་བྲག་ཀླུ་གཉན་གདུག་པ་ཅན་གྱི་གནོད་པའི་གཡུལ་ངོ་ལས་རྒྱལ་བར་འདོད་པ་རྣམས་ཀྱིས་ལྷག་པའི་ལྷ་མཆོག་འདི་ཉིད་ཁོ་ན་བསྙེན་ཅིང་བསྒྲུབ་པའི་ཚུལ་ལ་འབད་པར་བྱ་བ་ཡིན་ཏེ།  དེའི་ཚུལ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  ། {{TibChung|[2b]}} དང་པོ་ནི།  འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་དབེན་པའི་གནས་སུ་དམིགས་རྟེན་གྱི་སྣང་བརྙན་ཡོད་ན་བཀྲམ།  མེད་ཀྱང་བདག་བསྐྱེད་ཀྱི་རྣལ་འབྱོར་ཁོ་ན་ལ་བརྟེན་པའི་ཕྱིར།  མཆོད་རྫས་སྨན་རཀ་གཏོར་མ་དང་།  ཆུ་གཉིས་ཉེར་སྤྱོད་ཙམ་བཀོད་མཛེས་སུ་བསྟར་བས་ཀྱང་འཐུས།  སྔོན་འགྲོའི་གཏོར་མ་དང་།  བཀའ་སྲུང་གི་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས།  ཆོ་གའི་སྦྱོར་བ་དངོས་ནི།}}  སྐྱབས་ཡུལ་བླ་མ་རིག་འཛིན་ཁྲོ་རྒྱལ་འབར་བའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛཿ{{TibChung|ས་མདུན་མཁར་སད་པར་མོས་ལ།}}  ན་མོ༔  བླ་མེད་བླ་མ་དཀོན་མཆོག་གསུམ༔  རྩ་གསུམ་དམ་ཅན་རྒྱ་མཚོ་དང་༔  རིག་པ་སྐུ་བཞིའི་བདག་ཉིད་ལ༔  བྱང་ཆུབ་བར་དུ་སྐྱབས་སུ་མཆི༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།}}  ཀྱེེ༔  མ་རིག་མུན་པའི་ཁྲི་མུན་དུ༔  སྡུག་བསྔལ་གསུམ་གྱིས་གདུང་བ་ཡི༔  སེམས་ཅན་ཐམས་ཅད་རབ་སྒྲོལ་ཕྱིར༔  བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔  {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད།  སྤྲོ་ན།}}  རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།  །{{TibChung|ཞེས་སོགས་ཀྱིས་ཚོགས་བསགས་ནས།}}  ཛཿཧཱུྃ་བཾ་ཧོཿ{{TibChung|ས།}}  ཚོགས་ཞིང་རྣམས་རང་ལ་ཐིམ་པར་{{TibChung|བསམ།  བགེགས་གཏོར།}}  རྃ་ཡྃ་ཁྃ་གིས་{{TibChung|བསང་སྦྱང་།}}    ཨོཾ་ཨཱཿཧཱུྃ་ཧོཿ{{TibChung|ས་བྱིན་བརླབས།}}  སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་ལན་ཆགས་ཀྱི་མགྲོན་རྣམས་བཀུག །}}    {{TibChung|[3a]}}  སརྦ་བི་གྷྣཾ་བ་ལིང་ཏ་ཁཱ་ཧི།  ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ།  ཧཱུྃ༔    ང་ནི་མ་བཅོས་དོན་གྱི་ལྷ༔  འཇིགས་བྱེད་ནཱ་ག་རཀྴ་ཆེ༔  ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔  གཏོར་མ་ལོངས་ལ་ཕྱིར་དེངས་ཤིག༔  {{TibChung|ཅེས་རྩ་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད།}}  ཧཱུྃ༔  དྲག་པོའི་སྒྱུ་འཕྲུལ་རོལ་པའི་གར༔  ཡེ་ཤེས་མཚོན་ཐུན་མེ་རླུང་ཆུའི༔  གུར་དང་རྭ་བར་ལྷུན་གྱིས་གྲུབ༔  གཞོམ་མེད་རྡོ་རྗེའི་རྒྱ་ཡིས་བཏབ༔  ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔  {{TibChung|ཞེས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ།}}  ཧཱུྃ༔    བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔  ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔    ཀུན་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ༔  དབྱིངས་ནས་སྐུར་བཞེངས་དབང་བྱོན་ཕོབ༔  ན་མོ་དྷརྨ་ཀཱ་ཡ༔    སམྦྷོ་ཀཱ་ཡ༔  ནིརྨ་ཀཱ་ཡ༔    བཛྲ་ས་མ་ཡ་ཛཿཛཿ  ཨཱ་ཝེ་ཤ་ཡ་ཨ་ཨཱ༔  {{TibChung|ཞེས་བྱིན་དབབ།}}    ཧཱུྃ༔    ཡུལ་དྲུག་ཀློང་ཆེན་ཡངས་པའི་མཁར༔  འདོད་ཡོན་སྣང་བ་ནམ་མཁའ་མཛོད༔  ཤེས་རིག་སྒྱུ་འཕྲུལ་རོལ་པས་བརླབ༔  ཕྱི་ནང་གསང་མཆོད་རྒྱན་དུ་སྤེལ༔  ཨོཾ་བཛྲ་ཨརྒྷཾ་{{TibChung|སོགས་ནས།}}    ཤཔྟ་ཨཱཿཧཱུྃ༔    མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ག་ཎ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་མཆོད་རྫས་རྣམས་བརླབ་ {{TibChung|[3b]}} པོ།  །གཉིས་པ་དངོས་གཞི་ལ།  དམ་ཚིག་པ་བསྐྱེད་པ་ནི།}}  ཨ༔  སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔  རྨི་ལམ་དབྱིངས་སུ་སད་པ་ལྟར༔  ཁྱབ་བརྡལ་སྟོང་ཉིད་ཆེན་པོར་ཞིག༔  མཁྱེན་གཟིགས་ཡེ་ཤེས་མངོན་དུ་བྱ༔  ཀུན་ཁྱབ་ཀུན་གཟིགས་ཀུན་ཏུ་སྣང་༔  མཁའ་ལ་འཇའ་ཚོན་ཤར་བ་ལྟར༔  རང་རིག་ཧཱུྃ་གི་ཡི་གེ་ཤར༔  འོད་འཕྲོས་རབ་འཇིགས་དྲག་པོའི་ཞིང་༔  བསྐལ་པའི་མེ་དཔུང་འབར་བའི་ཀློང་༔    གནམ་ལྕགས་འཁོར་ལོ་རྩི་བས་བརྒྱད་དབུས༔    ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔  བསྣོལ་ཞིང་བརྩིགས་པའི་ཁྲི་སྟེང་དུ༔  པདྨ་ཉི་སྟེང་ཧཱུྃ༔  བབས་པའི༔  འོད་འཕྲོས་འཁོར་འདས་གཟི་བྱིན་བསྡུས༔    ཡོངས་གྱུར་གཤིན་རྗེའི་གཤེད་ཆེན་པོ༔  ཁྲོ་མཆོག་ནཱ་ག་རཀྴ་ནི༔  མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔  ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔  ཉེར་བདུན་སྤྱན་གདངས་ཁྲོ་གཉེར་བསྡུས༔  སྨ་ར་སྨིན་མར་མེ་སྟག་འཕྲོ༔    སྦྲུལ་མགོ་དགུ་ཡིས་ཐོད་གདེངས་བྱས༔  རིན་པོ་ཆེ་ཡི་པྲོག་ཞུ་གསོལ༔  དམར་ནག་རལ་པ་སྲིད་རྩེར་སླེབས༔  རྩ་བའི་ཕྱག་གཉིས་ཐུགས་ཀ་རུ༔    གྲི་གུག་འབར་བས་སྤྲུལ་གཏུབ་རོལ༔    {{TibChung|[4ན}} གཡས་ཕྱག་བརྒྱད་ཀྱི་གྲི་གུག་གིས༔    རྒྱ་མཚོའི་གཏིང་ནས་ཀླུ་རྣམས་བཀུག༔  གཡོན་བརྒྱད་ཀྱིས་བསྡམ་ཆེམ་ཆེམ་རོལ༔  སྦྲུལ་དང་མི་མགོའི་དོ་ཤལ་བྱས༔  ཡན་ལག་སྦྲུལ་ལྔའི་ཆུན་པོས་བརྒྱན༔  སྐུ་སྨད་སྦྲུལ་མཇུག་དུག་རླངས་འཕྱོ༔  བཙན་དུག་ངད་རླངས་ནུས་ལྡན་པ༔  མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔  སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔  ཀླུ་གཤེད་བྱ་ཁྱུང་ནག་པོ་ལས༔  སྤྲུལ་པ་ཡང་སྤྲུལ་སྐར་ལྟར་འཁྲིགས༔  མགྲིན་པར་རྟ་མགྲིན་དམར་ནག་རྔམས༔  རལ་གྲི་སྤྲུལ་འཛིན་འདོར་སྟབས་བསྒྲད༔  ཐུགས་ཀར་གསང་བདག་ཁྲོ་གཏུམ་མཐིང་༔  རྡོ་རྗེ་སྦྲུལ་འཛིན་འདོར་སྟབས་བགྲད༔  ཀུན་ཡང་ཡེ་ཤེས་མེ་དཔུང་ཀློང༔  དུར་ཁྲོད་ཆས་རྫོགས་ཁྲོ་ཆུང་འགྱེད༔  ཤར་དུ་གཤིན་རྗེ་གསོད་བྱེད་མཐིང་༔  སྡིག་གདོང་འབར་བས་རྒྱལ་འགོང་འཇོམས་༔  ལྷོ་རུ་གཤིན་རྗེ་འཇོམས་བྱེད་ནག༔  ཕག་གདོང་འབར་བས་གཉན་རིགས་འཇོམས༔  ༔  ནུབ་ཏུ་གཤིན་རྗེ་ཟ་བྱེད་དམར༔  ཁྱུང་གདོང་འབར་བས་ཀླུ་གདོན་འཇོམས༔  བྱང་དུ་གཤིན་རྗེ་སྒྲོལ་བྱེད་ལྗང་༔  གླང་གདོང་འབར་བས་ས་བདག་འཇོམས༔    ཀུན་ཀྱང་གཡས་ {{TibChung|[4b]}} པས་དགྲ་སྟྭ་དང་༔  གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔  སྟེང་ཕྱོགས་རྒྱལ་རིགས་འཇོམས་པའི་ཁྱུང་༔  མཐིང་ནག་མེ་ཡི་གཤོག་པ་ཅན༔  ཤར་ལྷོར་རྗེ་རིགས་འཇོམས་པའི་ཁྱུང་༔    དཀར་པོ་རལ་གྲི་གཤོག་པ་ཅན༔  ལྷོ་ནུབ་དམངས་རིགས་འཇོམས་པའི་ཁྱུང་༔    སེར་པོ་སྤུ་གྲིའི་གཤོག་པ་ཅན༔  ནུབ་བྱང་བྲམ་ཟེ་འཇོམས་པའི་ཁྱུང་༔  དམར་ནག་རླུང་གི་གཤོག་པ་ཅན༔  བྱང་ཤར་གདོལ་པ་འཇོམས་པའི་ཁྱུང་༔  ལྗང་ནག་མེ་ཡི་གཤོག་པ་ཅན༔  ཀུན་ཀྱང་རྐང་པས་ཀླུ་གཉན་གནོན༔  ལག་པས་དོན་སྙིང་འདྲེན་ཅིང་ཟ༔  རྭ་ཡིས་སྟེང་གི་ལྷ་གདོན་འབིགས༔  གཤོག་པས་བར་སྣང་སྡེ་བརྒྱད་འདུལ༔  རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས༔  ཉོན་མོངས་བརྒྱད་ཁྲིའི་རང་གཟུགས་ཀྱི༔  གདོན་བགེགས་མ་ལུས་ཚར་གཅོད་བསམ༔  གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔  འོད་འཕྲོས་དུས་གསུམ་སངས་རྒྱས་ཀྱི༔  སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔    དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔  {{TibChung|ཞེས་གསལ་བཏབ་ལ།  ཡེ་ཤེས་པ་སྤྱན་དྲང་བ་ནི།}}  ཧཱུྃ༔    འོག་མིན་བརྡལ་ཁྱབ་ཆེན་པོ་ནས༔  ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་གདངས༔  གང་འདུལ་ {{TibChung|[5a]}} ཐབས་ཀྱི་སྐུར་སྟོན་པའི༔    རྒྱལ་བ་སྲས་བཅས་གཤེགས་སུ་གསོལ༔  བཛྲ་ས་མ་ཡ་ཛ་ཛ༔  {{TibChung|ཞེས་སྤྱན་དྲངས།}}  ཧཱུྃ༔    གདོད་ནས་རང་སྣང་བཀོད་པ་ཀུན༔  དཀྱིལ་འཁོར་གསུམ་དུ་ལྷུན་གྱིས་གྲུབ༔  གཉིས་མེད་རང་བྱུང་རོལ་པ་ཆེ༔  མངོན་གྱུར་ཆེན་པོར་བཞུགས་སུ་གསོལ༔  བཛྲ་ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས།}}    ཧཱུྃ༔    མཚན་མ་ཚིག་དང་བྲལ་བའི་མཁར༔    ཤེས་རབ་ཡེ་ཤེས་ཉི་གཞོན་ཤར༔  མ་རིག་ཉོན་མོངས་བདུད་འཇོམས་པའི༔  བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔  ན་མོ་པུ་རུ་ཤ་ཡ་ཧོཿ {{TibChung|ཞེས་ཕྱག་བྱ།}}  ཧཱུྃ༔    ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔    ཕྱི་ནང་གསང་མཆོད་རྒྱན་དུ་ཤར༔    ཡེ་ཤེས་རོལ་པའི་སྟོབས་ཀྱིས་བརླབས༔    མི་ཟད་ནམ་མཁའ་མཛོད་དུ་སྤེལ༔  རྒྱལ་བའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔    བསོད་ནམས་ཚོགས་གཉིས་རྫོགས་གྱུར་ཅིག༔  ཨོཾ་བཛྲ་ཨརྒྷཾ་{{TibChung|སོགས་ནས།}}    ཤཔྟ་པཱུ་ཛ་ཧོཿ རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་ཧོཿ  མ་ཧཱ་སརྦ་པཉྩ་རཀྟ་བ་ལིང་ཏ་བོ་ངྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧོཿ {{TibChung|ཞེས་མཆོད།}}  ཧཱུྃ༔  རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔  གདུལ་བྱ་འདུལ་མཛད་ཆུ་ {{TibChung|[5b]}}  ཟླའི་གར༔  གཏི་མུག་གཟུགས་ཀྱིས་མ་རིག་འཇོམས༔  ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད༔  ཡེ་ཤེས་ཁྱུང་ཆེན་སྐུ་ཡི་དབྱིངས༔  པདྨ་དབང་ཆེན་གསུང་གི་དབྱིངས༔  རྡོ་རྗེ་གཏུམ་པོ་ཐུགས་ཀྱི་དབྱིངས༔  ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔    ཡེ་ཤེས་རང་གདངས་འཁོར་དུ་ངོམས༔  མཐུ་སྟོབས་ནུས་པའི་རང་གཟུགས་ཀྱིས༔  ལས་མཁན་ཕོ་ཉ་དྲག་ཤུལ་ཅན༔  སྒྱུ་འཕྲུལ་འཁོར་གྱི་རོལ་པར་བསྟོད༔  {{TibChung|ཞེས་བསྟོད།}}  ཧཱུྃ༔    བདག་ནི་ཚེ་རབས་ཐོག་མེད་ནས༔  གཟུང་འཛིན་འཁྲུལ་པའི་དབང་གྱུར་ཏེ༔  ཡེ་ཤེས་རང་ཞལ་སྒྲིབ་པའི་སེམས༔  འཁོར་འདས་དག་མཉམ་ཆེན་པོར་བཤམས༔  ཨོཾ་བཛྲ་སཏྭ་ས་མ་ཡ༔  {{TibChung|སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས།  བཟླས་པ་བྱ་བ་ནི།}}  ཧཱུྃ༔  བདག་ཉིད་གཤིན་རྗེའི་གཤེད་ཆེན་པོའི༔    ཐུགས་གསང་ཉི་ཟླའི་གྭའུའི་ནང་༔  ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔  ཡིག་འབྲུ་རང་ལས་རང་གི་སྒྲ༔  འབྲུག་སྟོང་དུས་གཅིག་ལྡིར་བ་བཞིན༔    སྣོད་བཅུད་འཕར་འཁྲུག་ཤིག་ཤིག་འགུལ༔    འོད་ཟེར་མེ་སྟག་ལྟ་བུ་ཡིས༔  ཀླུ་གཉན་ས་བདག་གདོན་གྱི་རིགས༔    ནད་དང་ཆུ་སེར་གྲིབ་དང་བཅས༔  སྦུར་ {{TibChung|[6a]}} མ་མེ་ལ་བསྲེགས་བཞིན་གྱུར༔  {{TibChung|ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པས།}}    ཨོཾ་ཕེ་ལཾ་ཧཱུྃ༔  {{TibChung|ཞེས་བཟླ།  ལས་སྦྱོར་ནི།}}    ཧཱུྃ༔  རང་ཉིད་དྲག་པོའི་ཐུགས་ཀ་ནས༔    མེ་དཔུང་དྲི་ངན་བཙན་དུག་རླངས༔  འབར་འཁྲིགས་རབ་འཐུལ་འུར་ཆེམ་སྒྲ༔  བསྐལ་པ་དུས་མཐའི་མེ་ལྟ་བུས༔  གཏི་མུག་ཀླུ་གཉན་ས་བདག་གདོན༔  རྩ་སྐམ་དག་ལ་མེ་མཆེད་བཞིན༔  རྗེས་ལྷག་མེད་པར་བསྲེག་པར་བསྒོམ༔  ནག་པོ་ཏི་པ་ཙ་ཡ་ནཱ་ག་ར་ཙ་ཧཱུྃ་ཕཊ༔  {{TibChung|ཅེས་པའང་གོང་གི་བསྙེན་པའི་འགྲོས་དང་སྦྱར་ཏེ་བཟླའོ།  །གསུམ་པ་རྗེས་ནི།  ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན།  དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ལ་བདུད་རྩིས་བྲན་ཏེ།}}    ཧཱུྃ༔  སྣོད་ཀྱི་འཇིག་རྟེན་ཚོགས་གཞོང་དུ༔  བཅུད་ཀྱི་འགྲོ་དྲུག་ཚོགས་ཀྱི་རྫས༔  འཁོར་འདས་མཉམ་ཉིད་མཆོད་པའི་སྤྲིན༔  བདེ་སྟོང་བླ་མེད་བདུད་རྩིར་གྱུར༔    ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་བྱིན་རླབས།}}  ཧཱུྃ༔  ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔  རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་འདུས་ཉིད༔  སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔    ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  ཨོཾ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ {{TibChung|[6b]}} {{TibChung|ཞེས་ཚོགས་མགྲོན་སྤྱན་དྲངས་ལ།}}  ཧཱུྃ༔    འཁོར་འདས་བཅུད་བསྡུས་བ་ལིང་ཏ༔    ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི༔  འདོད་ཡོན་ལྔ་ཡི་སྤྲིན་ཕུང་གཏིབས༔  ནམ་མཁའ་གང་བའི་བདེ་ཆེན་པོ༔  ཁྲོ་འདུས་ཡི་དམ་ལྷ་ལ་འབུལ༔  གཉིས་སུ་མེད་པར་བཞེས་ནས་ཀྱང་༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི༔  {{TibChung|ཞེས་ཕུད་དང་པོས་མཆོད།}}    ཧོཿ   གདོད་ནས་རང་རིག་ལྷ་དང་དབྱེར་མེད་ཀྱང་༔  མ་རིག་དབང་གིས་གཉིས་རྟོག་སོ་སོར་བཟུང་༔  བག་མེད་དབང་གྱུར་དམ་འགལ་ཅི་མཆིས་པ༔  རིག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་བཤགས༔  གཉིས་མེད་བྱང་ཆུབ་ཆེན་པོར་དག་གྱུར་ཅིག༔  བཛྲ་ས་མ་ཡ་ཤུདྡྷེ་ཨ༔  {{TibChung|ཞེས་བར་པས་ཉམས་ཆག་བསྐང་།  ཚོགས་ཐ་མ་མདུན་དུ་བཀོད་ལ།}}    ན་མོ༔  རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་ལྷ༔  རྡོ་རྗེ་མེ་འབར་ལྷ་ཚོགས་བདེན་པའི་མཐུས༔  སྡང་དགྲ་གདོན་བགེགས་བདུད་དང་དམ་སྲི་སོགས༔  ཁྱད་པར་ཀླུ་གཉན་བྱད་གདོན་ཚེ་རྒོལ་རྣམས༔  རང་དབང་མེད་པར་གཟུགས་ལིང་འདི་ལ་ཁུག༔  ཁྲོ་ཆེན་རྣམས་ཀྱིས་སྲིད་གསུམ་མཐའ་ནས་བསྡུས༔  ཕོ་ཉ་རྣམས་ཀྱིས་འབྱུང་བ་ཕྱི་ནང་དཀྲུགས༔  སྲོག་གཤེད་རྣམས་ཀྱིས་དམིགས་ {{TibChung|[7a]}}  པའི་སྙིང་ནས་གཟུངས༔  མ་མོ་རྣམས་ཀྱིས་ཤོར་མེད་བྱད་དུ་ཆིངས༔  སྤོར་བྱེད་རྣམས་ཀྱིས་ཤེས་པ་དབྱིངས་སུ་སྤོར༔  དུས་ལ་བབ་པོ་ལས་མཁན་མཐུ་མ་ཆུང་༔  རྒྱལ་བའི་མཐུ་བྱིན་བདེན་སྟོབས་གོང་མ་གཡེལ༔    ལས་དང་རྒྱུ་འབྲས་རྟེན་འབྲེལ་ཆུད་མ་གསན༔  དྲག་སྔགས་དམོད་པའི་ནུས་རྟགས་རྩལ་མ་ཞན༔  ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་མཛོད༔  སརྦ་ནྲྀཿདུ་ཕུ་ཏྲི་ཛྲཿཧཱུྃ༔  བྃ་ཧོཿ {{TibChung|ཕུར་བུ་ཐོགས་ལ།}}  ཧཱུྃ༔  སྒྲོལ་བྱེད་སྲས་མཆོག་ཀཱི་ལ་ཡ༔  ཁྲོ་རྒྱལ་ཀུན་གྱི་སྟོབས་ཤུགས་འཆང་༔  སྲིད་པ་གསུམ་ཡང་སྒྲོལ་བྱེད་ན༔    དགྲ་དང་བགེགས་ལ་སྨོས་ཅི་དགོས༔  བཏབ་བོ་གདུག་པའི་སྙིང་ལ་ཡ༔  ཐེབ་པར་མཛོད་ཅིག་ཀཱི་ལ་ཡ༔  ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔  ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔  {{TibChung|ཅེས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ཏེ།}}    ཧཱུྃ༔  རིགས་སྔགས་དམོད་པ་མཚོན་ཆའི་འཁོར་ལོ་ཡིས༔  དགྲ་བགེགས་ལྔ་ཕུང་ཕྱེ་མ་རྡུལ་དུ་རློག༔  སྣང་སྲིད་ཤ་རུས་དབང་ལྔའི་འདོད་ཡོན་ཚོགས༔    དྭངས་མའི་ཟེར་འབར་བདུད་རྩིའི་སྤྲིན་སྤྲོ་བ༔  ཡེ་ཤེས་འབར་བ་དཀྱིལ་འཁོར་ལྷ་ལ་འབུལ༔  བཞེས་ནས་དགྲ་བགེགས་ལྡང་མེད་ཕྲིན་ {{TibChung|[7b]}} ལས་མཛོད༔    ཨོཾ་ཨཱཿཧཱུྃ་རུ་དྲ་ནྲྀ་ཏྲི་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔  {{TibChung|ཞེས་བསྟབ་པས་དགྱེས་པར་བསམ།  དེ་ནས་ཚོགས་ཀྱི་དམ་ཚིག་ནང་གི་སྲེག་བླུག་ཏུ་ལོངས་སྤྱད་ནས།  ལྷག་མ།}}    ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ།  ཧཱུྃ་བྷྱོཿ  དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔  དབང་ཕྱུག་མ་མོ་གིང་ལང་དུར་ཁྲོད་བདག༔  ཤ་ཟ་ལས་བྱེད་སྡེ་བརྒྱད་དྲེགས་པའི་ཚོགས༔    དཔལ་གྱི་ཕམ་ཕབ་ལྷག་གཏོར་འདི་བཞེས་ལ༔    དགྲ་བགེགས་སྒྲོལ་ལ་གསང་སྔགས་བསྟན་པ་སྲུངས༔    རྣལ་འབྱོར་རྩལ་སྐྱེད་གདུག་པའི་གཡུལ་ངོ་ཟློག༔    ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད༔    མ་མ་དུང་དུང་ཧ་ཧེ་ཕཊ༔  བྷྱོ་གིདྐ་ར་སརྦ་ས་མ་ཡ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔  {{TibChung|ཞེས་ཕྱི་རོལ་དུ་འབུལ་ལོ།  །དེ་ནས་དངོས་གྲུབ་བླང་བ་ནི།}}  ཧཱུྃ༔  ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས༔  ཡེ་ཤེས་གསང་བའི་ཉི་མ་ཤར༔  དུས་གསུམ་བདེ་གཤེགས་སྤྲིན་ལྟར་གཏིབས༔  ཁྲག་འཐུང་ཁྲོ་ཚོགས་སྐར་ལྟར་འཁྲུག༔  མཁའ་འགྲོ་དམ་ཅན་བྲན་ལྟར་འདུས༔    དངོས་གྲུབ་ཆར་འབེབས་ཚུབས་སེ་ཚུབ༔    བསྐྱེད་རྫོགས་བཟླས་བརྗོད་མཐའ་རུ་ཕྱིན༔  དངོས་གྲུབ་སྩོལ་བའི་དུས་ལ་བབ༔  སྐུ་ {{TibChung|[8a]}} མཆོག་སྐུ་ཡི་དཀྱིལ་འཁོར་ནས༔  འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔  གསུང་མཆོག་གསུང་གི་དཀྱིལ་འཁོར་ནས༔  འགགས་མེད་གསུང་གི་དངོས་གྲུབ་སྩོལ༔  ཐུགས་མཆོག་ཐུགས་ཀྱི་དཀྱིལ་འཁོར་ནས༔  འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔  ཀུན་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔  ཚེ་དཔལ་ཡེ་ཤེས་དངོས་གྲུབ་སྩོལ༔  ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔  གང་འདུག་ཐུགས་རྗེའི་དངོས་གྲུབ་སྩོལ༔  དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔  སྐུ་གསུང་ཐུགས་དང་གཉིས་མེད་སྩོལ༔  {{TibChung|རྩ་སྔགས་ཤམ་བུར།}}    ཀཱ་ཡ་ཝཱ་ཀ་ཙིཏྟ་གུཎ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ་ཨྰཿ {{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ཏེ་དངོས་གྲུབ་བླང་ངོ་།  །རྗེས་རིམ་བསྡུ་ལྡང་ནི།}}  ཧཱུྃ༔  ཆོས་ཀྱི་དབྱིངས་ལས་སྙིང་རྗེའི་རོལ་རྩལ་གྱིས༔    འགྲོ་བའི་དོན་དུ་གསལ་རྫོགས་ཡེ་ཤེས་དལ༔    གང་འདུལ་སྟོབས་བཅུའི་ཕྲིན་ལས་མཐར་ཕྱིན་ནས༔    དགོངས་པ་ཟང་ཐལ་དམིགས་མེད་དབྱིངས་སུ་མུ༔  {{TibChung|ཞེས་བསྐྱེད་པའི་སྣང་ཆ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུ་ཞིང་།  སླར་ཡང་རྩ་བའི་སྔགས་ཀྱི་སྒྲས་ཟུང་འཇུག་གི་སྐུར་ལྡང་།}}    དགེ་འདིས་བདག་དང་འགྲོ་བ་ཀུན།  །འཇིགས་བྱེད་ནཱ་ག་རཀྴ་ {{TibChung|[8b]}} ཡི།  །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས།  །བདུད་ལས་རྣམ་པར་རྒྱལ་བར་ཤོག  །{{TibChung|ཅེས་བསྔོ་སྨོན་བྱ།}}  རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ།  །ཕྱོགས་ལས་རྣམ་པར་རྒྱལ་བའི་ཧེ་རུ་ཀ  །འཇིགས་བྱེད་ནཱ་ག་རཀྴའི་བདེན་སྟོབས་ཀྱིས།  །མ་རིག་གདོན་བགེགས་ཚར་གཅོད་བཀྲ་ཤིས་ཤོག  །{{TibChung|ཅེས་སོགས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ།  འདིའི་བསྙེན་པ་བྱེད་ན།  ཐོག་མར་ཞིང་སྐྱོང་ཞིང་བདག་རྣམས་ལ་གཏོར་མ་བསྔོས་ཏེ་ཕྲིན་ལས་བཅོལ།  བགེགས་བསྐྲད་དེ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ།  ཕྱི་ནང་གི་མཚམས་དམ་པར་བཅད་ནས་ཐུན་བཞིའི་རིམ་པས་ཉམས་སུ་ལེན་ཅིང་།  སྔོན་གཏོར་དཀར་བགེགས་ཉིན་དང་པོ་ལས་མི་དགོས་པས་རྒྱུན་དུ་སྲུང་འཁོར་མན་ཆད་བསྐྱར་བས་འཐུས།  ཐུན་མཚམས་སུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆདཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་མདོར་བསྡུས་དང་བསྡུ་ལྡང་བསྔོ་སྨོན་བྱ།  སྔགས་ཀྱི་སྤྱོད་ལམ་བླང་དོར་གྱི་རིམ་པ་རྣམས་བསྙེན་སྒྲུབ་སྤྱི་ལྟར་ཤེས་པར་བྱ་བ་ལས།  ཁྱད་པར་གྱི་མན་ལག་ཞལ་གདམས་ཕྱག་རྒྱ་བཞིའི་རྒྱས་གདབ་པ་ལ།  དང་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་གདབ་པ་ནི།  བསྐྱེད་རིམ་མ་བྱས་པར་གནས་ལུགས་ཀྱི་ངང་ནས་འབྲུ་བཞི་ས་ཡ་ཙམ་འགྲུབ་ན་རབ།  ཐ་མའང་འབུམ་གཅིག་བཟླ།  གཉིས་བ་དམ་ཚིག་གི་ཕྱག་རྒྱ་རང་ལ་གདབ་པ་ནི།  བསྐྱེད་རིམ་གསལ་ཞིང་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་དྲག་ཏུ་གཏད་དེ་ས་ཡའམ་འབྲུ་འབུམ་སོགས་ {{TibChung|[9a]}} བཟླས་པས་སྡེ་བརྒྱད་ཐམས་ཅད་བཀའ་འོག་ཏུ་འདུས་སོ་སྙམ་པ་དང་།  རྐང་མཐིལ་ཟབ་དང་།  ལུས་ལ་ཚ་ཞུམ་པ་དྲོད་སྐྱེ་བའོ།  དེ་ལས་ཐལ་ན་དམ་ཚིག་གི་ཕྱག་རྒྱ་དངོས་སུ་ཐེབས་རྟགས་འོང་།  གསུམ་པ་ལས་ཀྱི་ཕྱག་རྒྱ་ཀླུ་ལ་གདབ་པ་ནི།  རང་འཇམ་དཔལ་གྱི་འོག་ཏུ་རུས་སྦལ་ཆེན་པོ་ཞིག་བསམ།  དེ་ལ་གནོད་བྱེད་ཀླུ་རིགས་ཐམས་ཅད་བསྟེན་ནས་རང་གི་ལུས་ལས་ཀླུའི་དུག་རྣམས་དེ་ལ་བསྟིམ།  བཞི་པ་ཀླུའི་ཕྱག་རྒྱ་དགྲ་ལ་གདབ་པ་ནི།  དེ་ཉིད་རང་གི་དགྲ་བོ་ལ་བསྟིམས་པར་བྱ།  ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གལ་པོ་ཆེ་སྒང་གཤོང་འཐེན་གསུམ་ལས།  དང་པོ་ཞག་བདུན་གྱི་རིང་ལ་ཤིན་ཏུ་བརྩོན་པས་སྔགས་བཟླ་བ་ནི་སྒང་།  དེ་ནས་ཞག་བདུན་གྱི་རིང་སྔགས་ཅུང་ཟད་ལས་མི་བཟླ་བ་ནི་གཤོང་།  དེ་ནས་ཞག་བདུན་གྱི་རིང་སྔགས་ཡེ་ནས་མི་བཟླ་བར་རང་དང་ཀླུ་གདོན་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམ་ནས་ཡིག་བརྒྱ་བཟླས་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུ་བའི་དམིགས་པ་ལ་འབད་པ་ནི་འཐེན་པ་སྟེ།  ཚུལ་དེ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ།  དུས་དང་གྲངས་ཀྱི་བསྙེན་པའི་ཚད་ལ་གང་ཡང་རུང་ཞིང་།  མཚན་མའི་ལྟས་སུ།  ཇི་སྐད་དུ།  རྡོ་རྗེའི་གོ་གྱོན་ཉི་ཟླ་ཤར༔  མཆོད་རྟེན་བརྩེགས་དང་རྫོང་བཙན་བཟུང་༔  དུང་འབུད་གཏེར་རྙེད་རོལ་མོ་འཁྲོལ༔  མེ་ཏོག་ཐུ་དང་ཕྱག་མཚན་རྙེད༔  ཆུ་བོ་བརྒལ་དང་མཁའ་ལ་འབུར༔  གྲུ་ཟམ་འཛུགས་དང་མི་མང་འདུད༔    རྒྱ་མཚོ་རྔུབས་དང་རི་བོ་འཕེན༔    རི་ཆེན་ཕན་ཚུན་ཞབས་འོག་བརྫིས༔    ཉི་ཟླ་མཚོན་ཆ་ཁོང་དུ་མིད༔  ཁྱད་པར་སྒོ་གསུམ་བདེ་བ་དང་༔    རི་ལོག་ཕྱོགས་མེ་འབར་བ་སོགས༔    ཡི་ {{TibChung|[9b]}} དམ་ལྷ་ཡི་རྗེས་བཟུང་རྟགས༔  མོན་པ་འབག་སེང་གར་མཁན་དང༔  རྟ་དྲེལ་ར་ལུག་གནག་ཕྱུགས་སོགས༔    གྱེན་དུ་ཕྱོགས་དང་ཚུར་ལ་རྒོལ༔  འཐབ་མཚོན་ཟུག་དང་མཚོན་ཆ་ཕོག༔  ཐོག་སེར་རྦབ་དང་གཞན་གྱིས་དེད༔    ཆུས་ཁྱེར་མུན་གླིང་འཁྱམས་པ་སོགས༔  བྱད་གདོན་འཚེ་དང་སློང་བའི་རྟགས༔    ཐོག་མར་ཆོ་འཕྲུལ་ཟ་ཟིར་མང་༔  ཅི་ལྟར་འཚུབ་ཅིང་རྟགས་མྱུར་དང་༔    བར་དུ་དབང་འདུས་བཀའ་ཉན་རྟགས༔    བྲན་དུ་འཁོལ་དང་གུས་འདུད་སོགས༔  ཆོ་འཕྲུལ་ལྷ་རྟགས་ཙམ་བྱུང་ཡང༔  རེ་དོགས་མེད་པའི་ངང་ནས་བཟླ༔    ལེགས་ཉེས་རྟེན་འབྲེལ་སོ་མཚམས་ས༔    རྨི་ལམ་ཉམས་སུ་གང་བྱུང་བ༔    སྙེམས་རྟོག་བྲལ་བའི་ཐོག་བརྫིས་ཀྱིས༔    བཅད་གཏུབ་བསད་གཏོར་དམིགས་མེད་གཞོམ༔  ཞེས་གསྲུངས་པ་ལྟར་དངོས་ཉམས་རྨི་ལམ་གྱི་རྟགས་དང་སྦྱར།  བསྙེན་སྒྲུབ་ཀྱི་སྐབས་སུ་རང་ངམ་མཐུན་པའི་གྲོགས་ཀྱིས་ཆུ་གཏོར་ཀླུ་གཏོར་གཏོང་བ་ཡང་ངེས་པར་དགོས།  བསྙེན་པ་ཐེམས་ནས་གཏོར་མ་ལྷར་གསལ་བ་ལ་དམིགས་ཏེ་དངོས་གྲུབ་བླང་ཞིང་།  ཚོགས་ཀྱི་མཆོད་པ་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་བསྙེན་པའི་ལྷག་ཆད་ཁ་བསྐང་ནས་རིམ་བཞིན་མཚམས་བཀྲོལ་བར་བྱ་བ་ཡིན་ནོ།  །ཁྲག་འཐུང་རིག་པའི་རྒྱལ་པོ་བསྒྲུབ་པའི་ཐབས།  །མན་ངག་ལྷུག་པར་བཀྲལ་ཏེ་བརྗོད་འདིས་ཀྱང་།  འགྲོ་ཀུན་མ་རིག་ཀླུ་གདོན་ལས་གྲོལ་ཏེ།  འཇམ་དཔལ་དཔའ་བོའི་གོ་འཕང་མངོན་བྱེད་ཤོག  །ཅེས་པའང་དོན་དུ་གཉེར་བ་ཅན་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་བ་ལས།  རྩ་བའི་གཞུང་དོན་མན་ངག་གིས་གསལ་བར་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།།  །།}} }}
༄༅།  །ན་མོ་གུ་རུ་མ་ཧཱ་ཀྲོ་དྷ་རཱ་ཛ་ཡ།  བདེ་གཤེགས་ཀུན་གྱི་སྟོབས་འདུས་ཧེ་རུ་ཀ  །  གཟི་བརྗིད་མཐུ་བྱིན་དུས་མཐའི་མེ་དཔུང་གིས།  །མ་རིག་གདོན་བགེགས་རྩ་སྦུར་ཡུད་ཀྱིས་ཟ།  །བླ་མ་རིག་པའི་རྒྱལ་པོས་རྟག་ཏུ་སྲུངས།  །གང་དེའི་སྒྲུབ་ཐབས་ཀུན་ལས་ཁྱད་འཕགས་པ།  །ནམ་མཁའི་ཀློང་མཛོད་ལས་བྱོན་བཀའ་སྲོལ་གྱི།  །ཕྲིན་ལས་ཟབ་མོའི་ལས་རིམ་ཇི་ལྟ་བར།  །འདི་ན་འཇུག་བདེའི་ཁྲིགས་སུ་བསྡེབས་པར་བྱ།  །དེའང་ཇི་སྐད་དུ།  {{TibChung|གཞུང་ལས།  ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔  གཏི་མུག་ཀླུ་གཉན་གདུག་པ་དར༔  ནད་རིགས་མི་གཅིག་སྣ་ཚོགས་གཏོང་༔  མི་རྣམས་ཕལ་ཆེར་དེ་ཡིས་འཆི༔  ཁྱད་པར་མཛེ་ཤུ་པགས་    {{TibChung|[2a]}}  ནད་དང་༔  བད་ཀན་ལས་གྱུར་སྣ་ཚོགས་པ༔  མ་ངེས་སྐྱི་སེར་བཞིན་དུ་འཚུབས༔  མཐའ་ཡི་འབྱུང་པོ་སྨོན་ལོག་པས༔  རྫས་སྔགས་དམོད་པའི་ཆོ་འཕྲུལ་སྟོན༔    སྐྱེ་འགྲོའི་ཤེས་རྒྱུད་བསླད་ཅིང་བསླུས༔  མི་དགེ་སྡིག་པའི་ལས་ལ་སྤྱོད༔  དཀོན་མཆོག་དབུ་འཕང་སྨད་ཅིང་འཕེན༔    བསྟན་འཛིན་སྐྱེས་བུ་དག་ལ་འཚེ༔  དེ་ཚེ་བདུད་ཀྱི་མགོ་མནོན་ཅིང་༔  ཀླུ་གཉན་གདུག་པའི་སྲོག་གཅོད་པ༔  འཇིགས་བྱེད་ནཱ་ག་རཀྴ་འདི༔  སྒྲུབ་པ་བྱེད་པའི་སྐྱེས་བུ་རྣམས༔  སྲིད་པ་གསུམ་ལས་རྣམ་པར་རྒྱལ༔  ཞེས་གསུངས་པ་ལྟར་སྙིགས་དུས་ཀྱི་གདོན་བགེགས་འབྱུང་པོ་སྤྱི་དང་བྱེ་བྲག་ཀླུ་གཉན་གདུག་པ་ཅན་གྱི་གནོད་པའི་གཡུལ་ངོ་ལས་རྒྱལ་བར་འདོད་པ་རྣམས་ཀྱིས་ལྷག་པའི་ལྷ་མཆོག་འདི་ཉིད་ཁོ་ན་བསྙེན་ཅིང་བསྒྲུབ་པའི་ཚུལ་ལ་འབད་པར་བྱ་བ་ཡིན་ཏེ།  དེའི་ཚུལ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  ། {{TibChung|[2b]}} དང་པོ་ནི།  འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་དབེན་པའི་གནས་སུ་དམིགས་རྟེན་གྱི་སྣང་བརྙན་ཡོད་ན་བཀྲམ།  མེད་ཀྱང་བདག་བསྐྱེད་ཀྱི་རྣལ་འབྱོར་ཁོ་ན་ལ་བརྟེན་པའི་ཕྱིར།  མཆོད་རྫས་སྨན་རཀ་གཏོར་མ་དང་།  ཆུ་གཉིས་ཉེར་སྤྱོད་ཙམ་བཀོད་མཛེས་སུ་བསྟར་བས་ཀྱང་འཐུས།  སྔོན་འགྲོའི་གཏོར་མ་དང་།  བཀའ་སྲུང་གི་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས།  ཆོ་གའི་སྦྱོར་བ་དངོས་ནི།}}  སྐྱབས་ཡུལ་བླ་མ་རིག་འཛིན་ཁྲོ་རྒྱལ་འབར་བའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛཿ{{TibChung|ས་མདུན་མཁར་སད་པར་མོས་ལ།}}  ན་མོ༔  བླ་མེད་བླ་མ་དཀོན་མཆོག་གསུམ༔  རྩ་གསུམ་དམ་ཅན་རྒྱ་མཚོ་དང་༔  རིག་པ་སྐུ་བཞིའི་བདག་ཉིད་ལ༔  བྱང་ཆུབ་བར་དུ་སྐྱབས་སུ་མཆི༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།}}  ཀྱེེ༔  མ་རིག་མུན་པའི་ཁྲི་མུན་དུ༔  སྡུག་བསྔལ་གསུམ་གྱིས་གདུང་བ་ཡི༔  སེམས་ཅན་ཐམས་ཅད་རབ་སྒྲོལ་ཕྱིར༔  བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔  {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད།  སྤྲོ་ན།}}  རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།  །{{TibChung|ཞེས་སོགས་ཀྱིས་ཚོགས་བསགས་ནས།}}  ཛཿཧཱུྃ་བཾ་ཧོཿ {{TibChung|ས།}}  ཚོགས་ཞིང་རྣམས་རང་ལ་ཐིམ་པར་{{TibChung|བསམ།  བགེགས་གཏོར།}}  རྃ་ཡྃ་ཁྃ་གིས་{{TibChung|བསང་སྦྱང་།}}    ཨོཾ་ཨཱཿཧཱུྃ་ཧོཿ {{TibChung|ས་བྱིན་བརླབས།}}  སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་ལན་ཆགས་ཀྱི་མགྲོན་རྣམས་བཀུག །}}    {{TibChung|[3a]}}  སརྦ་བི་གྷྣཾ་བ་ལིང་ཏ་ཁཱ་ཧི།  ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ།  ཧཱུྃ༔    ང་ནི་མ་བཅོས་དོན་གྱི་ལྷ༔  འཇིགས་བྱེད་ནཱ་ག་རཀྴ་ཆེ༔  ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔  གཏོར་མ་ལོངས་ལ་ཕྱིར་དེངས་ཤིག༔  {{TibChung|ཅེས་རྩ་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད།}}  ཧཱུྃ༔  དྲག་པོའི་སྒྱུ་འཕྲུལ་རོལ་པའི་གར༔  ཡེ་ཤེས་མཚོན་ཐུན་མེ་རླུང་ཆུའི༔  གུར་དང་རྭ་བར་ལྷུན་གྱིས་གྲུབ༔  གཞོམ་མེད་རྡོ་རྗེའི་རྒྱ་ཡིས་བཏབ༔  ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔  {{TibChung|ཞེས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ།}}  ཧཱུྃ༔    བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔  ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔    ཀུན་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ༔  དབྱིངས་ནས་སྐུར་བཞེངས་དབང་བྱོན་ཕོབ༔  ན་མོ་དྷརྨ་ཀཱ་ཡ༔    སམྦྷོ་ཀཱ་ཡ༔  ནིརྨ་ཀཱ་ཡ༔    བཛྲ་ས་མ་ཡ་ཛཿཛཿ  ཨཱ་ཝེ་ཤ་ཡ་ཨ་ཨཱ༔  {{TibChung|ཞེས་བྱིན་དབབ།}}    ཧཱུྃ༔    ཡུལ་དྲུག་ཀློང་ཆེན་ཡངས་པའི་མཁར༔  འདོད་ཡོན་སྣང་བ་ནམ་མཁའ་མཛོད༔  ཤེས་རིག་སྒྱུ་འཕྲུལ་རོལ་པས་བརླབ༔  ཕྱི་ནང་གསང་མཆོད་རྒྱན་དུ་སྤེལ༔  ཨོཾ་བཛྲ་ཨརྒྷཾ་{{TibChung|སོགས་ནས།}}    ཤཔྟ་ཨཱཿཧཱུྃ༔    མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ག་ཎ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་མཆོད་རྫས་རྣམས་བརླབ་ {{TibChung|[3b]}} པོ།  །གཉིས་པ་དངོས་གཞི་ལ།  དམ་ཚིག་པ་བསྐྱེད་པ་ནི།}}  ཨ༔  སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔  རྨི་ལམ་དབྱིངས་སུ་སད་པ་ལྟར༔  ཁྱབ་བརྡལ་སྟོང་ཉིད་ཆེན་པོར་ཞིག༔  མཁྱེན་གཟིགས་ཡེ་ཤེས་མངོན་དུ་བྱ༔  ཀུན་ཁྱབ་ཀུན་གཟིགས་ཀུན་ཏུ་སྣང་༔  མཁའ་ལ་འཇའ་ཚོན་ཤར་བ་ལྟར༔  རང་རིག་ཧཱུྃ་གི་ཡི་གེ་ཤར༔  འོད་འཕྲོས་རབ་འཇིགས་དྲག་པོའི་ཞིང་༔  བསྐལ་པའི་མེ་དཔུང་འབར་བའི་ཀློང་༔    གནམ་ལྕགས་འཁོར་ལོ་རྩི་བས་བརྒྱད་དབུས༔    ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔  བསྣོལ་ཞིང་བརྩིགས་པའི་ཁྲི་སྟེང་དུ༔  པདྨ་ཉི་སྟེང་ཧཱུྃ༔  བབས་པའི༔  འོད་འཕྲོས་འཁོར་འདས་གཟི་བྱིན་བསྡུས༔    ཡོངས་གྱུར་གཤིན་རྗེའི་གཤེད་ཆེན་པོ༔  ཁྲོ་མཆོག་ནཱ་ག་རཀྴ་ནི༔  མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔  ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔  ཉེར་བདུན་སྤྱན་གདངས་ཁྲོ་གཉེར་བསྡུས༔  སྨ་ར་སྨིན་མར་མེ་སྟག་འཕྲོ༔    སྦྲུལ་མགོ་དགུ་ཡིས་ཐོད་གདེངས་བྱས༔  རིན་པོ་ཆེ་ཡི་པྲོག་ཞུ་གསོལ༔  དམར་ནག་རལ་པ་སྲིད་རྩེར་སླེབས༔  རྩ་བའི་ཕྱག་གཉིས་ཐུགས་ཀ་རུ༔    གྲི་གུག་འབར་བས་སྤྲུལ་གཏུབ་རོལ༔    {{TibChung|[4ན}} གཡས་ཕྱག་བརྒྱད་ཀྱི་གྲི་གུག་གིས༔    རྒྱ་མཚོའི་གཏིང་ནས་ཀླུ་རྣམས་བཀུག༔  གཡོན་བརྒྱད་ཀྱིས་བསྡམ་ཆེམ་ཆེམ་རོལ༔  སྦྲུལ་དང་མི་མགོའི་དོ་ཤལ་བྱས༔  ཡན་ལག་སྦྲུལ་ལྔའི་ཆུན་པོས་བརྒྱན༔  སྐུ་སྨད་སྦྲུལ་མཇུག་དུག་རླངས་འཕྱོ༔  བཙན་དུག་ངད་རླངས་ནུས་ལྡན་པ༔  མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔  སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔  ཀླུ་གཤེད་བྱ་ཁྱུང་ནག་པོ་ལས༔  སྤྲུལ་པ་ཡང་སྤྲུལ་སྐར་ལྟར་འཁྲིགས༔  མགྲིན་པར་རྟ་མགྲིན་དམར་ནག་རྔམས༔  རལ་གྲི་སྤྲུལ་འཛིན་འདོར་སྟབས་བསྒྲད༔  ཐུགས་ཀར་གསང་བདག་ཁྲོ་གཏུམ་མཐིང་༔  རྡོ་རྗེ་སྦྲུལ་འཛིན་འདོར་སྟབས་བགྲད༔  ཀུན་ཡང་ཡེ་ཤེས་མེ་དཔུང་ཀློང༔  དུར་ཁྲོད་ཆས་རྫོགས་ཁྲོ་ཆུང་འགྱེད༔  ཤར་དུ་གཤིན་རྗེ་གསོད་བྱེད་མཐིང་༔  སྡིག་གདོང་འབར་བས་རྒྱལ་འགོང་འཇོམས་༔  ལྷོ་རུ་གཤིན་རྗེ་འཇོམས་བྱེད་ནག༔  ཕག་གདོང་འབར་བས་གཉན་རིགས་འཇོམས༔  ༔  ནུབ་ཏུ་གཤིན་རྗེ་ཟ་བྱེད་དམར༔  ཁྱུང་གདོང་འབར་བས་ཀླུ་གདོན་འཇོམས༔  བྱང་དུ་གཤིན་རྗེ་སྒྲོལ་བྱེད་ལྗང་༔  གླང་གདོང་འབར་བས་ས་བདག་འཇོམས༔    ཀུན་ཀྱང་གཡས་ {{TibChung|[4b]}} པས་དགྲ་སྟྭ་དང་༔  གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔  སྟེང་ཕྱོགས་རྒྱལ་རིགས་འཇོམས་པའི་ཁྱུང་༔  མཐིང་ནག་མེ་ཡི་གཤོག་པ་ཅན༔  ཤར་ལྷོར་རྗེ་རིགས་འཇོམས་པའི་ཁྱུང་༔    དཀར་པོ་རལ་གྲི་གཤོག་པ་ཅན༔  ལྷོ་ནུབ་དམངས་རིགས་འཇོམས་པའི་ཁྱུང་༔    སེར་པོ་སྤུ་གྲིའི་གཤོག་པ་ཅན༔  ནུབ་བྱང་བྲམ་ཟེ་འཇོམས་པའི་ཁྱུང་༔  དམར་ནག་རླུང་གི་གཤོག་པ་ཅན༔  བྱང་ཤར་གདོལ་པ་འཇོམས་པའི་ཁྱུང་༔  ལྗང་ནག་མེ་ཡི་གཤོག་པ་ཅན༔  ཀུན་ཀྱང་རྐང་པས་ཀླུ་གཉན་གནོན༔  ལག་པས་དོན་སྙིང་འདྲེན་ཅིང་ཟ༔  རྭ་ཡིས་སྟེང་གི་ལྷ་གདོན་འབིགས༔  གཤོག་པས་བར་སྣང་སྡེ་བརྒྱད་འདུལ༔  རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས༔  ཉོན་མོངས་བརྒྱད་ཁྲིའི་རང་གཟུགས་ཀྱི༔  གདོན་བགེགས་མ་ལུས་ཚར་གཅོད་བསམ༔  གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔  འོད་འཕྲོས་དུས་གསུམ་སངས་རྒྱས་ཀྱི༔  སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔    དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔  {{TibChung|ཞེས་གསལ་བཏབ་ལ།  ཡེ་ཤེས་པ་སྤྱན་དྲང་བ་ནི།}}  ཧཱུྃ༔    འོག་མིན་བརྡལ་ཁྱབ་ཆེན་པོ་ནས༔  ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་གདངས༔  གང་འདུལ་ {{TibChung|[5a]}} ཐབས་ཀྱི་སྐུར་སྟོན་པའི༔    རྒྱལ་བ་སྲས་བཅས་གཤེགས་སུ་གསོལ༔  བཛྲ་ས་མ་ཡ་ཛ་ཛ༔  {{TibChung|ཞེས་སྤྱན་དྲངས།}}  ཧཱུྃ༔    གདོད་ནས་རང་སྣང་བཀོད་པ་ཀུན༔  དཀྱིལ་འཁོར་གསུམ་དུ་ལྷུན་གྱིས་གྲུབ༔  གཉིས་མེད་རང་བྱུང་རོལ་པ་ཆེ༔  མངོན་གྱུར་ཆེན་པོར་བཞུགས་སུ་གསོལ༔  བཛྲ་ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས།}}    ཧཱུྃ༔    མཚན་མ་ཚིག་དང་བྲལ་བའི་མཁར༔    ཤེས་རབ་ཡེ་ཤེས་ཉི་གཞོན་ཤར༔  མ་རིག་ཉོན་མོངས་བདུད་འཇོམས་པའི༔  བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔  ན་མོ་པུ་རུ་ཤ་ཡ་ཧོཿ {{TibChung|ཞེས་ཕྱག་བྱ།}}  ཧཱུྃ༔    ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔    ཕྱི་ནང་གསང་མཆོད་རྒྱན་དུ་ཤར༔    ཡེ་ཤེས་རོལ་པའི་སྟོབས་ཀྱིས་བརླབས༔    མི་ཟད་ནམ་མཁའ་མཛོད་དུ་སྤེལ༔  རྒྱལ་བའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔    བསོད་ནམས་ཚོགས་གཉིས་རྫོགས་གྱུར་ཅིག༔  ཨོཾ་བཛྲ་ཨརྒྷཾ་{{TibChung|སོགས་ནས།}}    ཤཔྟ་པཱུ་ཛ་ཧོཿ   རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་ཧོཿ   མ་ཧཱ་སརྦ་པཉྩ་རཀྟ་བ་ལིང་ཏ་བོ་ངྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧོཿ {{TibChung|ཞེས་མཆོད།}}  ཧཱུྃ༔  རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔  གདུལ་བྱ་འདུལ་མཛད་ཆུ་ {{TibChung|[5b]}}  ཟླའི་གར༔  གཏི་མུག་གཟུགས་ཀྱིས་མ་རིག་འཇོམས༔  ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད༔  ཡེ་ཤེས་ཁྱུང་ཆེན་སྐུ་ཡི་དབྱིངས༔  པདྨ་དབང་ཆེན་གསུང་གི་དབྱིངས༔  རྡོ་རྗེ་གཏུམ་པོ་ཐུགས་ཀྱི་དབྱིངས༔  ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔    ཡེ་ཤེས་རང་གདངས་འཁོར་དུ་ངོམས༔  མཐུ་སྟོབས་ནུས་པའི་རང་གཟུགས་ཀྱིས༔  ལས་མཁན་ཕོ་ཉ་དྲག་ཤུལ་ཅན༔  སྒྱུ་འཕྲུལ་འཁོར་གྱི་རོལ་པར་བསྟོད༔  {{TibChung|ཞེས་བསྟོད།}}  ཧཱུྃ༔    བདག་ནི་ཚེ་རབས་ཐོག་མེད་ནས༔  གཟུང་འཛིན་འཁྲུལ་པའི་དབང་གྱུར་ཏེ༔  ཡེ་ཤེས་རང་ཞལ་སྒྲིབ་པའི་སེམས༔  འཁོར་འདས་དག་མཉམ་ཆེན་པོར་བཤམས༔  ཨོཾ་བཛྲ་སཏྭ་ས་མ་ཡ༔  {{TibChung|སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས།  བཟླས་པ་བྱ་བ་ནི།}}  ཧཱུྃ༔  བདག་ཉིད་གཤིན་རྗེའི་གཤེད་ཆེན་པོའི༔    ཐུགས་གསང་ཉི་ཟླའི་གྭའུའི་ནང་༔  ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔  ཡིག་འབྲུ་རང་ལས་རང་གི་སྒྲ༔  འབྲུག་སྟོང་དུས་གཅིག་ལྡིར་བ་བཞིན༔    སྣོད་བཅུད་འཕར་འཁྲུག་ཤིག་ཤིག་འགུལ༔    འོད་ཟེར་མེ་སྟག་ལྟ་བུ་ཡིས༔  ཀླུ་གཉན་ས་བདག་གདོན་གྱི་རིགས༔    ནད་དང་ཆུ་སེར་གྲིབ་དང་བཅས༔  སྦུར་ {{TibChung|[6a]}} མ་མེ་ལ་བསྲེགས་བཞིན་གྱུར༔  {{TibChung|ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པས།}}    ཨོཾ་ཕེ་ལཾ་ཧཱུྃ༔  {{TibChung|ཞེས་བཟླ།  ལས་སྦྱོར་ནི།}}    ཧཱུྃ༔  རང་ཉིད་དྲག་པོའི་ཐུགས་ཀ་ནས༔    མེ་དཔུང་དྲི་ངན་བཙན་དུག་རླངས༔  འབར་འཁྲིགས་རབ་འཐུལ་འུར་ཆེམ་སྒྲ༔  བསྐལ་པ་དུས་མཐའི་མེ་ལྟ་བུས༔  གཏི་མུག་ཀླུ་གཉན་ས་བདག་གདོན༔  རྩ་སྐམ་དག་ལ་མེ་མཆེད་བཞིན༔  རྗེས་ལྷག་མེད་པར་བསྲེག་པར་བསྒོམ༔  ནག་པོ་ཏི་པ་ཙ་ཡ་ནཱ་ག་ར་ཙ་ཧཱུྃ་ཕཊ༔  {{TibChung|ཅེས་པའང་གོང་གི་བསྙེན་པའི་འགྲོས་དང་སྦྱར་ཏེ་བཟླའོ།  །གསུམ་པ་རྗེས་ནི།  ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན།  དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ལ་བདུད་རྩིས་བྲན་ཏེ།}}    ཧཱུྃ༔  སྣོད་ཀྱི་འཇིག་རྟེན་ཚོགས་གཞོང་དུ༔  བཅུད་ཀྱི་འགྲོ་དྲུག་ཚོགས་ཀྱི་རྫས༔  འཁོར་འདས་མཉམ་ཉིད་མཆོད་པའི་སྤྲིན༔  བདེ་སྟོང་བླ་མེད་བདུད་རྩིར་གྱུར༔    ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་བྱིན་རླབས།}}  ཧཱུྃ༔  ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔  རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་འདུས་ཉིད༔  སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔    ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  ཨོཾ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ {{TibChung|[6b]}} {{TibChung|ཞེས་ཚོགས་མགྲོན་སྤྱན་དྲངས་ལ།}}  ཧཱུྃ༔    འཁོར་འདས་བཅུད་བསྡུས་བ་ལིང་ཏ༔    ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི༔  འདོད་ཡོན་ལྔ་ཡི་སྤྲིན་ཕུང་གཏིབས༔  ནམ་མཁའ་གང་བའི་བདེ་ཆེན་པོ༔  ཁྲོ་འདུས་ཡི་དམ་ལྷ་ལ་འབུལ༔  གཉིས་སུ་མེད་པར་བཞེས་ནས་ཀྱང་༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི༔  {{TibChung|ཞེས་ཕུད་དང་པོས་མཆོད།}}    ཧོཿ   གདོད་ནས་རང་རིག་ལྷ་དང་དབྱེར་མེད་ཀྱང་༔  མ་རིག་དབང་གིས་གཉིས་རྟོག་སོ་སོར་བཟུང་༔  བག་མེད་དབང་གྱུར་དམ་འགལ་ཅི་མཆིས་པ༔  རིག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་བཤགས༔  གཉིས་མེད་བྱང་ཆུབ་ཆེན་པོར་དག་གྱུར་ཅིག༔  བཛྲ་ས་མ་ཡ་ཤུདྡྷེ་ཨ༔  {{TibChung|ཞེས་བར་པས་ཉམས་ཆག་བསྐང་།  ཚོགས་ཐ་མ་མདུན་དུ་བཀོད་ལ།}}    ན་མོ༔  རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་ལྷ༔  རྡོ་རྗེ་མེ་འབར་ལྷ་ཚོགས་བདེན་པའི་མཐུས༔  སྡང་དགྲ་གདོན་བགེགས་བདུད་དང་དམ་སྲི་སོགས༔  ཁྱད་པར་ཀླུ་གཉན་བྱད་གདོན་ཚེ་རྒོལ་རྣམས༔  རང་དབང་མེད་པར་གཟུགས་ལིང་འདི་ལ་ཁུག༔  ཁྲོ་ཆེན་རྣམས་ཀྱིས་སྲིད་གསུམ་མཐའ་ནས་བསྡུས༔  ཕོ་ཉ་རྣམས་ཀྱིས་འབྱུང་བ་ཕྱི་ནང་དཀྲུགས༔  སྲོག་གཤེད་རྣམས་ཀྱིས་དམིགས་ {{TibChung|[7a]}}  པའི་སྙིང་ནས་གཟུངས༔  མ་མོ་རྣམས་ཀྱིས་ཤོར་མེད་བྱད་དུ་ཆིངས༔  སྤོར་བྱེད་རྣམས་ཀྱིས་ཤེས་པ་དབྱིངས་སུ་སྤོར༔  དུས་ལ་བབ་པོ་ལས་མཁན་མཐུ་མ་ཆུང་༔  རྒྱལ་བའི་མཐུ་བྱིན་བདེན་སྟོབས་གོང་མ་གཡེལ༔    ལས་དང་རྒྱུ་འབྲས་རྟེན་འབྲེལ་ཆུད་མ་གསན༔  དྲག་སྔགས་དམོད་པའི་ནུས་རྟགས་རྩལ་མ་ཞན༔  ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་མཛོད༔  སརྦ་ནྲྀཿདུ་ཕུ་ཏྲི་ཛྲཿཧཱུྃ༔  བྃ་ཧོཿ   {{TibChung|ཕུར་བུ་ཐོགས་ལ།}}  ཧཱུྃ༔  སྒྲོལ་བྱེད་སྲས་མཆོག་ཀཱི་ལ་ཡ༔  ཁྲོ་རྒྱལ་ཀུན་གྱི་སྟོབས་ཤུགས་འཆང་༔  སྲིད་པ་གསུམ་ཡང་སྒྲོལ་བྱེད་ན༔    དགྲ་དང་བགེགས་ལ་སྨོས་ཅི་དགོས༔  བཏབ་བོ་གདུག་པའི་སྙིང་ལ་ཡ༔  ཐེབ་པར་མཛོད་ཅིག་ཀཱི་ལ་ཡ༔  ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔  ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔  {{TibChung|ཅེས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ཏེ།}}    ཧཱུྃ༔  རིགས་སྔགས་དམོད་པ་མཚོན་ཆའི་འཁོར་ལོ་ཡིས༔  དགྲ་བགེགས་ལྔ་ཕུང་ཕྱེ་མ་རྡུལ་དུ་རློག༔  སྣང་སྲིད་ཤ་རུས་དབང་ལྔའི་འདོད་ཡོན་ཚོགས༔    དྭངས་མའི་ཟེར་འབར་བདུད་རྩིའི་སྤྲིན་སྤྲོ་བ༔  ཡེ་ཤེས་འབར་བ་དཀྱིལ་འཁོར་ལྷ་ལ་འབུལ༔  བཞེས་ནས་དགྲ་བགེགས་ལྡང་མེད་ཕྲིན་ {{TibChung|[7b]}} ལས་མཛོད༔    ཨོཾ་ཨཱཿཧཱུྃ་རུ་དྲ་ནྲྀ་ཏྲི་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔  {{TibChung|ཞེས་བསྟབ་པས་དགྱེས་པར་བསམ།  དེ་ནས་ཚོགས་ཀྱི་དམ་ཚིག་ནང་གི་སྲེག་བླུག་ཏུ་ལོངས་སྤྱད་ནས།  ལྷག་མ།}}    ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ།  ཧཱུྃ་བྷྱོཿ  དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔  དབང་ཕྱུག་མ་མོ་གིང་ལང་དུར་ཁྲོད་བདག༔  ཤ་ཟ་ལས་བྱེད་སྡེ་བརྒྱད་དྲེགས་པའི་ཚོགས༔    དཔལ་གྱི་ཕམ་ཕབ་ལྷག་གཏོར་འདི་བཞེས་ལ༔    དགྲ་བགེགས་སྒྲོལ་ལ་གསང་སྔགས་བསྟན་པ་སྲུངས༔    རྣལ་འབྱོར་རྩལ་སྐྱེད་གདུག་པའི་གཡུལ་ངོ་ཟློག༔    ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད༔    མ་མ་དུང་དུང་ཧ་ཧེ་ཕཊ༔  བྷྱོ་གིདྐ་ར་སརྦ་ས་མ་ཡ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔  {{TibChung|ཞེས་ཕྱི་རོལ་དུ་འབུལ་ལོ།  །དེ་ནས་དངོས་གྲུབ་བླང་བ་ནི།}}  ཧཱུྃ༔  ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས༔  ཡེ་ཤེས་གསང་བའི་ཉི་མ་ཤར༔  དུས་གསུམ་བདེ་གཤེགས་སྤྲིན་ལྟར་གཏིབས༔  ཁྲག་འཐུང་ཁྲོ་ཚོགས་སྐར་ལྟར་འཁྲུག༔  མཁའ་འགྲོ་དམ་ཅན་བྲན་ལྟར་འདུས༔    དངོས་གྲུབ་ཆར་འབེབས་ཚུབས་སེ་ཚུབ༔    བསྐྱེད་རྫོགས་བཟླས་བརྗོད་མཐའ་རུ་ཕྱིན༔  དངོས་གྲུབ་སྩོལ་བའི་དུས་ལ་བབ༔  སྐུ་ {{TibChung|[8a]}} མཆོག་སྐུ་ཡི་དཀྱིལ་འཁོར་ནས༔  འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔  གསུང་མཆོག་གསུང་གི་དཀྱིལ་འཁོར་ནས༔  འགགས་མེད་གསུང་གི་དངོས་གྲུབ་སྩོལ༔  ཐུགས་མཆོག་ཐུགས་ཀྱི་དཀྱིལ་འཁོར་ནས༔  འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔  ཀུན་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔  ཚེ་དཔལ་ཡེ་ཤེས་དངོས་གྲུབ་སྩོལ༔  ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔  གང་འདུག་ཐུགས་རྗེའི་དངོས་གྲུབ་སྩོལ༔  དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔  སྐུ་གསུང་ཐུགས་དང་གཉིས་མེད་སྩོལ༔  {{TibChung|རྩ་སྔགས་ཤམ་བུར།}}    ཀཱ་ཡ་ཝཱ་ཀ་ཙིཏྟ་གུཎ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ་ཨྰཿ {{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ཏེ་དངོས་གྲུབ་བླང་ངོ་།  །རྗེས་རིམ་བསྡུ་ལྡང་ནི།}}  ཧཱུྃ༔  ཆོས་ཀྱི་དབྱིངས་ལས་སྙིང་རྗེའི་རོལ་རྩལ་གྱིས༔    འགྲོ་བའི་དོན་དུ་གསལ་རྫོགས་ཡེ་ཤེས་དལ༔    གང་འདུལ་སྟོབས་བཅུའི་ཕྲིན་ལས་མཐར་ཕྱིན་ནས༔    དགོངས་པ་ཟང་ཐལ་དམིགས་མེད་དབྱིངས་སུ་མུ༔  {{TibChung|ཞེས་བསྐྱེད་པའི་སྣང་ཆ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུ་ཞིང་།  སླར་ཡང་རྩ་བའི་སྔགས་ཀྱི་སྒྲས་ཟུང་འཇུག་གི་སྐུར་ལྡང་།}}    དགེ་འདིས་བདག་དང་འགྲོ་བ་ཀུན།  །འཇིགས་བྱེད་ནཱ་ག་རཀྴ་ {{TibChung|[8b]}} ཡི།  །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས།  །བདུད་ལས་རྣམ་པར་རྒྱལ་བར་ཤོག  །{{TibChung|ཅེས་བསྔོ་སྨོན་བྱ།}}  རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ།  །ཕྱོགས་ལས་རྣམ་པར་རྒྱལ་བའི་ཧེ་རུ་ཀ  །འཇིགས་བྱེད་ནཱ་ག་རཀྴའི་བདེན་སྟོབས་ཀྱིས།  །མ་རིག་གདོན་བགེགས་ཚར་གཅོད་བཀྲ་ཤིས་ཤོག  །{{TibChung|ཅེས་སོགས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ།  འདིའི་བསྙེན་པ་བྱེད་ན།  ཐོག་མར་ཞིང་སྐྱོང་ཞིང་བདག་རྣམས་ལ་གཏོར་མ་བསྔོས་ཏེ་ཕྲིན་ལས་བཅོལ།  བགེགས་བསྐྲད་དེ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ།  ཕྱི་ནང་གི་མཚམས་དམ་པར་བཅད་ནས་ཐུན་བཞིའི་རིམ་པས་ཉམས་སུ་ལེན་ཅིང་།  སྔོན་གཏོར་དཀར་བགེགས་ཉིན་དང་པོ་ལས་མི་དགོས་པས་རྒྱུན་དུ་སྲུང་འཁོར་མན་ཆད་བསྐྱར་བས་འཐུས།  ཐུན་མཚམས་སུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆདཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་མདོར་བསྡུས་དང་བསྡུ་ལྡང་བསྔོ་སྨོན་བྱ།  སྔགས་ཀྱི་སྤྱོད་ལམ་བླང་དོར་གྱི་རིམ་པ་རྣམས་བསྙེན་སྒྲུབ་སྤྱི་ལྟར་ཤེས་པར་བྱ་བ་ལས།  ཁྱད་པར་གྱི་མན་ལག་ཞལ་གདམས་ཕྱག་རྒྱ་བཞིའི་རྒྱས་གདབ་པ་ལ།  དང་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་གདབ་པ་ནི།  བསྐྱེད་རིམ་མ་བྱས་པར་གནས་ལུགས་ཀྱི་ངང་ནས་འབྲུ་བཞི་ས་ཡ་ཙམ་འགྲུབ་ན་རབ།  ཐ་མའང་འབུམ་གཅིག་བཟླ།  གཉིས་བ་དམ་ཚིག་གི་ཕྱག་རྒྱ་རང་ལ་གདབ་པ་ནི།  བསྐྱེད་རིམ་གསལ་ཞིང་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་དྲག་ཏུ་གཏད་དེ་ས་ཡའམ་འབྲུ་འབུམ་སོགས་ {{TibChung|[9a]}} བཟླས་པས་སྡེ་བརྒྱད་ཐམས་ཅད་བཀའ་འོག་ཏུ་འདུས་སོ་སྙམ་པ་དང་།  རྐང་མཐིལ་ཟབ་དང་།  ལུས་ལ་ཚ་ཞུམ་པ་དྲོད་སྐྱེ་བའོ།  དེ་ལས་ཐལ་ན་དམ་ཚིག་གི་ཕྱག་རྒྱ་དངོས་སུ་ཐེབས་རྟགས་འོང་།  གསུམ་པ་ལས་ཀྱི་ཕྱག་རྒྱ་ཀླུ་ལ་གདབ་པ་ནི།  རང་འཇམ་དཔལ་གྱི་འོག་ཏུ་རུས་སྦལ་ཆེན་པོ་ཞིག་བསམ།  དེ་ལ་གནོད་བྱེད་ཀླུ་རིགས་ཐམས་ཅད་བསྟེན་ནས་རང་གི་ལུས་ལས་ཀླུའི་དུག་རྣམས་དེ་ལ་བསྟིམ།  བཞི་པ་ཀླུའི་ཕྱག་རྒྱ་དགྲ་ལ་གདབ་པ་ནི།  དེ་ཉིད་རང་གི་དགྲ་བོ་ལ་བསྟིམས་པར་བྱ།  ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གལ་པོ་ཆེ་སྒང་གཤོང་འཐེན་གསུམ་ལས།  དང་པོ་ཞག་བདུན་གྱི་རིང་ལ་ཤིན་ཏུ་བརྩོན་པས་སྔགས་བཟླ་བ་ནི་སྒང་།  དེ་ནས་ཞག་བདུན་གྱི་རིང་སྔགས་ཅུང་ཟད་ལས་མི་བཟླ་བ་ནི་གཤོང་།  དེ་ནས་ཞག་བདུན་གྱི་རིང་སྔགས་ཡེ་ནས་མི་བཟླ་བར་རང་དང་ཀླུ་གདོན་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམ་ནས་ཡིག་བརྒྱ་བཟླས་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུ་བའི་དམིགས་པ་ལ་འབད་པ་ནི་འཐེན་པ་སྟེ།  ཚུལ་དེ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ།  དུས་དང་གྲངས་ཀྱི་བསྙེན་པའི་ཚད་ལ་གང་ཡང་རུང་ཞིང་།  མཚན་མའི་ལྟས་སུ།  ཇི་སྐད་དུ།  རྡོ་རྗེའི་གོ་གྱོན་ཉི་ཟླ་ཤར༔  མཆོད་རྟེན་བརྩེགས་དང་རྫོང་བཙན་བཟུང་༔  དུང་འབུད་གཏེར་རྙེད་རོལ་མོ་འཁྲོལ༔  མེ་ཏོག་ཐུ་དང་ཕྱག་མཚན་རྙེད༔  ཆུ་བོ་བརྒལ་དང་མཁའ་ལ་འབུར༔  གྲུ་ཟམ་འཛུགས་དང་མི་མང་འདུད༔    རྒྱ་མཚོ་རྔུབས་དང་རི་བོ་འཕེན༔    རི་ཆེན་ཕན་ཚུན་ཞབས་འོག་བརྫིས༔    ཉི་ཟླ་མཚོན་ཆ་ཁོང་དུ་མིད༔  ཁྱད་པར་སྒོ་གསུམ་བདེ་བ་དང་༔    རི་ལོག་ཕྱོགས་མེ་འབར་བ་སོགས༔    ཡི་ {{TibChung|[9b]}} དམ་ལྷ་ཡི་རྗེས་བཟུང་རྟགས༔  མོན་པ་འབག་སེང་གར་མཁན་དང༔  རྟ་དྲེལ་ར་ལུག་གནག་ཕྱུགས་སོགས༔    གྱེན་དུ་ཕྱོགས་དང་ཚུར་ལ་རྒོལ༔  འཐབ་མཚོན་ཟུག་དང་མཚོན་ཆ་ཕོག༔  ཐོག་སེར་རྦབ་དང་གཞན་གྱིས་དེད༔    ཆུས་ཁྱེར་མུན་གླིང་འཁྱམས་པ་སོགས༔  བྱད་གདོན་འཚེ་དང་སློང་བའི་རྟགས༔    ཐོག་མར་ཆོ་འཕྲུལ་ཟ་ཟིར་མང་༔  ཅི་ལྟར་འཚུབ་ཅིང་རྟགས་མྱུར་དང་༔    བར་དུ་དབང་འདུས་བཀའ་ཉན་རྟགས༔    བྲན་དུ་འཁོལ་དང་གུས་འདུད་སོགས༔  ཆོ་འཕྲུལ་ལྷ་རྟགས་ཙམ་བྱུང་ཡང༔  རེ་དོགས་མེད་པའི་ངང་ནས་བཟླ༔    ལེགས་ཉེས་རྟེན་འབྲེལ་སོ་མཚམས་ས༔    རྨི་ལམ་ཉམས་སུ་གང་བྱུང་བ༔    སྙེམས་རྟོག་བྲལ་བའི་ཐོག་བརྫིས་ཀྱིས༔    བཅད་གཏུབ་བསད་གཏོར་དམིགས་མེད་གཞོམ༔  ཞེས་གསྲུངས་པ་ལྟར་དངོས་ཉམས་རྨི་ལམ་གྱི་རྟགས་དང་སྦྱར།  བསྙེན་སྒྲུབ་ཀྱི་སྐབས་སུ་རང་ངམ་མཐུན་པའི་གྲོགས་ཀྱིས་ཆུ་གཏོར་ཀླུ་གཏོར་གཏོང་བ་ཡང་ངེས་པར་དགོས།  བསྙེན་པ་ཐེམས་ནས་གཏོར་མ་ལྷར་གསལ་བ་ལ་དམིགས་ཏེ་དངོས་གྲུབ་བླང་ཞིང་།  ཚོགས་ཀྱི་མཆོད་པ་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་བསྙེན་པའི་ལྷག་ཆད་ཁ་བསྐང་ནས་རིམ་བཞིན་མཚམས་བཀྲོལ་བར་བྱ་བ་ཡིན་ནོ།  །ཁྲག་འཐུང་རིག་པའི་རྒྱལ་པོ་བསྒྲུབ་པའི་ཐབས།  །མན་ངག་ལྷུག་པར་བཀྲལ་ཏེ་བརྗོད་འདིས་ཀྱང་།  འགྲོ་ཀུན་མ་རིག་ཀླུ་གདོན་ལས་གྲོལ་ཏེ།  འཇམ་དཔལ་དཔའ་བོའི་གོ་འཕང་མངོན་བྱེད་ཤོག  །ཅེས་པའང་དོན་དུ་གཉེར་བ་ཅན་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་བ་ལས།  རྩ་བའི་གཞུང་དོན་མན་ངག་གིས་གསལ་བར་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།།  །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:10, 4 September 2025

Wylie title 'jigs byed nA ga rak+sha'i sgrub pa klu gnyan gdug pa tshar gcod kyi phrin las me yi spu gri DJYD-KABUM-09-TA-004.pdf
Location bdud 'joms rin po che bka' 'bum
Volume 9, Text 4, Pages 315-332 (Folios 1a1 to 9b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. 'jigs byed nA ga rak+sha'i sgrub pa klu gnyan gdug pa tshar gcod kyi phrin las me yi spu gri. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 315-332. Kalimpong: Dupjung Lama, 1979-1985.
Side notes Recto: phrin las   Verso: bdud 'joms nA ga rak+sha
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Activity Manual - las byang
Cycle དགོངས་གཏེར་ནཱ་ག་རཀྵ་ (dgongs gter na ga rak+sha)
Deity 'jigs byed nA ga rak+sha
Colophon

།ཅེས་པའང་དོན་དུ་གཉེར་བ་ཅན་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་བ་ལས། རྩ་བའི་གཞུང་དོན་མན་ངག་གིས་གསལ་བར་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།།

ces pa'ang don du gnyer ba can rnams kyis yang dang yang du bskul ba las/___rtsa ba'i gzhung don man ngag gis gsal bar byas te 'jigs bral ye shes rdo rjes sbyar ba dza yan+tu//

[edit]
༄༅། །འཇིགས་བྱེད་ནཱ་ག་རཀྴའི་སྒྲུབ་པ་ཀླུ་གཉན་གདུག་པ་ཚར་གཅོད་ཀྱི་ཕྲིན་ལས་མེ་ཡི་སྤུ་གྲི་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་མ་ཧཱ་ཀྲོ་དྷ་རཱ་ཛ་ཡ། བདེ་གཤེགས་ཀུན་གྱི་སྟོབས་འདུས་ཧེ་རུ་ཀ ། གཟི་བརྗིད་མཐུ་བྱིན་དུས་མཐའི་མེ་དཔུང་གིས། །མ་རིག་གདོན་བགེགས་རྩ་སྦུར་ཡུད་ཀྱིས་ཟ། །བླ་མ་རིག་པའི་རྒྱལ་པོས་རྟག་ཏུ་སྲུངས། །གང་དེའི་སྒྲུབ་ཐབས་ཀུན་ལས་ཁྱད་འཕགས་པ། །ནམ་མཁའི་ཀློང་མཛོད་ལས་བྱོན་བཀའ་སྲོལ་གྱི། །ཕྲིན་ལས་ཟབ་མོའི་ལས་རིམ་ཇི་ལྟ་བར། །འདི་ན་འཇུག་བདེའི་ཁྲིགས་སུ་བསྡེབས་པར་བྱ། །དེའང་ཇི་སྐད་དུ། གཞུང་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གཏི་མུག་ཀླུ་གཉན་གདུག་པ་དར༔ ནད་རིགས་མི་གཅིག་སྣ་ཚོགས་གཏོང་༔ མི་རྣམས་ཕལ་ཆེར་དེ་ཡིས་འཆི༔ ཁྱད་པར་མཛེ་ཤུ་པགས་ [2a] ནད་དང་༔ བད་ཀན་ལས་གྱུར་སྣ་ཚོགས་པ༔ མ་ངེས་སྐྱི་སེར་བཞིན་དུ་འཚུབས༔ མཐའ་ཡི་འབྱུང་པོ་སྨོན་ལོག་པས༔ རྫས་སྔགས་དམོད་པའི་ཆོ་འཕྲུལ་སྟོན༔ སྐྱེ་འགྲོའི་ཤེས་རྒྱུད་བསླད་ཅིང་བསླུས༔ མི་དགེ་སྡིག་པའི་ལས་ལ་སྤྱོད༔ དཀོན་མཆོག་དབུ་འཕང་སྨད་ཅིང་འཕེན༔ བསྟན་འཛིན་སྐྱེས་བུ་དག་ལ་འཚེ༔ དེ་ཚེ་བདུད་ཀྱི་མགོ་མནོན་ཅིང་༔ ཀླུ་གཉན་གདུག་པའི་སྲོག་གཅོད་པ༔ འཇིགས་བྱེད་ནཱ་ག་རཀྴ་འདི༔ སྒྲུབ་པ་བྱེད་པའི་སྐྱེས་བུ་རྣམས༔ སྲིད་པ་གསུམ་ལས་རྣམ་པར་རྒྱལ༔ ཞེས་གསུངས་པ་ལྟར་སྙིགས་དུས་ཀྱི་གདོན་བགེགས་འབྱུང་པོ་སྤྱི་དང་བྱེ་བྲག་ཀླུ་གཉན་གདུག་པ་ཅན་གྱི་གནོད་པའི་གཡུལ་ངོ་ལས་རྒྱལ་བར་འདོད་པ་རྣམས་ཀྱིས་ལྷག་པའི་ལྷ་མཆོག་འདི་ཉིད་ཁོ་ན་བསྙེན་ཅིང་བསྒྲུབ་པའི་ཚུལ་ལ་འབད་པར་བྱ་བ་ཡིན་ཏེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། ། [2b] དང་པོ་ནི། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་དབེན་པའི་གནས་སུ་དམིགས་རྟེན་གྱི་སྣང་བརྙན་ཡོད་ན་བཀྲམ། མེད་ཀྱང་བདག་བསྐྱེད་ཀྱི་རྣལ་འབྱོར་ཁོ་ན་ལ་བརྟེན་པའི་ཕྱིར། མཆོད་རྫས་སྨན་རཀ་གཏོར་མ་དང་། ཆུ་གཉིས་ཉེར་སྤྱོད་ཙམ་བཀོད་མཛེས་སུ་བསྟར་བས་ཀྱང་འཐུས། སྔོན་འགྲོའི་གཏོར་མ་དང་། བཀའ་སྲུང་གི་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། ཆོ་གའི་སྦྱོར་བ་དངོས་ནི། སྐྱབས་ཡུལ་བླ་མ་རིག་འཛིན་ཁྲོ་རྒྱལ་འབར་བའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛཿས་མདུན་མཁར་སད་པར་མོས་ལ། ན་མོ༔ བླ་མེད་བླ་མ་དཀོན་མཆོག་གསུམ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དང་༔ རིག་པ་སྐུ་བཞིའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། ཀྱེེ༔ མ་རིག་མུན་པའི་ཁྲི་མུན་དུ༔ སྡུག་བསྔལ་གསུམ་གྱིས་གདུང་བ་ཡི༔ སེམས་ཅན་ཐམས་ཅད་རབ་སྒྲོལ་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཀྱིས་ཚོགས་བསགས་ནས། ཛཿཧཱུྃ་བཾ་ཧོཿ ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བགེགས་གཏོར། རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿ ས་བྱིན་བརླབས། སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿས་ལན་ཆགས་ཀྱི་མགྲོན་རྣམས་བཀུག ། [3a] སརྦ་བི་གྷྣཾ་བ་ལིང་ཏ་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ ང་ནི་མ་བཅོས་དོན་གྱི་ལྷ༔ འཇིགས་བྱེད་ནཱ་ག་རཀྴ་ཆེ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གཏོར་མ་ལོངས་ལ་ཕྱིར་དེངས་ཤིག༔ ཅེས་རྩ་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། ཧཱུྃ༔ དྲག་པོའི་སྒྱུ་འཕྲུལ་རོལ་པའི་གར༔ ཡེ་ཤེས་མཚོན་ཐུན་མེ་རླུང་ཆུའི༔ གུར་དང་རྭ་བར་ལྷུན་གྱིས་གྲུབ༔ གཞོམ་མེད་རྡོ་རྗེའི་རྒྱ་ཡིས་བཏབ༔ ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ ཞེས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། ཧཱུྃ༔ བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ ཀུན་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ༔ དབྱིངས་ནས་སྐུར་བཞེངས་དབང་བྱོན་ཕོབ༔ ན་མོ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ས་མ་ཡ་ཛཿཛཿ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཧཱུྃ༔ ཡུལ་དྲུག་ཀློང་ཆེན་ཡངས་པའི་མཁར༔ འདོད་ཡོན་སྣང་བ་ནམ་མཁའ་མཛོད༔ ཤེས་རིག་སྒྱུ་འཕྲུལ་རོལ་པས་བརླབ༔ ཕྱི་ནང་གསང་མཆོད་རྒྱན་དུ་སྤེལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྟ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ག་ཎ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཞེས་མཆོད་རྫས་རྣམས་བརླབ་ [3b] པོ། །གཉིས་པ་དངོས་གཞི་ལ། དམ་ཚིག་པ་བསྐྱེད་པ་ནི། ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཁྱབ་བརྡལ་སྟོང་ཉིད་ཆེན་པོར་ཞིག༔ མཁྱེན་གཟིགས་ཡེ་ཤེས་མངོན་དུ་བྱ༔ ཀུན་ཁྱབ་ཀུན་གཟིགས་ཀུན་ཏུ་སྣང་༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་རིག་ཧཱུྃ་གི་ཡི་གེ་ཤར༔ འོད་འཕྲོས་རབ་འཇིགས་དྲག་པོའི་ཞིང་༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་༔ གནམ་ལྕགས་འཁོར་ལོ་རྩི་བས་བརྒྱད་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ བསྣོལ་ཞིང་བརྩིགས་པའི་ཁྲི་སྟེང་དུ༔ པདྨ་ཉི་སྟེང་ཧཱུྃ༔ བབས་པའི༔ འོད་འཕྲོས་འཁོར་འདས་གཟི་བྱིན་བསྡུས༔ ཡོངས་གྱུར་གཤིན་རྗེའི་གཤེད་ཆེན་པོ༔ ཁྲོ་མཆོག་ནཱ་ག་རཀྴ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཉེར་བདུན་སྤྱན་གདངས་ཁྲོ་གཉེར་བསྡུས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ སྦྲུལ་མགོ་དགུ་ཡིས་ཐོད་གདེངས་བྱས༔ རིན་པོ་ཆེ་ཡི་པྲོག་ཞུ་གསོལ༔ དམར་ནག་རལ་པ་སྲིད་རྩེར་སླེབས༔ རྩ་བའི་ཕྱག་གཉིས་ཐུགས་ཀ་རུ༔ གྲི་གུག་འབར་བས་སྤྲུལ་གཏུབ་རོལ༔ [4ན གཡས་ཕྱག་བརྒྱད་ཀྱི་གྲི་གུག་གིས༔ རྒྱ་མཚོའི་གཏིང་ནས་ཀླུ་རྣམས་བཀུག༔ གཡོན་བརྒྱད་ཀྱིས་བསྡམ་ཆེམ་ཆེམ་རོལ༔ སྦྲུལ་དང་མི་མགོའི་དོ་ཤལ་བྱས༔ ཡན་ལག་སྦྲུལ་ལྔའི་ཆུན་པོས་བརྒྱན༔ སྐུ་སྨད་སྦྲུལ་མཇུག་དུག་རླངས་འཕྱོ༔ བཙན་དུག་ངད་རླངས་ནུས་ལྡན་པ༔ མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ ཀླུ་གཤེད་བྱ་ཁྱུང་ནག་པོ་ལས༔ སྤྲུལ་པ་ཡང་སྤྲུལ་སྐར་ལྟར་འཁྲིགས༔ མགྲིན་པར་རྟ་མགྲིན་དམར་ནག་རྔམས༔ རལ་གྲི་སྤྲུལ་འཛིན་འདོར་སྟབས་བསྒྲད༔ ཐུགས་ཀར་གསང་བདག་ཁྲོ་གཏུམ་མཐིང་༔ རྡོ་རྗེ་སྦྲུལ་འཛིན་འདོར་སྟབས་བགྲད༔ ཀུན་ཡང་ཡེ་ཤེས་མེ་དཔུང་ཀློང༔ དུར་ཁྲོད་ཆས་རྫོགས་ཁྲོ་ཆུང་འགྱེད༔ ཤར་དུ་གཤིན་རྗེ་གསོད་བྱེད་མཐིང་༔ སྡིག་གདོང་འབར་བས་རྒྱལ་འགོང་འཇོམས་༔ ལྷོ་རུ་གཤིན་རྗེ་འཇོམས་བྱེད་ནག༔ ཕག་གདོང་འབར་བས་གཉན་རིགས་འཇོམས༔ ༔ ནུབ་ཏུ་གཤིན་རྗེ་ཟ་བྱེད་དམར༔ ཁྱུང་གདོང་འབར་བས་ཀླུ་གདོན་འཇོམས༔ བྱང་དུ་གཤིན་རྗེ་སྒྲོལ་བྱེད་ལྗང་༔ གླང་གདོང་འབར་བས་ས་བདག་འཇོམས༔ ཀུན་ཀྱང་གཡས་ [4b] པས་དགྲ་སྟྭ་དང་༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ སྟེང་ཕྱོགས་རྒྱལ་རིགས་འཇོམས་པའི་ཁྱུང་༔ མཐིང་ནག་མེ་ཡི་གཤོག་པ་ཅན༔ ཤར་ལྷོར་རྗེ་རིགས་འཇོམས་པའི་ཁྱུང་༔ དཀར་པོ་རལ་གྲི་གཤོག་པ་ཅན༔ ལྷོ་ནུབ་དམངས་རིགས་འཇོམས་པའི་ཁྱུང་༔ སེར་པོ་སྤུ་གྲིའི་གཤོག་པ་ཅན༔ ནུབ་བྱང་བྲམ་ཟེ་འཇོམས་པའི་ཁྱུང་༔ དམར་ནག་རླུང་གི་གཤོག་པ་ཅན༔ བྱང་ཤར་གདོལ་པ་འཇོམས་པའི་ཁྱུང་༔ ལྗང་ནག་མེ་ཡི་གཤོག་པ་ཅན༔ ཀུན་ཀྱང་རྐང་པས་ཀླུ་གཉན་གནོན༔ ལག་པས་དོན་སྙིང་འདྲེན་ཅིང་ཟ༔ རྭ་ཡིས་སྟེང་གི་ལྷ་གདོན་འབིགས༔ གཤོག་པས་བར་སྣང་སྡེ་བརྒྱད་འདུལ༔ རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས༔ ཉོན་མོངས་བརྒྱད་ཁྲིའི་རང་གཟུགས་ཀྱི༔ གདོན་བགེགས་མ་ལུས་ཚར་གཅོད་བསམ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དུས་གསུམ་སངས་རྒྱས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ ཞེས་གསལ་བཏབ་ལ། ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ༔ འོག་མིན་བརྡལ་ཁྱབ་ཆེན་པོ་ནས༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་གདངས༔ གང་འདུལ་ [5a] ཐབས་ཀྱི་སྐུར་སྟོན་པའི༔ རྒྱལ་བ་སྲས་བཅས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཞེས་སྤྱན་དྲངས། ཧཱུྃ༔ གདོད་ནས་རང་སྣང་བཀོད་པ་ཀུན༔ དཀྱིལ་འཁོར་གསུམ་དུ་ལྷུན་གྱིས་གྲུབ༔ གཉིས་མེད་རང་བྱུང་རོལ་པ་ཆེ༔ མངོན་གྱུར་ཆེན་པོར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས། ཧཱུྃ༔ མཚན་མ་ཚིག་དང་བྲལ་བའི་མཁར༔ ཤེས་རབ་ཡེ་ཤེས་ཉི་གཞོན་ཤར༔ མ་རིག་ཉོན་མོངས་བདུད་འཇོམས་པའི༔ བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་བྱ། ཧཱུྃ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ ཕྱི་ནང་གསང་མཆོད་རྒྱན་དུ་ཤར༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་བརླབས༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ རྒྱལ་བའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ བསོད་ནམས་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྟ་པཱུ་ཛ་ཧོཿ རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་རཀྟ་བ་ལིང་ཏ་བོ་ངྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧོཿ ཞེས་མཆོད། ཧཱུྃ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ གདུལ་བྱ་འདུལ་མཛད་ཆུ་ [5b] ཟླའི་གར༔ གཏི་མུག་གཟུགས་ཀྱིས་མ་རིག་འཇོམས༔ ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ཁྱུང་ཆེན་སྐུ་ཡི་དབྱིངས༔ པདྨ་དབང་ཆེན་གསུང་གི་དབྱིངས༔ རྡོ་རྗེ་གཏུམ་པོ་ཐུགས་ཀྱི་དབྱིངས༔ ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་རང་གདངས་འཁོར་དུ་ངོམས༔ མཐུ་སྟོབས་ནུས་པའི་རང་གཟུགས་ཀྱིས༔ ལས་མཁན་ཕོ་ཉ་དྲག་ཤུལ་ཅན༔ སྒྱུ་འཕྲུལ་འཁོར་གྱི་རོལ་པར་བསྟོད༔ ཞེས་བསྟོད། ཧཱུྃ༔ བདག་ནི་ཚེ་རབས་ཐོག་མེད་ནས༔ གཟུང་འཛིན་འཁྲུལ་པའི་དབང་གྱུར་ཏེ༔ ཡེ་ཤེས་རང་ཞལ་སྒྲིབ་པའི་སེམས༔ འཁོར་འདས་དག་མཉམ་ཆེན་པོར་བཤམས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས། བཟླས་པ་བྱ་བ་ནི། ཧཱུྃ༔ བདག་ཉིད་གཤིན་རྗེའི་གཤེད་ཆེན་པོའི༔ ཐུགས་གསང་ཉི་ཟླའི་གྭའུའི་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ ཡིག་འབྲུ་རང་ལས་རང་གི་སྒྲ༔ འབྲུག་སྟོང་དུས་གཅིག་ལྡིར་བ་བཞིན༔ སྣོད་བཅུད་འཕར་འཁྲུག་ཤིག་ཤིག་འགུལ༔ འོད་ཟེར་མེ་སྟག་ལྟ་བུ་ཡིས༔ ཀླུ་གཉན་ས་བདག་གདོན་གྱི་རིགས༔ ནད་དང་ཆུ་སེར་གྲིབ་དང་བཅས༔ སྦུར་ [6a] མ་མེ་ལ་བསྲེགས་བཞིན་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པས། ཨོཾ་ཕེ་ལཾ་ཧཱུྃ༔ ཞེས་བཟླ། ལས་སྦྱོར་ནི། ཧཱུྃ༔ རང་ཉིད་དྲག་པོའི་ཐུགས་ཀ་ནས༔ མེ་དཔུང་དྲི་ངན་བཙན་དུག་རླངས༔ འབར་འཁྲིགས་རབ་འཐུལ་འུར་ཆེམ་སྒྲ༔ བསྐལ་པ་དུས་མཐའི་མེ་ལྟ་བུས༔ གཏི་མུག་ཀླུ་གཉན་ས་བདག་གདོན༔ རྩ་སྐམ་དག་ལ་མེ་མཆེད་བཞིན༔ རྗེས་ལྷག་མེད་པར་བསྲེག་པར་བསྒོམ༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་ར་ཙ་ཧཱུྃ་ཕཊ༔ ཅེས་པའང་གོང་གི་བསྙེན་པའི་འགྲོས་དང་སྦྱར་ཏེ་བཟླའོ། །གསུམ་པ་རྗེས་ནི། ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ལ་བདུད་རྩིས་བྲན་ཏེ། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཚོགས་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་ཚོགས་ཀྱི་རྫས༔ འཁོར་འདས་མཉམ་ཉིད་མཆོད་པའི་སྤྲིན༔ བདེ་སྟོང་བླ་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་རླབས། ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔ རིག་པའི་རྒྱལ་པོ་ཁྲོ་བོ་ཀུན་འདུས་ཉིད༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ [6b] ཞེས་ཚོགས་མགྲོན་སྤྱན་དྲངས་ལ། ཧཱུྃ༔ འཁོར་འདས་བཅུད་བསྡུས་བ་ལིང་ཏ༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི༔ འདོད་ཡོན་ལྔ་ཡི་སྤྲིན་ཕུང་གཏིབས༔ ནམ་མཁའ་གང་བའི་བདེ་ཆེན་པོ༔ ཁྲོ་འདུས་ཡི་དམ་ལྷ་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི༔ ཞེས་ཕུད་དང་པོས་མཆོད། ཧོཿ གདོད་ནས་རང་རིག་ལྷ་དང་དབྱེར་མེད་ཀྱང་༔ མ་རིག་དབང་གིས་གཉིས་རྟོག་སོ་སོར་བཟུང་༔ བག་མེད་དབང་གྱུར་དམ་འགལ་ཅི་མཆིས་པ༔ རིག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་བཤགས༔ གཉིས་མེད་བྱང་ཆུབ་ཆེན་པོར་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་བར་པས་ཉམས་ཆག་བསྐང་། ཚོགས་ཐ་མ་མདུན་དུ་བཀོད་ལ། ན་མོ༔ རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་ལྷ༔ རྡོ་རྗེ་མེ་འབར་ལྷ་ཚོགས་བདེན་པའི་མཐུས༔ སྡང་དགྲ་གདོན་བགེགས་བདུད་དང་དམ་སྲི་སོགས༔ ཁྱད་པར་ཀླུ་གཉན་བྱད་གདོན་ཚེ་རྒོལ་རྣམས༔ རང་དབང་མེད་པར་གཟུགས་ལིང་འདི་ལ་ཁུག༔ ཁྲོ་ཆེན་རྣམས་ཀྱིས་སྲིད་གསུམ་མཐའ་ནས་བསྡུས༔ ཕོ་ཉ་རྣམས་ཀྱིས་འབྱུང་བ་ཕྱི་ནང་དཀྲུགས༔ སྲོག་གཤེད་རྣམས་ཀྱིས་དམིགས་ [7a] པའི་སྙིང་ནས་གཟུངས༔ མ་མོ་རྣམས་ཀྱིས་ཤོར་མེད་བྱད་དུ་ཆིངས༔ སྤོར་བྱེད་རྣམས་ཀྱིས་ཤེས་པ་དབྱིངས་སུ་སྤོར༔ དུས་ལ་བབ་པོ་ལས་མཁན་མཐུ་མ་ཆུང་༔ རྒྱལ་བའི་མཐུ་བྱིན་བདེན་སྟོབས་གོང་མ་གཡེལ༔ ལས་དང་རྒྱུ་འབྲས་རྟེན་འབྲེལ་ཆུད་མ་གསན༔ དྲག་སྔགས་དམོད་པའི་ནུས་རྟགས་རྩལ་མ་ཞན༔ ད་ལྟ་ཉིད་དུ་མངོན་སྤྱོད་ཕྲིན་ལས་མཛོད༔ སརྦ་ནྲྀཿདུ་ཕུ་ཏྲི་ཛྲཿཧཱུྃ༔ བྃ་ཧོཿ ཕུར་བུ་ཐོགས་ལ། ཧཱུྃ༔ སྒྲོལ་བྱེད་སྲས་མཆོག་ཀཱི་ལ་ཡ༔ ཁྲོ་རྒྱལ་ཀུན་གྱི་སྟོབས་ཤུགས་འཆང་༔ སྲིད་པ་གསུམ་ཡང་སྒྲོལ་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ བཏབ་བོ་གདུག་པའི་སྙིང་ལ་ཡ༔ ཐེབ་པར་མཛོད་ཅིག་ཀཱི་ལ་ཡ༔ ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔ ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ཏེ། ཧཱུྃ༔ རིགས་སྔགས་དམོད་པ་མཚོན་ཆའི་འཁོར་ལོ་ཡིས༔ དགྲ་བགེགས་ལྔ་ཕུང་ཕྱེ་མ་རྡུལ་དུ་རློག༔ སྣང་སྲིད་ཤ་རུས་དབང་ལྔའི་འདོད་ཡོན་ཚོགས༔ དྭངས་མའི་ཟེར་འབར་བདུད་རྩིའི་སྤྲིན་སྤྲོ་བ༔ ཡེ་ཤེས་འབར་བ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དགྲ་བགེགས་ལྡང་མེད་ཕྲིན་ [7b] ལས་མཛོད༔ ཨོཾ་ཨཱཿཧཱུྃ་རུ་དྲ་ནྲྀ་ཏྲི་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བསྟབ་པས་དགྱེས་པར་བསམ། དེ་ནས་ཚོགས་ཀྱི་དམ་ཚིག་ནང་གི་སྲེག་བླུག་ཏུ་ལོངས་སྤྱད་ནས། ལྷག་མ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ། ཧཱུྃ་བྷྱོཿ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ དབང་ཕྱུག་མ་མོ་གིང་ལང་དུར་ཁྲོད་བདག༔ ཤ་ཟ་ལས་བྱེད་སྡེ་བརྒྱད་དྲེགས་པའི་ཚོགས༔ དཔལ་གྱི་ཕམ་ཕབ་ལྷག་གཏོར་འདི་བཞེས་ལ༔ དགྲ་བགེགས་སྒྲོལ་ལ་གསང་སྔགས་བསྟན་པ་སྲུངས༔ རྣལ་འབྱོར་རྩལ་སྐྱེད་གདུག་པའི་གཡུལ་ངོ་ཟློག༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད༔ མ་མ་དུང་དུང་ཧ་ཧེ་ཕཊ༔ བྷྱོ་གིདྐ་ར་སརྦ་ས་མ་ཡ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་རོལ་དུ་འབུལ་ལོ། །དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ༔ ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་གསང་བའི་ཉི་མ་ཤར༔ དུས་གསུམ་བདེ་གཤེགས་སྤྲིན་ལྟར་གཏིབས༔ ཁྲག་འཐུང་ཁྲོ་ཚོགས་སྐར་ལྟར་འཁྲུག༔ མཁའ་འགྲོ་དམ་ཅན་བྲན་ལྟར་འདུས༔ དངོས་གྲུབ་ཆར་འབེབས་ཚུབས་སེ་ཚུབ༔ བསྐྱེད་རྫོགས་བཟླས་བརྗོད་མཐའ་རུ་ཕྱིན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་ [8a] མཆོག་སྐུ་ཡི་དཀྱིལ་འཁོར་ནས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ གསུང་མཆོག་གསུང་གི་དཀྱིལ་འཁོར་ནས༔ འགགས་མེད་གསུང་གི་དངོས་གྲུབ་སྩོལ༔ ཐུགས་མཆོག་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀུན་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔ ཚེ་དཔལ་ཡེ་ཤེས་དངོས་གྲུབ་སྩོལ༔ ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས༔ གང་འདུག་ཐུགས་རྗེའི་དངོས་གྲུབ་སྩོལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་གཉིས་མེད་སྩོལ༔ རྩ་སྔགས་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུཎ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ་ཨྰཿ ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ཏེ་དངོས་གྲུབ་བླང་ངོ་། །རྗེས་རིམ་བསྡུ་ལྡང་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྙིང་རྗེའི་རོལ་རྩལ་གྱིས༔ འགྲོ་བའི་དོན་དུ་གསལ་རྫོགས་ཡེ་ཤེས་དལ༔ གང་འདུལ་སྟོབས་བཅུའི་ཕྲིན་ལས་མཐར་ཕྱིན་ནས༔ དགོངས་པ་ཟང་ཐལ་དམིགས་མེད་དབྱིངས་སུ་མུ༔ ཞེས་བསྐྱེད་པའི་སྣང་ཆ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུ་ཞིང་། སླར་ཡང་རྩ་བའི་སྔགས་ཀྱི་སྒྲས་ཟུང་འཇུག་གི་སྐུར་ལྡང་། དགེ་འདིས་བདག་དང་འགྲོ་བ་ཀུན། །འཇིགས་བྱེད་ནཱ་ག་རཀྴ་ [8b] ཡི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཅེས་བསྔོ་སྨོན་བྱ། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཧེ་རུ་ཀ །འཇིགས་བྱེད་ནཱ་ག་རཀྴའི་བདེན་སྟོབས་ཀྱིས། །མ་རིག་གདོན་བགེགས་ཚར་གཅོད་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། འདིའི་བསྙེན་པ་བྱེད་ན། ཐོག་མར་ཞིང་སྐྱོང་ཞིང་བདག་རྣམས་ལ་གཏོར་མ་བསྔོས་ཏེ་ཕྲིན་ལས་བཅོལ། བགེགས་བསྐྲད་དེ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། ཕྱི་ནང་གི་མཚམས་དམ་པར་བཅད་ནས་ཐུན་བཞིའི་རིམ་པས་ཉམས་སུ་ལེན་ཅིང་། སྔོན་གཏོར་དཀར་བགེགས་ཉིན་དང་པོ་ལས་མི་དགོས་པས་རྒྱུན་དུ་སྲུང་འཁོར་མན་ཆད་བསྐྱར་བས་འཐུས། ཐུན་མཚམས་སུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆདཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་མདོར་བསྡུས་དང་བསྡུ་ལྡང་བསྔོ་སྨོན་བྱ། སྔགས་ཀྱི་སྤྱོད་ལམ་བླང་དོར་གྱི་རིམ་པ་རྣམས་བསྙེན་སྒྲུབ་སྤྱི་ལྟར་ཤེས་པར་བྱ་བ་ལས། ཁྱད་པར་གྱི་མན་ལག་ཞལ་གདམས་ཕྱག་རྒྱ་བཞིའི་རྒྱས་གདབ་པ་ལ། དང་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་ལ་གདབ་པ་ནི། བསྐྱེད་རིམ་མ་བྱས་པར་གནས་ལུགས་ཀྱི་ངང་ནས་འབྲུ་བཞི་ས་ཡ་ཙམ་འགྲུབ་ན་རབ། ཐ་མའང་འབུམ་གཅིག་བཟླ། གཉིས་བ་དམ་ཚིག་གི་ཕྱག་རྒྱ་རང་ལ་གདབ་པ་ནི། བསྐྱེད་རིམ་གསལ་ཞིང་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་དྲག་ཏུ་གཏད་དེ་ས་ཡའམ་འབྲུ་འབུམ་སོགས་ [9a] བཟླས་པས་སྡེ་བརྒྱད་ཐམས་ཅད་བཀའ་འོག་ཏུ་འདུས་སོ་སྙམ་པ་དང་། རྐང་མཐིལ་ཟབ་དང་། ལུས་ལ་ཚ་ཞུམ་པ་དྲོད་སྐྱེ་བའོ། དེ་ལས་ཐལ་ན་དམ་ཚིག་གི་ཕྱག་རྒྱ་དངོས་སུ་ཐེབས་རྟགས་འོང་། གསུམ་པ་ལས་ཀྱི་ཕྱག་རྒྱ་ཀླུ་ལ་གདབ་པ་ནི། རང་འཇམ་དཔལ་གྱི་འོག་ཏུ་རུས་སྦལ་ཆེན་པོ་ཞིག་བསམ། དེ་ལ་གནོད་བྱེད་ཀླུ་རིགས་ཐམས་ཅད་བསྟེན་ནས་རང་གི་ལུས་ལས་ཀླུའི་དུག་རྣམས་དེ་ལ་བསྟིམ། བཞི་པ་ཀླུའི་ཕྱག་རྒྱ་དགྲ་ལ་གདབ་པ་ནི། དེ་ཉིད་རང་གི་དགྲ་བོ་ལ་བསྟིམས་པར་བྱ། ཐུན་མོང་མ་ཡིན་པའི་མན་ངག་གི་གནད་གལ་པོ་ཆེ་སྒང་གཤོང་འཐེན་གསུམ་ལས། དང་པོ་ཞག་བདུན་གྱི་རིང་ལ་ཤིན་ཏུ་བརྩོན་པས་སྔགས་བཟླ་བ་ནི་སྒང་། དེ་ནས་ཞག་བདུན་གྱི་རིང་སྔགས་ཅུང་ཟད་ལས་མི་བཟླ་བ་ནི་གཤོང་། དེ་ནས་ཞག་བདུན་གྱི་རིང་སྔགས་ཡེ་ནས་མི་བཟླ་བར་རང་དང་ཀླུ་གདོན་གཉིས་ཀའི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམ་ནས་ཡིག་བརྒྱ་བཟླས་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུ་བའི་དམིགས་པ་ལ་འབད་པ་ནི་འཐེན་པ་སྟེ། ཚུལ་དེ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ། དུས་དང་གྲངས་ཀྱི་བསྙེན་པའི་ཚད་ལ་གང་ཡང་རུང་ཞིང་། མཚན་མའི་ལྟས་སུ། ཇི་སྐད་དུ། རྡོ་རྗེའི་གོ་གྱོན་ཉི་ཟླ་ཤར༔ མཆོད་རྟེན་བརྩེགས་དང་རྫོང་བཙན་བཟུང་༔ དུང་འབུད་གཏེར་རྙེད་རོལ་མོ་འཁྲོལ༔ མེ་ཏོག་ཐུ་དང་ཕྱག་མཚན་རྙེད༔ ཆུ་བོ་བརྒལ་དང་མཁའ་ལ་འབུར༔ གྲུ་ཟམ་འཛུགས་དང་མི་མང་འདུད༔ རྒྱ་མཚོ་རྔུབས་དང་རི་བོ་འཕེན༔ རི་ཆེན་ཕན་ཚུན་ཞབས་འོག་བརྫིས༔ ཉི་ཟླ་མཚོན་ཆ་ཁོང་དུ་མིད༔ ཁྱད་པར་སྒོ་གསུམ་བདེ་བ་དང་༔ རི་ལོག་ཕྱོགས་མེ་འབར་བ་སོགས༔ ཡི་ [9b] དམ་ལྷ་ཡི་རྗེས་བཟུང་རྟགས༔ མོན་པ་འབག་སེང་གར་མཁན་དང༔ རྟ་དྲེལ་ར་ལུག་གནག་ཕྱུགས་སོགས༔ གྱེན་དུ་ཕྱོགས་དང་ཚུར་ལ་རྒོལ༔ འཐབ་མཚོན་ཟུག་དང་མཚོན་ཆ་ཕོག༔ ཐོག་སེར་རྦབ་དང་གཞན་གྱིས་དེད༔ ཆུས་ཁྱེར་མུན་གླིང་འཁྱམས་པ་སོགས༔ བྱད་གདོན་འཚེ་དང་སློང་བའི་རྟགས༔ ཐོག་མར་ཆོ་འཕྲུལ་ཟ་ཟིར་མང་༔ ཅི་ལྟར་འཚུབ་ཅིང་རྟགས་མྱུར་དང་༔ བར་དུ་དབང་འདུས་བཀའ་ཉན་རྟགས༔ བྲན་དུ་འཁོལ་དང་གུས་འདུད་སོགས༔ ཆོ་འཕྲུལ་ལྷ་རྟགས་ཙམ་བྱུང་ཡང༔ རེ་དོགས་མེད་པའི་ངང་ནས་བཟླ༔ ལེགས་ཉེས་རྟེན་འབྲེལ་སོ་མཚམས་ས༔ རྨི་ལམ་ཉམས་སུ་གང་བྱུང་བ༔ སྙེམས་རྟོག་བྲལ་བའི་ཐོག་བརྫིས་ཀྱིས༔ བཅད་གཏུབ་བསད་གཏོར་དམིགས་མེད་གཞོམ༔ ཞེས་གསྲུངས་པ་ལྟར་དངོས་ཉམས་རྨི་ལམ་གྱི་རྟགས་དང་སྦྱར། བསྙེན་སྒྲུབ་ཀྱི་སྐབས་སུ་རང་ངམ་མཐུན་པའི་གྲོགས་ཀྱིས་ཆུ་གཏོར་ཀླུ་གཏོར་གཏོང་བ་ཡང་ངེས་པར་དགོས། བསྙེན་པ་ཐེམས་ནས་གཏོར་མ་ལྷར་གསལ་བ་ལ་དམིགས་ཏེ་དངོས་གྲུབ་བླང་ཞིང་། ཚོགས་ཀྱི་མཆོད་པ་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་བསྙེན་པའི་ལྷག་ཆད་ཁ་བསྐང་ནས་རིམ་བཞིན་མཚམས་བཀྲོལ་བར་བྱ་བ་ཡིན་ནོ། །ཁྲག་འཐུང་རིག་པའི་རྒྱལ་པོ་བསྒྲུབ་པའི་ཐབས། །མན་ངག་ལྷུག་པར་བཀྲལ་ཏེ་བརྗོད་འདིས་ཀྱང་། འགྲོ་ཀུན་མ་རིག་ཀླུ་གདོན་ལས་གྲོལ་ཏེ། འཇམ་དཔལ་དཔའ་བོའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་དོན་དུ་གཉེར་བ་ཅན་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་བ་ལས། རྩ་བའི་གཞུང་དོན་མན་ངག་གིས་གསལ་བར་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།