DJYD-KABUM-18-TSHA-008: Difference between revisions
From Dudjom Wiki
DJYD-KABUM-18-TSHA-008
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༄༅། །སངས་གླིང་དབང་སྡུད་ནོར་བུ་སྐོར་གསུམ་གྱི་ཕྲིན་ལས་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=18 | |||
|volumeLetter=TSHA | |||
|textnuminvol=008 | |||
|pdflink=File:DJYD-KABUM-18-TSHA-008.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-18-TSHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །སངས་གླིང་དབང་སྡུད་ནོར་བུ་སྐོར་གསུམ་གྱི་ཕྲིན་ལས་ | |||
དང་འབྲེལ་བར་མེ་མཆོད་ཀྱི་ཆོ་ག་ཁམས་གསུམ་ | དང་འབྲེལ་བར་མེ་མཆོད་ཀྱི་ཆོ་ག་ཁམས་གསུམ་ | ||
མྱུར་འགུགས་ཞེས་བྱ་བ་བཞུགས་སོ། ། | མྱུར་འགུགས་ཞེས་བྱ་བ་བཞུགས་སོ། ། | ||
(1བ)ཨོཾ་སྭསྟི། སྣང་སེམས་དབང་མཛད་ཌཱ་ཀི་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །ཕྲིན་ལས་མྱུར་འབྱིན་མེ་མཆོད་ཀྱི། །ཆོ་གའི་ངག་ཁྲིགས་འདིར་གསལ་བྱ། །(དེའང་སེང་གདོང་དབང་ཕྱུག་ཆེན་པོ་རྩ་བ་གསུམ་གྱི་བསྙེན་སྒྲུབ་ལས་སུ་རུང་བའི་སྔགས་པས་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་མེ་མཆོད་ཀྱི་བྱ་བ་འཇུག་པར་འདོད་པས། །ཡར་ངོའི་རྒྱལ་དང་ལྡན་པའི་ཚེས་བརྒྱད་དམ་བཅོ་ལྔའམ་མར་ངོའི་ཚེས་དགུ་ལྟ་བུ་དབང་གི་ལས་ལ་ཤིས་པའི་དུས་ཚེས་དགེ་བའི་དགོང་མོའི་ཆ་ལ། སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གམ་མགྲོན་ཁང་གི་ས་ལས་བསྐྲུན་པའི་ཐབ་སྟེགས་མྱོས་བྱེད་དང་བདུད་རྩིས་བྱུགས་ཤིང་སིནྡྷུར་བརྡལ་བར། (2ན)དབུས་སུ་ཟླ་གམ་རྒྱ་མཛུབ་གང་དང་དཔངས་སུ་དེའི་ཕྱེད་ཆ། །སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པ་ལྕགས་ཀྱུས་མཚན་པ་དང་། ཁ་ཁྱེར་ལ་མེ་རི་དམར་པོ། །མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲིས་པའི་ནང་དུ། །ཙནྡན་དམར་པོ་དང་། མཛོ་མོ་ཤིང་དང་། །འོལ་མོ་སེ་སོགས་སྐྱུར་བའི་ཤིང་རྣམས་གང་རྙེད་ཀྱིས་བུད་ཤིང་ཟླ་གམ་དུ་བརྩིགས། གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་འབྱོར་ན་འབྲུ་མར་དང་། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་མར་ཁུས་ཉུགས་པ་གྲངས་ཇི་ལྟར་འོས་པ། བསྲེག་རྫས་ཨུཏྤལ་དམར་པོ་སོགས་མེ་ཏོག་(2བ)དམར་པོའི་རིགས། མངར་གསུམ། ཙནྡན་དམར་པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་རྒུ། དར་གོས་དམར་པོའི་རིགས། དབང་སྤྱིའི་རྗས་སྐྱུར་བའི་འབྲས་བུ་དང་ཟླ་མཚན་སོགས་གང་རྙེད་སོ་སོའམ་གཅིག་ཏུ་བསྲེས་ཀྱང་རུང་སྟེ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ། ར་ཁྲག་ཆང་དང་ལན་ཚྭས་སྦགས་པའི་མེ་ཏོག་དམར་པོ། ཆགས་སྐྱེད་ཡིད་སྒྱུར་སོགས་ཁྱད་པར་གྱི་དབང་རྫས་ཚུལ་བཞིན་སྦྱར་བའི་རིལ་བུ་གྲངས་མང་། །དགོས་པ་དམིགས་བསལ་གྱི་ཚེ་ན་ཙནྡན་དམར་པོའི་བྱང་བུ་ལ་ཁྱད་པར་གྱི་རྫས་ཀྱིས་དམིགས་བྱའི་རཱུ་པ་མིང་རས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱིས་གཞོན་ནུའི་ཁུ་རྡུལ་བྱུགས་པ། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོད་མངར་གསུམ་ཆང་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་མཐེབ་ཀྱུ་རིལ་བུས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། རིལ་མར་གྱི་སྒྲོན་མེ། ཙནྡན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། མདུན་དུ་རྡོར་དྲིལ་དགང་བླུགས་ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། རང་ཉིད་ལྷའི་ང་རྒྱལ་གྱིས་ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ། མཆོད་གཏོར་རྣམས་ལ་ནང་མཆོད་(3ན)འཐོར་ཞིང་བསང་སྦྱང་བྱིན་རླབས་གཞུང་བཞིན་བྱ། བསྲེག་རྫས་རྣམས་)ཨོཾ་ཨཱཿཧཱུྃ་(གིས་)ཟག་པ་མེད་པ་བདུད་རྩིའི་རང་བཞིན་ཅན་དུ་གྱུར་(པར་བསམ། དེ་ནས་ཐབ་བསང་སྦྱང་།) སྟོང་པའི་ངང་ལས་མདུན་དུ་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་(བསམ་ཞིང་) ཨོཾ་ཨགྣེ་ཛྭ་ལ་རཾ། (ཞེས་སྨད་འཚོང་མའི་ལག་ནས་བྱུང་བའི་མེས་སྦར་ལ།) | (1བ)ཨོཾ་སྭསྟི། སྣང་སེམས་དབང་མཛད་ཌཱ་ཀི་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །ཕྲིན་ལས་མྱུར་འབྱིན་མེ་མཆོད་ཀྱི། །ཆོ་གའི་ངག་ཁྲིགས་འདིར་གསལ་བྱ། །(དེའང་སེང་གདོང་དབང་ཕྱུག་ཆེན་པོ་རྩ་བ་གསུམ་གྱི་བསྙེན་སྒྲུབ་ལས་སུ་རུང་བའི་སྔགས་པས་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་མེ་མཆོད་ཀྱི་བྱ་བ་འཇུག་པར་འདོད་པས། །ཡར་ངོའི་རྒྱལ་དང་ལྡན་པའི་ཚེས་བརྒྱད་དམ་བཅོ་ལྔའམ་མར་ངོའི་ཚེས་དགུ་ལྟ་བུ་དབང་གི་ལས་ལ་ཤིས་པའི་དུས་ཚེས་དགེ་བའི་དགོང་མོའི་ཆ་ལ། སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གམ་མགྲོན་ཁང་གི་ས་ལས་བསྐྲུན་པའི་ཐབ་སྟེགས་མྱོས་བྱེད་དང་བདུད་རྩིས་བྱུགས་ཤིང་སིནྡྷུར་བརྡལ་བར། (2ན)དབུས་སུ་ཟླ་གམ་རྒྱ་མཛུབ་གང་དང་དཔངས་སུ་དེའི་ཕྱེད་ཆ། །སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པ་ལྕགས་ཀྱུས་མཚན་པ་དང་། ཁ་ཁྱེར་ལ་མེ་རི་དམར་པོ། །མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲིས་པའི་ནང་དུ། །ཙནྡན་དམར་པོ་དང་། མཛོ་མོ་ཤིང་དང་། །འོལ་མོ་སེ་སོགས་སྐྱུར་བའི་ཤིང་རྣམས་གང་རྙེད་ཀྱིས་བུད་ཤིང་ཟླ་གམ་དུ་བརྩིགས། གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་འབྱོར་ན་འབྲུ་མར་དང་། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་མར་ཁུས་ཉུགས་པ་གྲངས་ཇི་ལྟར་འོས་པ། བསྲེག་རྫས་ཨུཏྤལ་དམར་པོ་སོགས་མེ་ཏོག་(2བ)དམར་པོའི་རིགས། མངར་གསུམ། ཙནྡན་དམར་པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་རྒུ། དར་གོས་དམར་པོའི་རིགས། དབང་སྤྱིའི་རྗས་སྐྱུར་བའི་འབྲས་བུ་དང་ཟླ་མཚན་སོགས་གང་རྙེད་སོ་སོའམ་གཅིག་ཏུ་བསྲེས་ཀྱང་རུང་སྟེ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ། ར་ཁྲག་ཆང་དང་ལན་ཚྭས་སྦགས་པའི་མེ་ཏོག་དམར་པོ། ཆགས་སྐྱེད་ཡིད་སྒྱུར་སོགས་ཁྱད་པར་གྱི་དབང་རྫས་ཚུལ་བཞིན་སྦྱར་བའི་རིལ་བུ་གྲངས་མང་། །དགོས་པ་དམིགས་བསལ་གྱི་ཚེ་ན་ཙནྡན་དམར་པོའི་བྱང་བུ་ལ་ཁྱད་པར་གྱི་རྫས་ཀྱིས་དམིགས་བྱའི་རཱུ་པ་མིང་རས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱིས་གཞོན་ནུའི་ཁུ་རྡུལ་བྱུགས་པ། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོད་མངར་གསུམ་ཆང་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་མཐེབ་ཀྱུ་རིལ་བུས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། རིལ་མར་གྱི་སྒྲོན་མེ། ཙནྡན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། མདུན་དུ་རྡོར་དྲིལ་དགང་བླུགས་ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། རང་ཉིད་ལྷའི་ང་རྒྱལ་གྱིས་ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ། མཆོད་གཏོར་རྣམས་ལ་ནང་མཆོད་(3ན)འཐོར་ཞིང་བསང་སྦྱང་བྱིན་རླབས་གཞུང་བཞིན་བྱ། བསྲེག་རྫས་རྣམས་)ཨོཾ་ཨཱཿཧཱུྃ་(གིས་)ཟག་པ་མེད་པ་བདུད་རྩིའི་རང་བཞིན་ཅན་དུ་གྱུར་(པར་བསམ། དེ་ནས་ཐབ་བསང་སྦྱང་།) སྟོང་པའི་ངང་ལས་མདུན་དུ་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་(བསམ་ཞིང་) ཨོཾ་ཨགྣེ་ཛྭ་ལ་རཾ། (ཞེས་སྨད་འཚོང་མའི་ལག་ནས་བྱུང་བའི་མེས་སྦར་ལ།) ཨོཾ་སརྦ་བྷུ་ཏ་རཀྵ་ཧཱུྃ་ཧཱུྃ། (ཞེས་སྲུང་བའི་འཁོར་ལོས་བཅིངས་པར་བསམ།) ཐབ་ཀྱི་ནང་དུ་རཾ་ལས་འབར་བའི་མེའི་དབུས་སུ་ཆོས་འབྱུང་བསྣོལ་མ་(སོགས་ནས།) ཞུ་བ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་(ནས།)སྔགས་ཀྱིས་གཡོན་དུ་བསྐོར་བ། ལྷ་ཚོགས་དེ་ཐམས་ཅད་ཀྱི་(སོགས། ལྷ་བསྐྱེད་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་ལས་བྱང་དཀྱུས་བཞིན་བཏང་ལ། དེ་ནས་)ལྷ་ཚོགས་རྣམས་ཀྱི་ལྗགས་ལ་རཾ་དང་གཟར་བུ་གཉིས་ལ་ཧྲཱིཿཡིག་གིས་མཚན་པར་གྱུར་པས་བསྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ་ཞིང་།) ཨོཾ་ཨགྣེ་ཡེ་སྭཱཧཱ། (ཞེས་བླུགས་གཟར་བདུན་གྱིས་དགང་གཟར་བཀང་རྗས་གཟར་བུ་གཉིས་ཁ་སྦྱར་བ་པདྨའི་ཁུ་ཚུར་གྱིས་བཟུང་བ་གཡས་སུ་བསྐོར་ཞིང་། བསྙེན་སྒྲུབ་ཀྱི་སྔགས་མཐར།) (3བ)ཆེ་གེ་མོ་སོགས་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག་ཧོཿ (ཞེས་ལན་གསུམ་གྱིས་ཏིལ་མར་ཕུལ། དེ་ནས་རྫས་རྣམས་ཡེ་ཤེས་བདུད་རྩི་དམར་པོའི་དྭངས་མ་གསོལ་བར་བསམ་ལ། བསྙེན་སྒྲུབ་ཀྱི་སྔགས་ཁོ་ནས་ཡམ་ཤིང་། ཏིལ་མར། མེ་ཏོག་དམར་པོ་སོགས་རྫས་རྣམས་བརྒྱ་རྩ་བརྒྱད་སོགས་ཇི་ལྟར་རིགས་པ་འབུལ་ཞིང་། བར་མཚམས་རྣམས་སུ་ལས་སྔགས་ཀྱི་མཐར།)བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་དམིགས་བྱ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། (ཞེས་འདོད་དོན་གསོལ། དེ་ནས་ཁྱད་པར་རྩ་བའི་རྫས་བྱང་བུ་ལ་དམིགས་ཏེ།)རང་གི་ཐུགས་ཀ་ནས་ཕོ་ཉ་མང་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་མེད་སྤྲོས། །བསྒྲུབ་བྱའི་སྙིང་ནང་ན་སེམས་ཀྱི་ངོ་བོ་ནྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་(བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ།) ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་(4ན)བདེན་པ་དང་། དབང་མཛད་ཌཱ་ཀི་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག། ཨ་ནྲྀ་ཏྲི་ཨ་ཀརྴ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོ༔ (ཞེས་ལན་གསུམ་དང་། བསྙེན་སྒྲུབ་ཀྱི་སྔགས་མཐར། ཆེ་གེ་མོ་)པཱ་ཤཾ་ཀུ་རུ་ཧོ༔ (ཞེས་བཏགས་པ་བརྒྱ་རྩ་བརྒྱད་ཀྱིས་བཀུག་ཅིང་བསྟིམ་པས་བསྒྲུབ་བྱ་དངོས་སུ་གྱུར་པར་བསམ་ལ། ལས་སྔགས་བཟླ་བཞིན་དུ་ཙནྡན་གྱི་བྱང་བུ་དང་ཁྱད་པར་གྱི་རྫས་རྣམས་ཕུལ་བས།) ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་བསྐུལ་བས་དེ་རྣམས་ཀྱིས་དམིགས་བྱ་གཅེར་བུ་སྐྲ་འབལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག ལྕགས་ཀྱུས་སྙིང་ནས་བཏབ། ཞགས་པས་མགྲིན་པ་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་ལྷགས་ཤིང་རང་དབང་བརྟན་པ་དང་བྲལ་བས་དབང་དུ་འདུས་མཐར་དམིགས་བྱ་དེ་ཉིད་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་གར་ཐིམ་པར་རང་(4བ)སེམས་དང་དབྱེར་མེད་དུ་གྱུར་པར་(མོས་ལ་དེའི་ངང་དུ་མཉམ་པར་བཞག་གོ །དེ་ནས་གཏང་རག་གི་སླད་དུ་དགང་བླུགས་གོང་བཞིན་ཕུལ་མཐར།)ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ངྷེ་ཝ་ངྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ནས།)ཤཔྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ (ཞེས་མཆོད་ཅིང་།) ཆོས་དབྱིངས་རྣམ་དག་ཀློང་དཀྱིལ་ནས༔ རང་བྱང་ཡེ་ཤེས་ལྷུན་གྲུབ་ལྷ༔ བླ་མ་ཡི་དམ་དྷཱ་ཀི་ལ༔ གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ (ཅེས་བསྟོད།)མ་རྙེད་ཡོངས་སུ་མ་ཚང་དང་། (ཞེས་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ།) ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། (སོགས་ཀྱི་མཐར་)བཛྲ་མུཿ(ས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ།) དགེ་འདིས་བདག་ཅག་འཁོར་བཅས་ཀྱིས། །འགྲོ་ཀུན་དབང་དུ་འདུས་པ་དང་། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །(ཞེས་སྨོན་ལམ་གདབ། མེ་ཏོག་གི་ཆར་དབབ་ལ་བཀྲ་ཤིས་རྒྱ་ཆེར་བརྗོད་པས་མཐའ་བརྒྱན། །མེ་རང་ཞིར་གཏོང་བའམ་ཆང་གིས་གཞིལ་ལ་ཐལ་སོལ་རྣམས་མཐུན་པའི་ཕྱོགས་སུ་རླུང་ལ་བསྐུར་བའམ་མི་ཕྱུགས་མང་པོས་འཐུང་བའི་ཆུ་བོ་ཆེན་པོར་སྦྱང་ལ་ལས་ཀྱི་རྗེས་(5ན)མི་མངོན་པར་བྱའོ། །དབངགི་ལྕགས་ཀྱུས་ཚེ་བཙན་ཡིད་སྨས་ཏེ། །དབང་མེད་བྲན་དུ་འཁོལ་ལས་འདོད་པ་རྒུར། །དབང་འབྱོར་ཆོས་སྲིད་མངའ་ཐང་དར་དྲགས་པས། །དབང་ཆེན་པདྨའི་ཕྲིན་ལས་མཐར་རྒྱས་ཤོག །ཅེས་པའང་སྔ་འགྱུར་བསྟན་པའི་གསལ་བྱེད་རྨུགས་སངས་མཆོག་སྤྲུལ་ཀུན་བཟང་ཤེས་རབ་ཀྱི་གསུང་གིས་བསྐུལ་བ་བཞིན། །རྩ་བའི་དགོངས་དོན་གྲུབ་པ་མཆོག་གི་མན་ངག་གིས་གསལ་བར་བྱས་ཏེ་འཇིག་བྲལ་ཡེ་ཤེས་རྡོ་རྗེས་ར་ས་འཕྲུལ་སྣང་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་སིངྔྷི་རསྟུ།། །།)}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:18, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 18, Text 8, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||