DJYD-KABUM-20-WA-028: Difference between revisions

From Dudjom Wiki
DJYD-KABUM-20-WA-028
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(251ན)ཨོཾ་སྭསྟི།  ལང་གྲོ་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་གསང་བའི་མཚན་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེར་གྲགས་པ་གང་གིས་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་ཁའ་མཛོད་ནས་སྤྱན་དྲངས་པའི་ཟབ་ཆོས་རྩ་གསུམ་ཚེ་སྒྲུབ་པདྨ་གསང་ཐིག་གི་སྐོར་རྣམས་རང་སྐལ་དུ་ཇི་ལྟར་ཐོབ་པའི་ཚུལ་ལ།  ཐོག་མར་གཏེར་ཆེན་བླ་མ་ཉིད་ཀྱིས་ལྗགས་བསྒྲིགས་རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་ཡེ་ཤེས་ཆུ་རྒྱུན་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས།  དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ།  རྗེས་འབྲེལ་སྐུ་གསུང་ཐུགས་དབང་།  མཐའ་རྟེན་ཚེ་ཡི་དབང་བསྐུར།  སྤྲོས་མེད་མཆོག་དབང་རྣམ་གསུམ་བཅས་སྨིན་བྱེད་ཡོངས་རྫོགས་དང་།  དེ་དང་འབྲེལ་བར་པདྨ་ཟབ་པ་རྩ་བའི་རྒྱུད་ལྟར་དབང་བཞི་སོ་སོའི་ལམ་གྱི་རིམ་པ་ལ།  བསྐྱེད་རིམ་དབྱིངས་ཀྱི་རྣལ་འབྱོར།  རྩ་རླུང་ཐིག་ལེའི་རྣལ་འབྱོར།  བདེ་བ་ཆེན་པོའི་རྣལ་འབྱོར།  དེ་ཁོ་ན་ཉིད་ཀྱི་མན་ངག་བཅས་སྨིན་གྲོལ་(251བ)    ཚང་སྤྲུགས་སུ་ཐོབ་བོ།  །རྒྱབ་བརྟེན་ལུང་ལ།  རྩ་བ་དང་ཡན་ལག་གཉིས་ལས།  དང་པོ་རྩ་བ་གཏེར་གཞུང་གི་སྐོར་ལ།  འཆི་མེད་ཚེ་ཡི་ཕྲིན་ལས།  ཚེ་འགུགས་ཐུགས་དམ་བསྐུལ་བ།  སྨིན་བྱེད་དབང་གི་བྱང་བུ།  ཐུན་མོང་ཚེ་ཡི་དབང་བསྐུར།  པདྨ་ཟབ་པ་རྩ་བའི་རྒྱུད་དང་།  དེའི་ཁ་སྐོང་མན་ངག་ཐོར་བུའི་རྒྱུད་བཅས།  གཉིས་པ་ཁ་སྐོང་ཆོག་ཁྲིགས་ཀྱི་སྐོར་ལ།  བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར།  རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས།  ཞི་ཁྲོའི་ཆོ་ག་ཀུན་བཟང་ཁྲུས་ཆབ།  བདག་འཇུག་ཡེ་ཤེས་ཆུ་བོ།  རྩ་དབང་རྒྱས་པ་ཡེ་ཤེས་ཆུ་རྒྱུན།  ཚེ་དབང་འཆི་མེད་གྲུབ་པའི་བཅུད་ལེན།  ཆོས་སྲུང་རྒྱུན་གསོལ་བསྟན་དགྲ་ཚར་གཅོད།  སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ཤིང་རྟ།  གནས་ལུང་ཐུགས་རྗེའི་ལྕགས་ཀྱུ།  སྦྱིན་སྲེག་སྣ་ཚོགས་ནོར་བུའི་བང་མཛོད།  བསྙེན་ཡིག་རིམ་གཉིས་གྲུབ་པའི་ཤིང་རྟ།  བླ་བསླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་།  ཚོགས་བསྡུས་བདེ་ཆེན་འཁོར་ལོ།  རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་བཅས་གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་མའོ།  །དེ་ལྟར་ཆོས་སྐོར་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི།  ཆོས་སྐུ་(252ན)སྣང་བ་མཐའ་ཡས།  ལོངས་སྐུ་པདྨ་གར་དབང་།  སྤྲུལ་སྐུ་པདྨ་ཀུན་ཏུ་འཆང་བ།  དྷཱ་ཀི་ཡེ་ཤེས་མཚོ་རྒྱལ།  ལོ་ཙཱ་བ་དཀོན་མཆོག་འབྱུང་གནས།  གྲུབ་མཆོག་མཉམ་མེད་གྲགས་པ།  སྤྲུལ་པའི་གཏེར་ཆེན་བླ་མ་བཀའ་དྲིན་མཚུངས་མེད་རྡོ་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ།  བདུད་འཇོམས་ནམ་མཁའི་རྡོ་རྗེ་གང་གི་ཞལ་སྔ་ནས།  བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྩལ་བའོ།  །སྔོན་འགྲོ།  གནས་ལུང་།  སྦྱིན་སྲེག་རྣམས་བསྐུལ་བ་པོ་སངས་སྤྲུལ་ངེས་དོན་རྒྱ་མཚོ་ལས་བདག་གིས་ཐོབ་པའོ།  །ཡང་རྗེ་གང་གི་དག་སྣང་སྲོང་བཙན་བླ་སྒྲུབ་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ།  གཏེར་ཆེན་ཉིད་ཀྱི་ཞལ་ལས་དངོས་སུ་ཐོབ་པའི་སྐལ་བཟང་དུ་གྱུར་ཏོ།  །
{{Text
༈    །  ཡང་རྗེ་དྲུང་རིན་པོ་ཆེའི་མདུན་ནས་ལྕེ་བཙུན་སྙིང་ཐིག་གི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའང་ལེགས་པར་ནོས།།  །།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=20
|volumeLetter=WA
|textnuminvol=027
|pdflink=File:DJYD-KABUM-20-WA-027.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-20-WA
}}
<h1>Tibetan Text</h1>
<onlyinclude>
{{TibP|(251ན)ཨོཾ་སྭསྟི།  ལང་གྲོ་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་གསང་བའི་མཚན་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེར་གྲགས་པ་གང་གིས་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་ཁའ་མཛོད་ནས་སྤྱན་དྲངས་པའི་ཟབ་ཆོས་རྩ་གསུམ་ཚེ་སྒྲུབ་པདྨ་གསང་ཐིག་གི་སྐོར་རྣམས་རང་སྐལ་དུ་ཇི་ལྟར་ཐོབ་པའི་ཚུལ་ལ།  ཐོག་མར་གཏེར་ཆེན་བླ་མ་ཉིད་ཀྱིས་ལྗགས་བསྒྲིགས་རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་ཡེ་ཤེས་ཆུ་རྒྱུན་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས།  དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ།  རྗེས་འབྲེལ་སྐུ་གསུང་ཐུགས་དབང་།  མཐའ་རྟེན་ཚེ་ཡི་དབང་བསྐུར།  སྤྲོས་མེད་མཆོག་དབང་རྣམ་གསུམ་བཅས་སྨིན་བྱེད་ཡོངས་རྫོགས་དང་།  དེ་དང་འབྲེལ་བར་པདྨ་ཟབ་པ་རྩ་བའི་རྒྱུད་ལྟར་དབང་བཞི་སོ་སོའི་ལམ་གྱི་རིམ་པ་ལ།  བསྐྱེད་རིམ་དབྱིངས་ཀྱི་རྣལ་འབྱོར།  རྩ་རླུང་ཐིག་ལེའི་རྣལ་འབྱོར།  བདེ་བ་ཆེན་པོའི་རྣལ་འབྱོར།  དེ་ཁོ་ན་ཉིད་ཀྱི་མན་ངག་བཅས་སྨིན་གྲོལ་(251བ)    ཚང་སྤྲུགས་སུ་ཐོབ་བོ།  །རྒྱབ་བརྟེན་ལུང་ལ།  རྩ་བ་དང་ཡན་ལག་གཉིས་ལས།  དང་པོ་རྩ་བ་གཏེར་གཞུང་གི་སྐོར་ལ།  འཆི་མེད་ཚེ་ཡི་ཕྲིན་ལས།  ཚེ་འགུགས་ཐུགས་དམ་བསྐུལ་བ།  སྨིན་བྱེད་དབང་གི་བྱང་བུ།  ཐུན་མོང་ཚེ་ཡི་དབང་བསྐུར།  པདྨ་ཟབ་པ་རྩ་བའི་རྒྱུད་དང་།  དེའི་ཁ་སྐོང་མན་ངག་ཐོར་བུའི་རྒྱུད་བཅས།  གཉིས་པ་ཁ་སྐོང་ཆོག་ཁྲིགས་ཀྱི་སྐོར་ལ།  བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར།  རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས།  ཞི་ཁྲོའི་ཆོ་ག་ཀུན་བཟང་ཁྲུས་ཆབ།  བདག་འཇུག་ཡེ་ཤེས་ཆུ་བོ།  རྩ་དབང་རྒྱས་པ་ཡེ་ཤེས་ཆུ་རྒྱུན།  ཚེ་དབང་འཆི་མེད་གྲུབ་པའི་བཅུད་ལེན།  ཆོས་སྲུང་རྒྱུན་གསོལ་བསྟན་དགྲ་ཚར་གཅོད།  སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ཤིང་རྟ།  གནས་ལུང་ཐུགས་རྗེའི་ལྕགས་ཀྱུ།  སྦྱིན་སྲེག་སྣ་ཚོགས་ནོར་བུའི་བང་མཛོད།  བསྙེན་ཡིག་རིམ་གཉིས་གྲུབ་པའི་ཤིང་རྟ།  བླ་བསླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་།  ཚོགས་བསྡུས་བདེ་ཆེན་འཁོར་ལོ།  རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་བཅས་གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་མའོ།  །དེ་ལྟར་ཆོས་སྐོར་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི།  ཆོས་སྐུ་(252ན)སྣང་བ་མཐའ་ཡས།  ལོངས་སྐུ་པདྨ་གར་དབང་།  སྤྲུལ་སྐུ་པདྨ་ཀུན་ཏུ་འཆང་བ།  དྷཱ་ཀི་ཡེ་ཤེས་མཚོ་རྒྱལ།  ལོ་ཙཱ་བ་དཀོན་མཆོག་འབྱུང་གནས།  གྲུབ་མཆོག་མཉམ་མེད་གྲགས་པ།  སྤྲུལ་པའི་གཏེར་ཆེན་བླ་མ་བཀའ་དྲིན་མཚུངས་མེད་རྡོ་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ།  བདུད་འཇོམས་ནམ་མཁའི་རྡོ་རྗེ་གང་གི་ཞལ་སྔ་ནས།  བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྩལ་བའོ།  །སྔོན་འགྲོ།  གནས་ལུང་།  སྦྱིན་སྲེག་རྣམས་བསྐུལ་བ་པོ་སངས་སྤྲུལ་ངེས་དོན་རྒྱ་མཚོ་ལས་བདག་གིས་ཐོབ་པའོ།  །ཡང་རྗེ་གང་གི་དག་སྣང་སྲོང་བཙན་བླ་སྒྲུབ་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ།  གཏེར་ཆེན་ཉིད་ཀྱི་ཞལ་ལས་དངོས་སུ་ཐོབ་པའི་སྐལ་བཟང་དུ་གྱུར་ཏོ།  །
༈    །  ཡང་རྗེ་དྲུང་རིན་པོ་ཆེའི་མདུན་ནས་ལྕེ་བཙུན་སྙིང་ཐིག་གི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའང་ལེགས་པར་ནོས།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:18, 1 June 2024

Wylie title DJYD-KABUM-20-WA-027.pdf
Location bdud 'joms rin po che bka' 'bum
Volume 20, Text 27, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(251ན)ཨོཾ་སྭསྟི། ལང་གྲོ་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་གསང་བའི་མཚན་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེར་གྲགས་པ་གང་གིས་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་ཁའ་མཛོད་ནས་སྤྱན་དྲངས་པའི་ཟབ་ཆོས་རྩ་གསུམ་ཚེ་སྒྲུབ་པདྨ་གསང་ཐིག་གི་སྐོར་རྣམས་རང་སྐལ་དུ་ཇི་ལྟར་ཐོབ་པའི་ཚུལ་ལ། ཐོག་མར་གཏེར་ཆེན་བླ་མ་ཉིད་ཀྱིས་ལྗགས་བསྒྲིགས་རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་ཡེ་ཤེས་ཆུ་རྒྱུན་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ། རྗེས་འབྲེལ་སྐུ་གསུང་ཐུགས་དབང་། མཐའ་རྟེན་ཚེ་ཡི་དབང་བསྐུར། སྤྲོས་མེད་མཆོག་དབང་རྣམ་གསུམ་བཅས་སྨིན་བྱེད་ཡོངས་རྫོགས་དང་། དེ་དང་འབྲེལ་བར་པདྨ་ཟབ་པ་རྩ་བའི་རྒྱུད་ལྟར་དབང་བཞི་སོ་སོའི་ལམ་གྱི་རིམ་པ་ལ། བསྐྱེད་རིམ་དབྱིངས་ཀྱི་རྣལ་འབྱོར། རྩ་རླུང་ཐིག་ལེའི་རྣལ་འབྱོར། བདེ་བ་ཆེན་པོའི་རྣལ་འབྱོར། དེ་ཁོ་ན་ཉིད་ཀྱི་མན་ངག་བཅས་སྨིན་གྲོལ་(251བ) ཚང་སྤྲུགས་སུ་ཐོབ་བོ། །རྒྱབ་བརྟེན་ལུང་ལ། རྩ་བ་དང་ཡན་ལག་གཉིས་ལས། དང་པོ་རྩ་བ་གཏེར་གཞུང་གི་སྐོར་ལ། འཆི་མེད་ཚེ་ཡི་ཕྲིན་ལས། ཚེ་འགུགས་ཐུགས་དམ་བསྐུལ་བ། སྨིན་བྱེད་དབང་གི་བྱང་བུ། ཐུན་མོང་ཚེ་ཡི་དབང་བསྐུར། པདྨ་ཟབ་པ་རྩ་བའི་རྒྱུད་དང་། དེའི་ཁ་སྐོང་མན་ངག་ཐོར་བུའི་རྒྱུད་བཅས། གཉིས་པ་ཁ་སྐོང་ཆོག་ཁྲིགས་ཀྱི་སྐོར་ལ། བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས། ཞི་ཁྲོའི་ཆོ་ག་ཀུན་བཟང་ཁྲུས་ཆབ། བདག་འཇུག་ཡེ་ཤེས་ཆུ་བོ། རྩ་དབང་རྒྱས་པ་ཡེ་ཤེས་ཆུ་རྒྱུན། ཚེ་དབང་འཆི་མེད་གྲུབ་པའི་བཅུད་ལེན། ཆོས་སྲུང་རྒྱུན་གསོལ་བསྟན་དགྲ་ཚར་གཅོད། སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ཤིང་རྟ། གནས་ལུང་ཐུགས་རྗེའི་ལྕགས་ཀྱུ། སྦྱིན་སྲེག་སྣ་ཚོགས་ནོར་བུའི་བང་མཛོད། བསྙེན་ཡིག་རིམ་གཉིས་གྲུབ་པའི་ཤིང་རྟ། བླ་བསླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་། ཚོགས་བསྡུས་བདེ་ཆེན་འཁོར་ལོ། རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་བཅས་གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་མའོ། །དེ་ལྟར་ཆོས་སྐོར་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་(252ན)སྣང་བ་མཐའ་ཡས། ལོངས་སྐུ་པདྨ་གར་དབང་། སྤྲུལ་སྐུ་པདྨ་ཀུན་ཏུ་འཆང་བ། དྷཱ་ཀི་ཡེ་ཤེས་མཚོ་རྒྱལ། ལོ་ཙཱ་བ་དཀོན་མཆོག་འབྱུང་གནས། གྲུབ་མཆོག་མཉམ་མེད་གྲགས་པ། སྤྲུལ་པའི་གཏེར་ཆེན་བླ་མ་བཀའ་དྲིན་མཚུངས་མེད་རྡོ་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ། བདུད་འཇོམས་ནམ་མཁའི་རྡོ་རྗེ་གང་གི་ཞལ་སྔ་ནས། བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྩལ་བའོ། །སྔོན་འགྲོ། གནས་ལུང་། སྦྱིན་སྲེག་རྣམས་བསྐུལ་བ་པོ་སངས་སྤྲུལ་ངེས་དོན་རྒྱ་མཚོ་ལས་བདག་གིས་ཐོབ་པའོ། །ཡང་རྗེ་གང་གི་དག་སྣང་སྲོང་བཙན་བླ་སྒྲུབ་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། གཏེར་ཆེན་ཉིད་ཀྱི་ཞལ་ལས་དངོས་སུ་ཐོབ་པའི་སྐལ་བཟང་དུ་གྱུར་ཏོ། ། ༈ ། ཡང་རྗེ་དྲུང་རིན་པོ་ཆེའི་མདུན་ནས་ལྕེ་བཙུན་སྙིང་ཐིག་གི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའང་ལེགས་པར་ནོས།། །།