DJYD-KABUM-24-YA-017: Difference between revisions

From Dudjom Wiki
DJYD-KABUM-24-YA-017
No edit summary
m (Text replacement - "ཧོཿ" to "ཧོཿ ")
Line 40: Line 40:




༄༅།  །ན་མོ་གུ་རུ་པདྨ་ཀཱ་ར་ཡ།  {{TibChung|ཡེ་ཤེས་འབར་བའི་མེ་ལྕེ་ཡིས།    །འཁྲུལ་རྟོག་ཚང་ཚིང་སྲེག་མཛད་ཅིང་།  །ཚོགས་གཉིས་སྣང་བ་རྒྱས་མཛད་པའི།  །འཆི་མེད་དཀྱིལ་འཁོར་ལྷ་ལ་འདུད།  །དེ་མཉེས་བྱེད་པའི་ཐབས་ཀྱི་སྒོ།  །མྱུར་མགྱོགས་ཁྱད་པར་འཕགས་པའི་ལམ།  །ཕྲིན་ལས་རྣམ་བཞིའི་འགྱུར་བ་ཅན།  །ནོར་བུ་སྣ་ཚོགས་མདོག་ཅན་སྤེལ།  །དེ་ཡང་པདྨ་ཟབ་པ་རྩ་བའི་རྒྱུད་ལས།  །ཕན་འདོགས་ཚར་གཅོད་ལ་སོགས་པ༔  ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔    ཞི་བ་དཀར་སོགས་ཤར་བལྟས་དང་༔    ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔    ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔  སྲེག་བླུགས་འབུལ་ལ་ལྷ་ཚོགས་བསྐྱེད༔    འཇིག་རྟེན་པ་དང་འདས་པ་ལ༔  དེ་བཞིན་རྒྱས་དབང་དྲག་པོར་འབུལ༔  ལས་ {{TibChung|[2a]}} འགྲུབ་མེ་ཡི་སྦྱོར་བའོ༔  ཞེས་གསུངས་པ་ལྟར་ལག་ཏུ་བླངས་པ་ལ།    གང་དུ་བྱ་བའི་གཞིར།  ས་གླུད་གཏོར་མ་གསེར་སྐྱེམས་ཉེར་སྤྱོད་སོགས་བཤམས་ལ།  བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས།  མཆོད་གཏོར་རྣམས་ལས་ཆུས་བྲན།}}  ཧྱ་གྲཱི་ཝས་བསང་།  སྭ་བྷཱ་ཝས་སྦྱང་།    སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་{{TibChung|བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས།}} ཨ་ཀཱ་རོ་མུ་ཁཾ་{{TibChung|གིས་བསྔོས་ལ།}} ཀྱཻ།  དགོངས་ཤིག་ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་།  །གནས་དང་ {{TibChung|[2b]}} ཡུལ་གྱི་བདག་པོར་གྱུར་པ་ཀུན།  །རིན་ཆེན་ས་གླུད་མཆོད་གཏོར་འདི་བཞེསལ།  །བདག་གི་གནས་འདིར་བྱང་ཆུབ་སྒྲུབ་པ་ལ།    །ཀོ་ལོང་རུང་ཕྲག་དོག་མ་མཛད་པར།  །རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ།  །རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད།  །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ།  {{TibChung|ཞེས་མཆོད་གཏོར་གཙང་སར་གཤེགས།  ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་བལྟས་ལ།}} སྭ་བྷཱ་ཝ{{TibChung|འི་སྔགས་ལན་གསུམ་བརྗོད་ཅིང་དེ་ཉིད་ཀྱི་དོན་བསམ་པས་ས་གཞི་དྲི་མ་མེད་པར་སྦྱང་ངོ་།  །དེ་ལ་ཐོག་མར་ཞི་བ་ལས་ཐམས་ཅད་པའི་སྲེག་བླུགས་ལ་སྦྱོར་བ་དང་།  དངོས་གཞི་གཉིས།  དང་པོ་ནི།  བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ།  དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ།    ཚངས་ཟུར་གྱི་ཐིག་སྤྱི་དང་མཐུན་པར་གདབ།  དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱི་རོལ་དུ།  སོར་བཞིའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ།  ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ།  ཐབ་ཀྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ།  ཟླུམ་བསྐོར་ཐ་མར་མེ་རི་དང་།  ཕྱི་མཐར་རྡོ་རྗེའི་ཕྲེང་བ་དང་བཅས་པ་ནག་པོ་སོགས་ཚོན་སེལ་གྱིས་མ་གོས་པར་བྲིས།  སྲོག་ཆགས་མེད་པའི་བའི་ལྕི་བ་སྐམ་པོ་ཟླུམ་པོར་བརྩེགས་ལ་དཀར་པོའི་དར་གྱིས་བཀབ་སྟེ།  མེ་ཏོག་དང་འབྲུ་དཀར་པོ་ལས་བཅོས་པའི་གཏོར་མ་དཀར་ཟླུམ་པད་འདབ་ཅན།  ཤེལ་སོགས་རིན་པོ་ཆེའི་རིགས་ཁ་དོག་དཀར་པོ་དང་། {{TibChung|[3a]}} སྡིག་པ་ཞི་བ་ལ་ཏིལ་སོགས་ཁྱད་པར་གྱི་རྫས་གང་མང་བསགས།  འོ་མ་ཅན་གྱི་ཤིང་ཁྲུ་གང་གི་ཚད་དུ་ལོངས་པའི་ཡམ་ཤིང་།  སྣོད་ཀྱང་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ།  ཚེས་གྲངས་ཡར་ངོ་ལྟ་བུ་དང་།  སྒྲུབ་པ་པོ་ཆས་གོས་དཀར་པོ་ཞི་བའི་སེམས་དང་ལྡན་པས་བཟང་པོའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་ལ།  གཡས་གཡོན་དུ་མཆོད་བསྲེག་གི་རྫས།    དགང་གཟར་བླུགས།  མར་ཁུ།  མེ་ཡོལ།  རྡོ་རྗེ་དྲིལ་བུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ།  །དེ་ནས་སྦྱོར་བ་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སོང་ནས།  རང་ ་དྲིལ་བསང་སྦྱང་།}}  སྟོང་པའི་ངང་ལས་ཨཱཿལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན།  མཱུཾ་ལས་དྲིལ་བུ་ཤེས་རབ་ཀྱི་ངོ་བོ།    གཉིས་ཀའང་དོན་དམ་པར་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ།  །{{TibChung|ཞེས་བསམ་ལ་རྡོ་རྗེ་གསོར་ལ་དྲིལ་བུ་དཀྲོལ།}} ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་{{TibChung|སོགས་བརྗོད་ལ་བྱིན་བརླབ།    དགང་བླུགས་བསང་སྦྱང་།}} སྟོང་པའི་ངང་ལས་དགང་བླུགས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་{{TibChung|པར་བསམ།    མཆོད་བསྲེག་གི་རྫས་རྣམས་བསང་སྦྱང་།}}  ཧཱུྃ།  རྣམ་དག་ཆོས་དབྱིངས་ངང་ཉིད་ལས།  །རང་བྱུང་མཆོད་པའི་ཕུང་པོ་ནི།    །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ།  ། {{TibChung|[3b]}} དཔག་ཡས་ནམ་མཁའ་གང་བར་གྱུར།  །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས།  ཤཔྡའི་བར་དང་།  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱ།  ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ།  ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛོ་བོ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ།  {{TibChung|ཞེས་ལན་གསུམ་རེས་བྱིན་བརླབ།    བསྲེག་རྫས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་།}} ཨོཾ་སྭཱ་ཧཱ།    {{TibChung|ཕྱག་རྒྱ་དེས་ཡམ་ཤིང་ལ།}} ཨོཾ་ཨཱཿསྭཱ་ཧཱ།    {{TibChung|ཞུན་མར་ལ།}}  ཨོཾ་ཤྲཱི་སྭཱ་ཧཱ།  {{TibChung|འབྲུ་རྣམས་ལ།}} ཨོཾ་ཛིཾ་སྭཱ་ཧཱ།  {{TibChung|རྫས་གཞན་རྣམས་ལ།}} ཨོཾ་ཤུ་རུ་ཤུ་རུ་སྭཱ་ཧཱ།  རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར།    སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་{{TibChung|བསམ་ལ།}}  ཨོཾ་བི་མ་ལ་ཨ་གྣེ་ཡེ་སྭཱ་ཧཱ།  {{TibChung|ཞེས་སོགས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ།  །དེ་ནས་བགེགས་གཏོར། }} རྃ་ཡྃ་ཁྃ་{{TibChung|གིས་བསང་།}} ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་བརླབ།}} ཨོཾ་སརྦ་དི་གྷྣཱན་ན་མཿ    སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་{{TibChung|སོགས་ལན་གསུམ་སྔགས་རྒྱ་དང་བཅས་པས་བསྔོས།}} ཧཱུྃ༔    ང་ནི་ཡེ་ནས་ངང་གིས་ཁྲོ༔    {{TibChung|སོགས་ཀྱིས་བགེགས་གཏོར་བསྔོ་ཞིང་མཚམས་བཅད།    དེ་ནས་རྩུབ་ཤིངངམ་དགོན་པ་ལས་བྱུང་བའི་དུ་བ་མེད་པའི་ {{TibChung|[4a]}} མེ་སྦར་ཏེ།}} ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ།  {{TibChung|རླུང་གཡབ་ཀྱིས་གཡབ་ཅིང་། }} ཧཱུྃ་ཧཱུྃ་ཧཱུྃ་{{TibChung|ཞེས་བརྗོད།}} ཧཱུྃ་{{TibChung|ལན་བདུན་བཟླས་ཏེ་མར་ཁུས་ཀྱང་གསོའོ།  །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན་ཏེ།}}  ཧྱ་གྲཱི་ཝ{{TibChung|ས་བསང་ལ།}}  ཨོཾ།    ཀུ་ཤ་འདི་ནི་གཙང་ཞིང་དགེ  །ཚངས་པ་ལྷ་རྣམས་དག་བྱེད་ཡིན།  །དཀོན་མཆོག་གསུམ་ནི་མཉེས་བྱེད་པ།    །ས་ལས་སྐྱེས་པ་འདབ་མའི་སྙིང་།    །བདག་གི་གེགས་རྣམས་ཐམས་ཅད་ནི།  །ཞི་དང་བཀྲ་ཤིས་མཛད་དུ་གསོལ།    །སྭཱ་ཧཱ།  {{TibChung|ཞེས་བརྗོད་དེ་ཀུ་ཤ་གཉིས་གཉིས་ཀྱི་རྩེ་མོ་གཤིབས་པ་བདག་སྒྲུབ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་།  སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ།  །དེ་ནས་ཐབ་བསང་སྦྱང་།}}  སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་དོག་དཀར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ།  ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང།  གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་གཡས་སུ་འབར་བའི་ཀློང་དུ་པྃ་ལས་པདྨ་དང་།  མ་ལས་ཉི་མའི་དཀྱིལ་འཁོར་ {{TibChung|[4b]}} གྱི་དབུས་སུ་རྃ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་གཡས་མེ་ཡི་འཁོར་ལོ་དང་།  གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན།    ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ།    རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་།  དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ།  མགྲིན་པར་ཨཱཿདམར་པོ།  ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ།  བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་{{TibChung|བསམ་ལ།  ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་མཐེ་བོང་གཡས་ལ།}} ཨོཾ།  དད་པ་དང་ནི་དམ་ཚིག་གིས།  །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ།  །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར།  །དྲང་སྲོང་ཆེན་པོ་ད་ཚུར་ཤོག  །ཆིབས་པ་ར་སྐྱེས་ཁམ་པ་ཆིབས།    །ཕྱག་ན་མེ་ཡི་འཁོར་ལོ་བསྣམས།  །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ།  །ཨོཾ་སེ་ཧྱེ་ཧི་བྷ་ག་ཝན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ  {{TibChung|ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ།  ལས་སྔགས་བརྗོད་ཅིང་ལས་ཆུས་བྲན་ཏེ་ཕྱིར་འབྲང་གི་བགེགས་བསྐྲད།}} ཛཿཧཱུྃ་བྃ་ཧོཿ{{TibChung|ས་དམ་ཡེ་དབྱེར་མེད་དུ་བསྟིམ།}} བཛྲ་ས་མ་ཡ་ཏིཥྛ་ལྷན།  {{TibChung|ཞེས་གདན་ལ་བཞུགས།}}  ཨོཾ་སྭ་བྷཱ་ {{TibChung|[5a]}} ཝ་ཤུདྡྷ་སྭཱ་ཧཱ།  {{TibChung|ཞེས་པས་མཆོད་ཡོན་སྦྲེང་།}} ཨ་ཏི་པཱུ་ཧོཿ{{TibChung|ས་ཕྱག་འཚལ།}} ཨོཾ།  ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན།  །དཔག་མེད་ནམ་མཁའ་གང་བའི་ཚོགས།  །མེ་ལྷ་འཁོར་དང་བཅས་ལ་འབུལ།  །བཞེས་ནས་ཕྲིན་ལས་སྒྲུབ་ཏུ་གསོལ།  །ཨོཾ་བཛྲ་ཨརྒྷ་པྲ་ཏཱིཙྪ་སྭཱ་ཧཱ་ནས།    ཤཔྡ{{TibChung|འི་བར་མཆོད།}} ཧཱུྃ།    གཟི་བརྗིད་ཆེན་པོ་མེ་ཡི་ལྷ།    །འདོད་པ་ཐམས་ཅད་སྩོལ་མཛད་པའི།  །བདག་གཞན་དོན་སྒྲུབ་ས་ལ་བཞུགས།  །འཛིན་མཛད་མེ་ལྷ་ཉིད་ལ་འདུད།    །{{TibChung|ཅེས་པས་བསྟོད།}}    ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།  {{TibChung|ཞེས་བུམ་པའི་ཆུས་དབང་བསྐུར།}}  ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ།  {{TibChung|ཞེས་པས་དུང་ཤེལ་སོགས་རིན་རིན་པོ་ཆེའི་རྒྱན་ཕུལ།  དེ་ནས་བྱོན་སྐྱེམས་ནི།}} མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ་ལ།    དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ།}} ཨོཾ་བི་མ་ལ་ཨ་གྷེ་སྭཱ་ཧཱ།  {{TibChung|ཞེས་བླུགས་གཟར་གྱིས་མར་ཁུས་ལན་བདུན་བཀང་སྟེ་པུས་མོའི་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་།}} ཨོཾ་པ་བཱ་ཀ་ཨགྣ་ཡེ་{{TibChung|ཞེས་པའི་མཐར།}} བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་ {{TibChung|[5b]}} མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག  །དེས་མཚོན་ཏེ་རྫས་གཞན་ལ།  ཡམ་ཤིང་།}} ཨོཾ་བེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱ།  {{TibChung|མར་ཁུ།}}    ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ།  {{TibChung|ཏིལ།}} ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ།    {{TibChung|ཞོ་ཟན་དང་ཟས་མཆོག}}  །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ།    {{TibChung|འབྲས།}} ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ།    {{TibChung|སོ་བ།}} ཨོཾ་བཛྲ་བཱི་ཛ་ཡ་སྭཱ་ཧཱ།  {{TibChung|ནས།}}  ཨོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ།  {{TibChung|སྲན་མ།}} ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ།  {{TibChung| གྲོ།}} ཨོཾ་བཛྲ་གྷསྨ་རི་རི་ཡེ་སྭཱཧཱ།  {{TibChung|དུརྦ།}} ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ།  {{TibChung|ཀུ་ཤ།}}  ཨོཾ་ཨ་པྲ་ཏི་ཧ་ཏ་པ་ཛྲ་ཡ་སྭཱ་ཧཱ།  {{TibChung|རྫས་གཞན་རྣམས།}}  ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པཱུ་ལེ་མ་ཧཱ་ད་རི་བི་ཤནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་པ་རྣམས་ཀྱི་མཐར།}} བདག་ཅག་དཔོན་སློབ་ཡོན་མཆོད་{{TibChung|སོགས་གོང་གི་སྤེལ་ཚིག་བརྗོད་ལ་གྲངས་ཇི་ལྟར་རིག་པ་འབུལ།  དེ་དག་གི་སྐབས་སུ།}} བསྲེག་རྫས་བདུད་རྩིའི་རྒྱུན་ཕུལ་བ་མེ་ལྷས་བཞེས་ཏེ།    སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས།    བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས།    ཡང་འོད་ཟེར་བདུད་རྩིའི་རྒྱུན་ཅན་གྱིས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་{{TibChung|བསམ་མོ།  །མཐར་དགང་བླུགས་ལན་གསུམ་དང་།}} ཨ་ {{TibChung|[6a]}} ཀཱ་རོའི་{{TibChung|སྔགས་ཀྱིས་གཏོར་མ་བསྔོས།  སྐབས་འདིར་དངོས་སུ་མི་འབུལ།  བསྟོད་པ་ནི།}}  ཧཱུྃ།  གཟི་བརྗིད་ཆེན་པོ་མེ་ཡི་ལྷ།  །ཚངས་དབང་འཇིག་རྟེན་མགོན་གྱི་སྲས།  །འདོད་པ་ཐམས་ཅད་སྟེར་མཛད་པ།  །བདག་གཞན་དོན་གཉིས་བརྩོན་ལ་བཞུགས།  །དྲང་སྲོང་ཆེན་པོ་ཉིད་ལ་འདུད།  །དམ་བཅས་བཞིན་དུ་མེ་ཡི་ལས།  །ནུས་པར་བྱིན་གྱིས་བརླབ་ཏུ་གསོལ།  །{{TibChung|ཞེས་དང་ཐལ་མོ་སྦྱར་ལ།}} ན་མོ།    རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་།  མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་བྱད་ཕུར།  རྦོད་གཏོང་།    ཆག་ཆེ།  ཉམ་ང་།    དགྲ་རྐུན།    བྱད་མ།  བསམ་ངན་སྦྱོར་རྩུབ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་།    ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་ལས་བཅོལ།  ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ངོ་།  །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས།  སྒྲུབ་མཆོད་དང་མི་འབྲེལ་བ་དང་།  འབྲེལ་བའོ།  །དང་པོ་ནི་བུད་ཤིང་ཅུང་ཟད་ཁ་གསོས།  ཐབ་ལས་ཆུས་བསང་། }} དམ་ཚིག་མེ་ལྷའི་ལྷོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ {{TibChung|[6a]}} གསལ་ལ་རྫོགས་པ་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་{{TibChung|བསམ་ལ།}}  ཨཱཿ    ཆོས་སྐུ་སྐྱེ་བ་མེད་པ་ལས༔    {{TibChung|སོགས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་སོང་ནས།  འོག་གི་བྱོན་སྐྱེམས་ནས་བརྩམས་སྲེག་བླུགས་རྫོགས་པར་འབུལ།    གལ་ཏེ་སྒྲུབ་མཆོད་དང་འབྲེལ་ན།    བུད་ཤིང་ཁ་གསོས་ལ།}}  ཧཱུྃ།  རིག་པའི་རྒྱལ་པོ་མེ་ལྷ་ཡི༔    ཐུགས་ཀ་འབྱམས་ཀླས་ཆོས་དབྱིངས་སུ༔    སྣོད་བཅུད་དངོས་འཛིན་དག་པའི་དབུས༔    ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔    བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔  ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔  དབུས་མཁར་སྣ་ཚོགས་པདྨ་ནི༔    འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔    ཐབས་ཤེས་ཉི་ཟླ་པདྨར་བཅས༔    མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ།  {{TibChung|དེ་ནས་སྤྱན་འདྲེན་པ་ནི།  དབྱངས་དང་རོལ་མོ་བཅས་ཏེ།}} ཧཱུྃ༔    ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔  {{TibChung|སོགས་ནས།}}  ཨ་བེ་ཤ་ཡ་ཨ་ཨཱཿ  {{TibChung|ཞེས་སྒྲུབ་དཀྱིལ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་པར་བསམ་ལ་གཙོ་འཁོར་གྱི་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པ་སྤྱན་དྲངས་ཏེ་སྔགས་ཀྱི་མཐར།}}  ས་མ་ཡ་ཏིཥྛ་ལྷན།    {{TibChung|ཞེས་སྤྱན་དྲངས་པ་སླར་ཡང་གསལ་གདབ་པའི་ཚུལ་གྱིས།}} ཧཱུྃ།  བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་གྱི༔    དབུས་མཁར་སྣ་ཚོགས་པདྨ་ནི༔  འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔    ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔    ཧྲཱིཿཡིག་དཀར་པོ་ཡོངས་གྱུར་ {{TibChung|[7a]}} པའི༔  འཆི་མེད་མཚོ་སྐྱེས་པདྨ་འབྱུང་།  {{TibChung|སོགས་ནས།}} དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔  {{TibChung|ཞེས་པས་གསལ་གདབ། དེ་ནས་ལས་བྱང་ལྟར་བཞུགས་གསོལ་མཆོད་བསྟོད་དང་བཅས་པ་སོང་ནས། }} དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་ཞི་བའི་ཕྲིན་ལས་མཛད་པར་{{TibChung|བསམ་ལ་བསྲེག་རྫས་འབུལ་བ་ནི།}} ཧཱུྃ།  ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།  །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི།  །འཆི་མེད་ཚེ་ལྷའི་དཀྱིལ་འཁོར་ལྷ་ལ་འབུལ།  །ཞི་བ་འཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ།  །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ་ལ།    རྩ་སྔགས་ལ་གོང་ལྟར་འདོད་གསོལ་དང་བཅས་པ་སྦྱར་ཏེ་བྱོན་སྐྱེམས་ནས་བརྩམ་རྫས་རྣམས་རྫོགས་པར་ཕུལ།    རྫས་རྣམས་རྫོགས་པའི་སྐབས།}} ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་{{TibChung|བསམ་ལ།    སླར་ཡང་ {{TibChung|[7b]}} དགང་བླུགས་སྔར་བཞིན་འབུལ།}} ཨོཾ་བཛྲ་ཝསྟར་ཡེ་སྭཱ་ཧཱ{{TibChung|ས་གོས་གསར་པ་དང་།}} ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ།  {{TibChung|ཞེས་སོ་རྩི་འབུལ།  སྔགས་ཙམ་གྱིས་ཉེར་སྤྱོད་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པ་འབུལ།}} ཧཱུྃ༔    མ་བཅོས་སྤྲོས་བྲལ་{{TibChung|སོགས་ཀྱིས་བསྟོད།}}  མ་རྙེད་ཡོངས་སུ་མ་ཚང་དང་།  །{{TibChung|སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་།  སྒྲུབ་མཆོད་དང་མི་འབྲེལ་ཚེ།}} ཨོཾ།    ཁྱོད་ཀྱིས་སེམས་ཅན་{{TibChung|སོགས་ཀྱི་གཤེགས་གསོལ་བྱ།  འབྲེལ་ཚེ།}} དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་ལ་ཐིམ་པར་{{TibChung|བསམ་ལ་བཀུར་སྟི་དང་བཅས་ཏེ་ཚོམ་བུ་དཀྱིལ་འཁོར་རང་གནས་སུ་སྤྱན་དྲངས་ཏེ་སྟིམ།  གསུམ་པ་རྗེས་ཀྱི་བྱ་བ་ལ།}}  འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པ་སླར་ཡང་གསལ་བར་{{TibChung|བསམ་ལ་བྱོན་སྐྱེམས་བཞིན་དགང་བླུགས་ཕུལ།    བསྲེག་རྫས་སོ་སོའི་སྔགས་མཐར།}} ཨོཾ་པ་ཝཱ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་།    རྫས་དང་ཡོ་བྱད་མ་ཚང་བ།  ཏིང་ངེ་འཛིན་མ་གསལ་བ།    ཆོ་ག་ལྷག་ཆད་དུ་གྱུར་པ་སོགས་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་དང་།    གོས་ཟུང་སོ་རྩི་སྔགས་དང་བཅས་ཕུལ།}} ཨོཾ་བཛྲ་པུཥྤེ་ནས།    ཤཔྡ{{TibChung|འི་བར་གྱིས་ {{TibChung|[8a]}} མཆོད་ཅིང་།}} མེ་སྟེ་བསྲེག་བྱ་ཟ་བའི་ལྷ།  །{{TibChung|སོགས་ཀྱིས་བསྟོད།}} ཨ་ཀཱ་{{TibChung|རོ་སོགས་ཀྱིས་གཏོར་མ་ཐབ་ཏུ་འབུལ་ཞིང་། }} མཆོད་སྦྱིན་གཏོར་མ་འདི་བཞེས་ལ།    །{{TibChung|སོགས་ཀྱིས་ཕྲིན་ལས་བཅོལ།}} མ་རྙེད་ཡོངས་སུ་མ་ཚང་དང་།    །{{TibChung|སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་།}} བདག་གི་དོན་དང་གཞན་གྱི་དོན།  །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས།  །ཇི་བཞིན་དུས་སུ་ཚུར་བྱོན་ལ།  །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ།  །ཨོཾ་བཛྲ་མུཿ  {{TibChung|ཞེས།}} མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས།    །དམ་ཚིག་པའི་མེ་ལྷ་རང་གི་སྙིང་ཁར་ཐིམ་པར་{{TibChung|བསམ།    ལས་མཇུག་བྲོ་ཡིས་བརྡུང་བ་ནི།  བྲོ་ར་ཟླུམ་པོར་བསྐོར་ལ་ཞི་བའི་སེམས་ཀྱིས།}} རྣམ་ཐར་གསུམ་ལྡན་ཨེ་ཀློང་དུ༔  {{TibChung|སོགས་ནས།}} སྟྭམྦྷ་ཡ་ནན༔  {{TibChung|ཞེས་པས་བྲོ་བརྡུང་།  དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ།  །སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་མི་བྱ་བར་རང་ཞིར་འཇོག  །ལོང་མེད་ན་འོ་ཆབ་ཀྱིས་གཞིལ་ཏེ་ཐལ་སོལ་ཆུ་བོ་ཆེན་པོར་དོར་བར་བྱའོ།།  །།}}  ༈{{TibChung|  །གཉིས་པ་རྒྱས་པ་ལས་ཐམས་ཅད་པའི་སྲེག་བླུགས་ནི།    ཐབ་དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ།  ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པའི་དབུས་ནས་ལོགས་ངོས་ཁྲུ་རེས་གཞལ་བའི་སར་གྲུ་བཞིར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར།  ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ {{TibChung|[8b]}} ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པའམ་ཡང་ན་རིན་ཆེན་རྐྱང་པས་བས་ཀྱང་རུང་།    མུ་རན་ལ་མེ་རི་སེར་པོ་གཡས་བསྐོར།      དེའི་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲིས།  ཐམས་ཅད་ཁ་དོག་སེར་པོ།  བཅད་ཚོན་སོགས་ཀྱང་ངུར་སྨྲིག་གམ་ཚོན་ཇི་ལྟར་རིག་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ།  །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པ་གུར་གུམ་གྱི་ཆབ་ཀྱིས་བྲན་པ་གྲུ་བཞིར་བརྩེགས།    མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུམ་སོགས་ལས་བཅོས་པའི་གཏོར་མ་གྲུ་བཞི་པད་འདབ་ཅན།  འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་བ་མངར་གསུམ་དང་།    མར་ཁུས་སྦགས་པ།  ཤིང་ཏོག་དང་མེ་ཏོག་རིན་པོ་ཆེ་སེར་པོ།    ཁྱད་པར་དུ་ཚེ་འཕེལ་བ་ལ་དུརྦ་སོགས་གང་གཙོ་བོར་བྱེད་པའི་རྫས་མང་དུ་བསགས།  སྣོད་ཀྱང་དབྱིབས་གྲུ་བཞི།    ཁ་དོག་སེར་པོ།  ཚེས་བརྒྱད་དང་བཅོ་ལྔ་སོགས་སྔ་དྲོའི་ཆ་ལ་སློབ་དཔོན་ཆས་གོས་སེར་པོ་དང་བཅས་བཟང་པོའི་འདུག་སྟངས་ཀྱིས་ཁ་བྱང་དུ་བལྟས་པས་འཁོད་ལ་ལས་རིམ་ལ་འཇུག  །གོང་གི་ཚིག་རིས་ཞི་བ་དང་དཀར་པོ་སོགས་ལ།  རྒྱས་མཛད་དང་།    སེར་གསལ་སོགས་སུ་ཁ་བསྒྱུར།  རྒྱལ་རིགས་ཀྱི་ཁྱིམ་དང་རྩུབ་ཤིང་ལས་བྱུང་བའི་མེ་སྦར།  ཐབ་བསང་སྦྱར།}}  སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི།    མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་།    ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་མཚན་ཉིད་ {{TibChung|[9a]}} ཡོངས་སུ་རྫོགས་པའི་དབུས་སུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་ཀློང་དུ་རྒྱས་པའི་མེ་ལྷ་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ལྡན་ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་དང་།    གཡོན་ན་རིལ་པ་སྤྱི་བླུགས་འཛིན་པ།  དྲང་སྲོང་གི་ཆ་བྱད་ཅན།  ར་སྐྱེས་སེར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅིང་{{TibChung|སོགས་དང་།  སྤྱན་འདྲེན་སྐབས།    མི་མཐུན་འཇིགས་བརྒྱད་མལ་དུ།}} ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར།  །{{TibChung|ཞེས་སྦྱར།    བྱོན་སྐྱེམས་སྐབས།  རིན་པོ་ཆེའི་ཁུར་གྱིས་དགང་བླུགས་བཟུང་།  འདོད་གསོལ་སྐབས།}} བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།  {{TibChung|ཞེས་སྦྱར།    དམིགས་པ་ནི།}} བསྲེག་རྫས་ཕུལ་བས་མེ་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་མ་ལྟ་བུ་འཕྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་།  ནོར་བུའི་ཆར་བབས་ཏེ་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་{{TibChung|བསམ།  འདོད་གསོལ་སྐབས།}} ན་མོ།    རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་།    མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་ {{TibChung|[9b]}} དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ལོངས་སྤྱོད་འཁོར་འབངས་མངའ་རིས་ཆོས་སྲིད་དར་ཞིང་རྒྱས་པར་མཛད་དུ་གསོལ།    ཁྱད་པར་དུའང་མཁྱེན་བརྩེ་ནུས་མཐུ་ཉམས་རྟོགས་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་།    འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མ་ལུས་པ་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ།  {{TibChung|ཞེས་སྦྱར།  འདས་པའི་སྐབས།}} དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་རྒྱས་པའི་ཕྲིན་ལས་མཛད་པར་{{TibChung|བསམ།  བྱོན་སྐྱེམས་སྐབས།}} དཀྱིལ་འཁོར་གྱི་ལྷ་རྣམས་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་།    གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ།    རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།}}    ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་ {{TibChung|[10a]}} པས་ལུས་དང་ཁྱིམ་གང་།  ཚེ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་རྒྱས་པར་{{TibChung|བསམ།  རྗེས་ཆོག་མེ་ལྷའི་བསྲེག་རྫས་མཐར།}} ཨོཾ་པ་ཝཱ་ཀ་ཨགྷ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ།  {{TibChung|ཞེས་འབུལ།  བྲོ་བརྡུང་སྐབས་རྒྱས་པའི་སེམས་དང་བྲོ་ར་གྲུ་བཞིར་བཅས་ལ་ལས་གཞུང་ལྟར་བྲོ་བརྡུང་།  མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སལ་བང་མཛོད་དུ་སྦའོ།།  །།}} ༈{{TibChung|  །གསུམ་པ་དབང་གི་སྦྱིན་སྲེག་ནི།    སྟེགས་བུ་མྱོས་བྱེད་དང་ཆོས་སྨན་གྱི་བྱུགས་ཤིང་སིནྡྷུ་ར་བརྡལ་བའི་སྟེང་དུ།  དབུས་སུ་ཟླ་གམ་རྒྱར་མཐོ་དོ།    སྲིད་དུ་ཁྲུ་གང་བ།    པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ།  དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དང་དམར་པོ་གཡོན་བསྐོར་དང་།    མེ་ཏོག་དམར་པོ་ལྕགས་ཀྱུ་ཕྲེང་བ་ཟུར་ལའང་དེ་ལྟར་བྲི།    དམར་པོའི་གཞི་ལ་དེ་དང་མི་ཟློས་པའི་དམར་སེར་ལྟ་བུས་བཅད།    ཁ་དོག་མི་མཐུན་པའི་ཚོན་སེལ་མི་རྒྱག་པ་འདི་གནད་དུ་ཆེའོ།  །དེ་སྟེང་ཁ་དོག་དམར་པོའི་ཤིང་ཁྲུ་གང་བ་མྱོས་བྱེད་ཀྱི་བྲན་པ་ཟླ་གམ་དུ་བརྩིགས།  བུ་རམ་དང་འབྲས་དམར་རམ་བུའི་ཕྱེ་མ་སོགས་མར་ལ་བསྲེས་པའི་དབང་གི་གཏོར་མ་དམར་པོ་དབྱིབས་ཟླ་གམ་པད་འདབ་ལྔ་པ།    སྨན་རཀ  ཏིལ་མར་གྱི་མར་ཁུ།  ཙནྡན་དམར་པོ་སོགས་སྐྱུར་བའི་ {{TibChung|[10b]}} ཤིང་སྡོང་སོར་ལྔ་པའམ་གསུམ་པ་བུ་རམ་དབང་མར་ཁུས་རྩེ་མོ་དང་།    སིནྡྷུ་དང་མཚལ་གྱིས་རྩ་བ་བྱུགས་པ།  ཤིང་ཐོག་དམར་པོ་དང་།  དར་དམར།    ཁྱད་པར་གྱི་རྫས་མེ་ཏོག་དམར་པོ།    མངར་གསུམ།  རཀྟ་སོ་ལྔ།  བྱི་རུ་སོགས་རིན་པོ་ཆེ་དམར་པོ།  སྣོད་སྤྱད་རྣམས་དབྱིབས་ཟླ་གམ་དང་ཁ་དོག་དམར་པོ།  དུས་དམར་ཕྱོགས་ཀྱི་ཚེས་བཅུ་སོགས་དགོང་མོའི་ཆར།  སློབ་དཔོན་ཆས་གོས་དམར་པོ་ཆགས་པའི་སེམས་དང་ལྡན་པས་ཕྱེད་སྐྱིལ་གྱིས་ཁ་ནུབ་ཏུ་ཕྱོགས་པས་འཁོད།    འདོན་བྱ་ཞི་བ་དང་དཀར་པོ་སོགས།  དབང་དང་དམར་པོ།  དབང་མཛད་དང་དམར་གསལ་སོགས་བསྒྱུར་རོ།  །རོལ་མོ་མཁན་དང་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེ་སྦར།  ཐབ་བསང་སྦྱང་།}}    སྟོང་པའི་ངང་ལས་ཧཱུྃ་ལས་དབང་དབང་གི་ཐབ་ཁུང་ཁ་དོག་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ།  པདྨ་དམར་པོའི་ལྟེ་བར་ལྕགས་ཀྱུ་དང་།  ཁ་ཁྱེར་དང་ཟུར་བཞིར་མེ་ཏོག་དམར་པོ་ལྕགས་ཀྱུས་མཚན་པ་དྭངས་གསལ་འོད་ཟེར་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་དབང་གི་མེ་ལྷ་དམར་པོ་ཆགས་པའི་ཉམས་ཅན་ཕྱག་གཡས་དབང་མཛད་མེ་ཡི་འཁོར་ལོ་དང་།    གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན་ར་སྐྱེས་དམར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་ {{TibChung|[11a]}} བརྒྱན་ཅིང་{{TibChung|ཞེས་བསྒྱུར།  སྤྱན་འདྲེན་སྐབས།}} ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར།  །{{TibChung|ཞེས་དང་།    བྱོན་སྐྱེམས་སྐབས།  ལག་པ་ཁུ་ཚུར་སྲིན་ལག་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུགས་བཟུང་།    འདོད་གསོལ་སྐབས།}}  བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ   {{TibChung|ཞེས་སྦྱར།  དམིགས་པ་ནི།}} འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས་ཁམས་གསུམ་སྲིད་གསུམ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་དཔལ་འབྱོར་དངོས་གྲུབ་ཤེས་རབ་ཡེ་ཤེས་ཐམས་ཅད་དབང་དུ་འདུས་པར་{{TibChung|བསམ།  འདོད་གསོལ་སྐབས།}}  ན་མོ།    རིག་པའི་{{TibChung|སོགས་གོང་ལྟར་ལ།}} བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ།  འགྲོ་བ་ཕོ་མོ།    ཟས་ནོར་ལོངས་སྤྱོད་དྲེགས་ལྡན་མི་དང་མི་མིན་མཐའ་དག་རང་དབང་མེད་པར་ཆོས་བཞིན་དབང་དུ་འདུ་བར་མཛད་དུ་གསོལ།    རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ།    མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་ {{TibChung|[11b]}} པར་དབང་དུ་འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོཿ   {{TibChung|ཞེས་སྦྱར།}}  དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འཆར་ཁའི་ཟེར་ཐག་ལྟ་བུའི་འོད་དམར་འཁོར་འདས་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་{{TibChung|བསམ།  བྱོན་སྐྱེམས་སྐབས།}}  དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་མར་པོའི་རྣམ་པ་ཅན་དང་།  གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ།    ལས་བཅོལ་བའི་ཚེ།}} ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་པ་བཞིས་དབང་དུ་བསྡུ་བའི་ནུས་མཐུ་ལ་མངའ་བརྙེས་པར་{{TibChung|བསམ།  རྗེས་ཆོག་མེ་ལྷའི་བསྲེག་རྫས་འབུལ་སྐབས།}}  ཨོཾ་པ་ཝཱ་ཀ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་ཞིང་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་དབང་དུ་འདུ་བར་གྱུར་ཅིག་ཝཱ་ཤཾ་ཀུ་རུ་ཧོཿ   {{TibChung|ཞེས་བརྗོད།  བྲོ་བརྡུང་ {{TibChung|[12a]}} སྐབས་ཆགས་པའི་སེམས་ཀྱིས་བྲོ་ར་ཟླ་གམ་དུ་བསྐོར་ལ་ལས་བྱང་ལྟར་བྲོ་བརྡུང་།    ཐབ་ཀྱི་མེ་རང་ཞིའམ་ཆང་གིས་གཞིལ་ཏེ་ཐལ་སོལ་རི་རྩེར་རླུང་ལ་ཕྱར་བའམ།  ཆུ་ཆེན་དུ་བསྐྱལ་ལོ།།  །།}} ༈{{TibChung|  །བཞི་པ་དྲག་པོའི་སྲེག་བླུགས་ལ།  དྲག་པོའི་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་རིམ་པ་གསུམ་གྱི་རྣམ་པ་ལྟེ་བར་ཆོས་འབྱུང་མཐིང་ནག་རཾ་ཡིག་གིས་མཚན་པ་བྲིས།  དཀར་པོ་ལ་སོགས་པའི་ཚོན་སེལ་གྱི་མ་གོས་པར་དུག་ཤིང་ལ་དུག་ཁྲག་གིས་བྲན་པའི་ཧོམ་གྲུ་གསུམ་དུ་བརྩིགས།  ཚེར་མ་ཅན་གྱི་ཤིང་ལ་ཚ་བ་གསུམ་གྱིས་བྲན་པའི་ཡམ་ཤིང་དང་།    མར་ནག་ཚིལ་ཞུན་གྱིས་སྦགས་པ།  དགྲ་བགེགས་མིང་རུས་བླ་དྭགས་དང་བཅས་པའི་ལིངྒ་གྲངས་ལྡན།    དྲག་པོའི་རྫས་ལྕགས་ཟངས་རྡོ་ཕྱེ།    ཤ་སྣ་དུག་དང་བསྲེས་པའི་རིལ་བུ།  མར་ནག་རྨེ་ནལ་གྱི་ཁྲག་གིས་སྦགས་པ།    ཏིལ་དང་ཡུངས་ཀར།    ཚ་བ་གསུམ།    ཟག་རྫས་བག་ཕྱེ་དང་བསྲེས་པའི་རིལ་བུ་བཅས་རྫས་རྣམས་ལྕགས་སམ་ཐོད་སྣོད་དུ་རིམ་པར་བཀོད།    འབྲུ་ནག་དང་ཁྲག་སྐྱེམས་སྦྱར་བའི་དྲག་པོའི་གཏོར་མ་གྲུ་གསུམ་དཔལ་ཅན།    ཁྲག་གི་མཆོད་ཡོན།  དབང་པོའི་མེ་ཏོག་སོགས་དྲག་པོའི་ཉེར་སྤྱོདང་།    སློབ་དཔོན་ཆས་གོས་ནག་པོ་དང་ལྡན་པས་གཏུམ་པའི་སེམས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད།  མཆོད་རྫས་བྱིན་རླབས་སྐབས།}}  སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འབྱུང་བར་གྱུར།  ཨོཾ་བཛྲ་ཨརྒྷཾ་ནས།  ཤཔྡ{{TibChung|འི་ {{TibChung|[12b]}} བར་དང་།  སྨན་རཀ་གཏོར་སྔགས་སྦྱར་བས་བྱིན་བརླབ།  བསྲེག་རྫས་རྣམས་བསང་སྦྱང་།}}    སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ནྲྀ་ལས་བྱུང་བའི་དགྲ་བགེགས་ཀྱི་ཤ་ཁྲག་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའི་ཁམསགང་བར་གྱུར།  {{TibChung|རྩ་སྔགས་མཐར།}} ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛཿཛཿ  {{TibChung|ཞེས་བྱིན་བརླབ།  མེ་ཐབ་བསང་སྦྱང་།}} སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་གྲུ་གསུམ་མཐིང་ནག་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ར་སྐྱེས་ཁམ་པ་ལ་གནས་པའི་ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་གྱི་ཚུལ་ཅན་འཇིགས་སུ་རུང་བ།    གཡས་དྲག་པོའི་མེ་ཧོམ་དང་གཡོན་རིལ་པ་སྤྱི་བླུགས་འཛིན་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན།  {{TibChung|ཞེས་སྦྱར།    སྤྱན་འདྲེན་སྐབས།}}  དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར།  {{TibChung|ཞེས་དང་།  བྱོན་སྐྱེམས་སྐབས།}}    མེ་ལྷའི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རྃ་དང་།    དགང་བླུགས་ཀྱི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ་པ་དང་།    དགང་བླུགས་ཁྲོ་བོའི་ཁ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་།}}  ཨོཾ་ཨགྣེ་ཡེ་དཱེ་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱེ་ཝ་ཧ་ན་ཡ།  བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་ {{TibChung|[13a]}} གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་{{TibChung|ཆེ་གེ་མོ་}} བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད།  {{TibChung|ཅེས་ལན་གསུམ་གྱིས་ཕུལ་ལ།}} ན་མོ།    རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་།  མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་སྒྲུབ་ཏུ་གསོལ།  {{TibChung|ཞེས་བརྗོད།  ཡམ་ཤིང་།}} ཨགྷ་ཡེ་བདག་ཅག་དཔོན་སློབ་{{TibChung|སོགས་ནས།}} མཱ་ར་ཡ་རྦད།  {{TibChung|ཞེས་དང་།    མར་ཁུ།}} ཨགྣེ་ཡེ་བདག་ཅག་དཔོན་སློབ་{{TibChung|སོགས།  རྫས་གཞན་རྣམས།}} ཨོཾ་ཨགྣེ་ཀྲོ་དྷ་ཡ་དགྲ་བགེགས་ཤ་ཏྲུན་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ།  བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་བླ་ཚེ་སྲོག་དབུགས་ལོངས་སྤྱོད་མངའ་ཐང་དང་བཅས་པ་ལྷག་མ་མེད་པར་བཞེས་ལ་མིང་ཙམ་མེད་པར་ཐལ་བར་བརླག་པར་མཛོད་ཅིག  །{{TibChung|ཅེས་རྫས་རྣམས་གྲངས་ཚང་བར་འབུལ།  འདོད་གསོལ་སྐབས།}} ན་མོ།  རིག་པའི་རྒྱལ་པོ་ཁྱེད་ཀྱི་བསྲེག་རྫས་ལྷའི་ཞལ་ད་འབུལ་བ་དང་།    མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་ {{TibChung|[13b]}} འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་རྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ།  {{TibChung|ཅེས་ཕྲིན་ལས་གསོལ།  འདས་པའི་སྐབས།}} ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་{{TibChung|བསམ།    བྱོན་ཟན་ནི།}}  ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རྃ་དང་།    དགང་བླུགས་ཀྱི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པར་{{TibChung|བསམ་ལ།    མར་ཁུ་རྩ་སྔགས་བདུན་གྱིས་དགང་ཤིང་།}} ཨགྣེ་ཡེ་དཱི་བྱ་{{TibChung|སོགས་ནས།}}  མཱ་ར་ཡ་རྦད།  {{TibChung|ཅེས་པའི་བར་འཇིག་རྟེན་པའི་སྐབས་བཞིན་འབུལ།  དེ་ནས་དམིགས་བྱའི་རཱུ་པ་སོགས་རྫས་རྣམས་ལ་འགུག་གཞུག་ལན་གསུམ་སོགས་དང་། }} ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔  {{TibChung|སོགས་ལས་གཞུང་ལྟར་བརྗོད་ལ་ཁ་སྦྱོར་དབྱེ་བའི་སྦྱོར་བ་བྱ།}} ཧཱུྃ།  ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།  །དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་།  །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི།  །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཞལ་དུ་འབུལ།    །བཞེས་ནས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།  །{{TibChung|རྩ་སྔགས་ཀྱི་མཐར་}} གནོད་བྱེད་དགྲ་བགེགས་བྱད་མའི་ཙིཏྟ་ཛྭ་ལ་རཾ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ་ཛྭ་ལ་རཾ་ཁཱ་ཧི༔    {{TibChung|ཞེས་རྫས་རྣམས་འབུལ།  གྲངས་ {{TibChung|[14a]}} རྗོགས་པ་ན།}} ན་མོ།  རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་{{TibChung|སོགས་སྤེལ་ཚིག་གོང་ལྟར་བྱ།  ཚུལ་དེས་གཙོ་འཁོར་གྱི་གྲངས་རྫོགས་པར་ཕུལ་བའི་མཐར་གོས་ཟུང་དང་སོ་རྩི་འབུལ་བ་ནས་བརྩམ་གཤེགས་སུ་གསོལ་བའི་བར་གོང་བཞིན་བྱ།    རྗེས་ཆོག་མེ་ལྷའི་བསྲེག་རྫས་སྐབས།}} ཨོཾ་པ་ཝཱ་ཀཱ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་སྟེ་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་མཱ་ར་ཡ་རྦད།  {{TibChung|ཅེས་པས་འབུལ།    བྲོ་བརྡུང་སྐབས་ཁྲོས་པའི་སེམས་ཀྱིས་བྲོ་ར་གྲུ་གསུམ་དུ་བསྐོར་ལ།}} རྣམ་ཐར་གསུམ་ལྡན་ཨེ་ཀློང་དུ༔    {{TibChung|སོགས་གཞུང་ལྟར་བྲོ་བརྡུང་།  བདག་བསྐྱེད་དཀྱིལ་འཁོར་གྱི་མཇུག་བསྡུ།    བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐར་དབྱུང་།  ཐལ་སོལ་འགུག་གཞུག་དང་གནས་མི་ལྡང་བའི་ཕྱིར་མནན་པར་བྱ།  དེ་ལྟར་སྲེག་བླུགས་ཀྱི་བྱ་བ་འདི་དག་སྤྲོས་པ་མེད་པའི་རྣལ་འབྱོར་ལ་གཞོལ་བར་འདོད་པ་རྣམས་ཀྱིས་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོའི་མེས་སྦྱངས་ཏེ་ཕུང་ཁམས་ཀྱི་ལྷ་ཐམས་ཅད་མཉེས་པར་བསམ་པ་དང་།    ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་སུ་ཆགས་པའི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་སྟེ་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཉེས་པར་བསམ་པ་དང་།  སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ།    བདེ་ཆེན་བྱང་ཆུབ་སེམས་ཀྱི་མེས་ཐབས་ཤེས་ {{TibChung|[14b]}} ཟུང་འཇུག་གི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས།  སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རོ་མཉམ་དུ་འགྱུར་བའི་གནས་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ།  །འདིར་འབད་དགེ་བ་གང་མཆིས་བས།    བདག་དང་མཐའ་ཡས་སེམས་ཅན་ཀུན།  །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་།    སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག  །ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་དོ་གལ་ཆེན་པོས་བསྐུལ་བ་བཞིན།  བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག  །སརྦ་མངྒ་ལཾ།།  །།}} }}
༄༅།  །ན་མོ་གུ་རུ་པདྨ་ཀཱ་ར་ཡ།  {{TibChung|ཡེ་ཤེས་འབར་བའི་མེ་ལྕེ་ཡིས།    །འཁྲུལ་རྟོག་ཚང་ཚིང་སྲེག་མཛད་ཅིང་།  །ཚོགས་གཉིས་སྣང་བ་རྒྱས་མཛད་པའི།  །འཆི་མེད་དཀྱིལ་འཁོར་ལྷ་ལ་འདུད།  །དེ་མཉེས་བྱེད་པའི་ཐབས་ཀྱི་སྒོ།  །མྱུར་མགྱོགས་ཁྱད་པར་འཕགས་པའི་ལམ།  །ཕྲིན་ལས་རྣམ་བཞིའི་འགྱུར་བ་ཅན།  །ནོར་བུ་སྣ་ཚོགས་མདོག་ཅན་སྤེལ།  །དེ་ཡང་པདྨ་ཟབ་པ་རྩ་བའི་རྒྱུད་ལས།  །ཕན་འདོགས་ཚར་གཅོད་ལ་སོགས་པ༔  ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔    ཞི་བ་དཀར་སོགས་ཤར་བལྟས་དང་༔    ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔    ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔  སྲེག་བླུགས་འབུལ་ལ་ལྷ་ཚོགས་བསྐྱེད༔    འཇིག་རྟེན་པ་དང་འདས་པ་ལ༔  དེ་བཞིན་རྒྱས་དབང་དྲག་པོར་འབུལ༔  ལས་ {{TibChung|[2a]}} འགྲུབ་མེ་ཡི་སྦྱོར་བའོ༔  ཞེས་གསུངས་པ་ལྟར་ལག་ཏུ་བླངས་པ་ལ།    གང་དུ་བྱ་བའི་གཞིར།  ས་གླུད་གཏོར་མ་གསེར་སྐྱེམས་ཉེར་སྤྱོད་སོགས་བཤམས་ལ།  བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས།  མཆོད་གཏོར་རྣམས་ལས་ཆུས་བྲན།}}  ཧྱ་གྲཱི་ཝས་བསང་།  སྭ་བྷཱ་ཝས་སྦྱང་།    སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་{{TibChung|བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས།}} ཨ་ཀཱ་རོ་མུ་ཁཾ་{{TibChung|གིས་བསྔོས་ལ།}} ཀྱཻ།  དགོངས་ཤིག་ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་།  །གནས་དང་ {{TibChung|[2b]}} ཡུལ་གྱི་བདག་པོར་གྱུར་པ་ཀུན།  །རིན་ཆེན་ས་གླུད་མཆོད་གཏོར་འདི་བཞེསལ།  །བདག་གི་གནས་འདིར་བྱང་ཆུབ་སྒྲུབ་པ་ལ།    །ཀོ་ལོང་རུང་ཕྲག་དོག་མ་མཛད་པར།  །རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ།  །རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད།  །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ།  {{TibChung|ཞེས་མཆོད་གཏོར་གཙང་སར་གཤེགས།  ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་བལྟས་ལ།}} སྭ་བྷཱ་ཝ{{TibChung|འི་སྔགས་ལན་གསུམ་བརྗོད་ཅིང་དེ་ཉིད་ཀྱི་དོན་བསམ་པས་ས་གཞི་དྲི་མ་མེད་པར་སྦྱང་ངོ་།  །དེ་ལ་ཐོག་མར་ཞི་བ་ལས་ཐམས་ཅད་པའི་སྲེག་བླུགས་ལ་སྦྱོར་བ་དང་།  དངོས་གཞི་གཉིས།  དང་པོ་ནི།  བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ།  དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ།    ཚངས་ཟུར་གྱི་ཐིག་སྤྱི་དང་མཐུན་པར་གདབ།  དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱི་རོལ་དུ།  སོར་བཞིའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ།  ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ།  ཐབ་ཀྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ།  ཟླུམ་བསྐོར་ཐ་མར་མེ་རི་དང་།  ཕྱི་མཐར་རྡོ་རྗེའི་ཕྲེང་བ་དང་བཅས་པ་ནག་པོ་སོགས་ཚོན་སེལ་གྱིས་མ་གོས་པར་བྲིས།  སྲོག་ཆགས་མེད་པའི་བའི་ལྕི་བ་སྐམ་པོ་ཟླུམ་པོར་བརྩེགས་ལ་དཀར་པོའི་དར་གྱིས་བཀབ་སྟེ།  མེ་ཏོག་དང་འབྲུ་དཀར་པོ་ལས་བཅོས་པའི་གཏོར་མ་དཀར་ཟླུམ་པད་འདབ་ཅན།  ཤེལ་སོགས་རིན་པོ་ཆེའི་རིགས་ཁ་དོག་དཀར་པོ་དང་། {{TibChung|[3a]}} སྡིག་པ་ཞི་བ་ལ་ཏིལ་སོགས་ཁྱད་པར་གྱི་རྫས་གང་མང་བསགས།  འོ་མ་ཅན་གྱི་ཤིང་ཁྲུ་གང་གི་ཚད་དུ་ལོངས་པའི་ཡམ་ཤིང་།  སྣོད་ཀྱང་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ།  ཚེས་གྲངས་ཡར་ངོ་ལྟ་བུ་དང་།  སྒྲུབ་པ་པོ་ཆས་གོས་དཀར་པོ་ཞི་བའི་སེམས་དང་ལྡན་པས་བཟང་པོའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་ལ།  གཡས་གཡོན་དུ་མཆོད་བསྲེག་གི་རྫས།    དགང་གཟར་བླུགས།  མར་ཁུ།  མེ་ཡོལ།  རྡོ་རྗེ་དྲིལ་བུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ།  །དེ་ནས་སྦྱོར་བ་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སོང་ནས།  རང་ ་དྲིལ་བསང་སྦྱང་།}}  སྟོང་པའི་ངང་ལས་ཨཱཿལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན།  མཱུཾ་ལས་དྲིལ་བུ་ཤེས་རབ་ཀྱི་ངོ་བོ།    གཉིས་ཀའང་དོན་དམ་པར་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ།  །{{TibChung|ཞེས་བསམ་ལ་རྡོ་རྗེ་གསོར་ལ་དྲིལ་བུ་དཀྲོལ།}} ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་{{TibChung|སོགས་བརྗོད་ལ་བྱིན་བརླབ།    དགང་བླུགས་བསང་སྦྱང་།}} སྟོང་པའི་ངང་ལས་དགང་བླུགས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་{{TibChung|པར་བསམ།    མཆོད་བསྲེག་གི་རྫས་རྣམས་བསང་སྦྱང་།}}  ཧཱུྃ།  རྣམ་དག་ཆོས་དབྱིངས་ངང་ཉིད་ལས།  །རང་བྱུང་མཆོད་པའི་ཕུང་པོ་ནི།    །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ།  ། {{TibChung|[3b]}} དཔག་ཡས་ནམ་མཁའ་གང་བར་གྱུར།  །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས།  ཤཔྡའི་བར་དང་།  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱ།  ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ།  ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛོ་བོ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ།  {{TibChung|ཞེས་ལན་གསུམ་རེས་བྱིན་བརླབ།    བསྲེག་རྫས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་།}} ཨོཾ་སྭཱ་ཧཱ།    {{TibChung|ཕྱག་རྒྱ་དེས་ཡམ་ཤིང་ལ།}} ཨོཾ་ཨཱཿསྭཱ་ཧཱ།    {{TibChung|ཞུན་མར་ལ།}}  ཨོཾ་ཤྲཱི་སྭཱ་ཧཱ།  {{TibChung|འབྲུ་རྣམས་ལ།}} ཨོཾ་ཛིཾ་སྭཱ་ཧཱ།  {{TibChung|རྫས་གཞན་རྣམས་ལ།}} ཨོཾ་ཤུ་རུ་ཤུ་རུ་སྭཱ་ཧཱ།  རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར།    སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་{{TibChung|བསམ་ལ།}}  ཨོཾ་བི་མ་ལ་ཨ་གྣེ་ཡེ་སྭཱ་ཧཱ།  {{TibChung|ཞེས་སོགས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ།  །དེ་ནས་བགེགས་གཏོར། }} རྃ་ཡྃ་ཁྃ་{{TibChung|གིས་བསང་།}} ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་བརླབ།}} ཨོཾ་སརྦ་དི་གྷྣཱན་ན་མཿ    སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་{{TibChung|སོགས་ལན་གསུམ་སྔགས་རྒྱ་དང་བཅས་པས་བསྔོས།}} ཧཱུྃ༔    ང་ནི་ཡེ་ནས་ངང་གིས་ཁྲོ༔    {{TibChung|སོགས་ཀྱིས་བགེགས་གཏོར་བསྔོ་ཞིང་མཚམས་བཅད།    དེ་ནས་རྩུབ་ཤིངངམ་དགོན་པ་ལས་བྱུང་བའི་དུ་བ་མེད་པའི་ {{TibChung|[4a]}} མེ་སྦར་ཏེ།}} ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ།  {{TibChung|རླུང་གཡབ་ཀྱིས་གཡབ་ཅིང་། }} ཧཱུྃ་ཧཱུྃ་ཧཱུྃ་{{TibChung|ཞེས་བརྗོད།}} ཧཱུྃ་{{TibChung|ལན་བདུན་བཟླས་ཏེ་མར་ཁུས་ཀྱང་གསོའོ།  །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན་ཏེ།}}  ཧྱ་གྲཱི་ཝ{{TibChung|ས་བསང་ལ།}}  ཨོཾ།    ཀུ་ཤ་འདི་ནི་གཙང་ཞིང་དགེ  །ཚངས་པ་ལྷ་རྣམས་དག་བྱེད་ཡིན།  །དཀོན་མཆོག་གསུམ་ནི་མཉེས་བྱེད་པ།    །ས་ལས་སྐྱེས་པ་འདབ་མའི་སྙིང་།    །བདག་གི་གེགས་རྣམས་ཐམས་ཅད་ནི།  །ཞི་དང་བཀྲ་ཤིས་མཛད་དུ་གསོལ།    །སྭཱ་ཧཱ།  {{TibChung|ཞེས་བརྗོད་དེ་ཀུ་ཤ་གཉིས་གཉིས་ཀྱི་རྩེ་མོ་གཤིབས་པ་བདག་སྒྲུབ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་།  སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ།  །དེ་ནས་ཐབ་བསང་སྦྱང་།}}  སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་དོག་དཀར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ།  ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང།  གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་གཡས་སུ་འབར་བའི་ཀློང་དུ་པྃ་ལས་པདྨ་དང་།  མ་ལས་ཉི་མའི་དཀྱིལ་འཁོར་ {{TibChung|[4b]}} གྱི་དབུས་སུ་རྃ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་གཡས་མེ་ཡི་འཁོར་ལོ་དང་།  གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན།    ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ།    རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་།  དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ།  མགྲིན་པར་ཨཱཿདམར་པོ།  ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ།  བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་{{TibChung|བསམ་ལ།  ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་མཐེ་བོང་གཡས་ལ།}} ཨོཾ།  དད་པ་དང་ནི་དམ་ཚིག་གིས།  །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ།  །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར།  །དྲང་སྲོང་ཆེན་པོ་ད་ཚུར་ཤོག  །ཆིབས་པ་ར་སྐྱེས་ཁམ་པ་ཆིབས།    །ཕྱག་ན་མེ་ཡི་འཁོར་ལོ་བསྣམས།  །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ།  །ཨོཾ་སེ་ཧྱེ་ཧི་བྷ་ག་ཝན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ  {{TibChung|ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ།  ལས་སྔགས་བརྗོད་ཅིང་ལས་ཆུས་བྲན་ཏེ་ཕྱིར་འབྲང་གི་བགེགས་བསྐྲད།}} ཛཿཧཱུྃ་བྃ་ཧོཿ {{TibChung|ས་དམ་ཡེ་དབྱེར་མེད་དུ་བསྟིམ།}} བཛྲ་ས་མ་ཡ་ཏིཥྛ་ལྷན།  {{TibChung|ཞེས་གདན་ལ་བཞུགས།}}  ཨོཾ་སྭ་བྷཱ་ {{TibChung|[5a]}} ཝ་ཤུདྡྷ་སྭཱ་ཧཱ།  {{TibChung|ཞེས་པས་མཆོད་ཡོན་སྦྲེང་།}} ཨ་ཏི་པཱུ་ཧོཿ {{TibChung|ས་ཕྱག་འཚལ།}} ཨོཾ།  ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན།  །དཔག་མེད་ནམ་མཁའ་གང་བའི་ཚོགས།  །མེ་ལྷ་འཁོར་དང་བཅས་ལ་འབུལ།  །བཞེས་ནས་ཕྲིན་ལས་སྒྲུབ་ཏུ་གསོལ།  །ཨོཾ་བཛྲ་ཨརྒྷ་པྲ་ཏཱིཙྪ་སྭཱ་ཧཱ་ནས།    ཤཔྡ{{TibChung|འི་བར་མཆོད།}} ཧཱུྃ།    གཟི་བརྗིད་ཆེན་པོ་མེ་ཡི་ལྷ།    །འདོད་པ་ཐམས་ཅད་སྩོལ་མཛད་པའི།  །བདག་གཞན་དོན་སྒྲུབ་ས་ལ་བཞུགས།  །འཛིན་མཛད་མེ་ལྷ་ཉིད་ལ་འདུད།    །{{TibChung|ཅེས་པས་བསྟོད།}}    ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།  {{TibChung|ཞེས་བུམ་པའི་ཆུས་དབང་བསྐུར།}}  ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ།  {{TibChung|ཞེས་པས་དུང་ཤེལ་སོགས་རིན་རིན་པོ་ཆེའི་རྒྱན་ཕུལ།  དེ་ནས་བྱོན་སྐྱེམས་ནི།}} མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ་ལ།    དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ།}} ཨོཾ་བི་མ་ལ་ཨ་གྷེ་སྭཱ་ཧཱ།  {{TibChung|ཞེས་བླུགས་གཟར་གྱིས་མར་ཁུས་ལན་བདུན་བཀང་སྟེ་པུས་མོའི་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་།}} ཨོཾ་པ་བཱ་ཀ་ཨགྣ་ཡེ་{{TibChung|ཞེས་པའི་མཐར།}} བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་ {{TibChung|[5b]}} མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག  །དེས་མཚོན་ཏེ་རྫས་གཞན་ལ།  ཡམ་ཤིང་།}} ཨོཾ་བེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱ།  {{TibChung|མར་ཁུ།}}    ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ།  {{TibChung|ཏིལ།}} ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ།    {{TibChung|ཞོ་ཟན་དང་ཟས་མཆོག}}  །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ།    {{TibChung|འབྲས།}} ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ།    {{TibChung|སོ་བ།}} ཨོཾ་བཛྲ་བཱི་ཛ་ཡ་སྭཱ་ཧཱ།  {{TibChung|ནས།}}  ཨོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ།  {{TibChung|སྲན་མ།}} ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ།  {{TibChung| གྲོ།}} ཨོཾ་བཛྲ་གྷསྨ་རི་རི་ཡེ་སྭཱཧཱ།  {{TibChung|དུརྦ།}} ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ།  {{TibChung|ཀུ་ཤ།}}  ཨོཾ་ཨ་པྲ་ཏི་ཧ་ཏ་པ་ཛྲ་ཡ་སྭཱ་ཧཱ།  {{TibChung|རྫས་གཞན་རྣམས།}}  ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པཱུ་ལེ་མ་ཧཱ་ད་རི་བི་ཤནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་པ་རྣམས་ཀྱི་མཐར།}} བདག་ཅག་དཔོན་སློབ་ཡོན་མཆོད་{{TibChung|སོགས་གོང་གི་སྤེལ་ཚིག་བརྗོད་ལ་གྲངས་ཇི་ལྟར་རིག་པ་འབུལ།  དེ་དག་གི་སྐབས་སུ།}} བསྲེག་རྫས་བདུད་རྩིའི་རྒྱུན་ཕུལ་བ་མེ་ལྷས་བཞེས་ཏེ།    སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས།    བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས།    ཡང་འོད་ཟེར་བདུད་རྩིའི་རྒྱུན་ཅན་གྱིས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་{{TibChung|བསམ་མོ།  །མཐར་དགང་བླུགས་ལན་གསུམ་དང་།}} ཨ་ {{TibChung|[6a]}} ཀཱ་རོའི་{{TibChung|སྔགས་ཀྱིས་གཏོར་མ་བསྔོས།  སྐབས་འདིར་དངོས་སུ་མི་འབུལ།  བསྟོད་པ་ནི།}}  ཧཱུྃ།  གཟི་བརྗིད་ཆེན་པོ་མེ་ཡི་ལྷ།  །ཚངས་དབང་འཇིག་རྟེན་མགོན་གྱི་སྲས།  །འདོད་པ་ཐམས་ཅད་སྟེར་མཛད་པ།  །བདག་གཞན་དོན་གཉིས་བརྩོན་ལ་བཞུགས།  །དྲང་སྲོང་ཆེན་པོ་ཉིད་ལ་འདུད།  །དམ་བཅས་བཞིན་དུ་མེ་ཡི་ལས།  །ནུས་པར་བྱིན་གྱིས་བརླབ་ཏུ་གསོལ།  །{{TibChung|ཞེས་དང་ཐལ་མོ་སྦྱར་ལ།}} ན་མོ།    རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་།  མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་བྱད་ཕུར།  རྦོད་གཏོང་།    ཆག་ཆེ།  ཉམ་ང་།    དགྲ་རྐུན།    བྱད་མ།  བསམ་ངན་སྦྱོར་རྩུབ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་།    ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་ལས་བཅོལ།  ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ངོ་།  །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས།  སྒྲུབ་མཆོད་དང་མི་འབྲེལ་བ་དང་།  འབྲེལ་བའོ།  །དང་པོ་ནི་བུད་ཤིང་ཅུང་ཟད་ཁ་གསོས།  ཐབ་ལས་ཆུས་བསང་། }} དམ་ཚིག་མེ་ལྷའི་ལྷོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ {{TibChung|[6a]}} གསལ་ལ་རྫོགས་པ་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་{{TibChung|བསམ་ལ།}}  ཨཱཿ    ཆོས་སྐུ་སྐྱེ་བ་མེད་པ་ལས༔    {{TibChung|སོགས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་སོང་ནས།  འོག་གི་བྱོན་སྐྱེམས་ནས་བརྩམས་སྲེག་བླུགས་རྫོགས་པར་འབུལ།    གལ་ཏེ་སྒྲུབ་མཆོད་དང་འབྲེལ་ན།    བུད་ཤིང་ཁ་གསོས་ལ།}}  ཧཱུྃ།  རིག་པའི་རྒྱལ་པོ་མེ་ལྷ་ཡི༔    ཐུགས་ཀ་འབྱམས་ཀླས་ཆོས་དབྱིངས་སུ༔    སྣོད་བཅུད་དངོས་འཛིན་དག་པའི་དབུས༔    ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔    བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔  ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔  དབུས་མཁར་སྣ་ཚོགས་པདྨ་ནི༔    འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔    ཐབས་ཤེས་ཉི་ཟླ་པདྨར་བཅས༔    མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ།  {{TibChung|དེ་ནས་སྤྱན་འདྲེན་པ་ནི།  དབྱངས་དང་རོལ་མོ་བཅས་ཏེ།}} ཧཱུྃ༔    ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔  {{TibChung|སོགས་ནས།}}  ཨ་བེ་ཤ་ཡ་ཨ་ཨཱཿ  {{TibChung|ཞེས་སྒྲུབ་དཀྱིལ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་པར་བསམ་ལ་གཙོ་འཁོར་གྱི་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པ་སྤྱན་དྲངས་ཏེ་སྔགས་ཀྱི་མཐར།}}  ས་མ་ཡ་ཏིཥྛ་ལྷན།    {{TibChung|ཞེས་སྤྱན་དྲངས་པ་སླར་ཡང་གསལ་གདབ་པའི་ཚུལ་གྱིས།}} ཧཱུྃ།  བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་གྱི༔    དབུས་མཁར་སྣ་ཚོགས་པདྨ་ནི༔  འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔    ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔    ཧྲཱིཿཡིག་དཀར་པོ་ཡོངས་གྱུར་ {{TibChung|[7a]}} པའི༔  འཆི་མེད་མཚོ་སྐྱེས་པདྨ་འབྱུང་།  {{TibChung|སོགས་ནས།}} དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔  {{TibChung|ཞེས་པས་གསལ་གདབ། དེ་ནས་ལས་བྱང་ལྟར་བཞུགས་གསོལ་མཆོད་བསྟོད་དང་བཅས་པ་སོང་ནས། }} དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་ཞི་བའི་ཕྲིན་ལས་མཛད་པར་{{TibChung|བསམ་ལ་བསྲེག་རྫས་འབུལ་བ་ནི།}} ཧཱུྃ།  ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།  །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི།  །འཆི་མེད་ཚེ་ལྷའི་དཀྱིལ་འཁོར་ལྷ་ལ་འབུལ།  །ཞི་བ་འཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ།  །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ་ལ།    རྩ་སྔགས་ལ་གོང་ལྟར་འདོད་གསོལ་དང་བཅས་པ་སྦྱར་ཏེ་བྱོན་སྐྱེམས་ནས་བརྩམ་རྫས་རྣམས་རྫོགས་པར་ཕུལ།    རྫས་རྣམས་རྫོགས་པའི་སྐབས།}} ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་{{TibChung|བསམ་ལ།    སླར་ཡང་ {{TibChung|[7b]}} དགང་བླུགས་སྔར་བཞིན་འབུལ།}} ཨོཾ་བཛྲ་ཝསྟར་ཡེ་སྭཱ་ཧཱ{{TibChung|ས་གོས་གསར་པ་དང་།}} ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ།  {{TibChung|ཞེས་སོ་རྩི་འབུལ།  སྔགས་ཙམ་གྱིས་ཉེར་སྤྱོད་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པ་འབུལ།}} ཧཱུྃ༔    མ་བཅོས་སྤྲོས་བྲལ་{{TibChung|སོགས་ཀྱིས་བསྟོད།}}  མ་རྙེད་ཡོངས་སུ་མ་ཚང་དང་།  །{{TibChung|སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་།  སྒྲུབ་མཆོད་དང་མི་འབྲེལ་ཚེ།}} ཨོཾ།    ཁྱོད་ཀྱིས་སེམས་ཅན་{{TibChung|སོགས་ཀྱི་གཤེགས་གསོལ་བྱ།  འབྲེལ་ཚེ།}} དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་ལ་ཐིམ་པར་{{TibChung|བསམ་ལ་བཀུར་སྟི་དང་བཅས་ཏེ་ཚོམ་བུ་དཀྱིལ་འཁོར་རང་གནས་སུ་སྤྱན་དྲངས་ཏེ་སྟིམ།  གསུམ་པ་རྗེས་ཀྱི་བྱ་བ་ལ།}}  འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པ་སླར་ཡང་གསལ་བར་{{TibChung|བསམ་ལ་བྱོན་སྐྱེམས་བཞིན་དགང་བླུགས་ཕུལ།    བསྲེག་རྫས་སོ་སོའི་སྔགས་མཐར།}} ཨོཾ་པ་ཝཱ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་།    རྫས་དང་ཡོ་བྱད་མ་ཚང་བ།  ཏིང་ངེ་འཛིན་མ་གསལ་བ།    ཆོ་ག་ལྷག་ཆད་དུ་གྱུར་པ་སོགས་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  {{TibChung|ཞེས་དང་།    གོས་ཟུང་སོ་རྩི་སྔགས་དང་བཅས་ཕུལ།}} ཨོཾ་བཛྲ་པུཥྤེ་ནས།    ཤཔྡ{{TibChung|འི་བར་གྱིས་ {{TibChung|[8a]}} མཆོད་ཅིང་།}} མེ་སྟེ་བསྲེག་བྱ་ཟ་བའི་ལྷ།  །{{TibChung|སོགས་ཀྱིས་བསྟོད།}} ཨ་ཀཱ་{{TibChung|རོ་སོགས་ཀྱིས་གཏོར་མ་ཐབ་ཏུ་འབུལ་ཞིང་། }} མཆོད་སྦྱིན་གཏོར་མ་འདི་བཞེས་ལ།    །{{TibChung|སོགས་ཀྱིས་ཕྲིན་ལས་བཅོལ།}} མ་རྙེད་ཡོངས་སུ་མ་ཚང་དང་།    །{{TibChung|སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་།}} བདག་གི་དོན་དང་གཞན་གྱི་དོན།  །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས།  །ཇི་བཞིན་དུས་སུ་ཚུར་བྱོན་ལ།  །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ།  །ཨོཾ་བཛྲ་མུཿ  {{TibChung|ཞེས།}} མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས།    །དམ་ཚིག་པའི་མེ་ལྷ་རང་གི་སྙིང་ཁར་ཐིམ་པར་{{TibChung|བསམ།    ལས་མཇུག་བྲོ་ཡིས་བརྡུང་བ་ནི།  བྲོ་ར་ཟླུམ་པོར་བསྐོར་ལ་ཞི་བའི་སེམས་ཀྱིས།}} རྣམ་ཐར་གསུམ་ལྡན་ཨེ་ཀློང་དུ༔  {{TibChung|སོགས་ནས།}} སྟྭམྦྷ་ཡ་ནན༔  {{TibChung|ཞེས་པས་བྲོ་བརྡུང་།  དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ།  །སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་མི་བྱ་བར་རང་ཞིར་འཇོག  །ལོང་མེད་ན་འོ་ཆབ་ཀྱིས་གཞིལ་ཏེ་ཐལ་སོལ་ཆུ་བོ་ཆེན་པོར་དོར་བར་བྱའོ།།  །།}}  ༈{{TibChung|  །གཉིས་པ་རྒྱས་པ་ལས་ཐམས་ཅད་པའི་སྲེག་བླུགས་ནི།    ཐབ་དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ།  ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པའི་དབུས་ནས་ལོགས་ངོས་ཁྲུ་རེས་གཞལ་བའི་སར་གྲུ་བཞིར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར།  ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ {{TibChung|[8b]}} ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པའམ་ཡང་ན་རིན་ཆེན་རྐྱང་པས་བས་ཀྱང་རུང་།    མུ་རན་ལ་མེ་རི་སེར་པོ་གཡས་བསྐོར།      དེའི་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲིས།  ཐམས་ཅད་ཁ་དོག་སེར་པོ།  བཅད་ཚོན་སོགས་ཀྱང་ངུར་སྨྲིག་གམ་ཚོན་ཇི་ལྟར་རིག་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ།  །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པ་གུར་གུམ་གྱི་ཆབ་ཀྱིས་བྲན་པ་གྲུ་བཞིར་བརྩེགས།    མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུམ་སོགས་ལས་བཅོས་པའི་གཏོར་མ་གྲུ་བཞི་པད་འདབ་ཅན།  འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་བ་མངར་གསུམ་དང་།    མར་ཁུས་སྦགས་པ།  ཤིང་ཏོག་དང་མེ་ཏོག་རིན་པོ་ཆེ་སེར་པོ།    ཁྱད་པར་དུ་ཚེ་འཕེལ་བ་ལ་དུརྦ་སོགས་གང་གཙོ་བོར་བྱེད་པའི་རྫས་མང་དུ་བསགས།  སྣོད་ཀྱང་དབྱིབས་གྲུ་བཞི།    ཁ་དོག་སེར་པོ།  ཚེས་བརྒྱད་དང་བཅོ་ལྔ་སོགས་སྔ་དྲོའི་ཆ་ལ་སློབ་དཔོན་ཆས་གོས་སེར་པོ་དང་བཅས་བཟང་པོའི་འདུག་སྟངས་ཀྱིས་ཁ་བྱང་དུ་བལྟས་པས་འཁོད་ལ་ལས་རིམ་ལ་འཇུག  །གོང་གི་ཚིག་རིས་ཞི་བ་དང་དཀར་པོ་སོགས་ལ།  རྒྱས་མཛད་དང་།    སེར་གསལ་སོགས་སུ་ཁ་བསྒྱུར།  རྒྱལ་རིགས་ཀྱི་ཁྱིམ་དང་རྩུབ་ཤིང་ལས་བྱུང་བའི་མེ་སྦར།  ཐབ་བསང་སྦྱར།}}  སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི།    མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་།    ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་མཚན་ཉིད་ {{TibChung|[9a]}} ཡོངས་སུ་རྫོགས་པའི་དབུས་སུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་ཀློང་དུ་རྒྱས་པའི་མེ་ལྷ་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ལྡན་ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་དང་།    གཡོན་ན་རིལ་པ་སྤྱི་བླུགས་འཛིན་པ།  དྲང་སྲོང་གི་ཆ་བྱད་ཅན།  ར་སྐྱེས་སེར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅིང་{{TibChung|སོགས་དང་།  སྤྱན་འདྲེན་སྐབས།    མི་མཐུན་འཇིགས་བརྒྱད་མལ་དུ།}} ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར།  །{{TibChung|ཞེས་སྦྱར།    བྱོན་སྐྱེམས་སྐབས།  རིན་པོ་ཆེའི་ཁུར་གྱིས་དགང་བླུགས་བཟུང་།  འདོད་གསོལ་སྐབས།}} བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།  {{TibChung|ཞེས་སྦྱར།    དམིགས་པ་ནི།}} བསྲེག་རྫས་ཕུལ་བས་མེ་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་མ་ལྟ་བུ་འཕྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་།  ནོར་བུའི་ཆར་བབས་ཏེ་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་{{TibChung|བསམ།  འདོད་གསོལ་སྐབས།}} ན་མོ།    རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་།    མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་ {{TibChung|[9b]}} དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ལོངས་སྤྱོད་འཁོར་འབངས་མངའ་རིས་ཆོས་སྲིད་དར་ཞིང་རྒྱས་པར་མཛད་དུ་གསོལ།    ཁྱད་པར་དུའང་མཁྱེན་བརྩེ་ནུས་མཐུ་ཉམས་རྟོགས་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་།    འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མ་ལུས་པ་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ།  {{TibChung|ཞེས་སྦྱར།  འདས་པའི་སྐབས།}} དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་རྒྱས་པའི་ཕྲིན་ལས་མཛད་པར་{{TibChung|བསམ།  བྱོན་སྐྱེམས་སྐབས།}} དཀྱིལ་འཁོར་གྱི་ལྷ་རྣམས་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་།    གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ།    རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།}}    ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་ {{TibChung|[10a]}} པས་ལུས་དང་ཁྱིམ་གང་།  ཚེ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་རྒྱས་པར་{{TibChung|བསམ།  རྗེས་ཆོག་མེ་ལྷའི་བསྲེག་རྫས་མཐར།}} ཨོཾ་པ་ཝཱ་ཀ་ཨགྷ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ།  {{TibChung|ཞེས་འབུལ།  བྲོ་བརྡུང་སྐབས་རྒྱས་པའི་སེམས་དང་བྲོ་ར་གྲུ་བཞིར་བཅས་ལ་ལས་གཞུང་ལྟར་བྲོ་བརྡུང་།  མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སལ་བང་མཛོད་དུ་སྦའོ།།  །།}} ༈{{TibChung|  །གསུམ་པ་དབང་གི་སྦྱིན་སྲེག་ནི།    སྟེགས་བུ་མྱོས་བྱེད་དང་ཆོས་སྨན་གྱི་བྱུགས་ཤིང་སིནྡྷུ་ར་བརྡལ་བའི་སྟེང་དུ།  དབུས་སུ་ཟླ་གམ་རྒྱར་མཐོ་དོ།    སྲིད་དུ་ཁྲུ་གང་བ།    པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ།  དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དང་དམར་པོ་གཡོན་བསྐོར་དང་།    མེ་ཏོག་དམར་པོ་ལྕགས་ཀྱུ་ཕྲེང་བ་ཟུར་ལའང་དེ་ལྟར་བྲི།    དམར་པོའི་གཞི་ལ་དེ་དང་མི་ཟློས་པའི་དམར་སེར་ལྟ་བུས་བཅད།    ཁ་དོག་མི་མཐུན་པའི་ཚོན་སེལ་མི་རྒྱག་པ་འདི་གནད་དུ་ཆེའོ།  །དེ་སྟེང་ཁ་དོག་དམར་པོའི་ཤིང་ཁྲུ་གང་བ་མྱོས་བྱེད་ཀྱི་བྲན་པ་ཟླ་གམ་དུ་བརྩིགས།  བུ་རམ་དང་འབྲས་དམར་རམ་བུའི་ཕྱེ་མ་སོགས་མར་ལ་བསྲེས་པའི་དབང་གི་གཏོར་མ་དམར་པོ་དབྱིབས་ཟླ་གམ་པད་འདབ་ལྔ་པ།    སྨན་རཀ  ཏིལ་མར་གྱི་མར་ཁུ།  ཙནྡན་དམར་པོ་སོགས་སྐྱུར་བའི་ {{TibChung|[10b]}} ཤིང་སྡོང་སོར་ལྔ་པའམ་གསུམ་པ་བུ་རམ་དབང་མར་ཁུས་རྩེ་མོ་དང་།    སིནྡྷུ་དང་མཚལ་གྱིས་རྩ་བ་བྱུགས་པ།  ཤིང་ཐོག་དམར་པོ་དང་།  དར་དམར།    ཁྱད་པར་གྱི་རྫས་མེ་ཏོག་དམར་པོ།    མངར་གསུམ།  རཀྟ་སོ་ལྔ།  བྱི་རུ་སོགས་རིན་པོ་ཆེ་དམར་པོ།  སྣོད་སྤྱད་རྣམས་དབྱིབས་ཟླ་གམ་དང་ཁ་དོག་དམར་པོ།  དུས་དམར་ཕྱོགས་ཀྱི་ཚེས་བཅུ་སོགས་དགོང་མོའི་ཆར།  སློབ་དཔོན་ཆས་གོས་དམར་པོ་ཆགས་པའི་སེམས་དང་ལྡན་པས་ཕྱེད་སྐྱིལ་གྱིས་ཁ་ནུབ་ཏུ་ཕྱོགས་པས་འཁོད།    འདོན་བྱ་ཞི་བ་དང་དཀར་པོ་སོགས།  དབང་དང་དམར་པོ།  དབང་མཛད་དང་དམར་གསལ་སོགས་བསྒྱུར་རོ།  །རོལ་མོ་མཁན་དང་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེ་སྦར།  ཐབ་བསང་སྦྱང་།}}    སྟོང་པའི་ངང་ལས་ཧཱུྃ་ལས་དབང་དབང་གི་ཐབ་ཁུང་ཁ་དོག་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ།  པདྨ་དམར་པོའི་ལྟེ་བར་ལྕགས་ཀྱུ་དང་།  ཁ་ཁྱེར་དང་ཟུར་བཞིར་མེ་ཏོག་དམར་པོ་ལྕགས་ཀྱུས་མཚན་པ་དྭངས་གསལ་འོད་ཟེར་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་དབང་གི་མེ་ལྷ་དམར་པོ་ཆགས་པའི་ཉམས་ཅན་ཕྱག་གཡས་དབང་མཛད་མེ་ཡི་འཁོར་ལོ་དང་།    གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན་ར་སྐྱེས་དམར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་ {{TibChung|[11a]}} བརྒྱན་ཅིང་{{TibChung|ཞེས་བསྒྱུར།  སྤྱན་འདྲེན་སྐབས།}} ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར།  །{{TibChung|ཞེས་དང་།    བྱོན་སྐྱེམས་སྐབས།  ལག་པ་ཁུ་ཚུར་སྲིན་ལག་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུགས་བཟུང་།    འདོད་གསོལ་སྐབས།}}  བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ   {{TibChung|ཞེས་སྦྱར།  དམིགས་པ་ནི།}} འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས་ཁམས་གསུམ་སྲིད་གསུམ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་དཔལ་འབྱོར་དངོས་གྲུབ་ཤེས་རབ་ཡེ་ཤེས་ཐམས་ཅད་དབང་དུ་འདུས་པར་{{TibChung|བསམ།  འདོད་གསོལ་སྐབས།}}  ན་མོ།    རིག་པའི་{{TibChung|སོགས་གོང་ལྟར་ལ།}} བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ།  འགྲོ་བ་ཕོ་མོ།    ཟས་ནོར་ལོངས་སྤྱོད་དྲེགས་ལྡན་མི་དང་མི་མིན་མཐའ་དག་རང་དབང་མེད་པར་ཆོས་བཞིན་དབང་དུ་འདུ་བར་མཛད་དུ་གསོལ།    རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ།    མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་ {{TibChung|[11b]}} པར་དབང་དུ་འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོཿ   {{TibChung|ཞེས་སྦྱར།}}  དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འཆར་ཁའི་ཟེར་ཐག་ལྟ་བུའི་འོད་དམར་འཁོར་འདས་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་{{TibChung|བསམ།  བྱོན་སྐྱེམས་སྐབས།}}  དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་མར་པོའི་རྣམ་པ་ཅན་དང་།  གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ།    ལས་བཅོལ་བའི་ཚེ།}} ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་པ་བཞིས་དབང་དུ་བསྡུ་བའི་ནུས་མཐུ་ལ་མངའ་བརྙེས་པར་{{TibChung|བསམ།  རྗེས་ཆོག་མེ་ལྷའི་བསྲེག་རྫས་འབུལ་སྐབས།}}  ཨོཾ་པ་ཝཱ་ཀ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་ཞིང་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་དབང་དུ་འདུ་བར་གྱུར་ཅིག་ཝཱ་ཤཾ་ཀུ་རུ་ཧོཿ     {{TibChung|ཞེས་བརྗོད།  བྲོ་བརྡུང་ {{TibChung|[12a]}} སྐབས་ཆགས་པའི་སེམས་ཀྱིས་བྲོ་ར་ཟླ་གམ་དུ་བསྐོར་ལ་ལས་བྱང་ལྟར་བྲོ་བརྡུང་།    ཐབ་ཀྱི་མེ་རང་ཞིའམ་ཆང་གིས་གཞིལ་ཏེ་ཐལ་སོལ་རི་རྩེར་རླུང་ལ་ཕྱར་བའམ།  ཆུ་ཆེན་དུ་བསྐྱལ་ལོ།།  །།}} ༈{{TibChung|  །བཞི་པ་དྲག་པོའི་སྲེག་བླུགས་ལ།  དྲག་པོའི་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་རིམ་པ་གསུམ་གྱི་རྣམ་པ་ལྟེ་བར་ཆོས་འབྱུང་མཐིང་ནག་རཾ་ཡིག་གིས་མཚན་པ་བྲིས།  དཀར་པོ་ལ་སོགས་པའི་ཚོན་སེལ་གྱི་མ་གོས་པར་དུག་ཤིང་ལ་དུག་ཁྲག་གིས་བྲན་པའི་ཧོམ་གྲུ་གསུམ་དུ་བརྩིགས།  ཚེར་མ་ཅན་གྱི་ཤིང་ལ་ཚ་བ་གསུམ་གྱིས་བྲན་པའི་ཡམ་ཤིང་དང་།    མར་ནག་ཚིལ་ཞུན་གྱིས་སྦགས་པ།  དགྲ་བགེགས་མིང་རུས་བླ་དྭགས་དང་བཅས་པའི་ལིངྒ་གྲངས་ལྡན།    དྲག་པོའི་རྫས་ལྕགས་ཟངས་རྡོ་ཕྱེ།    ཤ་སྣ་དུག་དང་བསྲེས་པའི་རིལ་བུ།  མར་ནག་རྨེ་ནལ་གྱི་ཁྲག་གིས་སྦགས་པ།    ཏིལ་དང་ཡུངས་ཀར།    ཚ་བ་གསུམ།    ཟག་རྫས་བག་ཕྱེ་དང་བསྲེས་པའི་རིལ་བུ་བཅས་རྫས་རྣམས་ལྕགས་སམ་ཐོད་སྣོད་དུ་རིམ་པར་བཀོད།    འབྲུ་ནག་དང་ཁྲག་སྐྱེམས་སྦྱར་བའི་དྲག་པོའི་གཏོར་མ་གྲུ་གསུམ་དཔལ་ཅན།    ཁྲག་གི་མཆོད་ཡོན།  དབང་པོའི་མེ་ཏོག་སོགས་དྲག་པོའི་ཉེར་སྤྱོདང་།    སློབ་དཔོན་ཆས་གོས་ནག་པོ་དང་ལྡན་པས་གཏུམ་པའི་སེམས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད།  མཆོད་རྫས་བྱིན་རླབས་སྐབས།}}  སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འབྱུང་བར་གྱུར།  ཨོཾ་བཛྲ་ཨརྒྷཾ་ནས།  ཤཔྡ{{TibChung|འི་ {{TibChung|[12b]}} བར་དང་།  སྨན་རཀ་གཏོར་སྔགས་སྦྱར་བས་བྱིན་བརླབ།  བསྲེག་རྫས་རྣམས་བསང་སྦྱང་།}}    སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ནྲྀ་ལས་བྱུང་བའི་དགྲ་བགེགས་ཀྱི་ཤ་ཁྲག་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའི་ཁམསགང་བར་གྱུར།  {{TibChung|རྩ་སྔགས་མཐར།}} ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛཿཛཿ  {{TibChung|ཞེས་བྱིན་བརླབ།  མེ་ཐབ་བསང་སྦྱང་།}} སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་གྲུ་གསུམ་མཐིང་ནག་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ར་སྐྱེས་ཁམ་པ་ལ་གནས་པའི་ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་གྱི་ཚུལ་ཅན་འཇིགས་སུ་རུང་བ།    གཡས་དྲག་པོའི་མེ་ཧོམ་དང་གཡོན་རིལ་པ་སྤྱི་བླུགས་འཛིན་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན།  {{TibChung|ཞེས་སྦྱར།    སྤྱན་འདྲེན་སྐབས།}}  དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར།  {{TibChung|ཞེས་དང་།  བྱོན་སྐྱེམས་སྐབས།}}    མེ་ལྷའི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རྃ་དང་།    དགང་བླུགས་ཀྱི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་{{TibChung|བསམ་པ་དང་།    དགང་བླུགས་ཁྲོ་བོའི་ཁ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་།}}  ཨོཾ་ཨགྣེ་ཡེ་དཱེ་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱེ་ཝ་ཧ་ན་ཡ།  བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་ {{TibChung|[13a]}} གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་{{TibChung|ཆེ་གེ་མོ་}} བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད།  {{TibChung|ཅེས་ལན་གསུམ་གྱིས་ཕུལ་ལ།}} ན་མོ།    རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་།  མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་སྒྲུབ་ཏུ་གསོལ།  {{TibChung|ཞེས་བརྗོད།  ཡམ་ཤིང་།}} ཨགྷ་ཡེ་བདག་ཅག་དཔོན་སློབ་{{TibChung|སོགས་ནས།}} མཱ་ར་ཡ་རྦད།  {{TibChung|ཞེས་དང་།    མར་ཁུ།}} ཨགྣེ་ཡེ་བདག་ཅག་དཔོན་སློབ་{{TibChung|སོགས།  རྫས་གཞན་རྣམས།}} ཨོཾ་ཨགྣེ་ཀྲོ་དྷ་ཡ་དགྲ་བགེགས་ཤ་ཏྲུན་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ།  བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་བླ་ཚེ་སྲོག་དབུགས་ལོངས་སྤྱོད་མངའ་ཐང་དང་བཅས་པ་ལྷག་མ་མེད་པར་བཞེས་ལ་མིང་ཙམ་མེད་པར་ཐལ་བར་བརླག་པར་མཛོད་ཅིག  །{{TibChung|ཅེས་རྫས་རྣམས་གྲངས་ཚང་བར་འབུལ།  འདོད་གསོལ་སྐབས།}} ན་མོ།  རིག་པའི་རྒྱལ་པོ་ཁྱེད་ཀྱི་བསྲེག་རྫས་ལྷའི་ཞལ་ད་འབུལ་བ་དང་།    མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་ {{TibChung|[13b]}} འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་རྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ།  {{TibChung|ཅེས་ཕྲིན་ལས་གསོལ།  འདས་པའི་སྐབས།}} ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་{{TibChung|བསམ།    བྱོན་ཟན་ནི།}}  ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རྃ་དང་།    དགང་བླུགས་ཀྱི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པར་{{TibChung|བསམ་ལ།    མར་ཁུ་རྩ་སྔགས་བདུན་གྱིས་དགང་ཤིང་།}} ཨགྣེ་ཡེ་དཱི་བྱ་{{TibChung|སོགས་ནས།}}  མཱ་ར་ཡ་རྦད།  {{TibChung|ཅེས་པའི་བར་འཇིག་རྟེན་པའི་སྐབས་བཞིན་འབུལ།  དེ་ནས་དམིགས་བྱའི་རཱུ་པ་སོགས་རྫས་རྣམས་ལ་འགུག་གཞུག་ལན་གསུམ་སོགས་དང་། }} ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔  {{TibChung|སོགས་ལས་གཞུང་ལྟར་བརྗོད་ལ་ཁ་སྦྱོར་དབྱེ་བའི་སྦྱོར་བ་བྱ།}} ཧཱུྃ།  ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།  །དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་།  །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི།  །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཞལ་དུ་འབུལ།    །བཞེས་ནས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།  །{{TibChung|རྩ་སྔགས་ཀྱི་མཐར་}} གནོད་བྱེད་དགྲ་བགེགས་བྱད་མའི་ཙིཏྟ་ཛྭ་ལ་རཾ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ་ཛྭ་ལ་རཾ་ཁཱ་ཧི༔    {{TibChung|ཞེས་རྫས་རྣམས་འབུལ།  གྲངས་ {{TibChung|[14a]}} རྗོགས་པ་ན།}} ན་མོ།  རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་{{TibChung|སོགས་སྤེལ་ཚིག་གོང་ལྟར་བྱ།  ཚུལ་དེས་གཙོ་འཁོར་གྱི་གྲངས་རྫོགས་པར་ཕུལ་བའི་མཐར་གོས་ཟུང་དང་སོ་རྩི་འབུལ་བ་ནས་བརྩམ་གཤེགས་སུ་གསོལ་བའི་བར་གོང་བཞིན་བྱ།    རྗེས་ཆོག་མེ་ལྷའི་བསྲེག་རྫས་སྐབས།}} ཨོཾ་པ་ཝཱ་ཀཱ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་སྟེ་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་མཱ་ར་ཡ་རྦད།  {{TibChung|ཅེས་པས་འབུལ།    བྲོ་བརྡུང་སྐབས་ཁྲོས་པའི་སེམས་ཀྱིས་བྲོ་ར་གྲུ་གསུམ་དུ་བསྐོར་ལ།}} རྣམ་ཐར་གསུམ་ལྡན་ཨེ་ཀློང་དུ༔    {{TibChung|སོགས་གཞུང་ལྟར་བྲོ་བརྡུང་།  བདག་བསྐྱེད་དཀྱིལ་འཁོར་གྱི་མཇུག་བསྡུ།    བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐར་དབྱུང་།  ཐལ་སོལ་འགུག་གཞུག་དང་གནས་མི་ལྡང་བའི་ཕྱིར་མནན་པར་བྱ།  དེ་ལྟར་སྲེག་བླུགས་ཀྱི་བྱ་བ་འདི་དག་སྤྲོས་པ་མེད་པའི་རྣལ་འབྱོར་ལ་གཞོལ་བར་འདོད་པ་རྣམས་ཀྱིས་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོའི་མེས་སྦྱངས་ཏེ་ཕུང་ཁམས་ཀྱི་ལྷ་ཐམས་ཅད་མཉེས་པར་བསམ་པ་དང་།    ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་སུ་ཆགས་པའི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་སྟེ་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཉེས་པར་བསམ་པ་དང་།  སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ།    བདེ་ཆེན་བྱང་ཆུབ་སེམས་ཀྱི་མེས་ཐབས་ཤེས་ {{TibChung|[14b]}} ཟུང་འཇུག་གི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས།  སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རོ་མཉམ་དུ་འགྱུར་བའི་གནས་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ།  །འདིར་འབད་དགེ་བ་གང་མཆིས་བས།    བདག་དང་མཐའ་ཡས་སེམས་ཅན་ཀུན།  །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་།    སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག  །ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་དོ་གལ་ཆེན་པོས་བསྐུལ་བ་བཞིན།  བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག  །སརྦ་མངྒ་ལཾ།།  །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 09:20, 4 September 2025

Wylie title pad+ma gsang ba'i thig le las phrin las rnam pa bzhi myur du sgrub pa'i sreg blugs kyi cho ga sna tshogs nor bu'i bang mdzod DJYD-KABUM-24-YA-017.pdf
Location bdud 'joms rin po che bka' 'bum
Volume 24, Text 17, Pages 175-202 (Folios 1a1 to 14b3)
Author རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
Citation Rje drung phrin las byams pa 'byung gnas. Pad+ma gsang ba'i thig le las phrin las rnam pa bzhi myur du sgrub pa'i sreg blugs kyi cho ga sna tshogs nor bu'i bang mdzod. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 175-202. Kalimpong: Dupjung Lama, 1979-1985.
Side notes Recto: sbyin sreg   Verso: pad+ma gsang thig
More details More details
Tertön རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas)
Genre Fire Offerings - sbyin sreg
Cycle པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le)
Colophon

།ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་དོ་གལ་ཆེན་པོས་བསྐུལ་བ་བཞིན། བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

zhes pa'ang mdo smad gser thar dung dkar dgon gyi mchog sprul nas do gal chen pos bskul ba bzhin/___bdud 'joms nam mkha'i rdo rjes bris pa las bzhi'i phrin las lhun gyis grub pa'i rgyur gyur cig___/sarba mang+ga laM//

[edit]
༄༅། །པདྨ་གསང་བའི་ཐིག་ལེ་ལས། ཕྲིན་ལས་རྣམ་པ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུགས་ཀྱི་ཆོ་ག་སྣ་ཚོགས་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་པདྨ་ཀཱ་ར་ཡ། ཡེ་ཤེས་འབར་བའི་མེ་ལྕེ་ཡིས། །འཁྲུལ་རྟོག་ཚང་ཚིང་སྲེག་མཛད་ཅིང་། །ཚོགས་གཉིས་སྣང་བ་རྒྱས་མཛད་པའི། །འཆི་མེད་དཀྱིལ་འཁོར་ལྷ་ལ་འདུད། །དེ་མཉེས་བྱེད་པའི་ཐབས་ཀྱི་སྒོ། །མྱུར་མགྱོགས་ཁྱད་པར་འཕགས་པའི་ལམ། །ཕྲིན་ལས་རྣམ་བཞིའི་འགྱུར་བ་ཅན། །ནོར་བུ་སྣ་ཚོགས་མདོག་ཅན་སྤེལ། །དེ་ཡང་པདྨ་ཟབ་པ་རྩ་བའི་རྒྱུད་ལས། །ཕན་འདོགས་ཚར་གཅོད་ལ་སོགས་པ༔ ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔ ཞི་བ་དཀར་སོགས་ཤར་བལྟས་དང་༔ ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ སྲེག་བླུགས་འབུལ་ལ་ལྷ་ཚོགས་བསྐྱེད༔ འཇིག་རྟེན་པ་དང་འདས་པ་ལ༔ དེ་བཞིན་རྒྱས་དབང་དྲག་པོར་འབུལ༔ ལས་ [2a] འགྲུབ་མེ་ཡི་སྦྱོར་བའོ༔ ཞེས་གསུངས་པ་ལྟར་ལག་ཏུ་བླངས་པ་ལ། གང་དུ་བྱ་བའི་གཞིར། ས་གླུད་གཏོར་མ་གསེར་སྐྱེམས་ཉེར་སྤྱོད་སོགས་བཤམས་ལ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། མཆོད་གཏོར་རྣམས་ལས་ཆུས་བྲན། ཧྱ་གྲཱི་ཝས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨ་ཀཱ་རོ་མུ་ཁཾ་གིས་བསྔོས་ལ། ཀྱཻ། དགོངས་ཤིག་ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་། །གནས་དང་ [2b] ཡུལ་གྱི་བདག་པོར་གྱུར་པ་ཀུན། །རིན་ཆེན་ས་གླུད་མཆོད་གཏོར་འདི་བཞེསལ། །བདག་གི་གནས་འདིར་བྱང་ཆུབ་སྒྲུབ་པ་ལ། །ཀོ་ལོང་རུང་ཕྲག་དོག་མ་མཛད་པར། །རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ། །རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་མཆོད་གཏོར་གཙང་སར་གཤེགས། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་བལྟས་ལ། སྭ་བྷཱ་ཝའི་སྔགས་ལན་གསུམ་བརྗོད་ཅིང་དེ་ཉིད་ཀྱི་དོན་བསམ་པས་ས་གཞི་དྲི་མ་མེད་པར་སྦྱང་ངོ་། །དེ་ལ་ཐོག་མར་ཞི་བ་ལས་ཐམས་ཅད་པའི་སྲེག་བླུགས་ལ་སྦྱོར་བ་དང་། དངོས་གཞི་གཉིས། དང་པོ་ནི། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ། དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་དང་མཐུན་པར་གདབ། དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱི་རོལ་དུ། སོར་བཞིའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ། ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཟླུམ་བསྐོར་ཐ་མར་མེ་རི་དང་། ཕྱི་མཐར་རྡོ་རྗེའི་ཕྲེང་བ་དང་བཅས་པ་ནག་པོ་སོགས་ཚོན་སེལ་གྱིས་མ་གོས་པར་བྲིས། སྲོག་ཆགས་མེད་པའི་བའི་ལྕི་བ་སྐམ་པོ་ཟླུམ་པོར་བརྩེགས་ལ་དཀར་པོའི་དར་གྱིས་བཀབ་སྟེ། མེ་ཏོག་དང་འབྲུ་དཀར་པོ་ལས་བཅོས་པའི་གཏོར་མ་དཀར་ཟླུམ་པད་འདབ་ཅན། ཤེལ་སོགས་རིན་པོ་ཆེའི་རིགས་ཁ་དོག་དཀར་པོ་དང་། [3a] སྡིག་པ་ཞི་བ་ལ་ཏིལ་སོགས་ཁྱད་པར་གྱི་རྫས་གང་མང་བསགས། འོ་མ་ཅན་གྱི་ཤིང་ཁྲུ་གང་གི་ཚད་དུ་ལོངས་པའི་ཡམ་ཤིང་། སྣོད་ཀྱང་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ། ཚེས་གྲངས་ཡར་ངོ་ལྟ་བུ་དང་། སྒྲུབ་པ་པོ་ཆས་གོས་དཀར་པོ་ཞི་བའི་སེམས་དང་ལྡན་པས་བཟང་པོའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་ལ། གཡས་གཡོན་དུ་མཆོད་བསྲེག་གི་རྫས། དགང་གཟར་བླུགས། མར་ཁུ། མེ་ཡོལ། རྡོ་རྗེ་དྲིལ་བུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ། །དེ་ནས་སྦྱོར་བ་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སོང་ནས། རང་ ་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན། མཱུཾ་ལས་དྲིལ་བུ་ཤེས་རབ་ཀྱི་ངོ་བོ། གཉིས་ཀའང་དོན་དམ་པར་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །ཞེས་བསམ་ལ་རྡོ་རྗེ་གསོར་ལ་དྲིལ་བུ་དཀྲོལ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་བརྗོད་ལ་བྱིན་བརླབ། དགང་བླུགས་བསང་སྦྱང་། སྟོང་པའི་ངང་ལས་དགང་བླུགས་ཐབས་དང་ཤེས་རབ་ཀྱི་རང་བཞིན་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་པར་བསམ། མཆོད་བསྲེག་གི་རྫས་རྣམས་བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། ། [3b] དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛོ་བོ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཞེས་ལན་གསུམ་རེས་བྱིན་བརླབ། བསྲེག་རྫས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཤུ་རུ་ཤུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བི་མ་ལ་ཨ་གྣེ་ཡེ་སྭཱ་ཧཱ། ཞེས་སོགས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་བགེགས་གཏོར། རྃ་ཡྃ་ཁྃ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཨོཾ་སརྦ་དི་གྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་སྔགས་རྒྱ་དང་བཅས་པས་བསྔོས། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ སོགས་ཀྱིས་བགེགས་གཏོར་བསྔོ་ཞིང་མཚམས་བཅད། དེ་ནས་རྩུབ་ཤིངངམ་དགོན་པ་ལས་བྱུང་བའི་དུ་བ་མེད་པའི་ [4a] མེ་སྦར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་ཏེ་མར་ཁུས་ཀྱང་གསོའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན་ཏེ། ཧྱ་གྲཱི་ཝས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་གེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ་ཀུ་ཤ་གཉིས་གཉིས་ཀྱི་རྩེ་མོ་གཤིབས་པ་བདག་སྒྲུབ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ། །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་དོག་དཀར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་གཡས་སུ་འབར་བའི་ཀློང་དུ་པྃ་ལས་པདྨ་དང་། མ་ལས་ཉི་མའི་དཀྱིལ་འཁོར་ [4b] གྱི་དབུས་སུ་རྃ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་གཡས་མེ་ཡི་འཁོར་ལོ་དང་། གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་མཐེ་བོང་གཡས་ལ། ཨོཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར། །དྲང་སྲོང་ཆེན་པོ་ད་ཚུར་ཤོག །ཆིབས་པ་ར་སྐྱེས་ཁམ་པ་ཆིབས། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་སེ་ཧྱེ་ཧི་བྷ་ག་ཝན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་སྔགས་བརྗོད་ཅིང་ལས་ཆུས་བྲན་ཏེ་ཕྱིར་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བྃ་ཧོཿ ས་དམ་ཡེ་དབྱེར་མེད་དུ་བསྟིམ། བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་གདན་ལ་བཞུགས། ཨོཾ་སྭ་བྷཱ་ [5a] ཝ་ཤུདྡྷ་སྭཱ་ཧཱ། ཞེས་པས་མཆོད་ཡོན་སྦྲེང་། ཨ་ཏི་པཱུ་ཧོཿ ས་ཕྱག་འཚལ། ཨོཾ། ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན། །དཔག་མེད་ནམ་མཁའ་གང་བའི་ཚོགས། །མེ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཕྲིན་ལས་སྒྲུབ་ཏུ་གསོལ། །ཨོཾ་བཛྲ་ཨརྒྷ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤཔྡའི་བར་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་མཛད་མེ་ལྷ་ཉིད་ལ་འདུད། །ཅེས་པས་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར། ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ། ཞེས་པས་དུང་ཤེལ་སོགས་རིན་རིན་པོ་ཆེའི་རྒྱན་ཕུལ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ། ཨོཾ་བི་མ་ལ་ཨ་གྷེ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་མར་ཁུས་ལན་བདུན་བཀང་སྟེ་པུས་མོའི་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་པ་བཱ་ཀ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་ [5b] མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེས་མཚོན་ཏེ་རྫས་གཞན་ལ། ཡམ་ཤིང་། ཨོཾ་བེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྲ་གྷསྨ་རི་རི་ཡེ་སྭཱཧཱ། དུརྦ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་པ་ཛྲ་ཡ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པཱུ་ལེ་མ་ཧཱ་ད་རི་བི་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་ཀྱི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་གོང་གི་སྤེལ་ཚིག་བརྗོད་ལ་གྲངས་ཇི་ལྟར་རིག་པ་འབུལ། དེ་དག་གི་སྐབས་སུ། བསྲེག་རྫས་བདུད་རྩིའི་རྒྱུན་ཕུལ་བ་མེ་ལྷས་བཞེས་ཏེ། སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། ཡང་འོད་ཟེར་བདུད་རྩིའི་རྒྱུན་ཅན་གྱིས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །མཐར་དགང་བླུགས་ལན་གསུམ་དང་། ཨ་ [6a] ཀཱ་རོའི་སྔགས་ཀྱིས་གཏོར་མ་བསྔོས། སྐབས་འདིར་དངོས་སུ་མི་འབུལ། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །འདོད་པ་ཐམས་ཅད་སྟེར་མཛད་པ། །བདག་གཞན་དོན་གཉིས་བརྩོན་ལ་བཞུགས། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། །དམ་བཅས་བཞིན་དུ་མེ་ཡི་ལས། །ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་ཐལ་མོ་སྦྱར་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་བྱད་ཕུར། རྦོད་གཏོང་། ཆག་ཆེ། ཉམ་ང་། དགྲ་རྐུན། བྱད་མ། བསམ་ངན་སྦྱོར་རྩུབ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལས་བཅོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ངོ་། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མི་འབྲེལ་བ་དང་། འབྲེལ་བའོ། །དང་པོ་ནི་བུད་ཤིང་ཅུང་ཟད་ཁ་གསོས། ཐབ་ལས་ཆུས་བསང་། དམ་ཚིག་མེ་ལྷའི་ལྷོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ [6a] གསལ་ལ་རྫོགས་པ་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་བསམ་ལ། ཨཱཿ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སོགས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་སོང་ནས། འོག་གི་བྱོན་སྐྱེམས་ནས་བརྩམས་སྲེག་བླུགས་རྫོགས་པར་འབུལ། གལ་ཏེ་སྒྲུབ་མཆོད་དང་འབྲེལ་ན། བུད་ཤིང་ཁ་གསོས་ལ། ཧཱུྃ། རིག་པའི་རྒྱལ་པོ་མེ་ལྷ་ཡི༔ ཐུགས་ཀ་འབྱམས་ཀླས་ཆོས་དབྱིངས་སུ༔ སྣོད་བཅུད་དངོས་འཛིན་དག་པའི་དབུས༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨར་བཅས༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ། དེ་ནས་སྤྱན་འདྲེན་པ་ནི། དབྱངས་དང་རོལ་མོ་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ནས། ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་སྒྲུབ་དཀྱིལ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་པར་བསམ་ལ་གཙོ་འཁོར་གྱི་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པ་སྤྱན་དྲངས་ཏེ་སྔགས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན། ཞེས་སྤྱན་དྲངས་པ་སླར་ཡང་གསལ་གདབ་པའི་ཚུལ་གྱིས། ཧཱུྃ། བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་གྱི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ ཧྲཱིཿཡིག་དཀར་པོ་ཡོངས་གྱུར་ [7a] པའི༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང་། སོགས་ནས། དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ ཞེས་པས་གསལ་གདབ། དེ་ནས་ལས་བྱང་ལྟར་བཞུགས་གསོལ་མཆོད་བསྟོད་དང་བཅས་པ་སོང་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ་བསྲེག་རྫས་འབུལ་བ་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །འཆི་མེད་ཚེ་ལྷའི་དཀྱིལ་འཁོར་ལྷ་ལ་འབུལ། །ཞི་བ་འཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། རྩ་སྔགས་ལ་གོང་ལྟར་འདོད་གསོལ་དང་བཅས་པ་སྦྱར་ཏེ་བྱོན་སྐྱེམས་ནས་བརྩམ་རྫས་རྣམས་རྫོགས་པར་ཕུལ། རྫས་རྣམས་རྫོགས་པའི་སྐབས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ལ། སླར་ཡང་ [7b] དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་ཝསྟར་ཡེ་སྭཱ་ཧཱས་གོས་གསར་པ་དང་། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་འབུལ། སྔགས་ཙམ་གྱིས་ཉེར་སྤྱོད་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པ་འབུལ། ཧཱུྃ༔ མ་བཅོས་སྤྲོས་བྲལ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། སྒྲུབ་མཆོད་དང་མི་འབྲེལ་ཚེ། ཨོཾ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱི་གཤེགས་གསོལ་བྱ། འབྲེལ་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་ལ་ཐིམ་པར་བསམ་ལ་བཀུར་སྟི་དང་བཅས་ཏེ་ཚོམ་བུ་དཀྱིལ་འཁོར་རང་གནས་སུ་སྤྱན་དྲངས་ཏེ་སྟིམ། གསུམ་པ་རྗེས་ཀྱི་བྱ་བ་ལ། འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པ་སླར་ཡང་གསལ་བར་བསམ་ལ་བྱོན་སྐྱེམས་བཞིན་དགང་བླུགས་ཕུལ། བསྲེག་རྫས་སོ་སོའི་སྔགས་མཐར། ཨོཾ་པ་ཝཱ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་། རྫས་དང་ཡོ་བྱད་མ་ཚང་བ། ཏིང་ངེ་འཛིན་མ་གསལ་བ། ཆོ་ག་ལྷག་ཆད་དུ་གྱུར་པ་སོགས་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། གོས་ཟུང་སོ་རྩི་སྔགས་དང་བཅས་ཕུལ། ཨོཾ་བཛྲ་པུཥྤེ་ནས། ཤཔྡའི་བར་གྱིས་ [8a] མཆོད་ཅིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །སོགས་ཀྱིས་བསྟོད། ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབ། །ཨོཾ་བཛྲ་མུཿ ཞེས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པའི་མེ་ལྷ་རང་གི་སྙིང་ཁར་ཐིམ་པར་བསམ། ལས་མཇུག་བྲོ་ཡིས་བརྡུང་བ་ནི། བྲོ་ར་ཟླུམ་པོར་བསྐོར་ལ་ཞི་བའི་སེམས་ཀྱིས། རྣམ་ཐར་གསུམ་ལྡན་ཨེ་ཀློང་དུ༔ སོགས་ནས། སྟྭམྦྷ་ཡ་ནན༔ ཞེས་པས་བྲོ་བརྡུང་། དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་འོ་ཆབ་ཀྱིས་གཞིལ་ཏེ་ཐལ་སོལ་ཆུ་བོ་ཆེན་པོར་དོར་བར་བྱའོ།། །། །གཉིས་པ་རྒྱས་པ་ལས་ཐམས་ཅད་པའི་སྲེག་བླུགས་ནི། ཐབ་དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པའི་དབུས་ནས་ལོགས་ངོས་ཁྲུ་རེས་གཞལ་བའི་སར་གྲུ་བཞིར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ [8b] ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པའམ་ཡང་ན་རིན་ཆེན་རྐྱང་པས་བས་ཀྱང་རུང་། མུ་རན་ལ་མེ་རི་སེར་པོ་གཡས་བསྐོར། དེའི་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲིས། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གམ་ཚོན་ཇི་ལྟར་རིག་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པ་གུར་གུམ་གྱི་ཆབ་ཀྱིས་བྲན་པ་གྲུ་བཞིར་བརྩེགས། མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུམ་སོགས་ལས་བཅོས་པའི་གཏོར་མ་གྲུ་བཞི་པད་འདབ་ཅན། འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་བ་མངར་གསུམ་དང་། མར་ཁུས་སྦགས་པ། ཤིང་ཏོག་དང་མེ་ཏོག་རིན་པོ་ཆེ་སེར་པོ། ཁྱད་པར་དུ་ཚེ་འཕེལ་བ་ལ་དུརྦ་སོགས་གང་གཙོ་བོར་བྱེད་པའི་རྫས་མང་དུ་བསགས། སྣོད་ཀྱང་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཚེས་བརྒྱད་དང་བཅོ་ལྔ་སོགས་སྔ་དྲོའི་ཆ་ལ་སློབ་དཔོན་ཆས་གོས་སེར་པོ་དང་བཅས་བཟང་པོའི་འདུག་སྟངས་ཀྱིས་ཁ་བྱང་དུ་བལྟས་པས་འཁོད་ལ་ལས་རིམ་ལ་འཇུག །གོང་གི་ཚིག་རིས་ཞི་བ་དང་དཀར་པོ་སོགས་ལ། རྒྱས་མཛད་དང་། སེར་གསལ་སོགས་སུ་ཁ་བསྒྱུར། རྒྱལ་རིགས་ཀྱི་ཁྱིམ་དང་རྩུབ་ཤིང་ལས་བྱུང་བའི་མེ་སྦར། ཐབ་བསང་སྦྱར། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་མཚན་ཉིད་ [9a] ཡོངས་སུ་རྫོགས་པའི་དབུས་སུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་ཀློང་དུ་རྒྱས་པའི་མེ་ལྷ་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ལྡན་ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་དང་། གཡོན་ན་རིལ་པ་སྤྱི་བླུགས་འཛིན་པ། དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་སེར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅིང་སོགས་དང་། སྤྱན་འདྲེན་སྐབས། མི་མཐུན་འཇིགས་བརྒྱད་མལ་དུ། ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར། །ཞེས་སྦྱར། བྱོན་སྐྱེམས་སྐབས། རིན་པོ་ཆེའི་ཁུར་གྱིས་དགང་བླུགས་བཟུང་། འདོད་གསོལ་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། དམིགས་པ་ནི། བསྲེག་རྫས་ཕུལ་བས་མེ་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་མ་ལྟ་བུ་འཕྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་། ནོར་བུའི་ཆར་བབས་ཏེ་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་ [9b] དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ལོངས་སྤྱོད་འཁོར་འབངས་མངའ་རིས་ཆོས་སྲིད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུའང་མཁྱེན་བརྩེ་ནུས་མཐུ་ཉམས་རྟོགས་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མ་ལུས་པ་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་ [10a] པས་ལུས་དང་ཁྱིམ་གང་། ཚེ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། རྗེས་ཆོག་མེ་ལྷའི་བསྲེག་རྫས་མཐར། ཨོཾ་པ་ཝཱ་ཀ་ཨགྷ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། ཞེས་འབུལ། བྲོ་བརྡུང་སྐབས་རྒྱས་པའི་སེམས་དང་བྲོ་ར་གྲུ་བཞིར་བཅས་ལ་ལས་གཞུང་ལྟར་བྲོ་བརྡུང་། མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སལ་བང་མཛོད་དུ་སྦའོ།། །། །གསུམ་པ་དབང་གི་སྦྱིན་སྲེག་ནི། སྟེགས་བུ་མྱོས་བྱེད་དང་ཆོས་སྨན་གྱི་བྱུགས་ཤིང་སིནྡྷུ་ར་བརྡལ་བའི་སྟེང་དུ། དབུས་སུ་ཟླ་གམ་རྒྱར་མཐོ་དོ། སྲིད་དུ་ཁྲུ་གང་བ། པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ། དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དང་དམར་པོ་གཡོན་བསྐོར་དང་། མེ་ཏོག་དམར་པོ་ལྕགས་ཀྱུ་ཕྲེང་བ་ཟུར་ལའང་དེ་ལྟར་བྲི། དམར་པོའི་གཞི་ལ་དེ་དང་མི་ཟློས་པའི་དམར་སེར་ལྟ་བུས་བཅད། ཁ་དོག་མི་མཐུན་པའི་ཚོན་སེལ་མི་རྒྱག་པ་འདི་གནད་དུ་ཆེའོ། །དེ་སྟེང་ཁ་དོག་དམར་པོའི་ཤིང་ཁྲུ་གང་བ་མྱོས་བྱེད་ཀྱི་བྲན་པ་ཟླ་གམ་དུ་བརྩིགས། བུ་རམ་དང་འབྲས་དམར་རམ་བུའི་ཕྱེ་མ་སོགས་མར་ལ་བསྲེས་པའི་དབང་གི་གཏོར་མ་དམར་པོ་དབྱིབས་ཟླ་གམ་པད་འདབ་ལྔ་པ། སྨན་རཀ ཏིལ་མར་གྱི་མར་ཁུ། ཙནྡན་དམར་པོ་སོགས་སྐྱུར་བའི་ [10b] ཤིང་སྡོང་སོར་ལྔ་པའམ་གསུམ་པ་བུ་རམ་དབང་མར་ཁུས་རྩེ་མོ་དང་། སིནྡྷུ་དང་མཚལ་གྱིས་རྩ་བ་བྱུགས་པ། ཤིང་ཐོག་དམར་པོ་དང་། དར་དམར། ཁྱད་པར་གྱི་རྫས་མེ་ཏོག་དམར་པོ། མངར་གསུམ། རཀྟ་སོ་ལྔ། བྱི་རུ་སོགས་རིན་པོ་ཆེ་དམར་པོ། སྣོད་སྤྱད་རྣམས་དབྱིབས་ཟླ་གམ་དང་ཁ་དོག་དམར་པོ། དུས་དམར་ཕྱོགས་ཀྱི་ཚེས་བཅུ་སོགས་དགོང་མོའི་ཆར། སློབ་དཔོན་ཆས་གོས་དམར་པོ་ཆགས་པའི་སེམས་དང་ལྡན་པས་ཕྱེད་སྐྱིལ་གྱིས་ཁ་ནུབ་ཏུ་ཕྱོགས་པས་འཁོད། འདོན་བྱ་ཞི་བ་དང་དཀར་པོ་སོགས། དབང་དང་དམར་པོ། དབང་མཛད་དང་དམར་གསལ་སོགས་བསྒྱུར་རོ། །རོལ་མོ་མཁན་དང་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེ་སྦར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་དབང་དབང་གི་ཐབ་ཁུང་ཁ་དོག་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ། པདྨ་དམར་པོའི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་ཟུར་བཞིར་མེ་ཏོག་དམར་པོ་ལྕགས་ཀྱུས་མཚན་པ་དྭངས་གསལ་འོད་ཟེར་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་དབང་གི་མེ་ལྷ་དམར་པོ་ཆགས་པའི་ཉམས་ཅན་ཕྱག་གཡས་དབང་མཛད་མེ་ཡི་འཁོར་ལོ་དང་། གཡོན་རིལ་པ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན་ར་སྐྱེས་དམར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་ [11a] བརྒྱན་ཅིང་ཞེས་བསྒྱུར། སྤྱན་འདྲེན་སྐབས། ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར། །ཞེས་དང་། བྱོན་སྐྱེམས་སྐབས། ལག་པ་ཁུ་ཚུར་སྲིན་ལག་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུགས་བཟུང་། འདོད་གསོལ་སྐབས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། དམིགས་པ་ནི། འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས་ཁམས་གསུམ་སྲིད་གསུམ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་དཔལ་འབྱོར་དངོས་གྲུབ་ཤེས་རབ་ཡེ་ཤེས་ཐམས་ཅད་དབང་དུ་འདུས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་སོགས་གོང་ལྟར་ལ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ། འགྲོ་བ་ཕོ་མོ། ཟས་ནོར་ལོངས་སྤྱོད་དྲེགས་ལྡན་མི་དང་མི་མིན་མཐའ་དག་རང་དབང་མེད་པར་ཆོས་བཞིན་དབང་དུ་འདུ་བར་མཛད་དུ་གསོལ། རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་ [11b] པར་དབང་དུ་འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འཆར་ཁའི་ཟེར་ཐག་ལྟ་བུའི་འོད་དམར་འཁོར་འདས་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་མར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ། ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་པ་བཞིས་དབང་དུ་བསྡུ་བའི་ནུས་མཐུ་ལ་མངའ་བརྙེས་པར་བསམ། རྗེས་ཆོག་མེ་ལྷའི་བསྲེག་རྫས་འབུལ་སྐབས། ཨོཾ་པ་ཝཱ་ཀ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་ཞིང་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་དབང་དུ་འདུ་བར་གྱུར་ཅིག་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བརྗོད། བྲོ་བརྡུང་ [12a] སྐབས་ཆགས་པའི་སེམས་ཀྱིས་བྲོ་ར་ཟླ་གམ་དུ་བསྐོར་ལ་ལས་བྱང་ལྟར་བྲོ་བརྡུང་། ཐབ་ཀྱི་མེ་རང་ཞིའམ་ཆང་གིས་གཞིལ་ཏེ་ཐལ་སོལ་རི་རྩེར་རླུང་ལ་ཕྱར་བའམ། ཆུ་ཆེན་དུ་བསྐྱལ་ལོ།། །། །བཞི་པ་དྲག་པོའི་སྲེག་བླུགས་ལ། དྲག་པོའི་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་རིམ་པ་གསུམ་གྱི་རྣམ་པ་ལྟེ་བར་ཆོས་འབྱུང་མཐིང་ནག་རཾ་ཡིག་གིས་མཚན་པ་བྲིས། དཀར་པོ་ལ་སོགས་པའི་ཚོན་སེལ་གྱི་མ་གོས་པར་དུག་ཤིང་ལ་དུག་ཁྲག་གིས་བྲན་པའི་ཧོམ་གྲུ་གསུམ་དུ་བརྩིགས། ཚེར་མ་ཅན་གྱི་ཤིང་ལ་ཚ་བ་གསུམ་གྱིས་བྲན་པའི་ཡམ་ཤིང་དང་། མར་ནག་ཚིལ་ཞུན་གྱིས་སྦགས་པ། དགྲ་བགེགས་མིང་རུས་བླ་དྭགས་དང་བཅས་པའི་ལིངྒ་གྲངས་ལྡན། དྲག་པོའི་རྫས་ལྕགས་ཟངས་རྡོ་ཕྱེ། ཤ་སྣ་དུག་དང་བསྲེས་པའི་རིལ་བུ། མར་ནག་རྨེ་ནལ་གྱི་ཁྲག་གིས་སྦགས་པ། ཏིལ་དང་ཡུངས་ཀར། ཚ་བ་གསུམ། ཟག་རྫས་བག་ཕྱེ་དང་བསྲེས་པའི་རིལ་བུ་བཅས་རྫས་རྣམས་ལྕགས་སམ་ཐོད་སྣོད་དུ་རིམ་པར་བཀོད། འབྲུ་ནག་དང་ཁྲག་སྐྱེམས་སྦྱར་བའི་དྲག་པོའི་གཏོར་མ་གྲུ་གསུམ་དཔལ་ཅན། ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག་སོགས་དྲག་པོའི་ཉེར་སྤྱོདང་། སློབ་དཔོན་ཆས་གོས་ནག་པོ་དང་ལྡན་པས་གཏུམ་པའི་སེམས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད། མཆོད་རྫས་བྱིན་རླབས་སྐབས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འབྱུང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡའི་ [12b] བར་དང་། སྨན་རཀ་གཏོར་སྔགས་སྦྱར་བས་བྱིན་བརླབ། བསྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ནྲྀ་ལས་བྱུང་བའི་དགྲ་བགེགས་ཀྱི་ཤ་ཁྲག་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའི་ཁམསགང་བར་གྱུར། རྩ་སྔགས་མཐར། ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛཿཛཿ ཞེས་བྱིན་བརླབ། མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་གྲུ་གསུམ་མཐིང་ནག་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ར་སྐྱེས་ཁམ་པ་ལ་གནས་པའི་ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་གྱི་ཚུལ་ཅན་འཇིགས་སུ་རུང་བ། གཡས་དྲག་པོའི་མེ་ཧོམ་དང་གཡོན་རིལ་པ་སྤྱི་བླུགས་འཛིན་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། ཞེས་སྦྱར། སྤྱན་འདྲེན་སྐབས། དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར། ཞེས་དང་། བྱོན་སྐྱེམས་སྐབས། མེ་ལྷའི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རྃ་དང་། དགང་བླུགས་ཀྱི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་པ་དང་། དགང་བླུགས་ཁྲོ་བོའི་ཁ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣེ་ཡེ་དཱེ་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱེ་ཝ་ཧ་ན་ཡ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་ [13a] གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་ཆེ་གེ་མོ་ བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་སྒྲུབ་ཏུ་གསོལ། ཞེས་བརྗོད། ཡམ་ཤིང་། ཨགྷ་ཡེ་བདག་ཅག་དཔོན་སློབ་སོགས་ནས། མཱ་ར་ཡ་རྦད། ཞེས་དང་། མར་ཁུ། ཨགྣེ་ཡེ་བདག་ཅག་དཔོན་སློབ་སོགས། རྫས་གཞན་རྣམས། ཨོཾ་ཨགྣེ་ཀྲོ་དྷ་ཡ་དགྲ་བགེགས་ཤ་ཏྲུན་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་བླ་ཚེ་སྲོག་དབུགས་ལོངས་སྤྱོད་མངའ་ཐང་དང་བཅས་པ་ལྷག་མ་མེད་པར་བཞེས་ལ་མིང་ཙམ་མེད་པར་ཐལ་བར་བརླག་པར་མཛོད་ཅིག །ཅེས་རྫས་རྣམས་གྲངས་ཚང་བར་འབུལ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱེད་ཀྱི་བསྲེག་རྫས་ལྷའི་ཞལ་ད་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་ [13b] འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་རྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ། ཅེས་ཕྲིན་ལས་གསོལ། འདས་པའི་སྐབས། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་བསམ། བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རྃ་དང་། དགང་བླུགས་ཀྱི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པར་བསམ་ལ། མར་ཁུ་རྩ་སྔགས་བདུན་གྱིས་དགང་ཤིང་། ཨགྣེ་ཡེ་དཱི་བྱ་སོགས་ནས། མཱ་ར་ཡ་རྦད། ཅེས་པའི་བར་འཇིག་རྟེན་པའི་སྐབས་བཞིན་འབུལ། དེ་ནས་དམིགས་བྱའི་རཱུ་པ་སོགས་རྫས་རྣམས་ལ་འགུག་གཞུག་ལན་གསུམ་སོགས་དང་། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ སོགས་ལས་གཞུང་ལྟར་བརྗོད་ལ་ཁ་སྦྱོར་དབྱེ་བའི་སྦྱོར་བ་བྱ། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཞལ་དུ་འབུལ། །བཞེས་ནས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །རྩ་སྔགས་ཀྱི་མཐར་ གནོད་བྱེད་དགྲ་བགེགས་བྱད་མའི་ཙིཏྟ་ཛྭ་ལ་རཾ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ་ཛྭ་ལ་རཾ་ཁཱ་ཧི༔ ཞེས་རྫས་རྣམས་འབུལ། གྲངས་ [14a] རྗོགས་པ་ན། ན་མོ། རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་སོགས་སྤེལ་ཚིག་གོང་ལྟར་བྱ། ཚུལ་དེས་གཙོ་འཁོར་གྱི་གྲངས་རྫོགས་པར་ཕུལ་བའི་མཐར་གོས་ཟུང་དང་སོ་རྩི་འབུལ་བ་ནས་བརྩམ་གཤེགས་སུ་གསོལ་བའི་བར་གོང་བཞིན་བྱ། རྗེས་ཆོག་མེ་ལྷའི་བསྲེག་རྫས་སྐབས། ཨོཾ་པ་ཝཱ་ཀཱ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་སྟེ་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་མཱ་ར་ཡ་རྦད། ཅེས་པས་འབུལ། བྲོ་བརྡུང་སྐབས་ཁྲོས་པའི་སེམས་ཀྱིས་བྲོ་ར་གྲུ་གསུམ་དུ་བསྐོར་ལ། རྣམ་ཐར་གསུམ་ལྡན་ཨེ་ཀློང་དུ༔ སོགས་གཞུང་ལྟར་བྲོ་བརྡུང་། བདག་བསྐྱེད་དཀྱིལ་འཁོར་གྱི་མཇུག་བསྡུ། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐར་དབྱུང་། ཐལ་སོལ་འགུག་གཞུག་དང་གནས་མི་ལྡང་བའི་ཕྱིར་མནན་པར་བྱ། དེ་ལྟར་སྲེག་བླུགས་ཀྱི་བྱ་བ་འདི་དག་སྤྲོས་པ་མེད་པའི་རྣལ་འབྱོར་ལ་གཞོལ་བར་འདོད་པ་རྣམས་ཀྱིས་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོའི་མེས་སྦྱངས་ཏེ་ཕུང་ཁམས་ཀྱི་ལྷ་ཐམས་ཅད་མཉེས་པར་བསམ་པ་དང་། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་སུ་ཆགས་པའི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་སྟེ་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཉེས་པར་བསམ་པ་དང་། སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། བདེ་ཆེན་བྱང་ཆུབ་སེམས་ཀྱི་མེས་ཐབས་ཤེས་ [14b] ཟུང་འཇུག་གི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རོ་མཉམ་དུ་འགྱུར་བའི་གནས་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ། །འདིར་འབད་དགེ་བ་གང་མཆིས་བས། བདག་དང་མཐའ་ཡས་སེམས་ཅན་ཀུན། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་དོ་གལ་ཆེན་པོས་བསྐུལ་བ་བཞིན། བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།