TTDL-ZABTER-01-KA-026: Difference between revisions

From Dudjom Wiki
TTDL-ZABTER-01-KA-026
No edit summary
m (Text replacement - "ཧོཿ" to "ཧོཿ ")
Line 42: Line 42:




ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) བདག་འདྲ་རྗེ་བཙུན་པདྨ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ཡི༔ སྒྲུབ་པ་ཡང་དག་སྙིང་པོ་ཞེས་བྱ་བསྟན༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨ་ང་དང་ལས་འབྲེལ་ལྡན་པ་རྣམས༔ གསང་སྔགས་ཟབ་མོའི་སྒོ་དང་འཕྲད་པའི་ཚེ༔ ཚེ་རབས་གཏན་གྱི་ཟ་མ་ལན་གཅིག་ཡིན༔ ཕུང་འཚེང་ཅི་བྱེད་གང་ཟག་ཁྱོད་ལ་རག༔ ལེ་ལོ་རྣམ་གཡེང་འདུ་འཛི་འདོད་སྲེད་རྣམས༔ དམ་པའི་ཆོས་ཀྱི་ཆོམ་རྐུན་ཆེན་པོ་ཡིན༔ སྙོམས་ལས་ཕྱི་བཤོལ་བདུད་ཀྱི་རྐུན་པོ་ཡིན༔ རྙེད་བཀུར་སྙན་གྲགས་བདུད་ཀྱི་ཇག་པ་ཡིན༔ མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ༔ དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་ལ༔ རང་ཉིད་གཅིག་པུར་སྡོད་པ་ལག་ལེན་གནད༔ ལོ་སྒྲུབ་ཟླ་སྒྲུབ་ཙམ་ལ་ཡུས་མ་འདྲེན༔ ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་དྲིལ་མཛོད༔ མི་ཚེ་སྤྲིན་བར་ཉི་ཞུར་ཙམ་ཞིག་ལ༔ དགོས་དགོས་མཁོ་མཁོའི་འདོད་སྲེད་མ་ཆེ་བར༔ གཅེས་རྒུ་ཅོག་བཞག་བྱེད་པ་ལག་ལེན་གནད༔ ནངས་པར་འཆི་ཡང་བློ་ལྷག་མེད་པ་ན༔ བྱ་བཏང་དོན་གྱི་རྣལ་འབྱོར་དམ་པ་ཡིན༔ ན་དགའ་ཤི་སྐྱིད་བློ་བདེའི་གདིང་ལྡན་ན༔ ཕ་རྗེས་བུ་ཡིས་ཟིན་པའི་སྐྱེས་བུ་ཡིན༔ གནད་དེ་དཔེ་རུ་མ་བཞག་ལག་ཏུ་ལོངས༔ པདྨས་རྗེས་སུ་འཛིན་ནོ་སྐལ་ལྡན་རྣམས༔ ས་མ་ཡ༔ གངས་རྫ་ནགས་ཁྲོད་རི་བྲག་རབ་དབེན་གནས༔ འཁོར་བའི་ཆོས་ལས་དབེན་པ་དག་པའི་ཞིང་༔ ཡ་རབ་ལས་སྨོན་ལྡན་པའི་སྐྱེས་བུ་ཡི༔ བཞུགས་པའི་གནས་མཆོག་དམ་པ་ཁྱད་དུ་འཕགས༔ ས་མ་ཡ༔ དུས་བཟང་ཡར་ཚེས་ཁྱད་པར་ཚེས་བཅུའི་དུས༔ སྒྲུབ་པའི་དལ་ཞལ་ཕྱེས་ནས་གཞུང་དུ་འཇུག༔ དཀྱིལ་འཁོར་རྒྱན་བཀོད་མཚན་རྫོགས་སྤྲོས་བཅས་ལུགས༔ གཏོར་མ་རྟེན་གསུམ་བཀྲམ་པ་མཚན་མའི་རྟེན༔ གདན་གསུམ་དཀྱིལ་འཁོར་ལ་བརྟེན་སྤྲོས་མེད་ལུགས༔ འབྱོར་ཚོགས་འདོད་ཡོན་མཆོད་པའི་རྫས་སུ་བཀོད༔ སྔོན་འགྲོ་སྟ་གོན་རིམ་པ་སྤྱི་ལྟར་ཤེས༔ ས་མ་ཡ༔ བླ་མ་དྲག་པོ་བསྒྲུབ་པའི་སྐྱེས་བུ་རྣམས༔ བསྐྱེད་རྫོགས་ཟབ་མོའི་གནད་དང་ལྡན་པ་དང་༔ གཞན་དུ་མ་ཡེངས་མི་ཚིག་ལབ་མི་སྤོངས༔ དམ་བཅའ་མི་ཉམས་སྲུང་མཚམས་མི་རལ་བས༔ སྙིང་པོ་དོན་གྱི་སྒྲུབ་པ་ཟབ་མོའི་གནད༔ པདྨའི་སྙིང་གཏམ་ཟུངས་ཤིག་སྙིང་གི་བུ༔ ས་མ་ཡ༔ ད་ནི་ཡང་དག་སྙིང་པོའི་སྒྲུབ་པ་ཡི༔ སྒོ་རུ་འཇུག་པའི་རིམ་པ་འདི་ལྟ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མ་དྲག་པོའི་དཀྱིལ་འཁོར་ལ༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་མཐར༔ སེམས་བསྐྱེད་པ་ནི༔ ན་མོ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་ཅིང་༔ བླ་མ་དྲག་པོའི་སྒོར་ཞུགས་ནས༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་པདྨ་དྲག་པོ་རྩལ༔ གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་སྐུ་ལ་རྫོགས༔ སྤྲུལ་པའི་ལྕགས་སྡིག་མཚོན་ཐུན་ཁྲ་ཐབས་འགྱེད༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན་པའི་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི་ཁྱེར་ལ༔ མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་ཏུ་སོང་༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་མཚོན་ཐུན་མེ་རླུང་རབ་འབར་བས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔ བསྐལ་པར་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ རྩ་སྔགས་མཐར༔ ཨོཾ་སུམྦྷ་ནི་བརྗོད་ཅིང་ཐུན་གྱིས་བྲབ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་༔ བདག་ཉིད་དྲག་པོའི་ཕྲིན་ལས་སྤྲུལ་པ་ཡི༔ མེ་དཔུང་མཚོན་ཐུན་ཁྲ་ཐབས་དཔག་མེད་པ༔ ཚུར་འདུས་སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ མི་ཤིགས་དོན་གྱི་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ གདོད་མའི་གཞི་དབྱིངས་ཡེ་ཤེས་རོལ་པའི་ངང་༔ སྐུ་དང་ཡོན་ཏན་རབ་རྫོགས་ཡེ་ཤེས་ལྷ༔ མ་རིག་རྐྱེན་གྱི་སྒྲིབ་གཡོགས་དང་བྲལ་ནས༔ སྐད་ཅིག་མངོན་བྱེད་ཤེས་རབ་འཆར་སྒོ་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐོག་མེད་དུས་ནས་ལྷན་སྐྱེས་ཡེ་ཤེས་ལྷ༔ མ་བཅོས་རང་བྱུང་ཆེན་པོར་ལྷུན་གྱིས་གྲུབ༔ གཟུང་འཛིན་བག་ཆགས་འཐས་པའི་རྐྱེན་གྱིས་བསྒྲིབས༔ ད་ནི་རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོཿདེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདེ་གཤེགས་སྙིང་པོ་རང་སངས་ཆོས་ཀྱི་སྐུ༔ སྐུ་དང་ཡེ་ཤེས་རོལ་པར་ལྷུན་གྱིས་གྲུབ༔ མ་རིག་བདག་རྟོག་འཁྲུལ་པའི་ནོངས་པ་ཀུན༔ རིག་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་བཤགས༔ བཛྲ་ས་མ་ཡ་ཨཱཿདེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཛཿཀ་དག་ཕྱོགས་ཡན་སྤྲོས་པའི་མཐའ་དང་བྲལ༔ སྐྱེ་མེད་ཆོས་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷུན་གྲུབ་རོལ་པ་བདེ་ཆེན་ལོངས་སྤྱོད་རྫོགས༔ འགགས་མེད་ལོངས་སྐུའི་བླ་མས་བྱིན་ཆེན་ཕོབ༔ རང་གྲོལ་རོལ་པ་མ་བཅོས་རྩལ་རྫོགས་པའི༔ ཀུན་ཁྱབ་སྤྲུལ་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷན་སྐྱེས་ཡེ་ཤེས་མ་བཅོས་ལྷུན་རྫོགས་ལྷ༔ རྡོ་རྗེ་གསུམ་གྱི་རོལ་པར་ཐབས་ཀྱིས་བཞེངས༔ ཁམས་གསུམ་འཁྲུལ་པའི་འཁོར་ལོ་དབྱིངས་སུ་བཤིག༔ ཡི་དམ་དཀྱིལ་འཁོར་ལྷ་ཡིས་བྱིན་ཆེན་ཕོབ༔ འཁོར་འདས་ཆོས་ཀུན་ཡེ་སྟོང་ཆེན་པོའི་ངང་༔ ཆགས་བྲལ་གསང་ཆེན་བྷ་ག་ཡངས་པའི་མཁར༔ དག་མཉམ་རོལ་པ་དབྱིངས་ཀྱི་སྤྱི་རྗེ་མོ༔ ཡེ་ཤེས་མཁའ་འགྲོ་མ་ཡིས་བྱིན་ཆེན་ཕོབ༔ སྣང་སྲིད་སྣོད་བཅུད་གཟུང་དང་འཛིན་པའི་ཆོས༔ དག་པ་རབ་འབྱམས་བདེ་བ་ཆེན་པོ་རུ༔ རྟོགས་གྲོལ་གཉིས་མེད་བྱང་ཆུབ་མཆོག་ཐོབ་པའི༔ དབང་དང་དངོས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་དག་མཉམ་ཆེན་པོར་སྟོང་༔ སྣང་སྟོང་སྦྱོར་བ་གཉིས་མེད་རོལ་པའི་འཕྲུལ༔ འདོད་རྒུའི་ལོངས་སྤྱོད་དཔལ་ཡོན་ཅིར་ཡང་སྣང་༔ བདེ་སྟོང་རོ་ཡི་ནུས་སྟོབས་བཅུད་དུ་འཁྱིལ༔ སྒྱུ་འཕྲུལ་གསང་ཆེན་དོན་གྱི་དཀྱིལ་འཁོར་དུ༔ ཟག་མེད་ཡེ་ཤེས་དགའ་སྟོན་རོལ་གར་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨརྒྷཾ་སོགས་དྷརྨ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཱ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཱ༔ བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧཱུྃ་སྭཱ་ཧཱ༔ དེ་ནས་དངོས་གཞི་ལྷ་བསྐྱེད་པའི་རིམ་པ་ལ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ ཆོས་ཀུན་ཆོས་ཉིད་བརྡལ་ཁྱབ་ཆེན་པོར་ཞིག༔ གདོད་ནས་མ་བཅོས་རྡོ་རྗེ་བཙུན་མོའི་མཁའ༔ སྤྲོས་པའི་མཐའ་བྲལ་རྣམ་ཐར་སྒོ་གསུམ་ལྡན༔ ཤེས་རབ་ཆེན་པོའི་ངང་མདངས་མངོན་དུ་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཀུན་སྣང་གི་ཏིང་ངེ་འཛིན་ནི༔ ཨཱཿལྷུན་གྲུབ་དབྱིངས་སྣང་མཚན་མ་དམིགས་གཏད་བྲལ༔ མཐའ་དང་ཕྱོགས་མེད་བདེ་ཆེན་རོལ་པའི་ཀློང་༔ ཡེ་ཤེས་སྤྱན་གྱིས་ཀུན་མཁྱེན་ཀུན་ཏུ་གཟིགས༔ མཉམ་ཉིད་རོལ་པ་ཆེན་པོ་བྱང་ཆུབ་སེམས༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷེ་ཧཱུྃ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་སྐུ་མཚན་མ་བྲལ་བའི་དབྱིངས་ཉིད་ནི༔ ཐུགས་རྗེའི་རོལ་པ་ཆུ་ཟླ་ཇི་བཞིན་དུ༔ སྤྲུལ་པའི་བཀོད་པ་གདུལ་བྱའི་དཔལ་དུ་ངོམས༔ རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་དམར་ནག་ཤར༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ དེ་ནས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ལས་འོད་འཕྲོས་སེམས་རྟོག་བག་ཆགས་བསྲེག༔ སྣང་བ་ཐམས་ཅད་བདེ་ཆེན་པདྨ་འོད༔ སྲིད་པ་ཐམས་ཅད་དབང་དྲག་རོལ་པའི་དལ༔ དྲི་མེད་ཟང་ཐལ་འོད་ཀྱི་གཞལ་ཡས་ཁང་༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཁྱོན་ལ་སྙེགས༔ རྒྱན་དང་མཚན་ཉིད་བཀོད་པ་རབ་ཏུ་རྫོགས༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཐོད་མཁར་རྔམས་པའི་དབུལ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ ཉོན་མོངས་བདག་རྟོག་རཱུ་ཏྲ་ཕོ་མོ་ཡི༔ བམ་ཆེན་གཅལ་དུ་བཀྲམ་པའི་གདན་སྟེང་དུ༔ ཧཱུྃ་ལས་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ འཁོར་འདས་དབང་བསྒྱུར་བདེ་ཆེན་རྒྱལ་པོར་བཞེངས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་བར་སྣང་ཁམས་སུ་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་ལྕགས་སྡིག་ནག་པོའི་སྐེ་ནས་བཅིངས༔ ཞབས་གཉིས་སྡེ་བརྒྱད་རྒྱལ་བསེན་དྲེགས་པ་གནོན༔ ཐལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་མཛེས༔ ཀོ་རློན་གཡང་གཞི་སྟག་ལྤགས་ཤམ་ཐབས་གསོལ༔ ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཆུན་པོས་བརྒྱན༔ གཉིས་མེད་སྦྱོར་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་རབ་ཁྲོས་གྲི་གུག་ཐོད་ཁྲག་བསྣམས༔ དགྱེས་ཆགས་བདེ་སྟོང་རོལ་པར་མཉམ་སྦྱོར་མཛད༔ གཡོན་དུ་སྒྲོལ་བའི་ཡུམ་མཆོག་ཝ་ར་ཧི༔ མཐིང་ནག་གར་སྟབས་གྲི་ཐོད་རུས་རྒྱན་སྤྲས༔ ཐབས་ཤེས་གཉིས་མེད་རོལ་པར་ལྷུན་གྱིས་གྲུབ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་འགྱིང་༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་སེར་པོ༔ ཕྱག་གཡས་རལ་གྲི་གཡོན་པས་ཞགས་པ་སྡོམ༔ མགྲིན་པར་དབང་ཆེན་རྟ་མགྲིན་རྒྱལ་པོ་དམར༔ ཕྱག་གཡས་དབྱུག་ཏོ་གཡོན་པས་ཟངས་ཞགས་བསྡམ༔ ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྦྲུལ་ཆུན་སྡོམ༔ ལྟེ་བར་ཁྲོས་མ་མཐིང་ནག་གྲི་ཐོད་བསྣམས༔ སྤྲུལ་པ་དབྱིངས་ཀྱི་རྗེ་མོ་རྣམ་བཞིས་བསྐོར༔ གསང་བར་ཡཀྵ་མེ་དབལ་མཐིང་ནག་རྔམས༔ ཕྱག་གཡས་ཐོ་བ་གཡོན་པས་མེ་དབལ་བསྣམས༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་མེ་དཔུང་འབར༔ སྤྱི་བོར་བྱ་ཁྱུང་ནག་པོས་ཀླུ་གདོན་ཟ༔ རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་བསྒོམ༔ ཤར་གྱི་ཕྱོགས་སུ་བཛྲ་དྲག་པོ་རྩལ༔ དཀར་པོ་ཁྲོ་གཏུམ་རྡོ་རྗེ་སྡིག་པ་བསྣམས༔ ལྷོ་ཡི་ཕྱོགས་སུ་རཏྣ་དྲག་པོ་རྩལ༔ སེར་ནག་ཕྱག་གཉིས་བཻ་ཅོན་སྡིག་པ་བསྣམས༔ ནུབ་ཀྱི་ཕྱོགས་སུ་པདྨ་དྲག་པོ་རྩལ༔ དམར་ནག་ཕྱག་གཉིས་རལ་གྲི་སྡིག་པ་བསྣམས༔ བྱང་གི་ཕྱོགས་སུ་ཀརྨ་དྲག་པོ་རྩལ༔ ལྗང་ནག་ཕྱག་གཉིས་རྒྱ་གྲམ་ལྕགས་སྡིག་འཛིན༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྫོགས༔ ཞབས་གཉིས་བདུད་དང་རཱུ་ཏྲ་ཕོ་མོ་གནོན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ ངོ་བོ་རང་རྩལ་སྒྱུ་འཕྲུལ་རོལ་པར་རྫོགས༔ ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་༔ ཤར་དུ་རིག་འཛིན་ཧཱུྃ་ཀཱ་ར༔ དཀར་གསལ་ཁྲོ་གཏུམ་རྔམས་པའི་སྐུ༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ ཡང་དག་ཐུགས་ཀྱི་ངོ་བོར་བསྐྱེད༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ རལ་གྲི་གཡས་ལ་ཞགས་པ་གཡོན༔ འཇམ་དཔལ་སྐུ་ཡི་ངོ་བོར་བསྐྱེད༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་དམར༔ དབྱུག་ཏོ་གཡས་ལ་སྦྲུལ་ཆུན་གཡོན༔ པདྨ་གསུང་གི་ངོ་བོར་བསྐྱེད༔ བྱང་དུ་པྲ་བྷ་ཧསྟི་ལྗང་༔ རྒྱ་གྲམ་གཡས་ལ་ཕུར་པ་གཡོན༔ ཕུར་པ་ཡོངས་རྫོགས་ངོ་བོར་བསྐྱེད༔ ཤར་ལྷོ་དྷ་ན་སཾསྐྲྀ་དམར༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ མ་མོ་རྦོད་གཏོང་ངོ་བོར་བསྐྱེད༔ ལྷོ་ནུབ་བི་མ་མི་ཏྲ་དཀར༔ ཌཱ་རུ་གཡས་ལ་དྲིལ་བུ་གཡོན༔ བླ་མ་རིག་འཛིན་འདུས་པར་བསྐྱེད༔ ནུབ་བྱང་རམ་བུ་གུ་ཧྱ་མཐིང་༔ རྡོ་རྗེ་གཡས་ལ་སྦྲུལ་ཞགས་གཡོན༔ མཆོད་བསྟོད་ཡོངས་རྫོགས་ངོ་བོར་བསྐྱེད༔ བྱང་ཤར་ཤཱནྟིཾ་གརྦྷ་སྔོ༔ ལྕགས་ཀྱུ་གཡས་ལ་ཕུར་པ་གཡོན༔ དྲག་སྔགས་དཀྱིལ་འཁོར་རྫོགས་པར་བསྐྱེད༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་འབར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བོ་བཅུ༔ ཡབ་ཡུམ་འཁྲིལ་སྦྱོར་ཟ་གསོད་འགྱེད༔ ཕྱོགས་སྐྱོང་ཟིལ་གནོན་རྒྱལ་པོར་བསྐྱེད༔ སྒོ་བཞིར་ལས་ཀྱི་སྒོ་མ་བཞི༔ ལས་མདོག་རང་རྟགས་ཕྱག་མཚན་འཛིན༔ ཕྱི་རིམ་དྲེགས་པ་སྡེ་བརྒྱད་ཚོགས༔ བཀའ་ཉན་ལས་ཀྱི་ཕོ་ཉར་འགྱེད༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ བླ་མ་དྲག་པོའི་དཀྱིལ་འཁོར་ལྷ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་ལྷུན་གྲུབ་དོན་གྱི་འོག་མིན་ཞིང་༔ སྐུ་དང་ཡེ་ཤེས་ཡོན་ཏན་རང་བྱུང་བའི༔ དབྱིངས་ལས་མ་གཡོས་ངང་ལས་མི་གཞན་པ༔ གདུལ་བྱའི་དཔལ་དུ་སྒྱུ་འཕྲུལ་རོལ་པའི་གར༔ ཅིར་ཡང་སྣང་བ་བདེ་ཆེན་རྡོ་རྗེའི་ལྷ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་སྐུར་བཞེངས་ལ༔ འཁོར་བའི་འཁྲུལ་འཁོར་གཞོམ་ཕྱིར་གཤེགས་སུ་གསོལ༔ གདོད་མ་གཞི་ཡི་རྒྱ་མཚོ་ཆེན་པོའི་ཀློང་༔ གཟུང་འཛིན་བག་ཆགས་འཐས་པ་རྔ་ཡབ་གླིང་༔ མི་སྲུན་ཉོན་མོངས་སྲིན་པོའི་གྲོང་ཁྱེར་དབུས༔ གཡོ་མེད་ཐེག་ཆེན་ཟངས་མདོག་དཔལ་རིའི་རྩེར༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གཞལ་ཡས་ཁང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཀུན་རྟོག་རཱུ་ཏྲ་བསྒྲལ་བའི་བམ་སྟེང་དུ༔ ཀུན་བཟང་འོད་མི་འགྱུར་བ་ཆོས་ཀྱི་སྐུ༔ སྟོན་མཆོག་པདྨ་དྲག་པོ་སྐུར་བཞེངས་ཤིག༔ འཁོར་བའི་འཁྲུལ་འཁོར་གཞོམ་ཕྱིར་གཤེགས་སུ་གསོལ༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེན་པོའི་མཁར༔ བདག་རྟོག་འཁོར་བ་བསྒྲལ་བའི་དུར་ཁྲོད་ནས༔ གཉིས་སྣང་གཞིར་གྲོལ་དོན་གྱི་དཀྱིལ་འཁོར་གྲུབ༔ སྒྲུབ་སྡེ་བརྒྱད་ཀྱི་བཀོད་པ་ཡོངས་རྫོགས་དཔལ༔ རིག་འཛིན་དབང་ཕྱུག་ཆེན་པོ་རྣམ་པ་བརྒྱད༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྟེན་དང་བརྟེན་པའི་གཞལ་ཡས་ལྷ༔ ངོ་བོ་རང་རྩལ་གཉིས་མེད་རོལ་པ་ཡི༔ ཤེས་རབ་དབྱིངས་ལ་གཤེགས་བྱོན་མི་མངའ་ཡང་༔ ཐབས་མཆོག་འགྲོ་བ་འདྲེན་པའི་དཔལ་དུ་བཞེངས༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་མ་བཅོས་དག་པ་ཆེན་པོའི་དབྱིངས༔ གཞལ་ཡས་ལྷ་དང་ཡེ་ཤེས་ཡེ་རྫོགས་ཆེ༔ གཉིས་མེད་ངང་གནས་ལྷ་ལ་ལྷ་ཉིད་དེ༔ རྡོ་རྗེ་གསུམ་གྱི་རོལ་པར་བཞུགས་སོ་འཚལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཁམས་གསུམ་འཁོར་བ་མ་ལུས་ཡོངས་སྒྲོལ་ཞིང་༔ དུག་གསུམ་འཁྲུལ་པའི་རྩ་བ་དྲུང་འབྱིན་ཕྱིར༔ བླ་མེད་བླ་མ་དབང་དྲག་དཀྱིལ་འཁོར་ལྷར༔ རྩལ་སྣང་སྤྲུལ་པའི་གར་གྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿསྣང་བའི་ཁམས་སུ་རྒྱུ་རྐྱེན་རྟེན་འབྲེལ་གྱི༔ གཡོ་བྱེད་རླུང་གིས་བསྒྱུར་བའི་འཕྲུལ་མོ་ཆེ༔ ཉེར་སྤྱོད་མཆོད་པའི་སྤྲིན་དུ་རབ་སྤེལ་བ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ རྣམ་པར་ཤེས་པའི་རྩལ་ཆེན་གཡོ་འཁྲུགས་ལས༔ ཡུལ་དང་ཡུལ་ཅན་སྣང་སེམས་མཆོད་པ་ཡི༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད་དུ་སྤྲོས༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་སྨན་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་འཁོར་བ་འབྲུ་གསུམ་རོལ་པར་ཞུ༔ སྐུ་གསུམ་ངོ་བོ་བདེ་སྟོང་བཅུད་དུ་འཁྱིལ༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུ་ྃཧྲཱིཿརྒྱུ་དྲུག་འཁོར་བ་དབྱིངས་སུ་བསྒྲལ་བ་ཡིས༔ དམར་ཆེན་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲིགས༔ བདེ་སྟོང་རོ་ཡི་ནུས་པ་བཅུད་དུ་འཁྱིལ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ སྣང་བ་ཁྱབ་བརྡལ་ཡངས་པའི་གཏོར་གཞོང་དུ༔ སྲིད་པ་ཐམས་ཅད་རང་བྱུང་གཏོར་མར་བཤམས༔ འདོད་ཡོན་སྣ་ཚོགས་ལྷ་མོས་རབ་བརྒྱན་ཏེ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿརྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར༔ བདེ་ཆེན་རྒྱལ་པོ་སྙོམས་འཇུག་རོལ་པ་ལས༔ དགའ་བདེའི་ལོངས་སྤྱོད་བརྗོད་མེད་རྒྱན་དུ་ཤར༔ བྱང་ཆུབ་སེམས་ཀྱི་རླབས་ཆེན་གཡོ་ཞིང་འཁྲིགས༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿདེ་ནས་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཆེན་རྡོ་རྗེ་ཕག་མོའི་མཁར༔ མ་རིག་ལོག་རྟོག་གཉིས་འཛིན་རཱུ་ཏྲ་ཀུན༔ ཐབས་མཆོག་ཧེ་རུའི་རྡོ་རྗེ་གཏུན་བུས་བརྡུངས༔ ཕྱེ་མར་བརླག་པའི་ཤ་ཁྲག་རུས་གྲམ་བརྡལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿཆོས་ཉིད་སྐྱེ་བ་མེད་པའི་མཁའ་དབྱིངས་སུ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་བརྡལ་བ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་རོལ་གར་ངོམས༔ སྐུ་གསུམ་ལྷུན་གྲུབ་རྫོགས་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་གཞལ་ཡས་སུ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ གཉིས་འཛིན་རཱུ་ཏྲའི་བམ་གྱི་ཁྲི་སྟེང་དུ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་གཟུགས་སྐུར་ངོམས༔ འཁོར་འདས་དབང་སྡུད་སྐུ་མདོག་དམར་འོད་འབར༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་མཁའ་ལ་གཟིགས༔ མཉམ་ཉིད་བདེ་ཆེན་རོལ་པའི་ཞལ་གདངས་ཤིང་༔ འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་འདྲིལ་བ༔ དོན་གཉིས་ལྷུན་གྲུབ་མཚོན་པའི་ཤངས་བུག་ཧར༔ བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས་པ༔ བདེ་ཆེན་འཕོ་འགྱུར་མེད་ཕྱིར་དབུ་སྐྲ་འཁྱིལ༔ ཐབས་དང་ཤེས་རབ་མཚོན་པའི་ཕྱག་གཉིས་པ༔ སྲིད་ཞིའི་མཐའ་ལས་འདས་པའི་ཞབས་གཉིས་ལྡན༔ ཆོས་སྐུ་ཀུན་ཁྱབ་བརྡལ་བའི་སྐུ་མངའ་བ༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཡུམ་དང་འཁྲིལ༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གདོན་འདུལ༔ སྐེད་པས་བར་སྣང་ཁམས་ནས་སྡེ་བརྒྱད་འདུལ༔ ཞབས་གཉིས་རྒྱ་མཚོའི་གཏིང་ནས་ཀླུ་གདོན་འདུལ༔ ཁམས་གསུམ་མ་ལུས་དབང་སྡུས་ཟིལ་གྱིས་གནོན༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་དང་༔ ཉོན་མོངས་རང་གཤེད་ལྕགས་སྡིག་མགོ་དགུ་བསྣམས༔ ཚོགས་ཡུལ་གནས་དག་དུར་ཁྲོད་དཔལ་ཆས་བརྒྱན༔ འདོད་ཆགས་མོ་གདོན་འཇོམས་པའི་མེ་དཔུང་འབར༔ ཞེ་སྡང་རྒྱལ་འགོང་འཇོམས་པའི་ལྕགས་སྡིག་འགྱེད༔ གཏུམ་དྲག་ཀླུ་གདོན་འདུལ་བའི་བྱ་ཁྱུང་འགྱེད༔ རྒྱན་དང་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་སྒྲ་དྲག་པོས་སྲིད་གསུམ་འཁོར་བ་འཇིགས༔ སྔགས་ཀྱི་རང་སྒྲས་སྐྱེ་འགྲོའི་ངག་དབང་བྱེད༔ གད་རྒྱངས་རྔམས་པས་ལྟ་ལོག་གྲུབ་མཐའ་འཇིག༔ ཕཊ་ཀྱི་སྒྲ་སྒྲོགས་ལོག་འདྲེན་མགོ་སྙིང་འགེམ༔ གསུང་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ འཁོར་འདས་མ་ལུས་ཐུགས་ཀྱི་ཀློང་ཆེན་དུ༔ རྫོགས་པ་ཆེན་པོའི་རོལ་པར་འབྱམས་ཀླས་པའི༔ ཉག་གཅིག་བྱང་ཆུབ་སེམས་ཀྱི་རོལ་པ་ཆེ༔ ཀ་དག་སྐྱེ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་རང་རྩལ་ལས༔ ཁྲག་འཐུང་ཆེན་པོ་བཞི་ལ་ཕྱག་འཚལ་བསྟོད༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཡེ་ཤེས་རྩལ༔ གྲུབ་པའི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད༔ འཁྲུལ་པའི་རྟོག་ཚོགས་གནས་དག་ཡེ་ཤེས་རྩལ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཚོགས་ལ་བསྟོད༔ ཚད་མེད་རྣམ་བཞིས་འགྲོ་ཀུན་གནས་ནས་འདྲེན༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་བར་ཆད་སྲུང་ཟློག་ཕོ་ཉ་བ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་བཤགས་པ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོའི་དཀྱིལ་འཁོར་དགོངས་སུ་གསོལ༔ ཐོག་མེད་དུས་ནས་མ་རིག་དབང་གྱུར་ཏེ༔ སྒོ་གསུམ་འཁྲུལ་པའི་ནོངས་པ་ཅི་མཆིས་ཀུན༔ མི་གསང་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ སླན་ཆད་སྲོག་ལ་བབ་ཀྱང་སྡོམ་བགྱིད་དོ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་སོགས་ཚང་བར་བརྗོད༔ ས་མ་ཡ༔ ཛབ་དམིགས་སྔགས་བཟླས་རིམ་པ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྐུར་གསལ་ཐུགས་ཀ་རུ༔ ཡེ་ཤེས་འོད་ཟེར་མེ་དཔུང་འཁྲིགས་པའི་ཀློང་༔ པདྨ་ཉི་མ་འབར་བའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་དམར་ནག་ཁྲོ་གཏུམ་རྔམས༔ གཅེར་བུ་རྒྱན་མེད་གྱད་ཀྱི་འདོར་སྟབས་བགྲད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གཡོན་སྡིག་པ༔ དེ་ཡི་ཐུགས་ཀར་པདྨ་ཉི་གདན་ལ༔ གནམ་ལྕགས་རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་དྭངས་མའི་ཐིག་ཀློང་དུ༔ ཧཱུྃ་ཡིག་དམར་ནག་སྤུ་ཡིས་བྲིས་ལྟར་གསལ༔ དེ་མཐར་གསང་སྔགས་སྙིང་པོ་གཡས་སུ་འཁོར༔ འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གཤེགས་བཞུགས་པའི༔ སངས་རྒྱས་བྱང་སེམས་མ་ལུས་ཐམས་ཅད་ལ༔ མཉེས་མཆོད་ཕུལ་ཞིང་ཐུགས་དམ་རྒྱུད་བསྐུལ་ནས༔ སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཀུན༔ འོད་ཟེར་ཚུར་འདུས་ཐུགས་སྲོག་སྔགས་ལ་བསྟིམས༔ གཟི་བརྗིད་རབ་འབར་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས་རྒྱས་གདབ་རྣམ་གསུམ་གྱི༔ གནད་དང་ལྡན་པ་མཆོག་ཏུ་གཅེས༔ བདག་ཉིད་དབང་དྲག་ཐུགས་ཀའི་ཧཱུྃ་ཡིག་ལས༔ སྔགས་ཀྱི་འོད་ཟེར་དམར་གསལ་གྱིས་འབྲེལ་བ༔ མུ་ཏིག་ཕྲེང་བ་ལྟར་འཕྲོས་ཞལ་ནས་ཐོན༔ ཡུམ་གྱི་ཞལ་བརྒྱུད་གསང་བ་ནས་ཐོན་ཏེ༔ རྡོ་རྗེའི་སྦུབས་ཞུགས་ཧཱུྃ་གི་ཞབས་ཀྱུར་ཐིམ༔ མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བར་དམིགས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དབང་བྱིན་དངོས་གྲུབ་ཀུན་བསྡུས་ནས༔ སྲོག་གི་སྙིང་པོར་ཐིམ་པས་རྒྱལ་ཀུན་གྱི༔ རྡོ་རྗེ་གསུམ་གྱི་དབང་བྱིན་འདུས་པར་བསྒོམ༔ ཨོཾ་ཨརྩིག་ནིརྩིག༴སྤྲོ་བསྡུ་གཟེར་གྱི་གནད་ལྡན་བྱ༔ དེ་ནས་ལས་སྦྱོར་དམིགས་གནད་ནི༔ ཧཱུྃ༔ རང་ཉིད་དབང་དྲག་ཡབ་ཡུམ་སྐུར་གསལ་བའི༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོའི་འོད་ཟེར་གྱིས༔ ཐུན་མཚོན་ཁྲོ་ཆུང་རླུང་ལྟར་འཚུབས་པ་དང་༔ རང་བྱུང་ལྕགས་སྡིག་མེ་རླུང་རབ་འཕྲོས་པས༔ དགྲ་བགེགས་རྒྱལ་བསེན་སྡེ་བརྒྱད་གནོད་བྱེད་ཀུན༔ བརླག་གཏུབ་བསྲེག་གཏོར་ཧབ་ཧབ་མྱག་མྱག་གསོལ༔ སྲོག་འཕྲོག་བྲན་བཀོལ་མི་ལྡོག་རྒྱས་གདབ་གྱུར༔ ཨོཾ་ཨརྩིག༴ཅེས་བཟླས་ལས་བཞིའི་དམིགས་གནད་གཟིར༔ གང་ལའང་བསྒྱུར་ཁ་མཁས་པར་མཛོད༔ ས་མ་ཡ༔ བསྙེན་པ་འབུམ་ཕྲག་ཉེར་ལྔ་ལ༔ སྒྲུབ་སྔགས་ཉེར་གསུམ་ལས་སྔགས་བཅུས༔ དངོས་གྲུབ་པྲ་ལྟས་ངེས་པར་འབྱུང་༔ ཁྱད་པར་ཉི་ཟླ་ཤར་བ་དང་༔ རི་རྩེར་ཕྱིན་དང་མཁའ་ལ་འཕུར༔ མེ་ཏོག་རྒྱས་དང་ལོ་འབྲས་སྤྱོད༔ གནས་ཁང་མེ་འབར་ཆུ་ཆེན་བརྒལ༔ རོལ་མོ་འཁྲོལ་ཞིང་ལྷ་ཞལ་མཐོང་༔ གསལ་བའི་མེ་ལོང་རྙེད་པ་རྣམས༔ བསྙེན་དང་སྒྲུབ་པའི་ལྟས་སུ་ལེགས༔ བྲག་བཤིགས་རྩི་ཤིང་བཅོམ་པ་དང་༔ སྐྱེ་འགྲོ་གསོད་གཅོད་བཀོལ་བཏུལ་དང་༔ ཁྲོམ་ཚོགས་ཁྲི་རུ་བསྟོད་པ་དང་༔ བན་བོན་སྐྱེས་པ་ཕོ་མོ་ཡིས༔ ཕྱག་མཆོད་བཀུར་སྟི་བྱེད་པ་དང་༔ སྡེ་བརྒྱད་ལྷ་འདྲེས་ཁས་ལེན་རྣམས༔ ལས་སྦྱོར་ཕྲིན་ལས་གྲུབ་པའི་རྟགས༔ ཁྱད་པར་ཉམས་རྟོགས་སྐྱེ་བ་དང་༔ བྱ་རྒྱལ་རྒོད་ཀྱི་སྤུ་བྲན་འབབ༔ མེ་ཏོག་ཆར་འབེབས་བདུད་རྩི་ཁོལ༔ གཏོར་མ་མེ་འབར་རཀྟ་འཕྱུར༔ གླུ་གར་རོལ་མོའི་རང་སྒྲ་ལྡིར༔ འདི་དག་མངོན་བྱུང་དངོས་གྲུབ་ལྟས༔ མཆོག་ཏུ་ཆེ་བ་ངེས་པའོ༔ དེ་ལྟར་དངོས་གྲུབ་ལྟས་བྱུང་ཚེ༔ མཆོག་འཛིན་རེ་དོགས་སྤང་ནས་སུ༔ དགའ་སྡུག་བྲལ་བའི་དབྱིངས་སུ་འཇོག༔ གནད་དེ་ཁྱད་པར་མཆོག་ཏུ་ཟུངས༔ ས་མ་ཡ༔ བླ་མ་དྲག་པོ་སྒྲུབ་པའི་བུས༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བ་དང་༔ དམ་ཚིག་ཉམས་ཆག་སོར་ཆུད་ཕྱིར༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི༔ འབྱོར་ཚོགས་འདོད་ཡོན་ཐམས་ཅད་ཀུན༔ རི་རབ་རོལ་མཚོའི་ཚུལ་དུ་སྤུངས༔ གཙང་མ་ཆབ་ཀྱིས་རབ་བྲན་ནས༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མི་མཇེད་སྣོད་ཀྱི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་ཚོགས་ཀྱི་རོལ་པར་བཤམས༔ འདོད་ཡོན་སྣ་ཚོགས་མཆོད་པའི་རྒྱན་དུ་ཤར༔ བླ་མ་དྲག་པོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྒྱ་ཆེ་གཏིང་ཟབ་རིན་ཆེན་སྣོད་ཡངས་པར༔ འབྱོར་ཚོགས་འདོད་ཡོན་ལོངས་སྤྱོད་ཚོགས་སུ་བཤམས༔ ཡེ་ཤེས་བདུད་རྩིའི་རོལ་པར་བྱིན་གྱིས་བརླབས༔ བླ་མ་དྲག་པོའི་ལྷ་ཚོགས་དགྱེས་ཕྱིར་འབུལ༔ སྣང་བ་བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ ཡུལ་བརྒྱད་འདོད་ཡོན་རང་ཤར་གསང་བའི་ཚོགས༔ དབང་བསྒྱུར་རྣམ་ཤེས་དཔའ་མོའི་རྣམ་རོལ་རྩེ༔ བླ་མ་དྲག་པོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རཾ་ལས་མེ་བྱུང་རྣམ་པར་རྟོག་སྒྲིབ་སྦྱངས༔ ཡཾ་ལས་རླུང་བྱུང་བག་ཆགས་ཐམས་ཅད་གཏོར༔ ཁཾ་ལས་ཆུ་བྱུང་ཉོན་མོངས་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ དྲི་མ་སྦྱངས་ནས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨོཾ་ཨཱཿཧཱུྃ༔ དབྱིངས་ཉིད་ཀུན་ཏུ་བཟང་པོའི་རོལ་པ་ལས༔ གསང་བའི་སྙིང་པོ་འབྲུ་གསུམ་འོད་དུ་ཞུ༔ ཡེ་ཤེས་ལྔ་ཡི་ནུས་པ་བཅུད་ལྡན་གྱི༔ རོལ་པ་འདོད་འཇོའི་དཔལ་ཡོན་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་མཐར་དམིགས་གནད་ནི༔ རང་ཉིད་ཡི་དམ་དྲག་པོའི་ཐུགས་ཀ་ནས༔ ཡེ་ཤེས་འོད་ཟེར་དཔག་མེད་རབ་འཕྲོས་པས༔ རྩ་གསུམ་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ཀུན༔ སྒྱུ་འཕྲུལ་འཁོར་ལོའི་རོལ་པར་སད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་དང་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྱུ་འཕྲུལ་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་དཔལ༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་གསང་ཆེན་རོལ་པའི་ཀློང་མཛོད་ནས༔ སྐུ་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ དབྱིངས་ལས་མ་གཡོས་ཐུགས་རྗེའི་རོལ་པའི་གར༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བདག་མེད་བརྟུལ་ཞུགས་རོལ་པའི་ཧེ་རུ་ཀ༔ བདག་རྟོག་རཱུ་ཏྲའི་གཤེད་དུ་རང་ཤར་བ༔ དམ་ཅན་བཀའ་ཡི་སྲུང་མ་མ་ལུས་ཀུན༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་དང་༔ བཀའ་སྡོད་ལས་མཁན་རྒྱ་མཚོའི་ཚོགས་བཅས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གཟི་བྱིན་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿབླ་མ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་གཉན་པོ་དང་འགལ་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་སོགས༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་དྲག་པོའི་དཀྱིལ་འཁོར་ནས༔ བདེ་ཆེན་རྒྱལ་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ མངོན་སྤྱོད་ཕྲིན་ལས་རོལ་པའི་བརྟུལ་ཞུགས་ཀྱིས༔ ལོག་འདྲེན་དགྲ་བགེགས་ཁུག་ལ་རྡུལ་དུ་རློག༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཧུར་ཐུམ་ཛཿརྦད་སོད༔ དེ་ནས་ཞལ་དུ་སྟོབ་པ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ གཟུང་འཛིན་རཱུ་ཏྲ་བསྒྲལ་བའི་ཕུང་པོ་འདི༔ རྗེས་ཤུལ་ལྷག་མ་མེད་པར་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་བཏང་བ་ནི༔ ཧཱུྃ་བྷྱོ༔ ཀ་དག་ཡེ་གྲོལ་གདོད་མའི་མགོན་པོ་ཡི༔ ལྷུན་གྲུབ་རོལ་པ་ཆེན་པོའི་སྒྱུ་འཕྲུལ་ལས༔ གདུལ་བྱ་ཐབས་ཀྱིས་འདུལ་ཕྱིར་ཕྱག་རྒྱར་ངོམས༔ སེམས་སྣང་སྲིད་པའི་ལྷ་སྲིན་དམ་རྒྱས་བཅིང་༔ གསང་སྔགས་ཟབ་མོའི་ཀློང་དུ་རྒྱས་བཏབ་ནས༔ མི་འདའ་རིག་པའི་རྡོ་རྗེས་དབང་དུ་བཀོལ༔ བཀའ་སྡོད་རང་རྩལ་དྲེགས་པ་ཕོ་མོའི་ཚོགས༔ རྟེན་འབྲེལ་ཟབ་མོའི་ཆོ་གའི་ཕ་འབབ་ཏུ༔ རྣམ་པར་ཤེས་པའི་སྤྱོད་ཡུལ་འདོད་འཇོའི་དཔལ༔ མི་ཟད་རྒྱན་འཁོར་ལྷག་མའི་ལོངས་སྤྱོད་འབུལ༔ བཞེས་ནས་རང་གྲོལ་བདེ་ཆེན་ས་ལ་སྐྱོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ་པར་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་ཀ་དག་མཉམ་པ་ཉིད་ཀྱི་དུས༔ ཁྱབ་བདག་སྤྱི་དཔལ་རྒྱལ་པོ་ཧེ་རུ་ཀས༔ གཟུང་འཛིན་རཱུ་ཏྲ་གཞི་རུ་བསྒྲལ་བའི་ཚེ༔ རྟོག་ཚོགས་སྲིད་པའི་དྲེགས་པ་ལྕམ་དྲལ་གྱིས༔ མི་འདའ་རྡོ་རྗེའི་དམ་ཚིག་སྲོག་ཏུ་བསྲེས༔ དོར་མེད་བྱང་ཆུབ་སེམས་ཀྱིས་གཉེར་བཟུང་སྟེ༔ ཟག་མེད་ནམ་མཁའ་མཛོད་ཀྱི་བརྔན་བླངས་བཞིན༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ འཁྲུལ་པའི་འཁོར་ལོ་གཞི་རུ་མ་སངས་བར༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ དེ་འོག་བར་གྱི་དུས་ཚིགས་གཉིས་པ་ལ༔ ཡེ་གྲོལ་རྒྱལ་པོ་པདྨ་འབྱུང་གནས་ཀྱིས༔ རྐྱེན་སྣང་སྲིད་པའི་ལྷ་སྲིན་དམ་རྒྱས་བསྡམ༔ གསང་སྔགས་ཟབ་མོ་བཀའ་ཡི་གཉེར་དུ་བསྐོས༔ འདོད་ཡོན་དམར་གྱི་གཏོར་མའི་ཕ་ཕོག་གཏད༔ སྒྲུབ་པའི་རྣལ་འབྱོར་བསྲུང་བའི་བཀའ་ཁྲིམས་བསྡམ༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ དེ་འོག་དུས་ཚིགས་གསུམ་གྱི་ཐ་མ་ལ༔ ཆོས་ཉིད་སྒྱུ་མར་རོལ་པའི་གནས་མཆོག་ཏུ༔ གདོད་མའི་མགོན་པོ་པདྨ་འབྱུང་གནས་ཀྱིས༔ གཉིས་མེད་ཟློས་གར་རོལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་གཏད་རྒྱ་བཀྲོལ་བའི་ཚེ༔ རང་རྩལ་སྣང་སྲིད་ལྷ་འདྲེ་དམ་རྒྱས་བསྡམ༔ ཕྲིན་ལས་བསྒྲུབ་པའི་ཕོ་ཉར་བཀའ་ཁྲིམས་བསྡམ༔ བཀའ་ཡི་ཕ་འབབ་གཏོར་མ་ཕོག་ཏུ་བཞག༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ ད་ལྟ་སྒྲུབ་པའི་རིག་འཛིན་མཆེད་ལྕམ་གྱིས༔ རང་སྣང་བཀོད་པ་རབ་རྫོགས་གཞལ་ཡས་འདིར༔ ཡེ་གྲུབ་རིག་པའི་རྡོ་རྗེའི་གྲོང་ཞུགས་ནས༔ གཉིས་སྣང་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་དང་༔ སེམས་བྱུང་སྣང་སྲིད་ལྷ་འདྲེའི་སྡེ་ཚོགས་ལ༔ ཆད་དོན་དམར་གྱི་གཏོར་མ་འདི་འབུལ་གྱིས༔ ཟབ་གསང་གཉན་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ ཕྱི་ནང་གསང་བའི་བར་ཆད་དགྲ་བགེགས་ཟློག༔ དམ་ཚིག་གཉན་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་འཁོར་དང་བཅས༔ འདིར་གཤེགས་ཆད་དོན་གཏོར་མའི་བཤལ་ཆུ་བཞེས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བསྟན་དགྲ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ གཞི་ཡི་ཆོས་སྐུ་བདེ་ཆེན་རྒྱལ་པོ་ཡི༔ སྐུ་ལྔ་ཡེ་ཤེས་རོལ་པའི་བརྟུལ་ཞུགས་ཀྱིས༔ ཉོན་མོངས་འཁྲུལ་སྣང་དབྱིངས་སྒྲོལ་བྲོ་ར་བཙུགས༔ ལོག་རྟོག་རཱུ་ཏྲའི་མགོ་ལ་ཆེམས་སེ་ཆེམ༔ རིམ་དགུ་ས་ཡི་འོག་ཏུ་མཱ་ར་ཡ༔ མ་ཤོར་རྟེན་འབྲེལ་ཟབ་མོས་དམ་རྒྱའོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལ༔ སུཾ་ལཾ༔ སྟྭམ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ བསྙེན་སྒྲུབ་ལས་སྦྱོར་དུས་འདིར་མཐའ་རུ་སོན༔ ད་ལྟ་ཉིད་དུ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བཤགས་པ་ནི༔ ཧོཿརྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔ་རུ༔ ཚེ་རབས་ལས་ཉོན་བག་ཆགས་མི་དགེའི་ཚོགས༔ མཐོལ་ལོ་བཤགས་སོ་སླན་ཆད་སྡོམ་པར་བགྱི༔ མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་ཀུན༔ བླ་མེད་བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ས་ཐོབ་ཤོག༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣང་བ་ཐམས་ཅད་ལྷ་སྐུའི་དབྱིངས་སུ་བསྡུ༔ ལྷ་དང་དཀྱིལ་འཁོར་གཉིས་མེད་སྔགས་སུ་བསྡུ༔ སྔགས་ཕྲེང་ཧཱུྃ་དང་ཟླ་ཚེས་ཐིག་ལེ་ལ༔ ཐིག་ལེ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་སོ༔ ཨ་ཨ་ཨ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལྷུན་གྲུབ་ངང་མདངས་ཤར༔ ལྷུན་གྲུབ་གདངས་ལས་ཐུགས་རྗེའི་རྩལ་ཤུགས་ཀྱིས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི༔ འཁོར་ལོ་གསུམ་གྱི་རོལ་པར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཆོས་ཉིད་རྣམ་དག་ནམ་མཁའ་ལ༔ སྐུ་དང་ཡེ་ཤེས་གཟའ་སྐར་ཤར༔ ཐུགས་རྗེས་འགྲོ་བ་ཡོངས་སྒྲོལ་བྱེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ སྣང་བ་མཐའ་ཡས་གཟུགས་ཀྱི་སྐུར་སྣང་བ༔ འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ཉིད༔ གདུལ་དཀའ་འདུལ་མཛད་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་བདེ་ཆེན་རྒྱལ་པོའི་བཀྲ་ཤིས་ཤོག༔ རྡོ་རྗེ་ཐེག་པའི་ཉི་གཞོན་སྤྲིན་བྲལ་གྱིས༔ འགྲོ་ཁམས་རྒྱ་མཚོ་ཡོངས་ལ་ཁྱབ་པ་ཡིས༔ སྐྱེ་འགྲོའི་སྒྲིབ་གཉིས་མུན་ཁམས་སེལ་བྱས་ནས༔ ཇི་ལྟ་ཇི་སྙེད་ཡེ་ཤེས་མངོན་གྱུར་ཏེ༔ རྣམ་གྲོལ་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་སྲོག་གི་ཏིག༔ བཅུད་དུ་དྲིལ་བའི་གདམས་པ་ཟབ་མོ་འདི༔ པདྨའི་བརྒྱུད་འཛིན་རྣམས་ལ་གཏད་རྒྱ་བཀྲོལ༔ གདམས་ངག་ཆུད་ཟོས་མ་གཏོང་སྙིང་གི་བུ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་ལྡན་ལས༔ འདི་དང་འཕྲད་པ་ཨུ་དུམ་ཝ་ར་ཙམ༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདིར༔ རིག་འཛིན་འབུམ་གྱི་དགོངས་པས་རྒྱས་བཏབ་ཅིང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཀློང་རྒྱས་བཏབ༔ དཔག་ཡས་རྒྱལ་བའི་བྱིན་རླབས་རྒྱས་ཡང་བཏབ༔ བྱིན་རླབས་རྣོ་ནུས་གཞན་ལས་ཁྱད་པར་འཕགས༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཟབ་ཁྱད་ཡོད༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིར་བཅོལ༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་དམ་པ་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་བཻ་རོའི་ཟློས་གར་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།}}
ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) བདག་འདྲ་རྗེ་བཙུན་པདྨ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ཡི༔ སྒྲུབ་པ་ཡང་དག་སྙིང་པོ་ཞེས་བྱ་བསྟན༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨ་ང་དང་ལས་འབྲེལ་ལྡན་པ་རྣམས༔ གསང་སྔགས་ཟབ་མོའི་སྒོ་དང་འཕྲད་པའི་ཚེ༔ ཚེ་རབས་གཏན་གྱི་ཟ་མ་ལན་གཅིག་ཡིན༔ ཕུང་འཚེང་ཅི་བྱེད་གང་ཟག་ཁྱོད་ལ་རག༔ ལེ་ལོ་རྣམ་གཡེང་འདུ་འཛི་འདོད་སྲེད་རྣམས༔ དམ་པའི་ཆོས་ཀྱི་ཆོམ་རྐུན་ཆེན་པོ་ཡིན༔ སྙོམས་ལས་ཕྱི་བཤོལ་བདུད་ཀྱི་རྐུན་པོ་ཡིན༔ རྙེད་བཀུར་སྙན་གྲགས་བདུད་ཀྱི་ཇག་པ་ཡིན༔ མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ༔ དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་ལ༔ རང་ཉིད་གཅིག་པུར་སྡོད་པ་ལག་ལེན་གནད༔ ལོ་སྒྲུབ་ཟླ་སྒྲུབ་ཙམ་ལ་ཡུས་མ་འདྲེན༔ ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་དྲིལ་མཛོད༔ མི་ཚེ་སྤྲིན་བར་ཉི་ཞུར་ཙམ་ཞིག་ལ༔ དགོས་དགོས་མཁོ་མཁོའི་འདོད་སྲེད་མ་ཆེ་བར༔ གཅེས་རྒུ་ཅོག་བཞག་བྱེད་པ་ལག་ལེན་གནད༔ ནངས་པར་འཆི་ཡང་བློ་ལྷག་མེད་པ་ན༔ བྱ་བཏང་དོན་གྱི་རྣལ་འབྱོར་དམ་པ་ཡིན༔ ན་དགའ་ཤི་སྐྱིད་བློ་བདེའི་གདིང་ལྡན་ན༔ ཕ་རྗེས་བུ་ཡིས་ཟིན་པའི་སྐྱེས་བུ་ཡིན༔ གནད་དེ་དཔེ་རུ་མ་བཞག་ལག་ཏུ་ལོངས༔ པདྨས་རྗེས་སུ་འཛིན་ནོ་སྐལ་ལྡན་རྣམས༔ ས་མ་ཡ༔ གངས་རྫ་ནགས་ཁྲོད་རི་བྲག་རབ་དབེན་གནས༔ འཁོར་བའི་ཆོས་ལས་དབེན་པ་དག་པའི་ཞིང་༔ ཡ་རབ་ལས་སྨོན་ལྡན་པའི་སྐྱེས་བུ་ཡི༔ བཞུགས་པའི་གནས་མཆོག་དམ་པ་ཁྱད་དུ་འཕགས༔ ས་མ་ཡ༔ དུས་བཟང་ཡར་ཚེས་ཁྱད་པར་ཚེས་བཅུའི་དུས༔ སྒྲུབ་པའི་དལ་ཞལ་ཕྱེས་ནས་གཞུང་དུ་འཇུག༔ དཀྱིལ་འཁོར་རྒྱན་བཀོད་མཚན་རྫོགས་སྤྲོས་བཅས་ལུགས༔ གཏོར་མ་རྟེན་གསུམ་བཀྲམ་པ་མཚན་མའི་རྟེན༔ གདན་གསུམ་དཀྱིལ་འཁོར་ལ་བརྟེན་སྤྲོས་མེད་ལུགས༔ འབྱོར་ཚོགས་འདོད་ཡོན་མཆོད་པའི་རྫས་སུ་བཀོད༔ སྔོན་འགྲོ་སྟ་གོན་རིམ་པ་སྤྱི་ལྟར་ཤེས༔ ས་མ་ཡ༔ བླ་མ་དྲག་པོ་བསྒྲུབ་པའི་སྐྱེས་བུ་རྣམས༔ བསྐྱེད་རྫོགས་ཟབ་མོའི་གནད་དང་ལྡན་པ་དང་༔ གཞན་དུ་མ་ཡེངས་མི་ཚིག་ལབ་མི་སྤོངས༔ དམ་བཅའ་མི་ཉམས་སྲུང་མཚམས་མི་རལ་བས༔ སྙིང་པོ་དོན་གྱི་སྒྲུབ་པ་ཟབ་མོའི་གནད༔ པདྨའི་སྙིང་གཏམ་ཟུངས་ཤིག་སྙིང་གི་བུ༔ ས་མ་ཡ༔ ད་ནི་ཡང་དག་སྙིང་པོའི་སྒྲུབ་པ་ཡི༔ སྒོ་རུ་འཇུག་པའི་རིམ་པ་འདི་ལྟ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མ་དྲག་པོའི་དཀྱིལ་འཁོར་ལ༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་མཐར༔ སེམས་བསྐྱེད་པ་ནི༔ ན་མོ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་ཅིང་༔ བླ་མ་དྲག་པོའི་སྒོར་ཞུགས་ནས༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་པདྨ་དྲག་པོ་རྩལ༔ གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་སྐུ་ལ་རྫོགས༔ སྤྲུལ་པའི་ལྕགས་སྡིག་མཚོན་ཐུན་ཁྲ་ཐབས་འགྱེད༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན་པའི་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི་ཁྱེར་ལ༔ མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་ཏུ་སོང་༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་མཚོན་ཐུན་མེ་རླུང་རབ་འབར་བས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔ བསྐལ་པར་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ རྩ་སྔགས་མཐར༔ ཨོཾ་སུམྦྷ་ནི་བརྗོད་ཅིང་ཐུན་གྱིས་བྲབ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་༔ བདག་ཉིད་དྲག་པོའི་ཕྲིན་ལས་སྤྲུལ་པ་ཡི༔ མེ་དཔུང་མཚོན་ཐུན་ཁྲ་ཐབས་དཔག་མེད་པ༔ ཚུར་འདུས་སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ མི་ཤིགས་དོན་གྱི་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ གདོད་མའི་གཞི་དབྱིངས་ཡེ་ཤེས་རོལ་པའི་ངང་༔ སྐུ་དང་ཡོན་ཏན་རབ་རྫོགས་ཡེ་ཤེས་ལྷ༔ མ་རིག་རྐྱེན་གྱི་སྒྲིབ་གཡོགས་དང་བྲལ་ནས༔ སྐད་ཅིག་མངོན་བྱེད་ཤེས་རབ་འཆར་སྒོ་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐོག་མེད་དུས་ནས་ལྷན་སྐྱེས་ཡེ་ཤེས་ལྷ༔ མ་བཅོས་རང་བྱུང་ཆེན་པོར་ལྷུན་གྱིས་གྲུབ༔ གཟུང་འཛིན་བག་ཆགས་འཐས་པའི་རྐྱེན་གྱིས་བསྒྲིབས༔ ད་ནི་རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོཿ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདེ་གཤེགས་སྙིང་པོ་རང་སངས་ཆོས་ཀྱི་སྐུ༔ སྐུ་དང་ཡེ་ཤེས་རོལ་པར་ལྷུན་གྱིས་གྲུབ༔ མ་རིག་བདག་རྟོག་འཁྲུལ་པའི་ནོངས་པ་ཀུན༔ རིག་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་བཤགས༔ བཛྲ་ས་མ་ཡ་ཨཱཿདེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཛཿཀ་དག་ཕྱོགས་ཡན་སྤྲོས་པའི་མཐའ་དང་བྲལ༔ སྐྱེ་མེད་ཆོས་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷུན་གྲུབ་རོལ་པ་བདེ་ཆེན་ལོངས་སྤྱོད་རྫོགས༔ འགགས་མེད་ལོངས་སྐུའི་བླ་མས་བྱིན་ཆེན་ཕོབ༔ རང་གྲོལ་རོལ་པ་མ་བཅོས་རྩལ་རྫོགས་པའི༔ ཀུན་ཁྱབ་སྤྲུལ་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷན་སྐྱེས་ཡེ་ཤེས་མ་བཅོས་ལྷུན་རྫོགས་ལྷ༔ རྡོ་རྗེ་གསུམ་གྱི་རོལ་པར་ཐབས་ཀྱིས་བཞེངས༔ ཁམས་གསུམ་འཁྲུལ་པའི་འཁོར་ལོ་དབྱིངས་སུ་བཤིག༔ ཡི་དམ་དཀྱིལ་འཁོར་ལྷ་ཡིས་བྱིན་ཆེན་ཕོབ༔ འཁོར་འདས་ཆོས་ཀུན་ཡེ་སྟོང་ཆེན་པོའི་ངང་༔ ཆགས་བྲལ་གསང་ཆེན་བྷ་ག་ཡངས་པའི་མཁར༔ དག་མཉམ་རོལ་པ་དབྱིངས་ཀྱི་སྤྱི་རྗེ་མོ༔ ཡེ་ཤེས་མཁའ་འགྲོ་མ་ཡིས་བྱིན་ཆེན་ཕོབ༔ སྣང་སྲིད་སྣོད་བཅུད་གཟུང་དང་འཛིན་པའི་ཆོས༔ དག་པ་རབ་འབྱམས་བདེ་བ་ཆེན་པོ་རུ༔ རྟོགས་གྲོལ་གཉིས་མེད་བྱང་ཆུབ་མཆོག་ཐོབ་པའི༔ དབང་དང་དངོས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་དག་མཉམ་ཆེན་པོར་སྟོང་༔ སྣང་སྟོང་སྦྱོར་བ་གཉིས་མེད་རོལ་པའི་འཕྲུལ༔ འདོད་རྒུའི་ལོངས་སྤྱོད་དཔལ་ཡོན་ཅིར་ཡང་སྣང་༔ བདེ་སྟོང་རོ་ཡི་ནུས་སྟོབས་བཅུད་དུ་འཁྱིལ༔ སྒྱུ་འཕྲུལ་གསང་ཆེན་དོན་གྱི་དཀྱིལ་འཁོར་དུ༔ ཟག་མེད་ཡེ་ཤེས་དགའ་སྟོན་རོལ་གར་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨརྒྷཾ་སོགས་དྷརྨ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཱ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཱ༔ བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧཱུྃ་སྭཱ་ཧཱ༔ དེ་ནས་དངོས་གཞི་ལྷ་བསྐྱེད་པའི་རིམ་པ་ལ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ ཆོས་ཀུན་ཆོས་ཉིད་བརྡལ་ཁྱབ་ཆེན་པོར་ཞིག༔ གདོད་ནས་མ་བཅོས་རྡོ་རྗེ་བཙུན་མོའི་མཁའ༔ སྤྲོས་པའི་མཐའ་བྲལ་རྣམ་ཐར་སྒོ་གསུམ་ལྡན༔ ཤེས་རབ་ཆེན་པོའི་ངང་མདངས་མངོན་དུ་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཀུན་སྣང་གི་ཏིང་ངེ་འཛིན་ནི༔ ཨཱཿལྷུན་གྲུབ་དབྱིངས་སྣང་མཚན་མ་དམིགས་གཏད་བྲལ༔ མཐའ་དང་ཕྱོགས་མེད་བདེ་ཆེན་རོལ་པའི་ཀློང་༔ ཡེ་ཤེས་སྤྱན་གྱིས་ཀུན་མཁྱེན་ཀུན་ཏུ་གཟིགས༔ མཉམ་ཉིད་རོལ་པ་ཆེན་པོ་བྱང་ཆུབ་སེམས༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷེ་ཧཱུྃ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་སྐུ་མཚན་མ་བྲལ་བའི་དབྱིངས་ཉིད་ནི༔ ཐུགས་རྗེའི་རོལ་པ་ཆུ་ཟླ་ཇི་བཞིན་དུ༔ སྤྲུལ་པའི་བཀོད་པ་གདུལ་བྱའི་དཔལ་དུ་ངོམས༔ རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་དམར་ནག་ཤར༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ དེ་ནས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ལས་འོད་འཕྲོས་སེམས་རྟོག་བག་ཆགས་བསྲེག༔ སྣང་བ་ཐམས་ཅད་བདེ་ཆེན་པདྨ་འོད༔ སྲིད་པ་ཐམས་ཅད་དབང་དྲག་རོལ་པའི་དལ༔ དྲི་མེད་ཟང་ཐལ་འོད་ཀྱི་གཞལ་ཡས་ཁང་༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཁྱོན་ལ་སྙེགས༔ རྒྱན་དང་མཚན་ཉིད་བཀོད་པ་རབ་ཏུ་རྫོགས༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཐོད་མཁར་རྔམས་པའི་དབུལ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ ཉོན་མོངས་བདག་རྟོག་རཱུ་ཏྲ་ཕོ་མོ་ཡི༔ བམ་ཆེན་གཅལ་དུ་བཀྲམ་པའི་གདན་སྟེང་དུ༔ ཧཱུྃ་ལས་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ འཁོར་འདས་དབང་བསྒྱུར་བདེ་ཆེན་རྒྱལ་པོར་བཞེངས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་བར་སྣང་ཁམས་སུ་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་ལྕགས་སྡིག་ནག་པོའི་སྐེ་ནས་བཅིངས༔ ཞབས་གཉིས་སྡེ་བརྒྱད་རྒྱལ་བསེན་དྲེགས་པ་གནོན༔ ཐལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་མཛེས༔ ཀོ་རློན་གཡང་གཞི་སྟག་ལྤགས་ཤམ་ཐབས་གསོལ༔ ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཆུན་པོས་བརྒྱན༔ གཉིས་མེད་སྦྱོར་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་རབ་ཁྲོས་གྲི་གུག་ཐོད་ཁྲག་བསྣམས༔ དགྱེས་ཆགས་བདེ་སྟོང་རོལ་པར་མཉམ་སྦྱོར་མཛད༔ གཡོན་དུ་སྒྲོལ་བའི་ཡུམ་མཆོག་ཝ་ར་ཧི༔ མཐིང་ནག་གར་སྟབས་གྲི་ཐོད་རུས་རྒྱན་སྤྲས༔ ཐབས་ཤེས་གཉིས་མེད་རོལ་པར་ལྷུན་གྱིས་གྲུབ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་འགྱིང་༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་སེར་པོ༔ ཕྱག་གཡས་རལ་གྲི་གཡོན་པས་ཞགས་པ་སྡོམ༔ མགྲིན་པར་དབང་ཆེན་རྟ་མགྲིན་རྒྱལ་པོ་དམར༔ ཕྱག་གཡས་དབྱུག་ཏོ་གཡོན་པས་ཟངས་ཞགས་བསྡམ༔ ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྦྲུལ་ཆུན་སྡོམ༔ ལྟེ་བར་ཁྲོས་མ་མཐིང་ནག་གྲི་ཐོད་བསྣམས༔ སྤྲུལ་པ་དབྱིངས་ཀྱི་རྗེ་མོ་རྣམ་བཞིས་བསྐོར༔ གསང་བར་ཡཀྵ་མེ་དབལ་མཐིང་ནག་རྔམས༔ ཕྱག་གཡས་ཐོ་བ་གཡོན་པས་མེ་དབལ་བསྣམས༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་མེ་དཔུང་འབར༔ སྤྱི་བོར་བྱ་ཁྱུང་ནག་པོས་ཀླུ་གདོན་ཟ༔ རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་བསྒོམ༔ ཤར་གྱི་ཕྱོགས་སུ་བཛྲ་དྲག་པོ་རྩལ༔ དཀར་པོ་ཁྲོ་གཏུམ་རྡོ་རྗེ་སྡིག་པ་བསྣམས༔ ལྷོ་ཡི་ཕྱོགས་སུ་རཏྣ་དྲག་པོ་རྩལ༔ སེར་ནག་ཕྱག་གཉིས་བཻ་ཅོན་སྡིག་པ་བསྣམས༔ ནུབ་ཀྱི་ཕྱོགས་སུ་པདྨ་དྲག་པོ་རྩལ༔ དམར་ནག་ཕྱག་གཉིས་རལ་གྲི་སྡིག་པ་བསྣམས༔ བྱང་གི་ཕྱོགས་སུ་ཀརྨ་དྲག་པོ་རྩལ༔ ལྗང་ནག་ཕྱག་གཉིས་རྒྱ་གྲམ་ལྕགས་སྡིག་འཛིན༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྫོགས༔ ཞབས་གཉིས་བདུད་དང་རཱུ་ཏྲ་ཕོ་མོ་གནོན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ ངོ་བོ་རང་རྩལ་སྒྱུ་འཕྲུལ་རོལ་པར་རྫོགས༔ ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་༔ ཤར་དུ་རིག་འཛིན་ཧཱུྃ་ཀཱ་ར༔ དཀར་གསལ་ཁྲོ་གཏུམ་རྔམས་པའི་སྐུ༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ ཡང་དག་ཐུགས་ཀྱི་ངོ་བོར་བསྐྱེད༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ རལ་གྲི་གཡས་ལ་ཞགས་པ་གཡོན༔ འཇམ་དཔལ་སྐུ་ཡི་ངོ་བོར་བསྐྱེད༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་དམར༔ དབྱུག་ཏོ་གཡས་ལ་སྦྲུལ་ཆུན་གཡོན༔ པདྨ་གསུང་གི་ངོ་བོར་བསྐྱེད༔ བྱང་དུ་པྲ་བྷ་ཧསྟི་ལྗང་༔ རྒྱ་གྲམ་གཡས་ལ་ཕུར་པ་གཡོན༔ ཕུར་པ་ཡོངས་རྫོགས་ངོ་བོར་བསྐྱེད༔ ཤར་ལྷོ་དྷ་ན་སཾསྐྲྀ་དམར༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ མ་མོ་རྦོད་གཏོང་ངོ་བོར་བསྐྱེད༔ ལྷོ་ནུབ་བི་མ་མི་ཏྲ་དཀར༔ ཌཱ་རུ་གཡས་ལ་དྲིལ་བུ་གཡོན༔ བླ་མ་རིག་འཛིན་འདུས་པར་བསྐྱེད༔ ནུབ་བྱང་རམ་བུ་གུ་ཧྱ་མཐིང་༔ རྡོ་རྗེ་གཡས་ལ་སྦྲུལ་ཞགས་གཡོན༔ མཆོད་བསྟོད་ཡོངས་རྫོགས་ངོ་བོར་བསྐྱེད༔ བྱང་ཤར་ཤཱནྟིཾ་གརྦྷ་སྔོ༔ ལྕགས་ཀྱུ་གཡས་ལ་ཕུར་པ་གཡོན༔ དྲག་སྔགས་དཀྱིལ་འཁོར་རྫོགས་པར་བསྐྱེད༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་འབར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བོ་བཅུ༔ ཡབ་ཡུམ་འཁྲིལ་སྦྱོར་ཟ་གསོད་འགྱེད༔ ཕྱོགས་སྐྱོང་ཟིལ་གནོན་རྒྱལ་པོར་བསྐྱེད༔ སྒོ་བཞིར་ལས་ཀྱི་སྒོ་མ་བཞི༔ ལས་མདོག་རང་རྟགས་ཕྱག་མཚན་འཛིན༔ ཕྱི་རིམ་དྲེགས་པ་སྡེ་བརྒྱད་ཚོགས༔ བཀའ་ཉན་ལས་ཀྱི་ཕོ་ཉར་འགྱེད༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ བླ་མ་དྲག་པོའི་དཀྱིལ་འཁོར་ལྷ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་ལྷུན་གྲུབ་དོན་གྱི་འོག་མིན་ཞིང་༔ སྐུ་དང་ཡེ་ཤེས་ཡོན་ཏན་རང་བྱུང་བའི༔ དབྱིངས་ལས་མ་གཡོས་ངང་ལས་མི་གཞན་པ༔ གདུལ་བྱའི་དཔལ་དུ་སྒྱུ་འཕྲུལ་རོལ་པའི་གར༔ ཅིར་ཡང་སྣང་བ་བདེ་ཆེན་རྡོ་རྗེའི་ལྷ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་སྐུར་བཞེངས་ལ༔ འཁོར་བའི་འཁྲུལ་འཁོར་གཞོམ་ཕྱིར་གཤེགས་སུ་གསོལ༔ གདོད་མ་གཞི་ཡི་རྒྱ་མཚོ་ཆེན་པོའི་ཀློང་༔ གཟུང་འཛིན་བག་ཆགས་འཐས་པ་རྔ་ཡབ་གླིང་༔ མི་སྲུན་ཉོན་མོངས་སྲིན་པོའི་གྲོང་ཁྱེར་དབུས༔ གཡོ་མེད་ཐེག་ཆེན་ཟངས་མདོག་དཔལ་རིའི་རྩེར༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གཞལ་ཡས་ཁང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཀུན་རྟོག་རཱུ་ཏྲ་བསྒྲལ་བའི་བམ་སྟེང་དུ༔ ཀུན་བཟང་འོད་མི་འགྱུར་བ་ཆོས་ཀྱི་སྐུ༔ སྟོན་མཆོག་པདྨ་དྲག་པོ་སྐུར་བཞེངས་ཤིག༔ འཁོར་བའི་འཁྲུལ་འཁོར་གཞོམ་ཕྱིར་གཤེགས་སུ་གསོལ༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེན་པོའི་མཁར༔ བདག་རྟོག་འཁོར་བ་བསྒྲལ་བའི་དུར་ཁྲོད་ནས༔ གཉིས་སྣང་གཞིར་གྲོལ་དོན་གྱི་དཀྱིལ་འཁོར་གྲུབ༔ སྒྲུབ་སྡེ་བརྒྱད་ཀྱི་བཀོད་པ་ཡོངས་རྫོགས་དཔལ༔ རིག་འཛིན་དབང་ཕྱུག་ཆེན་པོ་རྣམ་པ་བརྒྱད༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྟེན་དང་བརྟེན་པའི་གཞལ་ཡས་ལྷ༔ ངོ་བོ་རང་རྩལ་གཉིས་མེད་རོལ་པ་ཡི༔ ཤེས་རབ་དབྱིངས་ལ་གཤེགས་བྱོན་མི་མངའ་ཡང་༔ ཐབས་མཆོག་འགྲོ་བ་འདྲེན་པའི་དཔལ་དུ་བཞེངས༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་མ་བཅོས་དག་པ་ཆེན་པོའི་དབྱིངས༔ གཞལ་ཡས་ལྷ་དང་ཡེ་ཤེས་ཡེ་རྫོགས་ཆེ༔ གཉིས་མེད་ངང་གནས་ལྷ་ལ་ལྷ་ཉིད་དེ༔ རྡོ་རྗེ་གསུམ་གྱི་རོལ་པར་བཞུགས་སོ་འཚལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཁམས་གསུམ་འཁོར་བ་མ་ལུས་ཡོངས་སྒྲོལ་ཞིང་༔ དུག་གསུམ་འཁྲུལ་པའི་རྩ་བ་དྲུང་འབྱིན་ཕྱིར༔ བླ་མེད་བླ་མ་དབང་དྲག་དཀྱིལ་འཁོར་ལྷར༔ རྩལ་སྣང་སྤྲུལ་པའི་གར་གྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿསྣང་བའི་ཁམས་སུ་རྒྱུ་རྐྱེན་རྟེན་འབྲེལ་གྱི༔ གཡོ་བྱེད་རླུང་གིས་བསྒྱུར་བའི་འཕྲུལ་མོ་ཆེ༔ ཉེར་སྤྱོད་མཆོད་པའི་སྤྲིན་དུ་རབ་སྤེལ་བ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ རྣམ་པར་ཤེས་པའི་རྩལ་ཆེན་གཡོ་འཁྲུགས་ལས༔ ཡུལ་དང་ཡུལ་ཅན་སྣང་སེམས་མཆོད་པ་ཡི༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད་དུ་སྤྲོས༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་སྨན་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་འཁོར་བ་འབྲུ་གསུམ་རོལ་པར་ཞུ༔ སྐུ་གསུམ་ངོ་བོ་བདེ་སྟོང་བཅུད་དུ་འཁྱིལ༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུ་ྃཧྲཱིཿརྒྱུ་དྲུག་འཁོར་བ་དབྱིངས་སུ་བསྒྲལ་བ་ཡིས༔ དམར་ཆེན་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲིགས༔ བདེ་སྟོང་རོ་ཡི་ནུས་པ་བཅུད་དུ་འཁྱིལ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ སྣང་བ་ཁྱབ་བརྡལ་ཡངས་པའི་གཏོར་གཞོང་དུ༔ སྲིད་པ་ཐམས་ཅད་རང་བྱུང་གཏོར་མར་བཤམས༔ འདོད་ཡོན་སྣ་ཚོགས་ལྷ་མོས་རབ་བརྒྱན་ཏེ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿརྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར༔ བདེ་ཆེན་རྒྱལ་པོ་སྙོམས་འཇུག་རོལ་པ་ལས༔ དགའ་བདེའི་ལོངས་སྤྱོད་བརྗོད་མེད་རྒྱན་དུ་ཤར༔ བྱང་ཆུབ་སེམས་ཀྱི་རླབས་ཆེན་གཡོ་ཞིང་འཁྲིགས༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ དེ་ནས་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཆེན་རྡོ་རྗེ་ཕག་མོའི་མཁར༔ མ་རིག་ལོག་རྟོག་གཉིས་འཛིན་རཱུ་ཏྲ་ཀུན༔ ཐབས་མཆོག་ཧེ་རུའི་རྡོ་རྗེ་གཏུན་བུས་བརྡུངས༔ ཕྱེ་མར་བརླག་པའི་ཤ་ཁྲག་རུས་གྲམ་བརྡལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿཆོས་ཉིད་སྐྱེ་བ་མེད་པའི་མཁའ་དབྱིངས་སུ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་བརྡལ་བ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་རོལ་གར་ངོམས༔ སྐུ་གསུམ་ལྷུན་གྲུབ་རྫོགས་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་གཞལ་ཡས་སུ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ གཉིས་འཛིན་རཱུ་ཏྲའི་བམ་གྱི་ཁྲི་སྟེང་དུ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་གཟུགས་སྐུར་ངོམས༔ འཁོར་འདས་དབང་སྡུད་སྐུ་མདོག་དམར་འོད་འབར༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་མཁའ་ལ་གཟིགས༔ མཉམ་ཉིད་བདེ་ཆེན་རོལ་པའི་ཞལ་གདངས་ཤིང་༔ འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་འདྲིལ་བ༔ དོན་གཉིས་ལྷུན་གྲུབ་མཚོན་པའི་ཤངས་བུག་ཧར༔ བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས་པ༔ བདེ་ཆེན་འཕོ་འགྱུར་མེད་ཕྱིར་དབུ་སྐྲ་འཁྱིལ༔ ཐབས་དང་ཤེས་རབ་མཚོན་པའི་ཕྱག་གཉིས་པ༔ སྲིད་ཞིའི་མཐའ་ལས་འདས་པའི་ཞབས་གཉིས་ལྡན༔ ཆོས་སྐུ་ཀུན་ཁྱབ་བརྡལ་བའི་སྐུ་མངའ་བ༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཡུམ་དང་འཁྲིལ༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གདོན་འདུལ༔ སྐེད་པས་བར་སྣང་ཁམས་ནས་སྡེ་བརྒྱད་འདུལ༔ ཞབས་གཉིས་རྒྱ་མཚོའི་གཏིང་ནས་ཀླུ་གདོན་འདུལ༔ ཁམས་གསུམ་མ་ལུས་དབང་སྡུས་ཟིལ་གྱིས་གནོན༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་དང་༔ ཉོན་མོངས་རང་གཤེད་ལྕགས་སྡིག་མགོ་དགུ་བསྣམས༔ ཚོགས་ཡུལ་གནས་དག་དུར་ཁྲོད་དཔལ་ཆས་བརྒྱན༔ འདོད་ཆགས་མོ་གདོན་འཇོམས་པའི་མེ་དཔུང་འབར༔ ཞེ་སྡང་རྒྱལ་འགོང་འཇོམས་པའི་ལྕགས་སྡིག་འགྱེད༔ གཏུམ་དྲག་ཀླུ་གདོན་འདུལ་བའི་བྱ་ཁྱུང་འགྱེད༔ རྒྱན་དང་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་སྒྲ་དྲག་པོས་སྲིད་གསུམ་འཁོར་བ་འཇིགས༔ སྔགས་ཀྱི་རང་སྒྲས་སྐྱེ་འགྲོའི་ངག་དབང་བྱེད༔ གད་རྒྱངས་རྔམས་པས་ལྟ་ལོག་གྲུབ་མཐའ་འཇིག༔ ཕཊ་ཀྱི་སྒྲ་སྒྲོགས་ལོག་འདྲེན་མགོ་སྙིང་འགེམ༔ གསུང་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ འཁོར་འདས་མ་ལུས་ཐུགས་ཀྱི་ཀློང་ཆེན་དུ༔ རྫོགས་པ་ཆེན་པོའི་རོལ་པར་འབྱམས་ཀླས་པའི༔ ཉག་གཅིག་བྱང་ཆུབ་སེམས་ཀྱི་རོལ་པ་ཆེ༔ ཀ་དག་སྐྱེ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་རང་རྩལ་ལས༔ ཁྲག་འཐུང་ཆེན་པོ་བཞི་ལ་ཕྱག་འཚལ་བསྟོད༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཡེ་ཤེས་རྩལ༔ གྲུབ་པའི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད༔ འཁྲུལ་པའི་རྟོག་ཚོགས་གནས་དག་ཡེ་ཤེས་རྩལ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཚོགས་ལ་བསྟོད༔ ཚད་མེད་རྣམ་བཞིས་འགྲོ་ཀུན་གནས་ནས་འདྲེན༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་བར་ཆད་སྲུང་ཟློག་ཕོ་ཉ་བ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་བཤགས་པ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོའི་དཀྱིལ་འཁོར་དགོངས་སུ་གསོལ༔ ཐོག་མེད་དུས་ནས་མ་རིག་དབང་གྱུར་ཏེ༔ སྒོ་གསུམ་འཁྲུལ་པའི་ནོངས་པ་ཅི་མཆིས་ཀུན༔ མི་གསང་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ སླན་ཆད་སྲོག་ལ་བབ་ཀྱང་སྡོམ་བགྱིད་དོ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་སོགས་ཚང་བར་བརྗོད༔ ས་མ་ཡ༔ ཛབ་དམིགས་སྔགས་བཟླས་རིམ་པ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྐུར་གསལ་ཐུགས་ཀ་རུ༔ ཡེ་ཤེས་འོད་ཟེར་མེ་དཔུང་འཁྲིགས་པའི་ཀློང་༔ པདྨ་ཉི་མ་འབར་བའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་དམར་ནག་ཁྲོ་གཏུམ་རྔམས༔ གཅེར་བུ་རྒྱན་མེད་གྱད་ཀྱི་འདོར་སྟབས་བགྲད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གཡོན་སྡིག་པ༔ དེ་ཡི་ཐུགས་ཀར་པདྨ་ཉི་གདན་ལ༔ གནམ་ལྕགས་རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་དྭངས་མའི་ཐིག་ཀློང་དུ༔ ཧཱུྃ་ཡིག་དམར་ནག་སྤུ་ཡིས་བྲིས་ལྟར་གསལ༔ དེ་མཐར་གསང་སྔགས་སྙིང་པོ་གཡས་སུ་འཁོར༔ འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གཤེགས་བཞུགས་པའི༔ སངས་རྒྱས་བྱང་སེམས་མ་ལུས་ཐམས་ཅད་ལ༔ མཉེས་མཆོད་ཕུལ་ཞིང་ཐུགས་དམ་རྒྱུད་བསྐུལ་ནས༔ སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཀུན༔ འོད་ཟེར་ཚུར་འདུས་ཐུགས་སྲོག་སྔགས་ལ་བསྟིམས༔ གཟི་བརྗིད་རབ་འབར་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས་རྒྱས་གདབ་རྣམ་གསུམ་གྱི༔ གནད་དང་ལྡན་པ་མཆོག་ཏུ་གཅེས༔ བདག་ཉིད་དབང་དྲག་ཐུགས་ཀའི་ཧཱུྃ་ཡིག་ལས༔ སྔགས་ཀྱི་འོད་ཟེར་དམར་གསལ་གྱིས་འབྲེལ་བ༔ མུ་ཏིག་ཕྲེང་བ་ལྟར་འཕྲོས་ཞལ་ནས་ཐོན༔ ཡུམ་གྱི་ཞལ་བརྒྱུད་གསང་བ་ནས་ཐོན་ཏེ༔ རྡོ་རྗེའི་སྦུབས་ཞུགས་ཧཱུྃ་གི་ཞབས་ཀྱུར་ཐིམ༔ མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བར་དམིགས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དབང་བྱིན་དངོས་གྲུབ་ཀུན་བསྡུས་ནས༔ སྲོག་གི་སྙིང་པོར་ཐིམ་པས་རྒྱལ་ཀུན་གྱི༔ རྡོ་རྗེ་གསུམ་གྱི་དབང་བྱིན་འདུས་པར་བསྒོམ༔ ཨོཾ་ཨརྩིག་ནིརྩིག༴སྤྲོ་བསྡུ་གཟེར་གྱི་གནད་ལྡན་བྱ༔ དེ་ནས་ལས་སྦྱོར་དམིགས་གནད་ནི༔ ཧཱུྃ༔ རང་ཉིད་དབང་དྲག་ཡབ་ཡུམ་སྐུར་གསལ་བའི༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོའི་འོད་ཟེར་གྱིས༔ ཐུན་མཚོན་ཁྲོ་ཆུང་རླུང་ལྟར་འཚུབས་པ་དང་༔ རང་བྱུང་ལྕགས་སྡིག་མེ་རླུང་རབ་འཕྲོས་པས༔ དགྲ་བགེགས་རྒྱལ་བསེན་སྡེ་བརྒྱད་གནོད་བྱེད་ཀུན༔ བརླག་གཏུབ་བསྲེག་གཏོར་ཧབ་ཧབ་མྱག་མྱག་གསོལ༔ སྲོག་འཕྲོག་བྲན་བཀོལ་མི་ལྡོག་རྒྱས་གདབ་གྱུར༔ ཨོཾ་ཨརྩིག༴ཅེས་བཟླས་ལས་བཞིའི་དམིགས་གནད་གཟིར༔ གང་ལའང་བསྒྱུར་ཁ་མཁས་པར་མཛོད༔ ས་མ་ཡ༔ བསྙེན་པ་འབུམ་ཕྲག་ཉེར་ལྔ་ལ༔ སྒྲུབ་སྔགས་ཉེར་གསུམ་ལས་སྔགས་བཅུས༔ དངོས་གྲུབ་པྲ་ལྟས་ངེས་པར་འབྱུང་༔ ཁྱད་པར་ཉི་ཟླ་ཤར་བ་དང་༔ རི་རྩེར་ཕྱིན་དང་མཁའ་ལ་འཕུར༔ མེ་ཏོག་རྒྱས་དང་ལོ་འབྲས་སྤྱོད༔ གནས་ཁང་མེ་འབར་ཆུ་ཆེན་བརྒལ༔ རོལ་མོ་འཁྲོལ་ཞིང་ལྷ་ཞལ་མཐོང་༔ གསལ་བའི་མེ་ལོང་རྙེད་པ་རྣམས༔ བསྙེན་དང་སྒྲུབ་པའི་ལྟས་སུ་ལེགས༔ བྲག་བཤིགས་རྩི་ཤིང་བཅོམ་པ་དང་༔ སྐྱེ་འགྲོ་གསོད་གཅོད་བཀོལ་བཏུལ་དང་༔ ཁྲོམ་ཚོགས་ཁྲི་རུ་བསྟོད་པ་དང་༔ བན་བོན་སྐྱེས་པ་ཕོ་མོ་ཡིས༔ ཕྱག་མཆོད་བཀུར་སྟི་བྱེད་པ་དང་༔ སྡེ་བརྒྱད་ལྷ་འདྲེས་ཁས་ལེན་རྣམས༔ ལས་སྦྱོར་ཕྲིན་ལས་གྲུབ་པའི་རྟགས༔ ཁྱད་པར་ཉམས་རྟོགས་སྐྱེ་བ་དང་༔ བྱ་རྒྱལ་རྒོད་ཀྱི་སྤུ་བྲན་འབབ༔ མེ་ཏོག་ཆར་འབེབས་བདུད་རྩི་ཁོལ༔ གཏོར་མ་མེ་འབར་རཀྟ་འཕྱུར༔ གླུ་གར་རོལ་མོའི་རང་སྒྲ་ལྡིར༔ འདི་དག་མངོན་བྱུང་དངོས་གྲུབ་ལྟས༔ མཆོག་ཏུ་ཆེ་བ་ངེས་པའོ༔ དེ་ལྟར་དངོས་གྲུབ་ལྟས་བྱུང་ཚེ༔ མཆོག་འཛིན་རེ་དོགས་སྤང་ནས་སུ༔ དགའ་སྡུག་བྲལ་བའི་དབྱིངས་སུ་འཇོག༔ གནད་དེ་ཁྱད་པར་མཆོག་ཏུ་ཟུངས༔ ས་མ་ཡ༔ བླ་མ་དྲག་པོ་སྒྲུབ་པའི་བུས༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བ་དང་༔ དམ་ཚིག་ཉམས་ཆག་སོར་ཆུད་ཕྱིར༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི༔ འབྱོར་ཚོགས་འདོད་ཡོན་ཐམས་ཅད་ཀུན༔ རི་རབ་རོལ་མཚོའི་ཚུལ་དུ་སྤུངས༔ གཙང་མ་ཆབ་ཀྱིས་རབ་བྲན་ནས༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མི་མཇེད་སྣོད་ཀྱི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་ཚོགས་ཀྱི་རོལ་པར་བཤམས༔ འདོད་ཡོན་སྣ་ཚོགས་མཆོད་པའི་རྒྱན་དུ་ཤར༔ བླ་མ་དྲག་པོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྒྱ་ཆེ་གཏིང་ཟབ་རིན་ཆེན་སྣོད་ཡངས་པར༔ འབྱོར་ཚོགས་འདོད་ཡོན་ལོངས་སྤྱོད་ཚོགས་སུ་བཤམས༔ ཡེ་ཤེས་བདུད་རྩིའི་རོལ་པར་བྱིན་གྱིས་བརླབས༔ བླ་མ་དྲག་པོའི་ལྷ་ཚོགས་དགྱེས་ཕྱིར་འབུལ༔ སྣང་བ་བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ ཡུལ་བརྒྱད་འདོད་ཡོན་རང་ཤར་གསང་བའི་ཚོགས༔ དབང་བསྒྱུར་རྣམ་ཤེས་དཔའ་མོའི་རྣམ་རོལ་རྩེ༔ བླ་མ་དྲག་པོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རཾ་ལས་མེ་བྱུང་རྣམ་པར་རྟོག་སྒྲིབ་སྦྱངས༔ ཡཾ་ལས་རླུང་བྱུང་བག་ཆགས་ཐམས་ཅད་གཏོར༔ ཁཾ་ལས་ཆུ་བྱུང་ཉོན་མོངས་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ དྲི་མ་སྦྱངས་ནས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨོཾ་ཨཱཿཧཱུྃ༔ དབྱིངས་ཉིད་ཀུན་ཏུ་བཟང་པོའི་རོལ་པ་ལས༔ གསང་བའི་སྙིང་པོ་འབྲུ་གསུམ་འོད་དུ་ཞུ༔ ཡེ་ཤེས་ལྔ་ཡི་ནུས་པ་བཅུད་ལྡན་གྱི༔ རོལ་པ་འདོད་འཇོའི་དཔལ་ཡོན་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་མཐར་དམིགས་གནད་ནི༔ རང་ཉིད་ཡི་དམ་དྲག་པོའི་ཐུགས་ཀ་ནས༔ ཡེ་ཤེས་འོད་ཟེར་དཔག་མེད་རབ་འཕྲོས་པས༔ རྩ་གསུམ་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ཀུན༔ སྒྱུ་འཕྲུལ་འཁོར་ལོའི་རོལ་པར་སད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་དང་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྱུ་འཕྲུལ་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་དཔལ༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་གསང་ཆེན་རོལ་པའི་ཀློང་མཛོད་ནས༔ སྐུ་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ དབྱིངས་ལས་མ་གཡོས་ཐུགས་རྗེའི་རོལ་པའི་གར༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བདག་མེད་བརྟུལ་ཞུགས་རོལ་པའི་ཧེ་རུ་ཀ༔ བདག་རྟོག་རཱུ་ཏྲའི་གཤེད་དུ་རང་ཤར་བ༔ དམ་ཅན་བཀའ་ཡི་སྲུང་མ་མ་ལུས་ཀུན༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་དང་༔ བཀའ་སྡོད་ལས་མཁན་རྒྱ་མཚོའི་ཚོགས་བཅས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གཟི་བྱིན་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་གཉན་པོ་དང་འགལ་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་སོགས༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་དྲག་པོའི་དཀྱིལ་འཁོར་ནས༔ བདེ་ཆེན་རྒྱལ་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ མངོན་སྤྱོད་ཕྲིན་ལས་རོལ་པའི་བརྟུལ་ཞུགས་ཀྱིས༔ ལོག་འདྲེན་དགྲ་བགེགས་ཁུག་ལ་རྡུལ་དུ་རློག༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཧུར་ཐུམ་ཛཿརྦད་སོད༔ དེ་ནས་ཞལ་དུ་སྟོབ་པ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ གཟུང་འཛིན་རཱུ་ཏྲ་བསྒྲལ་བའི་ཕུང་པོ་འདི༔ རྗེས་ཤུལ་ལྷག་མ་མེད་པར་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་བཏང་བ་ནི༔ ཧཱུྃ་བྷྱོ༔ ཀ་དག་ཡེ་གྲོལ་གདོད་མའི་མགོན་པོ་ཡི༔ ལྷུན་གྲུབ་རོལ་པ་ཆེན་པོའི་སྒྱུ་འཕྲུལ་ལས༔ གདུལ་བྱ་ཐབས་ཀྱིས་འདུལ་ཕྱིར་ཕྱག་རྒྱར་ངོམས༔ སེམས་སྣང་སྲིད་པའི་ལྷ་སྲིན་དམ་རྒྱས་བཅིང་༔ གསང་སྔགས་ཟབ་མོའི་ཀློང་དུ་རྒྱས་བཏབ་ནས༔ མི་འདའ་རིག་པའི་རྡོ་རྗེས་དབང་དུ་བཀོལ༔ བཀའ་སྡོད་རང་རྩལ་དྲེགས་པ་ཕོ་མོའི་ཚོགས༔ རྟེན་འབྲེལ་ཟབ་མོའི་ཆོ་གའི་ཕ་འབབ་ཏུ༔ རྣམ་པར་ཤེས་པའི་སྤྱོད་ཡུལ་འདོད་འཇོའི་དཔལ༔ མི་ཟད་རྒྱན་འཁོར་ལྷག་མའི་ལོངས་སྤྱོད་འབུལ༔ བཞེས་ནས་རང་གྲོལ་བདེ་ཆེན་ས་ལ་སྐྱོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ་པར་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་ཀ་དག་མཉམ་པ་ཉིད་ཀྱི་དུས༔ ཁྱབ་བདག་སྤྱི་དཔལ་རྒྱལ་པོ་ཧེ་རུ་ཀས༔ གཟུང་འཛིན་རཱུ་ཏྲ་གཞི་རུ་བསྒྲལ་བའི་ཚེ༔ རྟོག་ཚོགས་སྲིད་པའི་དྲེགས་པ་ལྕམ་དྲལ་གྱིས༔ མི་འདའ་རྡོ་རྗེའི་དམ་ཚིག་སྲོག་ཏུ་བསྲེས༔ དོར་མེད་བྱང་ཆུབ་སེམས་ཀྱིས་གཉེར་བཟུང་སྟེ༔ ཟག་མེད་ནམ་མཁའ་མཛོད་ཀྱི་བརྔན་བླངས་བཞིན༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ འཁྲུལ་པའི་འཁོར་ལོ་གཞི་རུ་མ་སངས་བར༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ དེ་འོག་བར་གྱི་དུས་ཚིགས་གཉིས་པ་ལ༔ ཡེ་གྲོལ་རྒྱལ་པོ་པདྨ་འབྱུང་གནས་ཀྱིས༔ རྐྱེན་སྣང་སྲིད་པའི་ལྷ་སྲིན་དམ་རྒྱས་བསྡམ༔ གསང་སྔགས་ཟབ་མོ་བཀའ་ཡི་གཉེར་དུ་བསྐོས༔ འདོད་ཡོན་དམར་གྱི་གཏོར་མའི་ཕ་ཕོག་གཏད༔ སྒྲུབ་པའི་རྣལ་འབྱོར་བསྲུང་བའི་བཀའ་ཁྲིམས་བསྡམ༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ དེ་འོག་དུས་ཚིགས་གསུམ་གྱི་ཐ་མ་ལ༔ ཆོས་ཉིད་སྒྱུ་མར་རོལ་པའི་གནས་མཆོག་ཏུ༔ གདོད་མའི་མགོན་པོ་པདྨ་འབྱུང་གནས་ཀྱིས༔ གཉིས་མེད་ཟློས་གར་རོལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་གཏད་རྒྱ་བཀྲོལ་བའི་ཚེ༔ རང་རྩལ་སྣང་སྲིད་ལྷ་འདྲེ་དམ་རྒྱས་བསྡམ༔ ཕྲིན་ལས་བསྒྲུབ་པའི་ཕོ་ཉར་བཀའ་ཁྲིམས་བསྡམ༔ བཀའ་ཡི་ཕ་འབབ་གཏོར་མ་ཕོག་ཏུ་བཞག༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ ད་ལྟ་སྒྲུབ་པའི་རིག་འཛིན་མཆེད་ལྕམ་གྱིས༔ རང་སྣང་བཀོད་པ་རབ་རྫོགས་གཞལ་ཡས་འདིར༔ ཡེ་གྲུབ་རིག་པའི་རྡོ་རྗེའི་གྲོང་ཞུགས་ནས༔ གཉིས་སྣང་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་དང་༔ སེམས་བྱུང་སྣང་སྲིད་ལྷ་འདྲེའི་སྡེ་ཚོགས་ལ༔ ཆད་དོན་དམར་གྱི་གཏོར་མ་འདི་འབུལ་གྱིས༔ ཟབ་གསང་གཉན་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ ཕྱི་ནང་གསང་བའི་བར་ཆད་དགྲ་བགེགས་ཟློག༔ དམ་ཚིག་གཉན་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་འཁོར་དང་བཅས༔ འདིར་གཤེགས་ཆད་དོན་གཏོར་མའི་བཤལ་ཆུ་བཞེས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བསྟན་དགྲ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ གཞི་ཡི་ཆོས་སྐུ་བདེ་ཆེན་རྒྱལ་པོ་ཡི༔ སྐུ་ལྔ་ཡེ་ཤེས་རོལ་པའི་བརྟུལ་ཞུགས་ཀྱིས༔ ཉོན་མོངས་འཁྲུལ་སྣང་དབྱིངས་སྒྲོལ་བྲོ་ར་བཙུགས༔ ལོག་རྟོག་རཱུ་ཏྲའི་མགོ་ལ་ཆེམས་སེ་ཆེམ༔ རིམ་དགུ་ས་ཡི་འོག་ཏུ་མཱ་ར་ཡ༔ མ་ཤོར་རྟེན་འབྲེལ་ཟབ་མོས་དམ་རྒྱའོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལ༔ སུཾ་ལཾ༔ སྟྭམ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ བསྙེན་སྒྲུབ་ལས་སྦྱོར་དུས་འདིར་མཐའ་རུ་སོན༔ ད་ལྟ་ཉིད་དུ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བཤགས་པ་ནི༔ ཧོཿ རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔ་རུ༔ ཚེ་རབས་ལས་ཉོན་བག་ཆགས་མི་དགེའི་ཚོགས༔ མཐོལ་ལོ་བཤགས་སོ་སླན་ཆད་སྡོམ་པར་བགྱི༔ མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་ཀུན༔ བླ་མེད་བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ས་ཐོབ་ཤོག༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣང་བ་ཐམས་ཅད་ལྷ་སྐུའི་དབྱིངས་སུ་བསྡུ༔ ལྷ་དང་དཀྱིལ་འཁོར་གཉིས་མེད་སྔགས་སུ་བསྡུ༔ སྔགས་ཕྲེང་ཧཱུྃ་དང་ཟླ་ཚེས་ཐིག་ལེ་ལ༔ ཐིག་ལེ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་སོ༔ ཨ་ཨ་ཨ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལྷུན་གྲུབ་ངང་མདངས་ཤར༔ ལྷུན་གྲུབ་གདངས་ལས་ཐུགས་རྗེའི་རྩལ་ཤུགས་ཀྱིས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི༔ འཁོར་ལོ་གསུམ་གྱི་རོལ་པར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཆོས་ཉིད་རྣམ་དག་ནམ་མཁའ་ལ༔ སྐུ་དང་ཡེ་ཤེས་གཟའ་སྐར་ཤར༔ ཐུགས་རྗེས་འགྲོ་བ་ཡོངས་སྒྲོལ་བྱེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ སྣང་བ་མཐའ་ཡས་གཟུགས་ཀྱི་སྐུར་སྣང་བ༔ འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ཉིད༔ གདུལ་དཀའ་འདུལ་མཛད་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་བདེ་ཆེན་རྒྱལ་པོའི་བཀྲ་ཤིས་ཤོག༔ རྡོ་རྗེ་ཐེག་པའི་ཉི་གཞོན་སྤྲིན་བྲལ་གྱིས༔ འགྲོ་ཁམས་རྒྱ་མཚོ་ཡོངས་ལ་ཁྱབ་པ་ཡིས༔ སྐྱེ་འགྲོའི་སྒྲིབ་གཉིས་མུན་ཁམས་སེལ་བྱས་ནས༔ ཇི་ལྟ་ཇི་སྙེད་ཡེ་ཤེས་མངོན་གྱུར་ཏེ༔ རྣམ་གྲོལ་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་སྲོག་གི་ཏིག༔ བཅུད་དུ་དྲིལ་བའི་གདམས་པ་ཟབ་མོ་འདི༔ པདྨའི་བརྒྱུད་འཛིན་རྣམས་ལ་གཏད་རྒྱ་བཀྲོལ༔ གདམས་ངག་ཆུད་ཟོས་མ་གཏོང་སྙིང་གི་བུ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་ལྡན་ལས༔ འདི་དང་འཕྲད་པ་ཨུ་དུམ་ཝ་ར་ཙམ༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདིར༔ རིག་འཛིན་འབུམ་གྱི་དགོངས་པས་རྒྱས་བཏབ་ཅིང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཀློང་རྒྱས་བཏབ༔ དཔག་ཡས་རྒྱལ་བའི་བྱིན་རླབས་རྒྱས་ཡང་བཏབ༔ བྱིན་རླབས་རྣོ་ནུས་གཞན་ལས་ཁྱད་པར་འཕགས༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཟབ་ཁྱད་ཡོད༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིར་བཅོལ༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་དམ་པ་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་བཻ་རོའི་ཟློས་གར་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 09:21, 4 September 2025

Wylie title zab gsang mkha' 'gro'i snying thig las: bla ma drag po bde chen rgyal po'i sgrub pa yang dag snying po: TTDL-ZABTER-01-KA-026.pdf
Location bdud 'joms gling pa zab gter
Volume 1, Text 26, Pages 237-265 (Folios 1a1 to 15a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma drag po bde chen rgyal po'i sgrub pa yang dag snying po. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 237-265. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms gu ru drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ (bla ma drag po bde chen rgyal po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་དམ་པ་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་བཻ་རོའི་ཟློས་གར་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di ni khrag 'thung bdud 'joms rdo rje khro lod rtsal gyis gser smad rnga la stag rtse'i g.yas logs rdo rje'i brag nas bton te mi lo bco brgyad bar du bka' rgyas btab nas mthar rang slob dam pa ye shes nyi ma mtha' rgyas zhes bya bas nan du bskul ngor smar mdo bkra shis dga' 'khyil du dag par phab pa'i yi ge pa ni bai ro'i zlos gar chos kyi rdo rje'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་སྒྲུབ་པ་ཡང་དག་སྙིང་པོ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདག་འདྲ་རྗེ་བཙུན་པདྨ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ཡི༔ སྒྲུབ་པ་ཡང་དག་སྙིང་པོ་ཞེས་བྱ་བསྟན༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨ་ང་དང་ལས་འབྲེལ་ལྡན་པ་རྣམས༔ གསང་སྔགས་ཟབ་མོའི་སྒོ་དང་འཕྲད་པའི་ཚེ༔ ཚེ་རབས་གཏན་གྱི་ཟ་མ་ལན་གཅིག་ཡིན༔ ཕུང་འཚེང་ཅི་བྱེད་གང་ཟག་ཁྱོད་ལ་རག༔ ལེ་ལོ་རྣམ་གཡེང་འདུ་འཛི་འདོད་སྲེད་རྣམས༔ དམ་པའི་ཆོས་ཀྱི་ཆོམ་རྐུན་ཆེན་པོ་ཡིན༔ སྙོམས་ལས་ཕྱི་བཤོལ་བདུད་ཀྱི་རྐུན་པོ་ཡིན༔ རྙེད་བཀུར་སྙན་གྲགས་བདུད་ཀྱི་ཇག་པ་ཡིན༔ མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ༔ དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་ལ༔ རང་ཉིད་གཅིག་པུར་སྡོད་པ་ལག་ལེན་གནད༔ ལོ་སྒྲུབ་ཟླ་སྒྲུབ་ཙམ་ལ་ཡུས་མ་འདྲེན༔ ཚེ་གཅིག་སྙིང་པོའི་སྒྲུབ་པ་ལ་དྲིལ་མཛོད༔ མི་ཚེ་སྤྲིན་བར་ཉི་ཞུར་ཙམ་ཞིག་ལ༔ དགོས་དགོས་མཁོ་མཁོའི་འདོད་སྲེད་མ་ཆེ་བར༔ གཅེས་རྒུ་ཅོག་བཞག་བྱེད་པ་ལག་ལེན་གནད༔ ནངས་པར་འཆི་ཡང་བློ་ལྷག་མེད་པ་ན༔ བྱ་བཏང་དོན་གྱི་རྣལ་འབྱོར་དམ་པ་ཡིན༔ ན་དགའ་ཤི་སྐྱིད་བློ་བདེའི་གདིང་ལྡན་ན༔ ཕ་རྗེས་བུ་ཡིས་ཟིན་པའི་སྐྱེས་བུ་ཡིན༔ གནད་དེ་དཔེ་རུ་མ་བཞག་ལག་ཏུ་ལོངས༔ པདྨས་རྗེས་སུ་འཛིན་ནོ་སྐལ་ལྡན་རྣམས༔ ས་མ་ཡ༔ གངས་རྫ་ནགས་ཁྲོད་རི་བྲག་རབ་དབེན་གནས༔ འཁོར་བའི་ཆོས་ལས་དབེན་པ་དག་པའི་ཞིང་༔ ཡ་རབ་ལས་སྨོན་ལྡན་པའི་སྐྱེས་བུ་ཡི༔ བཞུགས་པའི་གནས་མཆོག་དམ་པ་ཁྱད་དུ་འཕགས༔ ས་མ་ཡ༔ དུས་བཟང་ཡར་ཚེས་ཁྱད་པར་ཚེས་བཅུའི་དུས༔ སྒྲུབ་པའི་དལ་ཞལ་ཕྱེས་ནས་གཞུང་དུ་འཇུག༔ དཀྱིལ་འཁོར་རྒྱན་བཀོད་མཚན་རྫོགས་སྤྲོས་བཅས་ལུགས༔ གཏོར་མ་རྟེན་གསུམ་བཀྲམ་པ་མཚན་མའི་རྟེན༔ གདན་གསུམ་དཀྱིལ་འཁོར་ལ་བརྟེན་སྤྲོས་མེད་ལུགས༔ འབྱོར་ཚོགས་འདོད་ཡོན་མཆོད་པའི་རྫས་སུ་བཀོད༔ སྔོན་འགྲོ་སྟ་གོན་རིམ་པ་སྤྱི་ལྟར་ཤེས༔ ས་མ་ཡ༔ བླ་མ་དྲག་པོ་བསྒྲུབ་པའི་སྐྱེས་བུ་རྣམས༔ བསྐྱེད་རྫོགས་ཟབ་མོའི་གནད་དང་ལྡན་པ་དང་༔ གཞན་དུ་མ་ཡེངས་མི་ཚིག་ལབ་མི་སྤོངས༔ དམ་བཅའ་མི་ཉམས་སྲུང་མཚམས་མི་རལ་བས༔ སྙིང་པོ་དོན་གྱི་སྒྲུབ་པ་ཟབ་མོའི་གནད༔ པདྨའི་སྙིང་གཏམ་ཟུངས་ཤིག་སྙིང་གི་བུ༔ ས་མ་ཡ༔ ད་ནི་ཡང་དག་སྙིང་པོའི་སྒྲུབ་པ་ཡི༔ སྒོ་རུ་འཇུག་པའི་རིམ་པ་འདི་ལྟ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མ་དྲག་པོའི་དཀྱིལ་འཁོར་ལ༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་མཐར༔ སེམས་བསྐྱེད་པ་ནི༔ ན་མོ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་ཅིང་༔ བླ་མ་དྲག་པོའི་སྒོར་ཞུགས་ནས༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་པདྨ་དྲག་པོ་རྩལ༔ གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་སྐུ་ལ་རྫོགས༔ སྤྲུལ་པའི་ལྕགས་སྡིག་མཚོན་ཐུན་ཁྲ་ཐབས་འགྱེད༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན་པའི་ཚོགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི་ཁྱེར་ལ༔ མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་ཏུ་སོང་༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་མཚོན་ཐུན་མེ་རླུང་རབ་འབར་བས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་ནས་ཀྱང་༔ བསྐལ་པར་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ རྩ་སྔགས་མཐར༔ ཨོཾ་སུམྦྷ་ནི་བརྗོད་ཅིང་ཐུན་གྱིས་བྲབ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་༔ བདག་ཉིད་དྲག་པོའི་ཕྲིན་ལས་སྤྲུལ་པ་ཡི༔ མེ་དཔུང་མཚོན་ཐུན་ཁྲ་ཐབས་དཔག་མེད་པ༔ ཚུར་འདུས་སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ མི་ཤིགས་དོན་གྱི་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ གདོད་མའི་གཞི་དབྱིངས་ཡེ་ཤེས་རོལ་པའི་ངང་༔ སྐུ་དང་ཡོན་ཏན་རབ་རྫོགས་ཡེ་ཤེས་ལྷ༔ མ་རིག་རྐྱེན་གྱི་སྒྲིབ་གཡོགས་དང་བྲལ་ནས༔ སྐད་ཅིག་མངོན་བྱེད་ཤེས་རབ་འཆར་སྒོ་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐོག་མེད་དུས་ནས་ལྷན་སྐྱེས་ཡེ་ཤེས་ལྷ༔ མ་བཅོས་རང་བྱུང་ཆེན་པོར་ལྷུན་གྱིས་གྲུབ༔ གཟུང་འཛིན་བག་ཆགས་འཐས་པའི་རྐྱེན་གྱིས་བསྒྲིབས༔ ད་ནི་རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོཿ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདེ་གཤེགས་སྙིང་པོ་རང་སངས་ཆོས་ཀྱི་སྐུ༔ སྐུ་དང་ཡེ་ཤེས་རོལ་པར་ལྷུན་གྱིས་གྲུབ༔ མ་རིག་བདག་རྟོག་འཁྲུལ་པའི་ནོངས་པ་ཀུན༔ རིག་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་བཤགས༔ བཛྲ་ས་མ་ཡ་ཨཱཿདེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཛཿཀ་དག་ཕྱོགས་ཡན་སྤྲོས་པའི་མཐའ་དང་བྲལ༔ སྐྱེ་མེད་ཆོས་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷུན་གྲུབ་རོལ་པ་བདེ་ཆེན་ལོངས་སྤྱོད་རྫོགས༔ འགགས་མེད་ལོངས་སྐུའི་བླ་མས་བྱིན་ཆེན་ཕོབ༔ རང་གྲོལ་རོལ་པ་མ་བཅོས་རྩལ་རྫོགས་པའི༔ ཀུན་ཁྱབ་སྤྲུལ་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷན་སྐྱེས་ཡེ་ཤེས་མ་བཅོས་ལྷུན་རྫོགས་ལྷ༔ རྡོ་རྗེ་གསུམ་གྱི་རོལ་པར་ཐབས་ཀྱིས་བཞེངས༔ ཁམས་གསུམ་འཁྲུལ་པའི་འཁོར་ལོ་དབྱིངས་སུ་བཤིག༔ ཡི་དམ་དཀྱིལ་འཁོར་ལྷ་ཡིས་བྱིན་ཆེན་ཕོབ༔ འཁོར་འདས་ཆོས་ཀུན་ཡེ་སྟོང་ཆེན་པོའི་ངང་༔ ཆགས་བྲལ་གསང་ཆེན་བྷ་ག་ཡངས་པའི་མཁར༔ དག་མཉམ་རོལ་པ་དབྱིངས་ཀྱི་སྤྱི་རྗེ་མོ༔ ཡེ་ཤེས་མཁའ་འགྲོ་མ་ཡིས་བྱིན་ཆེན་ཕོབ༔ སྣང་སྲིད་སྣོད་བཅུད་གཟུང་དང་འཛིན་པའི་ཆོས༔ དག་པ་རབ་འབྱམས་བདེ་བ་ཆེན་པོ་རུ༔ རྟོགས་གྲོལ་གཉིས་མེད་བྱང་ཆུབ་མཆོག་ཐོབ་པའི༔ དབང་དང་དངོས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་དག་མཉམ་ཆེན་པོར་སྟོང་༔ སྣང་སྟོང་སྦྱོར་བ་གཉིས་མེད་རོལ་པའི་འཕྲུལ༔ འདོད་རྒུའི་ལོངས་སྤྱོད་དཔལ་ཡོན་ཅིར་ཡང་སྣང་༔ བདེ་སྟོང་རོ་ཡི་ནུས་སྟོབས་བཅུད་དུ་འཁྱིལ༔ སྒྱུ་འཕྲུལ་གསང་ཆེན་དོན་གྱི་དཀྱིལ་འཁོར་དུ༔ ཟག་མེད་ཡེ་ཤེས་དགའ་སྟོན་རོལ་གར་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨརྒྷཾ་སོགས་དྷརྨ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཱ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཱ༔ བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧཱུྃ་སྭཱ་ཧཱ༔ དེ་ནས་དངོས་གཞི་ལྷ་བསྐྱེད་པའི་རིམ་པ་ལ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ ཆོས་ཀུན་ཆོས་ཉིད་བརྡལ་ཁྱབ་ཆེན་པོར་ཞིག༔ གདོད་ནས་མ་བཅོས་རྡོ་རྗེ་བཙུན་མོའི་མཁའ༔ སྤྲོས་པའི་མཐའ་བྲལ་རྣམ་ཐར་སྒོ་གསུམ་ལྡན༔ ཤེས་རབ་ཆེན་པོའི་ངང་མདངས་མངོན་དུ་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཀུན་སྣང་གི་ཏིང་ངེ་འཛིན་ནི༔ ཨཱཿལྷུན་གྲུབ་དབྱིངས་སྣང་མཚན་མ་དམིགས་གཏད་བྲལ༔ མཐའ་དང་ཕྱོགས་མེད་བདེ་ཆེན་རོལ་པའི་ཀློང་༔ ཡེ་ཤེས་སྤྱན་གྱིས་ཀུན་མཁྱེན་ཀུན་ཏུ་གཟིགས༔ མཉམ་ཉིད་རོལ་པ་ཆེན་པོ་བྱང་ཆུབ་སེམས༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷེ་ཧཱུྃ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་སྐུ་མཚན་མ་བྲལ་བའི་དབྱིངས་ཉིད་ནི༔ ཐུགས་རྗེའི་རོལ་པ་ཆུ་ཟླ་ཇི་བཞིན་དུ༔ སྤྲུལ་པའི་བཀོད་པ་གདུལ་བྱའི་དཔལ་དུ་ངོམས༔ རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་དམར་ནག་ཤར༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ དེ་ནས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ལས་འོད་འཕྲོས་སེམས་རྟོག་བག་ཆགས་བསྲེག༔ སྣང་བ་ཐམས་ཅད་བདེ་ཆེན་པདྨ་འོད༔ སྲིད་པ་ཐམས་ཅད་དབང་དྲག་རོལ་པའི་དལ༔ དྲི་མེད་ཟང་ཐལ་འོད་ཀྱི་གཞལ་ཡས་ཁང་༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཁྱོན་ལ་སྙེགས༔ རྒྱན་དང་མཚན་ཉིད་བཀོད་པ་རབ་ཏུ་རྫོགས༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཐོད་མཁར་རྔམས་པའི་དབུལ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ ཉོན་མོངས་བདག་རྟོག་རཱུ་ཏྲ་ཕོ་མོ་ཡི༔ བམ་ཆེན་གཅལ་དུ་བཀྲམ་པའི་གདན་སྟེང་དུ༔ ཧཱུྃ་ལས་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ འཁོར་འདས་དབང་བསྒྱུར་བདེ་ཆེན་རྒྱལ་པོར་བཞེངས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་བར་སྣང་ཁམས་སུ་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་ལྕགས་སྡིག་ནག་པོའི་སྐེ་ནས་བཅིངས༔ ཞབས་གཉིས་སྡེ་བརྒྱད་རྒྱལ་བསེན་དྲེགས་པ་གནོན༔ ཐལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་མཛེས༔ ཀོ་རློན་གཡང་གཞི་སྟག་ལྤགས་ཤམ་ཐབས་གསོལ༔ ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཆུན་པོས་བརྒྱན༔ གཉིས་མེད་སྦྱོར་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་རབ་ཁྲོས་གྲི་གུག་ཐོད་ཁྲག་བསྣམས༔ དགྱེས་ཆགས་བདེ་སྟོང་རོལ་པར་མཉམ་སྦྱོར་མཛད༔ གཡོན་དུ་སྒྲོལ་བའི་ཡུམ་མཆོག་ཝ་ར་ཧི༔ མཐིང་ནག་གར་སྟབས་གྲི་ཐོད་རུས་རྒྱན་སྤྲས༔ ཐབས་ཤེས་གཉིས་མེད་རོལ་པར་ལྷུན་གྱིས་གྲུབ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་འགྱིང་༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་སེར་པོ༔ ཕྱག་གཡས་རལ་གྲི་གཡོན་པས་ཞགས་པ་སྡོམ༔ མགྲིན་པར་དབང་ཆེན་རྟ་མགྲིན་རྒྱལ་པོ་དམར༔ ཕྱག་གཡས་དབྱུག་ཏོ་གཡོན་པས་ཟངས་ཞགས་བསྡམ༔ ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྦྲུལ་ཆུན་སྡོམ༔ ལྟེ་བར་ཁྲོས་མ་མཐིང་ནག་གྲི་ཐོད་བསྣམས༔ སྤྲུལ་པ་དབྱིངས་ཀྱི་རྗེ་མོ་རྣམ་བཞིས་བསྐོར༔ གསང་བར་ཡཀྵ་མེ་དབལ་མཐིང་ནག་རྔམས༔ ཕྱག་གཡས་ཐོ་བ་གཡོན་པས་མེ་དབལ་བསྣམས༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་མེ་དཔུང་འབར༔ སྤྱི་བོར་བྱ་ཁྱུང་ནག་པོས་ཀླུ་གདོན་ཟ༔ རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་བསྒོམ༔ ཤར་གྱི་ཕྱོགས་སུ་བཛྲ་དྲག་པོ་རྩལ༔ དཀར་པོ་ཁྲོ་གཏུམ་རྡོ་རྗེ་སྡིག་པ་བསྣམས༔ ལྷོ་ཡི་ཕྱོགས་སུ་རཏྣ་དྲག་པོ་རྩལ༔ སེར་ནག་ཕྱག་གཉིས་བཻ་ཅོན་སྡིག་པ་བསྣམས༔ ནུབ་ཀྱི་ཕྱོགས་སུ་པདྨ་དྲག་པོ་རྩལ༔ དམར་ནག་ཕྱག་གཉིས་རལ་གྲི་སྡིག་པ་བསྣམས༔ བྱང་གི་ཕྱོགས་སུ་ཀརྨ་དྲག་པོ་རྩལ༔ ལྗང་ནག་ཕྱག་གཉིས་རྒྱ་གྲམ་ལྕགས་སྡིག་འཛིན༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྫོགས༔ ཞབས་གཉིས་བདུད་དང་རཱུ་ཏྲ་ཕོ་མོ་གནོན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ ངོ་བོ་རང་རྩལ་སྒྱུ་འཕྲུལ་རོལ་པར་རྫོགས༔ ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་༔ ཤར་དུ་རིག་འཛིན་ཧཱུྃ་ཀཱ་ར༔ དཀར་གསལ་ཁྲོ་གཏུམ་རྔམས་པའི་སྐུ༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ ཡང་དག་ཐུགས་ཀྱི་ངོ་བོར་བསྐྱེད༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ རལ་གྲི་གཡས་ལ་ཞགས་པ་གཡོན༔ འཇམ་དཔལ་སྐུ་ཡི་ངོ་བོར་བསྐྱེད༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་དམར༔ དབྱུག་ཏོ་གཡས་ལ་སྦྲུལ་ཆུན་གཡོན༔ པདྨ་གསུང་གི་ངོ་བོར་བསྐྱེད༔ བྱང་དུ་པྲ་བྷ་ཧསྟི་ལྗང་༔ རྒྱ་གྲམ་གཡས་ལ་ཕུར་པ་གཡོན༔ ཕུར་པ་ཡོངས་རྫོགས་ངོ་བོར་བསྐྱེད༔ ཤར་ལྷོ་དྷ་ན་སཾསྐྲྀ་དམར༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ མ་མོ་རྦོད་གཏོང་ངོ་བོར་བསྐྱེད༔ ལྷོ་ནུབ་བི་མ་མི་ཏྲ་དཀར༔ ཌཱ་རུ་གཡས་ལ་དྲིལ་བུ་གཡོན༔ བླ་མ་རིག་འཛིན་འདུས་པར་བསྐྱེད༔ ནུབ་བྱང་རམ་བུ་གུ་ཧྱ་མཐིང་༔ རྡོ་རྗེ་གཡས་ལ་སྦྲུལ་ཞགས་གཡོན༔ མཆོད་བསྟོད་ཡོངས་རྫོགས་ངོ་བོར་བསྐྱེད༔ བྱང་ཤར་ཤཱནྟིཾ་གརྦྷ་སྔོ༔ ལྕགས་ཀྱུ་གཡས་ལ་ཕུར་པ་གཡོན༔ དྲག་སྔགས་དཀྱིལ་འཁོར་རྫོགས་པར་བསྐྱེད༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་འབར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བོ་བཅུ༔ ཡབ་ཡུམ་འཁྲིལ་སྦྱོར་ཟ་གསོད་འགྱེད༔ ཕྱོགས་སྐྱོང་ཟིལ་གནོན་རྒྱལ་པོར་བསྐྱེད༔ སྒོ་བཞིར་ལས་ཀྱི་སྒོ་མ་བཞི༔ ལས་མདོག་རང་རྟགས་ཕྱག་མཚན་འཛིན༔ ཕྱི་རིམ་དྲེགས་པ་སྡེ་བརྒྱད་ཚོགས༔ བཀའ་ཉན་ལས་ཀྱི་ཕོ་ཉར་འགྱེད༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ བླ་མ་དྲག་པོའི་དཀྱིལ་འཁོར་ལྷ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་ལྷུན་གྲུབ་དོན་གྱི་འོག་མིན་ཞིང་༔ སྐུ་དང་ཡེ་ཤེས་ཡོན་ཏན་རང་བྱུང་བའི༔ དབྱིངས་ལས་མ་གཡོས་ངང་ལས་མི་གཞན་པ༔ གདུལ་བྱའི་དཔལ་དུ་སྒྱུ་འཕྲུལ་རོལ་པའི་གར༔ ཅིར་ཡང་སྣང་བ་བདེ་ཆེན་རྡོ་རྗེའི་ལྷ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་སྐུར་བཞེངས་ལ༔ འཁོར་བའི་འཁྲུལ་འཁོར་གཞོམ་ཕྱིར་གཤེགས་སུ་གསོལ༔ གདོད་མ་གཞི་ཡི་རྒྱ་མཚོ་ཆེན་པོའི་ཀློང་༔ གཟུང་འཛིན་བག་ཆགས་འཐས་པ་རྔ་ཡབ་གླིང་༔ མི་སྲུན་ཉོན་མོངས་སྲིན་པོའི་གྲོང་ཁྱེར་དབུས༔ གཡོ་མེད་ཐེག་ཆེན་ཟངས་མདོག་དཔལ་རིའི་རྩེར༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གཞལ་ཡས་ཁང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཀུན་རྟོག་རཱུ་ཏྲ་བསྒྲལ་བའི་བམ་སྟེང་དུ༔ ཀུན་བཟང་འོད་མི་འགྱུར་བ་ཆོས་ཀྱི་སྐུ༔ སྟོན་མཆོག་པདྨ་དྲག་པོ་སྐུར་བཞེངས་ཤིག༔ འཁོར་བའི་འཁྲུལ་འཁོར་གཞོམ་ཕྱིར་གཤེགས་སུ་གསོལ༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེན་པོའི་མཁར༔ བདག་རྟོག་འཁོར་བ་བསྒྲལ་བའི་དུར་ཁྲོད་ནས༔ གཉིས་སྣང་གཞིར་གྲོལ་དོན་གྱི་དཀྱིལ་འཁོར་གྲུབ༔ སྒྲུབ་སྡེ་བརྒྱད་ཀྱི་བཀོད་པ་ཡོངས་རྫོགས་དཔལ༔ རིག་འཛིན་དབང་ཕྱུག་ཆེན་པོ་རྣམ་པ་བརྒྱད༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྟེན་དང་བརྟེན་པའི་གཞལ་ཡས་ལྷ༔ ངོ་བོ་རང་རྩལ་གཉིས་མེད་རོལ་པ་ཡི༔ ཤེས་རབ་དབྱིངས་ལ་གཤེགས་བྱོན་མི་མངའ་ཡང་༔ ཐབས་མཆོག་འགྲོ་བ་འདྲེན་པའི་དཔལ་དུ་བཞེངས༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་མ་བཅོས་དག་པ་ཆེན་པོའི་དབྱིངས༔ གཞལ་ཡས་ལྷ་དང་ཡེ་ཤེས་ཡེ་རྫོགས་ཆེ༔ གཉིས་མེད་ངང་གནས་ལྷ་ལ་ལྷ་ཉིད་དེ༔ རྡོ་རྗེ་གསུམ་གྱི་རོལ་པར་བཞུགས་སོ་འཚལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཁམས་གསུམ་འཁོར་བ་མ་ལུས་ཡོངས་སྒྲོལ་ཞིང་༔ དུག་གསུམ་འཁྲུལ་པའི་རྩ་བ་དྲུང་འབྱིན་ཕྱིར༔ བླ་མེད་བླ་མ་དབང་དྲག་དཀྱིལ་འཁོར་ལྷར༔ རྩལ་སྣང་སྤྲུལ་པའི་གར་གྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿསྣང་བའི་ཁམས་སུ་རྒྱུ་རྐྱེན་རྟེན་འབྲེལ་གྱི༔ གཡོ་བྱེད་རླུང་གིས་བསྒྱུར་བའི་འཕྲུལ་མོ་ཆེ༔ ཉེར་སྤྱོད་མཆོད་པའི་སྤྲིན་དུ་རབ་སྤེལ་བ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྟ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ རྣམ་པར་ཤེས་པའི་རྩལ་ཆེན་གཡོ་འཁྲུགས་ལས༔ ཡུལ་དང་ཡུལ་ཅན་སྣང་སེམས་མཆོད་པ་ཡི༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད་དུ་སྤྲོས༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་སྨན་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་འཁོར་བ་འབྲུ་གསུམ་རོལ་པར་ཞུ༔ སྐུ་གསུམ་ངོ་བོ་བདེ་སྟོང་བཅུད་དུ་འཁྱིལ༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུ་ྃཧྲཱིཿརྒྱུ་དྲུག་འཁོར་བ་དབྱིངས་སུ་བསྒྲལ་བ་ཡིས༔ དམར་ཆེན་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲིགས༔ བདེ་སྟོང་རོ་ཡི་ནུས་པ་བཅུད་དུ་འཁྱིལ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ སྣང་བ་ཁྱབ་བརྡལ་ཡངས་པའི་གཏོར་གཞོང་དུ༔ སྲིད་པ་ཐམས་ཅད་རང་བྱུང་གཏོར་མར་བཤམས༔ འདོད་ཡོན་སྣ་ཚོགས་ལྷ་མོས་རབ་བརྒྱན་ཏེ༔ བླ་མ་དྲག་པོའི་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿརྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར༔ བདེ་ཆེན་རྒྱལ་པོ་སྙོམས་འཇུག་རོལ་པ་ལས༔ དགའ་བདེའི་ལོངས་སྤྱོད་བརྗོད་མེད་རྒྱན་དུ་ཤར༔ བྱང་ཆུབ་སེམས་ཀྱི་རླབས་ཆེན་གཡོ་ཞིང་འཁྲིགས༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ དེ་ནས་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཆེན་རྡོ་རྗེ་ཕག་མོའི་མཁར༔ མ་རིག་ལོག་རྟོག་གཉིས་འཛིན་རཱུ་ཏྲ་ཀུན༔ ཐབས་མཆོག་ཧེ་རུའི་རྡོ་རྗེ་གཏུན་བུས་བརྡུངས༔ ཕྱེ་མར་བརླག་པའི་ཤ་ཁྲག་རུས་གྲམ་བརྡལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿཆོས་ཉིད་སྐྱེ་བ་མེད་པའི་མཁའ་དབྱིངས་སུ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་བརྡལ་བ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་རོལ་གར་ངོམས༔ སྐུ་གསུམ་ལྷུན་གྲུབ་རྫོགས་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་གཞལ་ཡས་སུ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ གཉིས་འཛིན་རཱུ་ཏྲའི་བམ་གྱི་ཁྲི་སྟེང་དུ༔ ཀུན་ཁྱབ་ཐུགས་རྗེའི་དབྱིངས་ལས་གཟུགས་སྐུར་ངོམས༔ འཁོར་འདས་དབང་སྡུད་སྐུ་མདོག་དམར་འོད་འབར༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་མཁའ་ལ་གཟིགས༔ མཉམ་ཉིད་བདེ་ཆེན་རོལ་པའི་ཞལ་གདངས་ཤིང་༔ འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་འདྲིལ་བ༔ དོན་གཉིས་ལྷུན་གྲུབ་མཚོན་པའི་ཤངས་བུག་ཧར༔ བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས་པ༔ བདེ་ཆེན་འཕོ་འགྱུར་མེད་ཕྱིར་དབུ་སྐྲ་འཁྱིལ༔ ཐབས་དང་ཤེས་རབ་མཚོན་པའི་ཕྱག་གཉིས་པ༔ སྲིད་ཞིའི་མཐའ་ལས་འདས་པའི་ཞབས་གཉིས་ལྡན༔ ཆོས་སྐུ་ཀུན་ཁྱབ་བརྡལ་བའི་སྐུ་མངའ་བ༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཡུམ་དང་འཁྲིལ༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གདོན་འདུལ༔ སྐེད་པས་བར་སྣང་ཁམས་ནས་སྡེ་བརྒྱད་འདུལ༔ ཞབས་གཉིས་རྒྱ་མཚོའི་གཏིང་ནས་ཀླུ་གདོན་འདུལ༔ ཁམས་གསུམ་མ་ལུས་དབང་སྡུས་ཟིལ་གྱིས་གནོན༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་རྡོ་རྗེ་དང་༔ ཉོན་མོངས་རང་གཤེད་ལྕགས་སྡིག་མགོ་དགུ་བསྣམས༔ ཚོགས་ཡུལ་གནས་དག་དུར་ཁྲོད་དཔལ་ཆས་བརྒྱན༔ འདོད་ཆགས་མོ་གདོན་འཇོམས་པའི་མེ་དཔུང་འབར༔ ཞེ་སྡང་རྒྱལ་འགོང་འཇོམས་པའི་ལྕགས་སྡིག་འགྱེད༔ གཏུམ་དྲག་ཀླུ་གདོན་འདུལ་བའི་བྱ་ཁྱུང་འགྱེད༔ རྒྱན་དང་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་སྒྲ་དྲག་པོས་སྲིད་གསུམ་འཁོར་བ་འཇིགས༔ སྔགས་ཀྱི་རང་སྒྲས་སྐྱེ་འགྲོའི་ངག་དབང་བྱེད༔ གད་རྒྱངས་རྔམས་པས་ལྟ་ལོག་གྲུབ་མཐའ་འཇིག༔ ཕཊ་ཀྱི་སྒྲ་སྒྲོགས་ལོག་འདྲེན་མགོ་སྙིང་འགེམ༔ གསུང་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ འཁོར་འདས་མ་ལུས་ཐུགས་ཀྱི་ཀློང་ཆེན་དུ༔ རྫོགས་པ་ཆེན་པོའི་རོལ་པར་འབྱམས་ཀླས་པའི༔ ཉག་གཅིག་བྱང་ཆུབ་སེམས་ཀྱི་རོལ་པ་ཆེ༔ ཀ་དག་སྐྱེ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་རང་རྩལ་ལས༔ ཁྲག་འཐུང་ཆེན་པོ་བཞི་ལ་ཕྱག་འཚལ་བསྟོད༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཡེ་ཤེས་རྩལ༔ གྲུབ་པའི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད༔ འཁྲུལ་པའི་རྟོག་ཚོགས་གནས་དག་ཡེ་ཤེས་རྩལ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཚོགས་ལ་བསྟོད༔ ཚད་མེད་རྣམ་བཞིས་འགྲོ་ཀུན་གནས་ནས་འདྲེན༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་བར་ཆད་སྲུང་ཟློག་ཕོ་ཉ་བ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་བཤགས་པ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོའི་དཀྱིལ་འཁོར་དགོངས་སུ་གསོལ༔ ཐོག་མེད་དུས་ནས་མ་རིག་དབང་གྱུར་ཏེ༔ སྒོ་གསུམ་འཁྲུལ་པའི་ནོངས་པ་ཅི་མཆིས་ཀུན༔ མི་གསང་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ སླན་ཆད་སྲོག་ལ་བབ་ཀྱང་སྡོམ་བགྱིད་དོ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་སོགས་ཚང་བར་བརྗོད༔ ས་མ་ཡ༔ ཛབ་དམིགས་སྔགས་བཟླས་རིམ་པ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྐུར་གསལ་ཐུགས་ཀ་རུ༔ ཡེ་ཤེས་འོད་ཟེར་མེ་དཔུང་འཁྲིགས་པའི་ཀློང་༔ པདྨ་ཉི་མ་འབར་བའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་དམར་ནག་ཁྲོ་གཏུམ་རྔམས༔ གཅེར་བུ་རྒྱན་མེད་གྱད་ཀྱི་འདོར་སྟབས་བགྲད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གཡོན་སྡིག་པ༔ དེ་ཡི་ཐུགས་ཀར་པདྨ་ཉི་གདན་ལ༔ གནམ་ལྕགས་རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་དྭངས་མའི་ཐིག་ཀློང་དུ༔ ཧཱུྃ་ཡིག་དམར་ནག་སྤུ་ཡིས་བྲིས་ལྟར་གསལ༔ དེ་མཐར་གསང་སྔགས་སྙིང་པོ་གཡས་སུ་འཁོར༔ འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གཤེགས་བཞུགས་པའི༔ སངས་རྒྱས་བྱང་སེམས་མ་ལུས་ཐམས་ཅད་ལ༔ མཉེས་མཆོད་ཕུལ་ཞིང་ཐུགས་དམ་རྒྱུད་བསྐུལ་ནས༔ སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཀུན༔ འོད་ཟེར་ཚུར་འདུས་ཐུགས་སྲོག་སྔགས་ལ་བསྟིམས༔ གཟི་བརྗིད་རབ་འབར་ནུས་པ་རྩལ་ལྡན་བསམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས་རྒྱས་གདབ་རྣམ་གསུམ་གྱི༔ གནད་དང་ལྡན་པ་མཆོག་ཏུ་གཅེས༔ བདག་ཉིད་དབང་དྲག་ཐུགས་ཀའི་ཧཱུྃ་ཡིག་ལས༔ སྔགས་ཀྱི་འོད་ཟེར་དམར་གསལ་གྱིས་འབྲེལ་བ༔ མུ་ཏིག་ཕྲེང་བ་ལྟར་འཕྲོས་ཞལ་ནས་ཐོན༔ ཡུམ་གྱི་ཞལ་བརྒྱུད་གསང་བ་ནས་ཐོན་ཏེ༔ རྡོ་རྗེའི་སྦུབས་ཞུགས་ཧཱུྃ་གི་ཞབས་ཀྱུར་ཐིམ༔ མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བར་དམིགས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དབང་བྱིན་དངོས་གྲུབ་ཀུན་བསྡུས་ནས༔ སྲོག་གི་སྙིང་པོར་ཐིམ་པས་རྒྱལ་ཀུན་གྱི༔ རྡོ་རྗེ་གསུམ་གྱི་དབང་བྱིན་འདུས་པར་བསྒོམ༔ ཨོཾ་ཨརྩིག་ནིརྩིག༴སྤྲོ་བསྡུ་གཟེར་གྱི་གནད་ལྡན་བྱ༔ དེ་ནས་ལས་སྦྱོར་དམིགས་གནད་ནི༔ ཧཱུྃ༔ རང་ཉིད་དབང་དྲག་ཡབ་ཡུམ་སྐུར་གསལ་བའི༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོའི་འོད་ཟེར་གྱིས༔ ཐུན་མཚོན་ཁྲོ་ཆུང་རླུང་ལྟར་འཚུབས་པ་དང་༔ རང་བྱུང་ལྕགས་སྡིག་མེ་རླུང་རབ་འཕྲོས་པས༔ དགྲ་བགེགས་རྒྱལ་བསེན་སྡེ་བརྒྱད་གནོད་བྱེད་ཀུན༔ བརླག་གཏུབ་བསྲེག་གཏོར་ཧབ་ཧབ་མྱག་མྱག་གསོལ༔ སྲོག་འཕྲོག་བྲན་བཀོལ་མི་ལྡོག་རྒྱས་གདབ་གྱུར༔ ཨོཾ་ཨརྩིག༴ཅེས་བཟླས་ལས་བཞིའི་དམིགས་གནད་གཟིར༔ གང་ལའང་བསྒྱུར་ཁ་མཁས་པར་མཛོད༔ ས་མ་ཡ༔ བསྙེན་པ་འབུམ་ཕྲག་ཉེར་ལྔ་ལ༔ སྒྲུབ་སྔགས་ཉེར་གསུམ་ལས་སྔགས་བཅུས༔ དངོས་གྲུབ་པྲ་ལྟས་ངེས་པར་འབྱུང་༔ ཁྱད་པར་ཉི་ཟླ་ཤར་བ་དང་༔ རི་རྩེར་ཕྱིན་དང་མཁའ་ལ་འཕུར༔ མེ་ཏོག་རྒྱས་དང་ལོ་འབྲས་སྤྱོད༔ གནས་ཁང་མེ་འབར་ཆུ་ཆེན་བརྒལ༔ རོལ་མོ་འཁྲོལ་ཞིང་ལྷ་ཞལ་མཐོང་༔ གསལ་བའི་མེ་ལོང་རྙེད་པ་རྣམས༔ བསྙེན་དང་སྒྲུབ་པའི་ལྟས་སུ་ལེགས༔ བྲག་བཤིགས་རྩི་ཤིང་བཅོམ་པ་དང་༔ སྐྱེ་འགྲོ་གསོད་གཅོད་བཀོལ་བཏུལ་དང་༔ ཁྲོམ་ཚོགས་ཁྲི་རུ་བསྟོད་པ་དང་༔ བན་བོན་སྐྱེས་པ་ཕོ་མོ་ཡིས༔ ཕྱག་མཆོད་བཀུར་སྟི་བྱེད་པ་དང་༔ སྡེ་བརྒྱད་ལྷ་འདྲེས་ཁས་ལེན་རྣམས༔ ལས་སྦྱོར་ཕྲིན་ལས་གྲུབ་པའི་རྟགས༔ ཁྱད་པར་ཉམས་རྟོགས་སྐྱེ་བ་དང་༔ བྱ་རྒྱལ་རྒོད་ཀྱི་སྤུ་བྲན་འབབ༔ མེ་ཏོག་ཆར་འབེབས་བདུད་རྩི་ཁོལ༔ གཏོར་མ་མེ་འབར་རཀྟ་འཕྱུར༔ གླུ་གར་རོལ་མོའི་རང་སྒྲ་ལྡིར༔ འདི་དག་མངོན་བྱུང་དངོས་གྲུབ་ལྟས༔ མཆོག་ཏུ་ཆེ་བ་ངེས་པའོ༔ དེ་ལྟར་དངོས་གྲུབ་ལྟས་བྱུང་ཚེ༔ མཆོག་འཛིན་རེ་དོགས་སྤང་ནས་སུ༔ དགའ་སྡུག་བྲལ་བའི་དབྱིངས་སུ་འཇོག༔ གནད་དེ་ཁྱད་པར་མཆོག་ཏུ་ཟུངས༔ ས་མ་ཡ༔ བླ་མ་དྲག་པོ་སྒྲུབ་པའི་བུས༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བ་དང་༔ དམ་ཚིག་ཉམས་ཆག་སོར་ཆུད་ཕྱིར༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི༔ འབྱོར་ཚོགས་འདོད་ཡོན་ཐམས་ཅད་ཀུན༔ རི་རབ་རོལ་མཚོའི་ཚུལ་དུ་སྤུངས༔ གཙང་མ་ཆབ་ཀྱིས་རབ་བྲན་ནས༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མི་མཇེད་སྣོད་ཀྱི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་ཚོགས་ཀྱི་རོལ་པར་བཤམས༔ འདོད་ཡོན་སྣ་ཚོགས་མཆོད་པའི་རྒྱན་དུ་ཤར༔ བླ་མ་དྲག་པོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྒྱ་ཆེ་གཏིང་ཟབ་རིན་ཆེན་སྣོད་ཡངས་པར༔ འབྱོར་ཚོགས་འདོད་ཡོན་ལོངས་སྤྱོད་ཚོགས་སུ་བཤམས༔ ཡེ་ཤེས་བདུད་རྩིའི་རོལ་པར་བྱིན་གྱིས་བརླབས༔ བླ་མ་དྲག་པོའི་ལྷ་ཚོགས་དགྱེས་ཕྱིར་འབུལ༔ སྣང་བ་བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ ཡུལ་བརྒྱད་འདོད་ཡོན་རང་ཤར་གསང་བའི་ཚོགས༔ དབང་བསྒྱུར་རྣམ་ཤེས་དཔའ་མོའི་རྣམ་རོལ་རྩེ༔ བླ་མ་དྲག་པོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རཾ་ལས་མེ་བྱུང་རྣམ་པར་རྟོག་སྒྲིབ་སྦྱངས༔ ཡཾ་ལས་རླུང་བྱུང་བག་ཆགས་ཐམས་ཅད་གཏོར༔ ཁཾ་ལས་ཆུ་བྱུང་ཉོན་མོངས་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ དྲི་མ་སྦྱངས་ནས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨོཾ་ཨཱཿཧཱུྃ༔ དབྱིངས་ཉིད་ཀུན་ཏུ་བཟང་པོའི་རོལ་པ་ལས༔ གསང་བའི་སྙིང་པོ་འབྲུ་གསུམ་འོད་དུ་ཞུ༔ ཡེ་ཤེས་ལྔ་ཡི་ནུས་པ་བཅུད་ལྡན་གྱི༔ རོལ་པ་འདོད་འཇོའི་དཔལ་ཡོན་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་མཐར་དམིགས་གནད་ནི༔ རང་ཉིད་ཡི་དམ་དྲག་པོའི་ཐུགས་ཀ་ནས༔ ཡེ་ཤེས་འོད་ཟེར་དཔག་མེད་རབ་འཕྲོས་པས༔ རྩ་གསུམ་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ཀུན༔ སྒྱུ་འཕྲུལ་འཁོར་ལོའི་རོལ་པར་སད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བླ་མ་དྲག་པོའི་ལྷ་ཚོགས་འཁོར་དང་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྱུ་འཕྲུལ་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་དཔལ༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་གསང་ཆེན་རོལ་པའི་ཀློང་མཛོད་ནས༔ སྐུ་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ དབྱིངས་ལས་མ་གཡོས་ཐུགས་རྗེའི་རོལ་པའི་གར༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བདག་མེད་བརྟུལ་ཞུགས་རོལ་པའི་ཧེ་རུ་ཀ༔ བདག་རྟོག་རཱུ་ཏྲའི་གཤེད་དུ་རང་ཤར་བ༔ དམ་ཅན་བཀའ་ཡི་སྲུང་མ་མ་ལུས་ཀུན༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོ་ཡབ་ཡུམ་སྤྲུལ་འཁོར་དང་༔ བཀའ་སྡོད་ལས་མཁན་རྒྱ་མཚོའི་ཚོགས་བཅས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གཟི་བྱིན་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་གཉན་པོ་དང་འགལ་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་སོགས༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་དྲག་པོའི་དཀྱིལ་འཁོར་ནས༔ བདེ་ཆེན་རྒྱལ་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ མངོན་སྤྱོད་ཕྲིན་ལས་རོལ་པའི་བརྟུལ་ཞུགས་ཀྱིས༔ ལོག་འདྲེན་དགྲ་བགེགས་ཁུག་ལ་རྡུལ་དུ་རློག༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཧུར་ཐུམ་ཛཿརྦད་སོད༔ དེ་ནས་ཞལ་དུ་སྟོབ་པ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་དྲག་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ གཟུང་འཛིན་རཱུ་ཏྲ་བསྒྲལ་བའི་ཕུང་པོ་འདི༔ རྗེས་ཤུལ་ལྷག་མ་མེད་པར་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་བཏང་བ་ནི༔ ཧཱུྃ་བྷྱོ༔ ཀ་དག་ཡེ་གྲོལ་གདོད་མའི་མགོན་པོ་ཡི༔ ལྷུན་གྲུབ་རོལ་པ་ཆེན་པོའི་སྒྱུ་འཕྲུལ་ལས༔ གདུལ་བྱ་ཐབས་ཀྱིས་འདུལ་ཕྱིར་ཕྱག་རྒྱར་ངོམས༔ སེམས་སྣང་སྲིད་པའི་ལྷ་སྲིན་དམ་རྒྱས་བཅིང་༔ གསང་སྔགས་ཟབ་མོའི་ཀློང་དུ་རྒྱས་བཏབ་ནས༔ མི་འདའ་རིག་པའི་རྡོ་རྗེས་དབང་དུ་བཀོལ༔ བཀའ་སྡོད་རང་རྩལ་དྲེགས་པ་ཕོ་མོའི་ཚོགས༔ རྟེན་འབྲེལ་ཟབ་མོའི་ཆོ་གའི་ཕ་འབབ་ཏུ༔ རྣམ་པར་ཤེས་པའི་སྤྱོད་ཡུལ་འདོད་འཇོའི་དཔལ༔ མི་ཟད་རྒྱན་འཁོར་ལྷག་མའི་ལོངས་སྤྱོད་འབུལ༔ བཞེས་ནས་རང་གྲོལ་བདེ་ཆེན་ས་ལ་སྐྱོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ་པར་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་ཀ་དག་མཉམ་པ་ཉིད་ཀྱི་དུས༔ ཁྱབ་བདག་སྤྱི་དཔལ་རྒྱལ་པོ་ཧེ་རུ་ཀས༔ གཟུང་འཛིན་རཱུ་ཏྲ་གཞི་རུ་བསྒྲལ་བའི་ཚེ༔ རྟོག་ཚོགས་སྲིད་པའི་དྲེགས་པ་ལྕམ་དྲལ་གྱིས༔ མི་འདའ་རྡོ་རྗེའི་དམ་ཚིག་སྲོག་ཏུ་བསྲེས༔ དོར་མེད་བྱང་ཆུབ་སེམས་ཀྱིས་གཉེར་བཟུང་སྟེ༔ ཟག་མེད་ནམ་མཁའ་མཛོད་ཀྱི་བརྔན་བླངས་བཞིན༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ འཁྲུལ་པའི་འཁོར་ལོ་གཞི་རུ་མ་སངས་བར༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ དེ་འོག་བར་གྱི་དུས་ཚིགས་གཉིས་པ་ལ༔ ཡེ་གྲོལ་རྒྱལ་པོ་པདྨ་འབྱུང་གནས་ཀྱིས༔ རྐྱེན་སྣང་སྲིད་པའི་ལྷ་སྲིན་དམ་རྒྱས་བསྡམ༔ གསང་སྔགས་ཟབ་མོ་བཀའ་ཡི་གཉེར་དུ་བསྐོས༔ འདོད་ཡོན་དམར་གྱི་གཏོར་མའི་ཕ་ཕོག་གཏད༔ སྒྲུབ་པའི་རྣལ་འབྱོར་བསྲུང་བའི་བཀའ་ཁྲིམས་བསྡམ༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ དེ་འོག་དུས་ཚིགས་གསུམ་གྱི་ཐ་མ་ལ༔ ཆོས་ཉིད་སྒྱུ་མར་རོལ་པའི་གནས་མཆོག་ཏུ༔ གདོད་མའི་མགོན་པོ་པདྨ་འབྱུང་གནས་ཀྱིས༔ གཉིས་མེད་ཟློས་གར་རོལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་གཏད་རྒྱ་བཀྲོལ་བའི་ཚེ༔ རང་རྩལ་སྣང་སྲིད་ལྷ་འདྲེ་དམ་རྒྱས་བསྡམ༔ ཕྲིན་ལས་བསྒྲུབ་པའི་ཕོ་ཉར་བཀའ་ཁྲིམས་བསྡམ༔ བཀའ་ཡི་ཕ་འབབ་གཏོར་མ་ཕོག་ཏུ་བཞག༔ ཆད་དོན་དམར་གྱི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཕོ་ཉ་མཛོད༔ ད་ལྟ་སྒྲུབ་པའི་རིག་འཛིན་མཆེད་ལྕམ་གྱིས༔ རང་སྣང་བཀོད་པ་རབ་རྫོགས་གཞལ་ཡས་འདིར༔ ཡེ་གྲུབ་རིག་པའི་རྡོ་རྗེའི་གྲོང་ཞུགས་ནས༔ གཉིས་སྣང་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་དང་༔ སེམས་བྱུང་སྣང་སྲིད་ལྷ་འདྲེའི་སྡེ་ཚོགས་ལ༔ ཆད་དོན་དམར་གྱི་གཏོར་མ་འདི་འབུལ་གྱིས༔ ཟབ་གསང་གཉན་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ ཕྱི་ནང་གསང་བའི་བར་ཆད་དགྲ་བགེགས་ཟློག༔ དམ་ཚིག་གཉན་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་འཁོར་དང་བཅས༔ འདིར་གཤེགས་ཆད་དོན་གཏོར་མའི་བཤལ་ཆུ་བཞེས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བསྟན་དགྲ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ གཞི་ཡི་ཆོས་སྐུ་བདེ་ཆེན་རྒྱལ་པོ་ཡི༔ སྐུ་ལྔ་ཡེ་ཤེས་རོལ་པའི་བརྟུལ་ཞུགས་ཀྱིས༔ ཉོན་མོངས་འཁྲུལ་སྣང་དབྱིངས་སྒྲོལ་བྲོ་ར་བཙུགས༔ ལོག་རྟོག་རཱུ་ཏྲའི་མགོ་ལ་ཆེམས་སེ་ཆེམ༔ རིམ་དགུ་ས་ཡི་འོག་ཏུ་མཱ་ར་ཡ༔ མ་ཤོར་རྟེན་འབྲེལ་ཟབ་མོས་དམ་རྒྱའོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལ༔ སུཾ་ལཾ༔ སྟྭམ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱིཿབླ་མ་དྲག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ བསྙེན་སྒྲུབ་ལས་སྦྱོར་དུས་འདིར་མཐའ་རུ་སོན༔ ད་ལྟ་ཉིད་དུ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བཤགས་པ་ནི༔ ཧོཿ རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔ་རུ༔ ཚེ་རབས་ལས་ཉོན་བག་ཆགས་མི་དགེའི་ཚོགས༔ མཐོལ་ལོ་བཤགས་སོ་སླན་ཆད་སྡོམ་པར་བགྱི༔ མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་ཀུན༔ བླ་མེད་བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ས་ཐོབ་ཤོག༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣང་བ་ཐམས་ཅད་ལྷ་སྐུའི་དབྱིངས་སུ་བསྡུ༔ ལྷ་དང་དཀྱིལ་འཁོར་གཉིས་མེད་སྔགས་སུ་བསྡུ༔ སྔགས་ཕྲེང་ཧཱུྃ་དང་ཟླ་ཚེས་ཐིག་ལེ་ལ༔ ཐིག་ལེ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་སོ༔ ཨ་ཨ་ཨ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལྷུན་གྲུབ་ངང་མདངས་ཤར༔ ལྷུན་གྲུབ་གདངས་ལས་ཐུགས་རྗེའི་རྩལ་ཤུགས་ཀྱིས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི༔ འཁོར་ལོ་གསུམ་གྱི་རོལ་པར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཆོས་ཉིད་རྣམ་དག་ནམ་མཁའ་ལ༔ སྐུ་དང་ཡེ་ཤེས་གཟའ་སྐར་ཤར༔ ཐུགས་རྗེས་འགྲོ་བ་ཡོངས་སྒྲོལ་བྱེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ སྣང་བ་མཐའ་ཡས་གཟུགས་ཀྱི་སྐུར་སྣང་བ༔ འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ཉིད༔ གདུལ་དཀའ་འདུལ་མཛད་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་བདེ་ཆེན་རྒྱལ་པོའི་བཀྲ་ཤིས་ཤོག༔ རྡོ་རྗེ་ཐེག་པའི་ཉི་གཞོན་སྤྲིན་བྲལ་གྱིས༔ འགྲོ་ཁམས་རྒྱ་མཚོ་ཡོངས་ལ་ཁྱབ་པ་ཡིས༔ སྐྱེ་འགྲོའི་སྒྲིབ་གཉིས་མུན་ཁམས་སེལ་བྱས་ནས༔ ཇི་ལྟ་ཇི་སྙེད་ཡེ་ཤེས་མངོན་གྱུར་ཏེ༔ རྣམ་གྲོལ་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་སྲོག་གི་ཏིག༔ བཅུད་དུ་དྲིལ་བའི་གདམས་པ་ཟབ་མོ་འདི༔ པདྨའི་བརྒྱུད་འཛིན་རྣམས་ལ་གཏད་རྒྱ་བཀྲོལ༔ གདམས་ངག་ཆུད་ཟོས་མ་གཏོང་སྙིང་གི་བུ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་ལྡན་ལས༔ འདི་དང་འཕྲད་པ་ཨུ་དུམ་ཝ་ར་ཙམ༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདིར༔ རིག་འཛིན་འབུམ་གྱི་དགོངས་པས་རྒྱས་བཏབ་ཅིང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཀློང་རྒྱས་བཏབ༔ དཔག་ཡས་རྒྱལ་བའི་བྱིན་རླབས་རྒྱས་ཡང་བཏབ༔ བྱིན་རླབས་རྣོ་ནུས་གཞན་ལས་ཁྱད་པར་འཕགས༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཟབ་ཁྱད་ཡོད༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིར་བཅོལ༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་དམ་པ་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་བཻ་རོའི་ཟློས་གར་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།