TTDL-ZABTER-01-KA-030: Difference between revisions
No edit summary |
m (Text replacement - "ཧོཿ" to "ཧོཿ ") |
||
| Line 42: | Line 42: | ||
ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) ཐུགས་དམ་གནད་ནས་བསྐུལ་བ་ལ༔ དམར་གཏོར་ཁྲག་སྐྱེམས་བཤམས་བྱས་ཏེ༔ འགུགས་གཞུག་ལན་གསུམ་བསྐྱར་བྱས་ནས༔ ཤ་རི་ཁྲག་གི་རྒྱ་མཚོར་དམིགས༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ཐུགས་ཀའི་ཧཱུྃ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས༔ བླ་མ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་དྲག་ཁྲོས་རྔམས་པའི་ཆ་ལུགས་སུ་བཞེངས་ཏེ་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་བགེགས་བསྒྲལ་འདྲེན་གསོད་གཅོད་ཀྱི་ལས་ལ་ཆས་པར་བསྒོམ༔ དེ་ནས་རྔ་རོལ་འུར་ཆེམ་བྱས་ཏེ་འདི་སྐད་དོ༔ ཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་བླ་མ་དྲག་པོའི་སྐུ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་གདུག་པ་འདུལ་བའི་དུས་ལ་བབ༔ མཁའ་སྤྱོད་བདེ་བ་ཆེན་པོའི་ཕོ་བྲང་ནས༔ སྦྱོར་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ ཆོས་ཉིད་སྐྱེ་མེད་དབྱིངས་ལས་སྐུར་བཞེངས་ལ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ ཨོ་རྒྱན་རང་བྱུང་ཚལ་གྱི་དུར་ཁྲོད་ནས༔ སྒྲོལ་བའི་ཡུམ་ཆེན་རྡོ་རྗེ་ཕག་མོ་ཡི༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ མངོན་སྤྱོད་ཕྲིན་ལས་མཛད་པའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེའི་ཤུགས་ཕྱུངས་ལ༔ ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ མེ་ལོང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་རིགས་འདུས་བཛྲ་དྲག་པོ་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་སྐུར་བཞེངས་ཤིག༔ གདུག་ཅིང་སྡང་བའི་དགྲ་བགེགས་ཆམ་ལ་ཕོབ༔ མཉམ་ཉིད་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རིན་ཆེན་རིགས་འདུས་རཏྣ་དྲག་པོ་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་དགྲ་བགེགས་སྒྲོལ༔ སོར་རྟོག་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ པདྨ་རིགས་འདུས་པདྨ་ཐོད་ཕྲེང་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ གདུག་པའི་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ བྱ་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ ལས་ཀྱི་རིགས་འདུས་ཀརྨ་དྲག་པོ་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཆམ་ལ་ཕོབ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་བྷྱོ༔ ཤར་ནས་རིག་འཛིན་ཆེན་པོ་ཧཱུྃ་ཀཱ་ར༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཡང་དག་ཐུགས་ཀྱི་ཀློང་ནས་སྐུར་བཞེངས་ཤིག༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ལྷོ་ནས་རིག་འཛིན་འཇམ་དཔལ་བཤེས་གཉེན་པ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངས༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་སྒྲོལ་མཛོད་ཅིག༔ ནུབ་ནས་རིག་འཛིན་ཀླུ་སྒྲུབ་སྙིང་པོ་ཉིད༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ པདྨ་གསུང་གི་ཀློང་ནས་སྐུར་བཞེངས་ལ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ བྱང་ནས་རིག་འཛིན་པྲ་ཆེན་ཧསྟི་རྩལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཕྲིན་ལས་ཕུར་པའི་ཀློང་ནས་སྐུར་བཞེངས་ལ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཤར་ལྷོའི་རིག་འཛིན་དྷ་ན་སཾསྐྲྀ་ཏ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མ་མོ་རྦོད་གཏོང་དབྱིངས་ནས་སྐུར་བཞེངས་ལ༔ གནོད་གདུག་དྲག་ཤུལ་སེམས་ལྡན་དགྲ་བགེགས་སྒྲོལ༔ ལྷོ་ནུབ་རིག་འཛིན་རྒྱལ་པོ་བི་མ་ལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་རིག་འཛིན་སློབ་དཔོན་དབྱིངས་ནས་བཞེངས༔ རྒོལ་ཞིང་སྡང་བའི་སེམས་ལྡན་དགྲ་བགེགས་སྒྲོལ༔ ནུབ་བྱང་རིག་འཛིན་རམ་བུ་གུ་ཧྱ་པ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འཇིག་རྟེན་མཆོད་བསྟོད་དབྱིངས་ནས་སྐུར་བཞེངས་ལ༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག༔ བྱང་ཤར་རིག་འཛིན་ཤཱནྟིཾ་གརྦྷ་རྩལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དམོད་པ་དྲག་སྔགས་དབྱིངས་ནས་སྐུར་བཞེངས་ལ༔ དགྲ་བགེགས་མ་ལུས་སྒྲོལ་བའི་ལས་མཛོད་ཅིག༔ | ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) ཐུགས་དམ་གནད་ནས་བསྐུལ་བ་ལ༔ དམར་གཏོར་ཁྲག་སྐྱེམས་བཤམས་བྱས་ཏེ༔ འགུགས་གཞུག་ལན་གསུམ་བསྐྱར་བྱས་ནས༔ ཤ་རི་ཁྲག་གི་རྒྱ་མཚོར་དམིགས༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ཐུགས་ཀའི་ཧཱུྃ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས༔ བླ་མ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་དྲག་ཁྲོས་རྔམས་པའི་ཆ་ལུགས་སུ་བཞེངས་ཏེ་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་བགེགས་བསྒྲལ་འདྲེན་གསོད་གཅོད་ཀྱི་ལས་ལ་ཆས་པར་བསྒོམ༔ དེ་ནས་རྔ་རོལ་འུར་ཆེམ་བྱས་ཏེ་འདི་སྐད་དོ༔ ཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་བླ་མ་དྲག་པོའི་སྐུ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་གདུག་པ་འདུལ་བའི་དུས་ལ་བབ༔ མཁའ་སྤྱོད་བདེ་བ་ཆེན་པོའི་ཕོ་བྲང་ནས༔ སྦྱོར་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ ཆོས་ཉིད་སྐྱེ་མེད་དབྱིངས་ལས་སྐུར་བཞེངས་ལ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ ཨོ་རྒྱན་རང་བྱུང་ཚལ་གྱི་དུར་ཁྲོད་ནས༔ སྒྲོལ་བའི་ཡུམ་ཆེན་རྡོ་རྗེ་ཕག་མོ་ཡི༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ མངོན་སྤྱོད་ཕྲིན་ལས་མཛད་པའི་དུས་ལ་བབ༔ གློག་ལྟར་མྱུར་བའི་ཐུགས་རྗེའི་ཤུགས་ཕྱུངས་ལ༔ ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ མེ་ལོང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་རིགས་འདུས་བཛྲ་དྲག་པོ་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་སྐུར་བཞེངས་ཤིག༔ གདུག་ཅིང་སྡང་བའི་དགྲ་བགེགས་ཆམ་ལ་ཕོབ༔ མཉམ་ཉིད་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རིན་ཆེན་རིགས་འདུས་རཏྣ་དྲག་པོ་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་དགྲ་བགེགས་སྒྲོལ༔ སོར་རྟོག་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ པདྨ་རིགས་འདུས་པདྨ་ཐོད་ཕྲེང་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ གདུག་པའི་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ བྱ་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ ལས་ཀྱི་རིགས་འདུས་ཀརྨ་དྲག་པོ་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཆམ་ལ་ཕོབ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་བྷྱོ༔ ཤར་ནས་རིག་འཛིན་ཆེན་པོ་ཧཱུྃ་ཀཱ་ར༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཡང་དག་ཐུགས་ཀྱི་ཀློང་ནས་སྐུར་བཞེངས་ཤིག༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ལྷོ་ནས་རིག་འཛིན་འཇམ་དཔལ་བཤེས་གཉེན་པ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངས༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་སྒྲོལ་མཛོད་ཅིག༔ ནུབ་ནས་རིག་འཛིན་ཀླུ་སྒྲུབ་སྙིང་པོ་ཉིད༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ པདྨ་གསུང་གི་ཀློང་ནས་སྐུར་བཞེངས་ལ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ བྱང་ནས་རིག་འཛིན་པྲ་ཆེན་ཧསྟི་རྩལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཕྲིན་ལས་ཕུར་པའི་ཀློང་ནས་སྐུར་བཞེངས་ལ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཤར་ལྷོའི་རིག་འཛིན་དྷ་ན་སཾསྐྲྀ་ཏ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མ་མོ་རྦོད་གཏོང་དབྱིངས་ནས་སྐུར་བཞེངས་ལ༔ གནོད་གདུག་དྲག་ཤུལ་སེམས་ལྡན་དགྲ་བགེགས་སྒྲོལ༔ ལྷོ་ནུབ་རིག་འཛིན་རྒྱལ་པོ་བི་མ་ལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བཞེངས་ཤིག་རིག་འཛིན་སློབ་དཔོན་དབྱིངས་ནས་བཞེངས༔ རྒོལ་ཞིང་སྡང་བའི་སེམས་ལྡན་དགྲ་བགེགས་སྒྲོལ༔ ནུབ་བྱང་རིག་འཛིན་རམ་བུ་གུ་ཧྱ་པ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འཇིག་རྟེན་མཆོད་བསྟོད་དབྱིངས་ནས་སྐུར་བཞེངས་ལ༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག༔ བྱང་ཤར་རིག་འཛིན་ཤཱནྟིཾ་གརྦྷ་རྩལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དམོད་པ་དྲག་སྔགས་དབྱིངས་ནས་སྐུར་བཞེངས་ལ༔ དགྲ་བགེགས་མ་ལུས་སྒྲོལ་བའི་ལས་མཛོད་ཅིག༔ ཀྱཻ་ཧོཿ གདུལ་དཀའ་ཐབས་ཀྱིས་འདུལ་བའི་ཕྱིར༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷ༔ སྲིད་ལས་རྣམ་རྒྱལ་རིག་འཛིན་བརྒྱད༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མཁྱེན་བཞིན་མ་ཤོར་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ བསྐུལ་ལོ་ཁྲོ་ཆེན་ཧཱུྃ་ཀཱར་ཡབ་ཡུམ་སྲས༔ བཞེངས་ཤིག་སྟེང་གི་དགྲ་བགེགས་འདུལ་ཞིང་སྒྲོལ༔ བསྐུལ་ལོ་ཡེ་ཤེས་ཁྲོ་ཆེན་རྣམ་པར་རྒྱལ༔ བཞེངས་ཤིག་ཤར་གྱི་དགྲ་བགེགས་འགུགས་ཤིང་སྒྲོལ༔ བསྐུལ་ལོ་བཞེངས་ཤིག་ཁྲོ་ཆེན་གཤིན་རྗེ་གཤེད༔ གདུག་ཅིང་སྡང་སེམས་ལྡན་པའི་དགྲ་བགེགས་སྒྲོལ༔ བསྐུལ་ལོ་བཞེངས་ཤིག་ཁྲོ་ཆེན་རྟ་མགྲིན་རྒྱལ༔ མངོན་སྤྱོད་ལས་ཀྱི་དགྲ་བགེགས་ཆམ་ལ་ཕོབ༔ བསྐུལ་ལོ་བཞེངས་ཤིག་ཁྲོ་ཆེན་བདུད་རྩི་འཁྱིལ༔ ཕྲིན་ལས་ལས་ཀྱིས་ཉམས་པའི་དགྲ་བགེགས་སྒྲོལ༔ བསྐུལ་ལོ་རྦད་དོ་ཁྲོ་ཆེན་དབྱུག་སྔོན་ཅན༔ དགྲ་བགེགས་ཁུག་ལ་སྒྲོལ་བའི་ལས་མཛོད་ཅིག༔ ཐུགས་དམ་བསྐུལ་ལོ་ཁྲོ་ཆེན་མི་གཡོ་མགོན༔ དགྲ་བགེགས་མྱུར་དུ་ཁུག་ལ་དབྱིངས་སུ་སྒྲོལ༔ བསྐུལ་ལོ་བསྐུལ་ལོ་ཁྲོ་ཆེན་འདོད་པའི་རྒྱལ༔ དགྲ་བགེགས་མྱུར་དུ་ཁུག་ལ་རྡུལ་དུ་རློག༔ བསྐུལ་ལོ་ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ དབྱིངས་ནས་སྐུར་བཞེངས་དགྲ་བགེགས་སྒྲོལ་བར་མཛོད༔ ཐུགས་དམ་བསྐུལ་ལོ་ཁྲོ་ཆེན་སྟོབས་པོ་ཆེ༔ དབྱིངས་ནས་སྐུར་བཞེངས་དགྲ་བགེགས་ཆམ་ལ་ཕོབ༔ བསྐུལ་ལོ་ཡེ་ཤེས་བྱ་ཁྱུང་མཐུ་རྩལ་ཅན༔ གཏི་མུག་དགྲ་བགེགས་འདུལ་བའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཚད་མེད་ལས་ཀྱི་སྒོ་མ་ཆེན་མོ་བཞི༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ གདུག་ཅིང་སྡང་སེམས་ལྡན་པའི་དགྲ་དང་བགེགས༔ འགུགས་འཆིང་རྨོངས་མྱོས་དྲག་པོའི་ཕྲིན་ལས་མཛོད༔ ཀྱཻ༔ གསོན་ཅིག་དགོངས་ཤིག་བླ་མ་དཀོན་མཆོག་གསུམ༔ རྩ་གསུམ་དཔའ་བོ་དཔའ་མོ་ཆོས་སྐྱོང་ཚོགས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ༔ མངོན་སྤྱོད་ཕྲིན་ལས་མཛད་པའི་དུས་ལ་བབ༔ དེང་དུས་ལྔ་བརྒྱ་སྙིགས་མའི་མར་གཤམ་འདིར༔ ལས་དང་ཉོན་མོངས་དྲག་པོའི་དབང་བཙན་པས༔ རྒྱུ་རྐྱེན་རྟེན་འབྲེལ་མི་སྲུན་དགྲ་འདྲེའི་རིགས༔ ལས་སུ་མི་དགེ་སྡིག་སྤྱོད་དང་ལེན་ཅིང་༔ བསམ་པ་གཞན་གནོད་རྐུ་འཕྲོག་རྒོལ་བའི་སེམས༔ མ་ཉེས་ཁ་ཡོག་ལན་མེད་ལ་ཡོག་འདོར༔ སངས་རྒྱས་བསྟན་པ་ཐབས་དང་ཐབས་ཀྱིས་བཤིགས༔ དམ་པའི་ཆོས་ཁྲིམས་བག་མེད་ལས་ཀྱིས་བཤིགས༔ དགེ་བཙུན་འདུལ་ཁྲིམས་དམ་སྲི་བདུད་སྡེས་འཕྲོག༔ དེ་འདྲའི་དུས་སྐལ་ངན་པ་འདི་དག་ལ༔ དུས་གསུམ་རྒྱལ་བའི་ཐུགས་ཀྱིས་མ་དགོངས་སམ༔ མཁའ་འགྲོ་དམ་ཅན་སྲུང་མས་མ་གཟིགས་སམ༔ དགོངས་བཞིན་གཟིགས་བཞིན་ཡལ་བར་འདོར་སྲིད་ན༔ སྐྱབས་མེད་སྟོབས་ཕྲའི་སེམས་ཅན་སུ་ལ་རེ༔ སྙིང་ནས་གདུང་ཤུགས་དྲག་པོས་འོ་དོད་འབོད༔ བདག་སོགས་བརྒྱུད་འཛིན་སྐྱབས་མེད་སུ་ལ་རེ༔ སངས་རྒྱས་བསྟན་པ་ནུབ་པར་འགྱུར་ཏ་རེ༔ འགྲོ་བ་སེམས་ཅན་ངན་འགྲོར་ལྟུང་ལ་ཉེ༔ བརྒྱུད་འཛིན་སྡུག་བསྔལ་འདམ་དུ་ཚུད་ལ་ཉེ༔ ད་ལྟ་ཉིད་དུ་སྒྲོལ་བར་མི་བྱེད་ན༔ ཕྲིན་ལས་མངོན་སྤྱོད་མཛད་པ་གང་དུ་གདའ༔ བཟོད་མེད་སྡུག་བསྔལ་ཐོག་ཏུ་བབ་པ་ཡི༔ རྩེ་གཅིག་གདུང་བས་འོ་དོད་འབོད་ལགས་ན༔ རྒྱབ་བརྟེན་དཔུང་གཉེན་མཛད་པར་མ་གྱུར་ན༔ སྐྱོབ་པའི་ནུས་མཐུ་མངའ་ཞེས་གང་ན་བཞུགས༔ བདག་ནི་ཐོག་མཐའ་བར་གསུམ་ཐམས་ཅད་དུ༔ མ་ཉེས་མ་ལན་རང་ཁར་འདུག་པ་ལ༔ དགྲ་འདྲེའི་རྒོལ་བ་ངན་པ་ཐོག་ཏུ་ཕབ༔ ཝ་ལྟར་བྲོས་ཀྱང་ཁྱི་ལྟར་དེད་ནས་བྱུང་༔ ཉི་ལྟར་གསལ་ཀྱང་སྤྲིན་ལྟར་འཐིབ་ནས་བྱུང་༔ ཉ་ལྟར་ཉེས་མེད་སྲམ་ལྟར་རྒོལ་ནས་བྱུང་༔ བྱིའུ་བཞིན་འདུག་ཀྱང་ཁྲ་གླག་བཞིན་དུ་རྒོལ༔ མཁྱེན་ཅིག་གཟིགས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དབྱིངས་ནས་བཞེངས་ཤིག་རྡོ་རྗེ་ཐོད་ཕྲེང་རྩལ༔ མཐུ་སྟོབས་ནུས་རྩལ་ཕྱུངས་ཤིག་རིག་འཛིན་ཚོགས༔ ཁྲོ་གཏུམ་རྔམས་པར་བཞེངས་ཤིག་ཁྲག་འཐུང་ཚོགས༔ མངོན་སྤྱོད་ཕྲིན་ལས་མཛོད་ཅིག་བཀའ་སྲུང་རྣམས༔ ཆོས་ཤིག་བསྐུལ་དང་རྦད་པའི་ལས་ལ་ཆོས༔ མཐུ་དབལ་དམོད་སྣ་ཕྱིར་ལ་ལྡོག་མ་བྱེད༔ གཞན་དུ་མ་འབྱམས་དགྲ་བོའི་སྲོག་ལ་ཕོབ༔ བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་དང་༔ མཐའ་རྩ་སྐྱེ་བརྒྱུད་དུས་མཐའ་མྱུར་དུ་བསྡུས༔ ལོ་དང་ཟླ་བར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་གསོད་པའི་ལས་མཛོད་ཅིག༔ སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ནས༔ རྒོལ་ཅིང་སྡང་བའི་སེམས་དང་ལྡན་པ་ཡི༔ སྔ་དགྲ་བྱས་ཟིན་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་ཐད་དུ་འཛུག་པའི་དགྲ་དང་བགེགས༔ མ་ཤོར་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྩ་སྔགས་མཐར༔ གུ་རུ་བཱིདྱ་ཀྲོ་དྷ་སརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་རྦད་བྷྱོ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ༔ ཆོམ་ཆོམ༔ ཐུལ་ཐུལ༔ རྦད་རྦད་བྷྱོ་ཛཿས་མ་ཡ༔ དེ་ལྟར་རྦད་ཅིང་བསྐུལ་བ་ཡིས༔ དགྲ་བགེགས་གདུག་པའི་སྡེ་དང་དཔུང་༔ ལྷ་ཁམས་ཡིན་ཀྱང་འཇིག་པར་ནུས༔ དཔུང་བསྐྱེད་ཆས་དང་རྒྱུག་པ་ཡིས༔ ལས་གྲུབ་སོགས་ཀྱིས་དམིགས་པ་ཡིས༔ འདོད་པའི་དོན་དེ་ངེས་པར་འགྲུབ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ དྲང་སྲོང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་ནས་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 09:21, 4 September 2025
| Wylie title | zab gsang mkha' 'gro'i snying thig las: bla ma drag po la brten pa'i bskul ba rdo rje'i thog mda': | |
|---|---|---|
| Location | bdud 'joms gling pa zab gter Volume 1, Text 30, Pages 281-291 (Folios 1a1 to 6a2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma drag po la brten pa'i bskul ba rdo rje'i thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 281-291. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: drag bskul Verso: bdud 'joms gu ru drag po | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Invocations - bskul ba | |
| Cycle | བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ (bla ma drag po bde chen rgyal po) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་ནས་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་ཞེས་བྱ་བས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo sum cu so bdun bar du bka' rgya byas nas mthar ye shes nyi ma mtha' rgyas zhes bya bas bskul ngor dag par phab pa'i yi ge pa'ang de nyid do/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||