DJYD-KABUM-18-TSHA-028: Difference between revisions
From Dudjom Wiki
DJYD-KABUM-18-TSHA-028
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
(1ན)(གནས་ལུང་གི་ཆོ་ག་ཉེ་བར་བསྡུས་པ་བཞུགས་སོ།)ན་མོ་གུ་རུ་བཛྲ་སཏྭ་ཡེ། (འདིར་མདུན་དཀྱིལ་སོགས་ཀྱི་སྤྲོས་པ་ལ་མ་ལྟོས་པའི་གནས་ལུང་ཤིན་ཏུ་མདོར་བསྡུས་པ་བྱ་བར་འདོད་ན རང་གི་མདུན་དུ་ཚེ་འདས་ཀྱི་མིང་བྱང་དང་། བྲབ་རྫས་བྱེ་ཡུངས། ཟས་གཏད་ཀྱི་ཆས་སོགས་འདུ་བྱ། བདག་ཉིད་རྡོ་རྗེ་སེམས་དཔའ་སོགས་ལྷག་པའི་ལྷའི་རྣལ་འབྱོར་ལ་གནས་པས། དམིགས་རྟེན་)སུམྦྷ་ནིས་བསང་། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་(པར་བསམ་ལ།)ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཚེ་ལས་འདས་པ་འདི་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་དང་སྐྱེ་གནས་བཞི་སོགས་གང་ན་གནས་ཀྱང་སྐད་ཅིག་གི་འདིར་མཆིས་པར་གྱུར་ཅིག ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ(ས་རྣམ་ཤེས་དང་།)སརྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ་(གིས་སྡིག་པ་བཀུག་ནས།)ཛཿཧཱུྃ་བྃ་ཧོཿས་རྣམ་ཤེས་ཨ་དཀར་པོའི་རྣམ་པ་རྟེན་ལ་ཐིམ་པར་(བསམ། (1བ)བགེགས་སྦྱོང་བའི་སླད་དུ།)རང་གི་ཐུགས་ཀ་ནས་ཁྲོ་བོ་བགེགས་མཐར་བྱེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ཚེ་འདས་ཀྱི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམ་ལ། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ངྷ་ཛ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། (ཅེས་བསྐྲད། སྡིག་པ་ཕྲལ་བའི་སླད་དུ།)བདག་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ལག་གཡས་ཀྱི་སོར་མོ་ལྔ་ལ་ཧཱུཾ་ཨོཾ་སྭཱ་ཨཱོཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚོན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་(པར་བསམ་ལ།) ཨོཾ་སུ་ར་ཏ་སྟྭཾ་(ཞེས་ཐལ་མོ་སྦྱར།)བཛྲ་ཨཉྫ་ལི(ས་སོར་མོ་བསྣོལ།)བཛྲ་མནྡྷ་བཾ། (ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱར་བར་བསམ་ལ། ཡིག་བརྒྱའི་མཐར།)བཛྲ་བྷནྡྷ་ཏྲ་ཐ་སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ། (ཞེས་བརྗོད་ཅིང་ཕྱག་རྒྱ་བཀྲོལ་ཏེ་རྟེན་ལ་བྱབས་པ།)ལྷ་རྣམས་མཉམ་པར་སྦྱོར་བའི་སྐུ་ལས་འོད་ཟེར་ཉི་འོད་ལྟ་བུ་འཕྲོས། དམིགས་ཡུལ་གྱི་ལུས་ལ་རེག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། (སྔགས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་། ཡིག་བརྒྱའི་མཐར།) ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་(2ན)ཏུྃ་ཧཱུྃ་ཕཊ། (ཞེས་བཟླས་པས།) སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ། (རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱོང་བའི་སླད་དུ།)ཚེ་ལས་འདས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྤྱི་བོར་ཨ་དཀར་པོ། མགྲིན་པར་སུ་མཐིང་ག །སྙིང་གར་ནྲྀ་ལྗང་གུ། ལྟེ་བར་ཏྲི་སེར་པོ། གསང་གནས་སུ་པྲེ་དམར་པོ། རྐང་མཐིལ་ན་དུ་ནག་པོ་རྣམས་ཀྱི་རྣམ་པར་གནས་པ། སྦྱོང་བྱེད་རིག་པའི་ཡེ་ཤེས་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་གསལ་འཚེར་དྭངས་པའི་འོད་ཟེར་ཀུན་ཏུ་འཕྲོ་ཞིང་འབར་བར་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གནས་གསུམ་གྱི་ས་བོན་ལ་ཕོག ། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ལྷག་མེད་དུ་བསྲེགས་པར་(བསམ་ལ། འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླས་པས།)དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་རྣམས་སྦྱངས་པའི་དྭངས་མ་ཧཱུྃ་ཡིག་གི་རྣམ་པར་གྱུར་པ་ལས་ཚེ་འདས་ཉིད་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་(པར་བསམ། དབང་བསྐུར་བའི་སླད་དུ།)རང་གི་ཐུགས་(2བ)ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཨ་བྷི་ཥིཉྩ་ཨཏྨ་ཀོཉཧཾ། ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་(བསམ་ལ།)ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (ཞེས་མེ་ཏོག་འཐོར། ཟས་གཏད་ཅིང་ལམ་སྦྱོང་བའི་སླད་དུ། མདུན་དུ་བཟའ་བཏུང་བཤམ་པ་)རཾ་ཡཾ་ཁཾ་(གིས་བསང་སྦྱང་།)འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་(བསམ་ཞིང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ནས།)ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། རོ་བདའ་འཇམ་འཁྲིལ་རེག་བྱ་སོགས། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །བདེ་བ་ཆེན་པོའི་རྒྱུན་དུ་འབུལ། །དབང་པོའི་སྤྱོད་ཡུལ་དམ་པར་ནི། །(3ན)མ་ཆགས་ཚིམས་པར་ལོངས་སྤྱོད་ནས། །བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག ། (ཅེས་བསྔོ། །དེས་ཀྱང་བདག་གིར་བཟུང་ནས་འཁོར་གསུམ་ཡོངས་དག་གི་མཆོད་པར་སྤྲོས་ཏེ་དཀྱིལ་འཁོར་པ་ལ་མཆོད་པར་བསམ་ཞིང་།) དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །རྡོར་སེམས་ཞི་ཁྲོའི་ལྷ་ཚོགས་ལ། །ཚེ་འདས་སྒོ་གསུམ་མཆོད་པ་འབུལ། །ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལ། །ཚོགས་གཉིས་ཟུང་འཇུག་ཕྲིན་ལས་ཀྱིས། །བར་དོར་འཁྱམས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། (ཞེས་གསོལ་བ་བཏབ་པས།)དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་ཚད་མེད་པའི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧཱུྃ་ཡིག་གི་རྣམ་པར་གྱུར་པ་སྤྱི་བོ་ནས་དྲངས་ཏེ་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་(བསམ། སྙིགས་མའི་ཕུང་ཁམས་ཡེ་ཤེས་ཀྱི་མེས་བསྲེག་པར་མོས་པས།)ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །(3བ)དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བརྒྱའི་མཐར། ཨགྣེ་ཛྭ་ལ་རཾ། ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར། །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག (ཅེས་སྨོན་ལམ་གདབ། ཐལ་བ་སཱ་ཙྪར་བསྒྲུབ་པའི་སླད་དུ།)བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར(བསམ་ཞིང་། ཡིག་བརྒྱ་དང་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་དྲི་བཟང་གི་ཆུས་བཀྲུས་ནས་སཱཙྪ་གདབ་པར་བྱའོ། །ཞེས་པའང་སྐབས་འགའ་ཞིག་ཏུ་མདུན་དཀྱིལ་སོགས་ཀྱི་སྤྲོས་པ་མི་ལྕོགས་པར་ཉམ་ཐག་གློ་བུར་རྗེས་འཛིན་གྱི་ཆ་རྐྱེན་ལ་ཕན་པའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེ་དོན་ཚང་དུ་སྦྱར་བ་ཤུ་བྷཾ།། །།) | {{Text | ||
༈(སཱཙྪ་གདབ་སྐབས་སུ། ཡིག་བརྒྱ་དང་སྦྱོང་སྔགས་བཟླ་བཞིན་དུ་བུམ་ཆུས་འཇིམ་པ་དང་འདྲེས་པར་བརྫིས་ནས། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ་ཞིང་སཱཙྪ་གདབ། གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་ཡིག་དྲུག་གང་རུང་ངམ་མ་འགྲུབ་ན་སྔགས་ཀྱིས་བརླབས་པའི་མེ་ཏོག་གཟུངས་སུ་གཞུག །ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ལ། སུཔྲ་ཏིཥྛས་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཞེས་པའང་ཛྙཱ་ནས་སོ།། །།) | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=18 | |||
|volumeLetter=TSHA | |||
|textnuminvol=028 | |||
|pdflink=File:DJYD-KABUM-18-TSHA-028.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-18-TSHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|(1ན)(གནས་ལུང་གི་ཆོ་ག་ཉེ་བར་བསྡུས་པ་བཞུགས་སོ།)ན་མོ་གུ་རུ་བཛྲ་སཏྭ་ཡེ། (འདིར་མདུན་དཀྱིལ་སོགས་ཀྱི་སྤྲོས་པ་ལ་མ་ལྟོས་པའི་གནས་ལུང་ཤིན་ཏུ་མདོར་བསྡུས་པ་བྱ་བར་འདོད་ན རང་གི་མདུན་དུ་ཚེ་འདས་ཀྱི་མིང་བྱང་དང་། བྲབ་རྫས་བྱེ་ཡུངས། ཟས་གཏད་ཀྱི་ཆས་སོགས་འདུ་བྱ། བདག་ཉིད་རྡོ་རྗེ་སེམས་དཔའ་སོགས་ལྷག་པའི་ལྷའི་རྣལ་འབྱོར་ལ་གནས་པས། དམིགས་རྟེན་)སུམྦྷ་ནིས་བསང་། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་(པར་བསམ་ལ།)ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཚེ་ལས་འདས་པ་འདི་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་དང་སྐྱེ་གནས་བཞི་སོགས་གང་ན་གནས་ཀྱང་སྐད་ཅིག་གི་འདིར་མཆིས་པར་གྱུར་ཅིག ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ(ས་རྣམ་ཤེས་དང་།)སརྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ་(གིས་སྡིག་པ་བཀུག་ནས།)ཛཿཧཱུྃ་བྃ་ཧོཿས་རྣམ་ཤེས་ཨ་དཀར་པོའི་རྣམ་པ་རྟེན་ལ་ཐིམ་པར་(བསམ། (1བ)བགེགས་སྦྱོང་བའི་སླད་དུ།)རང་གི་ཐུགས་ཀ་ནས་ཁྲོ་བོ་བགེགས་མཐར་བྱེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ཚེ་འདས་ཀྱི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམ་ལ། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ངྷ་ཛ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། (ཅེས་བསྐྲད། སྡིག་པ་ཕྲལ་བའི་སླད་དུ།)བདག་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ལག་གཡས་ཀྱི་སོར་མོ་ལྔ་ལ་ཧཱུཾ་ཨོཾ་སྭཱ་ཨཱོཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚོན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་(པར་བསམ་ལ།) ཨོཾ་སུ་ར་ཏ་སྟྭཾ་(ཞེས་ཐལ་མོ་སྦྱར།)བཛྲ་ཨཉྫ་ལི(ས་སོར་མོ་བསྣོལ།)བཛྲ་མནྡྷ་བཾ། (ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱར་བར་བསམ་ལ། ཡིག་བརྒྱའི་མཐར།)བཛྲ་བྷནྡྷ་ཏྲ་ཐ་སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ། (ཞེས་བརྗོད་ཅིང་ཕྱག་རྒྱ་བཀྲོལ་ཏེ་རྟེན་ལ་བྱབས་པ།)ལྷ་རྣམས་མཉམ་པར་སྦྱོར་བའི་སྐུ་ལས་འོད་ཟེར་ཉི་འོད་ལྟ་བུ་འཕྲོས། དམིགས་ཡུལ་གྱི་ལུས་ལ་རེག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། (སྔགས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་། ཡིག་བརྒྱའི་མཐར།) ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་(2ན)ཏུྃ་ཧཱུྃ་ཕཊ། (ཞེས་བཟླས་པས།) སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ། (རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་སྦྱོང་བའི་སླད་དུ།)ཚེ་ལས་འདས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྤྱི་བོར་ཨ་དཀར་པོ། མགྲིན་པར་སུ་མཐིང་ག །སྙིང་གར་ནྲྀ་ལྗང་གུ། ལྟེ་བར་ཏྲི་སེར་པོ། གསང་གནས་སུ་པྲེ་དམར་པོ། རྐང་མཐིལ་ན་དུ་ནག་པོ་རྣམས་ཀྱི་རྣམ་པར་གནས་པ། སྦྱོང་བྱེད་རིག་པའི་ཡེ་ཤེས་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་གསལ་འཚེར་དྭངས་པའི་འོད་ཟེར་ཀུན་ཏུ་འཕྲོ་ཞིང་འབར་བར་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གནས་གསུམ་གྱི་ས་བོན་ལ་ཕོག ། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ལྷག་མེད་དུ་བསྲེགས་པར་(བསམ་ལ། འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླས་པས།)དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་རྣམས་སྦྱངས་པའི་དྭངས་མ་ཧཱུྃ་ཡིག་གི་རྣམ་པར་གྱུར་པ་ལས་ཚེ་འདས་ཉིད་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་(པར་བསམ། དབང་བསྐུར་བའི་སླད་དུ།)རང་གི་ཐུགས་(2བ)ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཨ་བྷི་ཥིཉྩ་ཨཏྨ་ཀོཉཧཾ། ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་(བསམ་ལ།)ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (ཞེས་མེ་ཏོག་འཐོར། ཟས་གཏད་ཅིང་ལམ་སྦྱོང་བའི་སླད་དུ། མདུན་དུ་བཟའ་བཏུང་བཤམ་པ་)རཾ་ཡཾ་ཁཾ་(གིས་བསང་སྦྱང་།)འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་(བསམ་ཞིང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ནས།)ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། རོ་བདའ་འཇམ་འཁྲིལ་རེག་བྱ་སོགས། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །བདེ་བ་ཆེན་པོའི་རྒྱུན་དུ་འབུལ། །དབང་པོའི་སྤྱོད་ཡུལ་དམ་པར་ནི། །(3ན)མ་ཆགས་ཚིམས་པར་ལོངས་སྤྱོད་ནས། །བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག ། (ཅེས་བསྔོ། །དེས་ཀྱང་བདག་གིར་བཟུང་ནས་འཁོར་གསུམ་ཡོངས་དག་གི་མཆོད་པར་སྤྲོས་ཏེ་དཀྱིལ་འཁོར་པ་ལ་མཆོད་པར་བསམ་ཞིང་།) དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །རྡོར་སེམས་ཞི་ཁྲོའི་ལྷ་ཚོགས་ལ། །ཚེ་འདས་སྒོ་གསུམ་མཆོད་པ་འབུལ། །ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལ། །ཚོགས་གཉིས་ཟུང་འཇུག་ཕྲིན་ལས་ཀྱིས། །བར་དོར་འཁྱམས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། (ཞེས་གསོལ་བ་བཏབ་པས།)དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་ཚད་མེད་པའི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧཱུྃ་ཡིག་གི་རྣམ་པར་གྱུར་པ་སྤྱི་བོ་ནས་དྲངས་ཏེ་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་(བསམ། སྙིགས་མའི་ཕུང་ཁམས་ཡེ་ཤེས་ཀྱི་མེས་བསྲེག་པར་མོས་པས།)ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །(3བ)དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བརྒྱའི་མཐར། ཨགྣེ་ཛྭ་ལ་རཾ། ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར། །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག (ཅེས་སྨོན་ལམ་གདབ། ཐལ་བ་སཱ་ཙྪར་བསྒྲུབ་པའི་སླད་དུ།)བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར(བསམ་ཞིང་། ཡིག་བརྒྱ་དང་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་དྲི་བཟང་གི་ཆུས་བཀྲུས་ནས་སཱཙྪ་གདབ་པར་བྱའོ། །ཞེས་པའང་སྐབས་འགའ་ཞིག་ཏུ་མདུན་དཀྱིལ་སོགས་ཀྱི་སྤྲོས་པ་མི་ལྕོགས་པར་ཉམ་ཐག་གློ་བུར་རྗེས་འཛིན་གྱི་ཆ་རྐྱེན་ལ་ཕན་པའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེ་དོན་ཚང་དུ་སྦྱར་བ་ཤུ་བྷཾ།། །།) | |||
༈(སཱཙྪ་གདབ་སྐབས་སུ། ཡིག་བརྒྱ་དང་སྦྱོང་སྔགས་བཟླ་བཞིན་དུ་བུམ་ཆུས་འཇིམ་པ་དང་འདྲེས་པར་བརྫིས་ནས། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ་ཞིང་སཱཙྪ་གདབ། གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་ཡིག་དྲུག་གང་རུང་ངམ་མ་འགྲུབ་ན་སྔགས་ཀྱིས་བརླབས་པའི་མེ་ཏོག་གཟུངས་སུ་གཞུག །ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ལ། སུཔྲ་ཏིཥྛས་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཞེས་པའང་ཛྙཱ་ནས་སོ།། །།)}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:19, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 18, Text 28, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||