TTDL-ZABTER-05-CA-001: Difference between revisions

From Dudjom Wiki
TTDL-ZABTER-05-CA-001
m (Text replacement - "ཧོ༔" to " ཧོཿ")
m (Text replacement - "ཧོཿ" to "ཧོཿ ")
 
Line 43: Line 43:




ཐྂ༎༔  ({{TibChung|བརྡ་ཡིག་}})  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དཀྱིལ་འཁོར་འཁོར་ལོར་དབང་བྱེད་ཀྱི༔ ཁྱབ་བདག་འདི་ནི་བླ་ན་མེད༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ སྣོད་དང་ལྡན་པའི་སློབ་མ་ནི༔ དང་པོ་དབང་གིས་སྨིན་བྱས་ཏེ༔ གདམས་ངག་ཟབ་མོའི་སྣོད་རུང་བྱ༔ དེ་ལ་དང་པོ་ལག་ལེན་ཚུལ༔ དབང་རྫས་ཚང་ཞིང་དལ་ཞལ་ཕྱེ༔ ཞག་བདུན་བར་དུ་སྒྲུབ་ལ་གཞོལ༔ དེ་ནས་སྟ་གོན་ལེགས་པར་བྱ༔ སྣོད་བརྟག་སྐྱོན་སེལ་གེགས་སེལ་མཐར༔ དབང་གི་དཀྱིལ་འཁོར་ཆེན་པོར་འཇུག༔ སླར་ཡང་སྐྱོན་བྲལ་སློབ་བུ་རྣམས༔ གྲལ་འཁོད་ཁྲུས་བྱ་བགེགས་བསྐྲད་མཐར༔ རྡོ་རྗེ་སྲུང་བའི་འཁོར་ལོ་བསྒོམ༔ དེ་དག་བླ་མའི་བྱ་བ་སྟེ༔ དེ་ནས་སློབ་མའི་བྱ་བ་ནི༔ གསེར་དང་རིན་ཆེན་མཎྜལ་བཀོད༔ ལུས་དང་ལོངས་སྤྱོད་བླ་མར་ཕུལ༔ གཏན་གྱི་སྐྱབས་གནས་མཆོག་ཏུ་བསྟེན༔ མིར་འཛིན་མཉམ་འགྲོགས་ལོག་ལྟ་སྤང༔ ཆེ་བཙན་ཐོབ་ཀྱི་དབང་བྱས་པས༔ གདུགས་དང་མཁར་བ་མཚོན་མི་ཐོགས༔ ཁྲི་མཐོན་སྡོད་དང་མགོ་བོ་གཡོགས༔ སྐྱིལ་ཀྲུང་རྐང་པ་བརྐྱང་སོགས་སྤང་༔ ངོ་ལྐོག་གཡོ་དང་སྒྱུས་མིན་པར༔ པུས་བཙུག་ཐལ་སྦྱར་གུས་པས་བཏུད༔ སྙན་པའི་དབྱངས་ཀྱིས་ཞུ་གསོལ་གདབ༔ དད་མོས་གདུང་བའི་སེམས་ཀྱིས་ཉན༔ གཞན་དུ་རྣམ་པར་གཡེང་བ་སྤང༔ སྒོ་གསུམ་བྱ་བ་གནད་དུ་ཟུངས༔ དང་པོ་དབང་བསྐུར་བར་སྙན་གསན་འབུལ་བ་ནི༔ ཀྱཻ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ བདག་ཅག་དབང་གིས་སྨིན་པར་མཛོད༔ ལན་གསུམ་ཞུས་མཐར༔ སློབ་དཔོན་གྱིས་གནང་བ་སྩལ་བ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ མི་ལུས་ཐོབ་པ་གྲངས་མང་ཡང༔ དོན་ལྡན་ཨུ་དུམ་ཝ་ར་ཙམ༔ དེ་རིང་ཁྱོད་ཀྱིས་རྙེད་ཆེན་ཐོབ༔ དགའ་དང་གུས་པའི་སེམས་ཀྱིས་ཉོན༔ སྨིན་གྲོལ་དབང་མཆོག་བསྐུར་བར་བགྱི༔ དེ་ནས་ཡང་སློབ་དཔོན་གྱིས༔ ཀྱེ་ ཧོཿ སྐལ་ལྡན་རིགས་ཀྱི་བུ༔ སྨིན་གྲོལ་ཀུན་ལ་ཡོད་མོད་ཀྱང་༔ སྐྱབས་སུ་མ་སོང་བ་ལ་མིན༔ དེ་ཕྱིར་སྐྱབས་སུ་འགྲོ་བར་གྱིས༔ དེ་ནས་སྐྱབས་སུ་འགྲོ་ཞིང་༔ ཡང་སློབ་དཔོན་གྱིས༔ ཧོཿཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ བསོད་ནམས་བསགས་པ་མང་ལགས་ཀྱང་༔ སེམས་མ་བསྐྱེད་པར་སངས་རྒྱས་མིན༔ དེ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ ཅེས་སེམས་བསྐྱེད༔ དེ་ནས་རྡོ་རྗེའི་མནའ་ཆུ་སྦྱིན་པ་ནི༔ ཀྱེ་ཧོ་རྡོ་རྗེའི་སློབ་བུ་རྣམས༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ དམ་ཚིག་གཉན་པོའི་སྲོག་ཐོབ་ཟིན༔ བསྲུང་ན་ཚེ་འདིར་སངས་རྒྱས་འཐོབ༔ ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་༔ དེ་ཕྱིར་དམ་ཚིག་གཉན་པོ་སྲུངས༔ སློབ་མས༔ ས་མ་ཡ་ན་ར་ཀན༔ རྡོ་རྗེའི་རྭ་རྩེས་མནའ་ཆུ་ལྕེ་ལ་བཞག༔ དེ་ནས་སློབ་མས་མེ་ཏོག་ཐོགས་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ མིག་དར་བཀབ་ལ༔ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ བདག་མདུན་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སློབ་མའི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བྱས༔ འབྱུང་བ་སྙིགས་མའི་སྒྱུ་ལུས་ཡེ་ཤེས་དྭངས་མ་འོད་གསལ་ཆེན་པོའི་ངང་དུ་ཞིག་པར་གྱུར༔ ཅེས་སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་དབབ་ཅིང་༔ བསྐྱེད་ཅིང་བསྟིམ་པའི་ཡེ་ཤེས་པ་དེ་རབ་ཏུ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་ཞིང་ལྷག་པའི་ལྷ་ངོས་བཟུང་བ་ནི༔ ཧོཿདཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ བཛྲ་པུཥྤེ་པྲ་ཏཱིཙྪ་ ཧོཿ དེ་ནས་མིག་དར་བསལ་བ་ནི༔ ཧོཿབདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི༔ ཞལ་རས་བསྒྲིབས་པའི་བག་ཆགས་སྒྲིབ༔ མ་རིག་ལིང་ཏོག་དྲི་མ་བསལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསལ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ རང་ཞལ་མཇལ་ཏེ་འཚང་རྒྱ་ཤོག༔ ཨེ་མ་ ཧོཿ ན་མོ་ན་མ་ཧོཿཞེས་ཕྱག་འཚལ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྣམ་སྨིན་རིག་འཛིན་ཉེར་འགྲུབ་ཅིང༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་རྡོ་རྗེ་གཞོན་ནུ་ཆེ༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མི་ཤིགས་རྡོ་རྗེའི་གདིང་ཐོབ་ཀྱི༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒྲོལ་བའི་ཡུམ་མཆོག་གཏད་ལ༔ ཧཱུྃ༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊཱིའི་སྐུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་ཀྱི་བདག་པོའི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཀ་དག་གདོད་མའི་མགོན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཉིས་སུ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བུདྡྷཱ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་གསང་བ་རྫོགས༔ ཁྲག་འཐུང་བུདྡྷ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ བུདྡྷཱ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཛྲ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་རྫོགས་དཔལ༔ ཁྲག་འཐུང་བཛྲ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རཏྣ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཡོན་ཏན་གསང་རྫོགས་དཔལ༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡོན་ཏན་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ རཏྣ་ཨ་བྷི་ཥིཉྩ་སྭཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་པདྨ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་གསུང་གི་གསང་རྫོགས་དཔལ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ པདྨ་ཨ་བྷི་ཥིཉྩ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཀརྨ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཕྲིན་ལས་གསང་རྫོགས་དཔལ༔ ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱ་ཁྱུང་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་གྱི་མངོན་སྤྱོད་རོལ་བའི་རྩལ༔ ཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཁྲོཾ་ག་རུ་ཌ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྲོ་བོ་ཆེན་པོ་བཅུའི་དང་པོ་ཧཱུྃ་ཀཱ་རའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ལྷ་གདོན་ཟིལ་གྱིས་གནོན་པའི་སྐུར་སྟོན་པ༔ ཁྲོ་རྒྱལ་ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཧཱུྃ་ཀཱ་ར་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྣམ་པར་རྒྱལ་བ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ དྲི་ཟ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་རྣམ་པར་རྒྱལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དབྱུག་པ་སྔོན་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ མེ་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་དབྱུག་པ་སྔོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ གཤིན་རྗེ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མི་གཡོ་མགོན་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ སྲིན་པོ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་མི་གཡོ་མགོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ཆུ་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འདོད་རྒྱལ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ རླུང་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ གནོད་སྦྱིན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ དབང་ལྡན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོབས་ཆེན་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ས་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཟ་བྱེད་ཕ་བཅུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ཁྲོ་བོ་བཅུ་ཡི་རྣམ་རོལ་གར༔ མི་སྲུན་གདུག་པ་འདུལ་བའི་དཔལ་དུ་ཤར༔ མངོན་སྤྱོད་ལས་མཛད་ཟ་བྱེད་ཆེན་པོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསོད་བྱེད་མ་བཅུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཁྲོ་མོ་བཅུ་ཡི་ཕྲིན་ལས་གར༔ མྱུར་མགྱོགས་སྟོབས་རྩལ་དྲག་པོའི་མངོན་སྤྱོད་གྲུབ༔ མི་སྲུན་གསོད་བྱེད་ཕྲ་མེན་ཆེན་མོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྲ་ཐབས་སྲས་མཆོག་ཉེར་གཅིག་ལས༔ དང་པོ་སྐུ་ཡི་སྲས་བདུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གཉིས་མེད་སྙོམས་འཇུག་རོལ་པའི་ཆོ་འཕྲུལ་ལས༔ ཕོ་གདོན་ཟིལ་གནོན་སྐུ་ཡི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསུང་གི་སྲས་བདུན་ཐོགས་ལ༔ ཧཱུྃ་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གསང་སྒྱུ་འཕྲུལ་རོལ་པའི་གར་དབང་པོ༔ མོ་གདོན་ཟིལ་གནོན་གསུང་གི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུགས་ཀྱི་སྲས་བདུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་གསང་མཉམ་ཉིད་རོལ་པའི་སྒྱུ་འཕྲུལ་གར༔ ཀླུ་གདོན་ཟིལ་གནོན་ཐུགས་ཀྱི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡེ་ཤེས་སྒོ་མ་རྣམ་བཞི་ཐོགས་ལ༔ ཧཱུྃཿདཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཚད་མེད་རྣམ་བཞི་ཕྲིན་ལས་དཔལ་དུ་ཤར༔ འགུག་འཆིང་སྡོམ་མྱོས་ལས་བྱེད་སྒོ་མ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཛཿཧཱུྃ་བྃ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕུར་སྲུང་བཅུ་དྲུག་གི་དང་པོ་ཤྭ་ན་མ་མཆེད་བཞི་ཐོགས་ལ༔ ཧཱུྃ་༔ དབྱིངས་ཀྱི་རྗེ་མོའི་ཐུགས་ཀྱི་རྣམ་རོལ་གར༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ རབ་འཇིགས་གཏུམ་མོ་ཤྭ་ན་མཆེད་སྡེ་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ མ་མོ་དམ་ཅན་སྐུ་ལ་དབང་བསྒྱུར་ནས༔ མངོན་སྤྱོད་ལས་ཀྱི་གདུག་པ་འདུལ་བར་ཤོག༔ རྩ་སྔགས༔ ཤྭ་ན་སྲི་ཀ་སྲི་ལ་ཀུ་ཀུ་མུ་ཁ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བདག་ཉིད་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་སྐུ་ཡི་རྣམ་རོལ་གར༔ བསྟན་དགྲའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ སྲིད་པའི་དབང་མོ་རེ་ཏཱི་མཆེད་སྡེ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྲིད་པ་མ་མོའི་སྲོག་ལ་དབང་ཐོབ་ནས༔ ཞིང་བཅུའི་དགྲ་དཔུང་བརླག་པའི་མཐུ་ཐོབ་ཤོག༔ རྩ་སྔགས༔ པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ས་བདག་མཆེད་བཞི་བཏད་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་གསུང་གི་རྣམ་རོལ་གར༔ ལོག་པར་འདྲེན་པའི་སྲོག་གི་གཤེད་མར་གྲུབ༔ མཐུ་རྩལ་ཐོགས་མེད་ས་བདག་ཆེན་མོ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཀའ་སྡོད་མ་མོའི་སྐུ་ལ་དབང་ཐོབ་ནས༔ མངོན་སྤྱོད་དྲག་པོ་མཐུ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས༔ མ་མ་བཛྲ་ཀྲོ་དྷི་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་སྐྱེས་བུ་མཆེད་བཞི་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་གར༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཐལ་བར་རློག༔ མི་བཟད་རབ་འཇིགས་སྐྱེས་བུ་གིང་ཆེན་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ དྲག་པོ་མཐུ་ཡི་དངོས་གྲུབ་མཆོག་ཐོབ་ཅིང་༔ བརྣག་པ་ཙམ་གྱིས་ལོག་འདྲེན་སྒྲོལ་ནུས་ཤོག༔ རྩ་སྔགས༔ རཀྴ་ཡཀྴ་ཡ་མ་རཱ་ཛ་དུ་ཀ་ལ་ཀིང་ཀ་ར་བཛྲ་ཀྲོ་དྷ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་ཐོགས་ལ༔ ཧཱུྃ་༔ སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མའི༔ མི་སྲུན་ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ རྡོ་རྗེ་སྲིན་མོའི་རྣམ་འགྱུར་རོལ་པའི་གར༔ བཀའ་སྡོད་ལས་ཀྱི་དབང་ཕྱུག་ཉི་ཤུ་བརྒྱད༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མ་མོ་རབ་འབྱམས་དབང་སྡུད་དབང་ཐོབ་ཤོག༔ རྩ་སྔགས༔ མ་ཏྲི་བྷྱོ་ཛཿཧྲཱིཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ལྷ་དབང་ཟབ་མོ་བསྐུར་བའི་ཚེ༔ སློབ་མ་རྡོ་རྗེ་གཞོན་ནུ་དངོས་སུ་གསལ༔ རང་སྣང་དོན་གྱི་འོག་མིན་དབྱིངས་ཆེན་ནས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པ་ཆེ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷའི་རྣམ་པར༔ རིམ་པ་དཀྱུས་བཞིན་ཐིམ་ནས་གཉིས་མེད་ངང་༔ དབང་ཐོབ་སྒོ་གསུམ་རྡོ་རྗེར་སྨིན་གྲོལ་བསམ༔ གང་ཞིག་དཀྱིལ་འཁོར་ལྷ་དབང་བསྐུར་གྱུར་ཀྱང་༔ གདམས་པའི་གནད་འདི་མེད་ན་རྟེན་འབྲེལ་ཙམ༔ བྱིས་པའི་རྩེད་མོའི་བྱ་བར་གོ་མ་ལོག༔ མ་ཧཱ་ཡོ་ག་ལམ་ཁྱེར་ཁོ་ནར་རག༔ དེ་ཕྱིར་བསྐྱེད་རིམ་མེད་ན་དོན་མི་འགྲུབ༔ སྒྲུབ་པའི་སྙིང་མིག་སྲོག་གསུམ་བསྐྱེད་རིམ་སྟེ༔ ཤེས་པར་གྱིས་ཤིག་ཕྱི་རབས་ལས་ཅན་རྣམས༔ ནེ་ཙོའི་འདོན་པ་ལྟ་བུ་མཆོག་འཛིན་པའི༔ སྐྱེས་བུ་དེ་ལ་དངོས་གྲུབ་རྒྱང་རེ་རིང་༔ མར་འདོད་ཆུ་བསྲུབ་བྱེད་པའི་འབད་རྩོལ་མཁན༔ དམུས་ལོང་འདོད་སྲེད་ཉམ་ཐག་ཁུར་ལེན་ཁྱོད༔ རང་ཐོག་བཙན་ས་ཟིན་ན་ཅི་མ་རུང་་༔ མིན་ཀྱང་ལམ་འདིའི་གནད་དོན་མ་རྟོགས་པར༔ རང་གཞན་མགོ་འཁོར་མུན་པའི་ཁྲོད་ན་འཁྱམས༔ ད་དུས་ལུས་ངག་གཉིས་གཙོར་མི་འཛིན་པར༔ བདེ་སྡུག་འཁོར་བའི་རྩ་བར་གཞིག་མཛོད་དང་༔ ཟབ་མོའི་ཕྱོགས་ལ་ཉེ་བར་རབ་འདོག་སྲིད༔ ཨོ་རྒྱན་བདག་གིས་བརྩེ་བའི་སྙིང་གཏམ་ཡིན༔ དེ་དོན་ཡིད་ལ་ཞོག་ཅིག་ཕྱི་རབས་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སློབ་མ་ལྷ་རུ་གསལ་བ་ལ༔ དུར་ཁྲོད་ཆས་དང་ཕྱག་མཚན་དབང་བསྐུར་ནི༔ དང་པོ་དུར་ཁྲོད་ཆས་བརྒྱད་གཏད་ལ༔ ཧཱུྃ༔ བྱུག་པའི་རྫས་དང་མནབས་པའི་གོས༔ སྤྲས་པའི་རྒྱན་བཅས་དུར་ཁྲོད་ཆས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཧེ་རུ་ཀ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་རྩེ་དགུ་རྩེ་ལྔ་ལག་གཡས་སུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རྩེ་དགུས་ལོག་རྟོག་རཱུ་དྲ་འཇོམས༔ རྡོ་རྗེ་རྩེ་ལྔས་དུག་ལྔ་ཕུང་ལྔ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་དཔུང་དང་ཁ་ཊྭཱྃ་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ མེ་དཔུང་འབར་བས་མ་རིག་བག་ཆགས་སྲེག༔ ཁ་ཊྭཱྃ་རྩེ་གསུམ་ཉོན་མོངས་དུག་གསུམ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདག་རྟོག་རཱུ་དྲ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕུར་པ་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་རི་རབ་ཕུར་པ་འདིས༔ ཁམས་གསུམ་འཁོར་བ་སྐུ་གསུམ་ཀློང་དུ་སྒྲོལ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཧོམ་དང་དགང་བླུགས་གཟར་གཏད་ལ༔ ཧཱུྃ༔ ལས་ཀྱི་དགང་གཟར་མེ་ཧོམ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི༔ ལས་བཞིའི་སྲེག་བླུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བམ་དང་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ གཟུང་འཛིན་རཱུ་དྲ་ཕོ་མོའི་ཕུང་ཁམས་གཟུགས༔ འཇིགས་བྱེད་ལས་ཀྱི་མཚོན་ཐུན་ངར་ལྡན་པ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རི་རབ་དང་བྲུབ་ཁུང་གཏད་ལ༔ ཧཱུྃ༔ མི་ཤིགས་དུག་ལྔའི་ལས་ལས་གྲུབ་པ་ཡི༔ ཐར་མེད་ལས་ཀྱི་བཙོན་ཁང་ནག་པོ་རུ༔ དགྲ་བགེགས་མ་ལུས་བཀུག་ཅིང་བྲུབ་ནས་སུ༔ ལྡང་མེད་བསྐལ་པར་གནོན་པའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟོར་གཏོར་གཏད་ལ༔ ཧཱུྃ༔ དྲག་པོ་ལས་ཀྱི་གཏོར་ཟོར་འདི་གཏད་པས༔ མངོན་སྤྱོད་ཟོར་འཕེན་ལས་ལ་བརྩོན་པ་ཡིས༔ ཞིང་བཅུའི་བདུད་སྡེ་མ་ལུས་བརླག་བྱེད་པའི༔ ཐོགས་མེད་དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ནྲྀ་ཏྲི་ཀ་ལ་རཱུ་པ་མཱ་ར་ཡ་རྦད་བྷྱོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དེ་ནས་གསང་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་ཨཱཿདམར་པོ་མགྲིན་པར་བཞག་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་ས་བོན་ཨཱཿདམར་འོད་དང་བཅས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པ་ནས་ཞུགས་ཏེ༔ ངག་གི་སྒྲིབ་དག་གསང་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་གསང་ཆེན་ཡངས་པའི་བྷནྡྷ་རུ༔ གསུང་གསང་འདུས་པའི་བཅུད་ཆེན་ཨ་མྲྀ་ཏ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད་པ་ཡིས༔ གསང་བའི་དབང་ཐོབ་ལོངས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་སྙིང་པོ་སྔགས་ཀྱི་རང་སྒྲ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ་༔ དྲག་པོ་བསྙེན་པའི་ཕྲེང་བ་བརྒྱ་རྩ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བསྙེན་སྒྲུབ་ལས་སྦྱོར་སྔགས་ཀྱི་དབང་ཐོབ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེར་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཝ་བྷི་ཥིཉྩ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤེར་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་ཧཱུྃ་་ཡིག་ཐོགས་ལ༔ ཧཱུྃ་༔ རྒྱལ་བ་ཀུན་གྱི་ཐུགས་གསང་ཡི་གེ་ཧཱུྃ༔ མཐིང་ནག་འོད་ཀྱི་ཐིག་ལེ་དང་བཅས་པ༔ སློབ་མའི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ ཐུགས་ཀྱི་དབང་ཐོབ་ཆོས་སྐུར་སྨོན་གྲོལ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནམ་ལྕགས་རྡོ་རྗེ་རྩེ་དགུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་བ་ཡོངས་སུ་རྫོགས༔ མི་ཤིགས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྡོ་རྗེ་ཐེག་པའི་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་མཛོད༔ སྒྱུ་འཕྲུལ་རོལ་པ་ཡོངས་རྫོགས་སྲོག་འཁོར་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མཆོག་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧཱུྃ༔ སྟོང་པའི་བདག་ཉིད་ཤེས་རབ་དབྱིངས་ཀྱི་ཡུམ༔ བདེ་ཆེན་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདེ་སྟོང་སྙོམས་འཇུག་ཆེན་པོར་ལོངས་སྤྱོད་ཅིང་༔ དགའ་བ་བཞི་ཡི་ཡེ་ཤེས་ཉམས་སུ་མྱོང་༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་གཏད་ལ༔ ཧཱུྃ༔ ཀ་དག་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ ཉག་གཅིག་ཐིག་ལེ་སྐྱོན་དང་དྲི་མ་མེད༔ ཅིར་ཡང་འཆར་དུ་རུང་བའི་ཨ་དཪྴས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཆོས་སྐུའི་ས་བོན་ཐེབ༔ ཤེས་རབ་ཡེ་ཤེས་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚིག་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་འཇའ་ཤེལ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་ཡངས་སུ༔ ལྷུན་གྲུབ་འགགས་མེད་ལོངས་སྐུའི་ཚོམ་བུ་གསལ༔ མ་བཅོས་རང་བྱུང་རང་གསལ་འཇའ་ཤེལ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་བྲལ་ནས༔ ཀ་དག་སྐྱེ་མེད་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཨཱཿདེ་ནས་འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་བདེ་བ་ཆེན་པོའི་ཀློང་༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཤར༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ སྣང་བཞི་མཐར་ཕྱིན་འཇའ་ལུས་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་རྩལ་དབང་ནི༔ ཀྱེ་ཧོཿརིགས་ཀྱི་བུ་ཁྱོད་ཀྱི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་ལྷོད་ཀྱིས་ཀློད་ལ་ཤིག་གེར་ཞོག་ཅིག༔ ཁྱོད་རང་གི་རིག་པའི་ངོ་བོ་ཁྱབ་བརྡལ་ཕྱོགས་མཐའ་ཐམས་ཅད་དང་བྲལ་བ་དེ་ཀ་ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ནོ༔ གདངས་མ་འགགས་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འདི་ཉིད་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོའོ༔ རྩལ་མ་འགགས་པ་རང་གྲོལ་གྱི་རོལ་པ་འདི་ཉིད་སྤྲུལ་པ་སྐུ་ཡི་དཀྱིལ་འཁོར་ཡིན་ནོ༔ དེ་ལས་གཞན་དུ་མ་ཡེངས༔ གང་དུའང་མ་འཕྱུག་པར་བཅས་བཅོས་སྤོང་ལེན་འབད་རྩོལ་བསྐྱེད་བསྒོམ་མེད་པར་རང་སར་ཞོག༔ ཨ་ཨ་ཨ་ཕཊ༔ ཅེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ༔ ཀྱེ་རིགས་ཀྱི་བུ་དེ་ལྟར་རང་རིག་རང་ངོ་འཕྲོད་པ་འདི་ཉིད་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ཏེ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་གཅིག་ཆར་དུ་རྫོགས་པ་ཡིན་པས་དགའ་སྤྲོ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ གཞི་དབྱིངས་བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ ལྷུན་གྲུབ་བཀོད་པ་རྫོགས་ལྡན་གཏོར་ཆེན་པོ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ དབང་དང་བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཀུན་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་བྱིན་གྱིས་རླབས་པའི་བཀྲ་ཤིས་རྫས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མི་མཐུན་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིང༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ཡི༔ མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མཚན་དཔེའི་ཡོན་ཏན་རྫོགས་པའི་སྐུ་ཐོབ་ཤོག༔ སརྦ་མངྒ་ལ་པུཎྱེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས་གྲུབ་པའི༔ རྒྱལ་སྲིད་ལོངས་སྤྱོད་རིན་ཆེན་སྣ་བདུན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག༔ སྭསྟི་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཨཱཿམ་ཎི་རཏྣ་སིདྡྷི་ཧཱུྃ༔ ཤེས་པ་བརྗོད་ཅིང་མེ་ཏོག་འཐོར༔ གཏང་རག་ཚོགས་ཀྱི་འཁོར་ལོ་བསྐོར༔ རྗེས་ཀྱི་རིམ་པ་རྫོགས་པར་བྱ༔ དེ་ལྟར་ལག་ལེན་གནད་ལྡན་པའི༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་མ་ལ༔ དབང་བསྐུར་རྫོགས་ནས་ཉམས་བླངས་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལྟ་ལོག་དབང་པོ་བསྣུབས༔ དམ་ལྡན་བུ་ལ་སྲུང་སྐྱོབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།}}
ཐྂ༎༔  ({{TibChung|བརྡ་ཡིག་}})  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དཀྱིལ་འཁོར་འཁོར་ལོར་དབང་བྱེད་ཀྱི༔ ཁྱབ་བདག་འདི་ནི་བླ་ན་མེད༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ སྣོད་དང་ལྡན་པའི་སློབ་མ་ནི༔ དང་པོ་དབང་གིས་སྨིན་བྱས་ཏེ༔ གདམས་ངག་ཟབ་མོའི་སྣོད་རུང་བྱ༔ དེ་ལ་དང་པོ་ལག་ལེན་ཚུལ༔ དབང་རྫས་ཚང་ཞིང་དལ་ཞལ་ཕྱེ༔ ཞག་བདུན་བར་དུ་སྒྲུབ་ལ་གཞོལ༔ དེ་ནས་སྟ་གོན་ལེགས་པར་བྱ༔ སྣོད་བརྟག་སྐྱོན་སེལ་གེགས་སེལ་མཐར༔ དབང་གི་དཀྱིལ་འཁོར་ཆེན་པོར་འཇུག༔ སླར་ཡང་སྐྱོན་བྲལ་སློབ་བུ་རྣམས༔ གྲལ་འཁོད་ཁྲུས་བྱ་བགེགས་བསྐྲད་མཐར༔ རྡོ་རྗེ་སྲུང་བའི་འཁོར་ལོ་བསྒོམ༔ དེ་དག་བླ་མའི་བྱ་བ་སྟེ༔ དེ་ནས་སློབ་མའི་བྱ་བ་ནི༔ གསེར་དང་རིན་ཆེན་མཎྜལ་བཀོད༔ ལུས་དང་ལོངས་སྤྱོད་བླ་མར་ཕུལ༔ གཏན་གྱི་སྐྱབས་གནས་མཆོག་ཏུ་བསྟེན༔ མིར་འཛིན་མཉམ་འགྲོགས་ལོག་ལྟ་སྤང༔ ཆེ་བཙན་ཐོབ་ཀྱི་དབང་བྱས་པས༔ གདུགས་དང་མཁར་བ་མཚོན་མི་ཐོགས༔ ཁྲི་མཐོན་སྡོད་དང་མགོ་བོ་གཡོགས༔ སྐྱིལ་ཀྲུང་རྐང་པ་བརྐྱང་སོགས་སྤང་༔ ངོ་ལྐོག་གཡོ་དང་སྒྱུས་མིན་པར༔ པུས་བཙུག་ཐལ་སྦྱར་གུས་པས་བཏུད༔ སྙན་པའི་དབྱངས་ཀྱིས་ཞུ་གསོལ་གདབ༔ དད་མོས་གདུང་བའི་སེམས་ཀྱིས་ཉན༔ གཞན་དུ་རྣམ་པར་གཡེང་བ་སྤང༔ སྒོ་གསུམ་བྱ་བ་གནད་དུ་ཟུངས༔ དང་པོ་དབང་བསྐུར་བར་སྙན་གསན་འབུལ་བ་ནི༔ ཀྱཻ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ བདག་ཅག་དབང་གིས་སྨིན་པར་མཛོད༔ ལན་གསུམ་ཞུས་མཐར༔ སློབ་དཔོན་གྱིས་གནང་བ་སྩལ་བ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ མི་ལུས་ཐོབ་པ་གྲངས་མང་ཡང༔ དོན་ལྡན་ཨུ་དུམ་ཝ་ར་ཙམ༔ དེ་རིང་ཁྱོད་ཀྱིས་རྙེད་ཆེན་ཐོབ༔ དགའ་དང་གུས་པའི་སེམས་ཀྱིས་ཉོན༔ སྨིན་གྲོལ་དབང་མཆོག་བསྐུར་བར་བགྱི༔ དེ་ནས་ཡང་སློབ་དཔོན་གྱིས༔ ཀྱེ་ ཧོཿ སྐལ་ལྡན་རིགས་ཀྱི་བུ༔ སྨིན་གྲོལ་ཀུན་ལ་ཡོད་མོད་ཀྱང་༔ སྐྱབས་སུ་མ་སོང་བ་ལ་མིན༔ དེ་ཕྱིར་སྐྱབས་སུ་འགྲོ་བར་གྱིས༔ དེ་ནས་སྐྱབས་སུ་འགྲོ་ཞིང་༔ ཡང་སློབ་དཔོན་གྱིས༔ ཧོཿ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ བསོད་ནམས་བསགས་པ་མང་ལགས་ཀྱང་༔ སེམས་མ་བསྐྱེད་པར་སངས་རྒྱས་མིན༔ དེ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ ཅེས་སེམས་བསྐྱེད༔ དེ་ནས་རྡོ་རྗེའི་མནའ་ཆུ་སྦྱིན་པ་ནི༔ ཀྱེ་ཧོ་རྡོ་རྗེའི་སློབ་བུ་རྣམས༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ དམ་ཚིག་གཉན་པོའི་སྲོག་ཐོབ་ཟིན༔ བསྲུང་ན་ཚེ་འདིར་སངས་རྒྱས་འཐོབ༔ ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་༔ དེ་ཕྱིར་དམ་ཚིག་གཉན་པོ་སྲུངས༔ སློབ་མས༔ ས་མ་ཡ་ན་ར་ཀན༔ རྡོ་རྗེའི་རྭ་རྩེས་མནའ་ཆུ་ལྕེ་ལ་བཞག༔ དེ་ནས་སློབ་མས་མེ་ཏོག་ཐོགས་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ མིག་དར་བཀབ་ལ༔ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ བདག་མདུན་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སློབ་མའི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བྱས༔ འབྱུང་བ་སྙིགས་མའི་སྒྱུ་ལུས་ཡེ་ཤེས་དྭངས་མ་འོད་གསལ་ཆེན་པོའི་ངང་དུ་ཞིག་པར་གྱུར༔ ཅེས་སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་དབབ་ཅིང་༔ བསྐྱེད་ཅིང་བསྟིམ་པའི་ཡེ་ཤེས་པ་དེ་རབ་ཏུ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་ཞིང་ལྷག་པའི་ལྷ་ངོས་བཟུང་བ་ནི༔ ཧོཿ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ བཛྲ་པུཥྤེ་པྲ་ཏཱིཙྪ་ ཧོཿ དེ་ནས་མིག་དར་བསལ་བ་ནི༔ ཧོཿ བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི༔ ཞལ་རས་བསྒྲིབས་པའི་བག་ཆགས་སྒྲིབ༔ མ་རིག་ལིང་ཏོག་དྲི་མ་བསལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསལ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ རང་ཞལ་མཇལ་ཏེ་འཚང་རྒྱ་ཤོག༔ ཨེ་མ་ ཧོཿ ན་མོ་ན་མ་ཧོཿ ཞེས་ཕྱག་འཚལ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྣམ་སྨིན་རིག་འཛིན་ཉེར་འགྲུབ་ཅིང༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་རྡོ་རྗེ་གཞོན་ནུ་ཆེ༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མི་ཤིགས་རྡོ་རྗེའི་གདིང་ཐོབ་ཀྱི༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒྲོལ་བའི་ཡུམ་མཆོག་གཏད་ལ༔ ཧཱུྃ༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊཱིའི་སྐུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་ཀྱི་བདག་པོའི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཀ་དག་གདོད་མའི་མགོན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཉིས་སུ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བུདྡྷཱ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་གསང་བ་རྫོགས༔ ཁྲག་འཐུང་བུདྡྷ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ བུདྡྷཱ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཛྲ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་རྫོགས་དཔལ༔ ཁྲག་འཐུང་བཛྲ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རཏྣ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཡོན་ཏན་གསང་རྫོགས་དཔལ༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡོན་ཏན་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ རཏྣ་ཨ་བྷི་ཥིཉྩ་སྭཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་པདྨ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་གསུང་གི་གསང་རྫོགས་དཔལ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ པདྨ་ཨ་བྷི་ཥིཉྩ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཀརྨ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཕྲིན་ལས་གསང་རྫོགས་དཔལ༔ ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱ་ཁྱུང་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་གྱི་མངོན་སྤྱོད་རོལ་བའི་རྩལ༔ ཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཁྲོཾ་ག་རུ་ཌ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྲོ་བོ་ཆེན་པོ་བཅུའི་དང་པོ་ཧཱུྃ་ཀཱ་རའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ལྷ་གདོན་ཟིལ་གྱིས་གནོན་པའི་སྐུར་སྟོན་པ༔ ཁྲོ་རྒྱལ་ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཧཱུྃ་ཀཱ་ར་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྣམ་པར་རྒྱལ་བ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ དྲི་ཟ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་རྣམ་པར་རྒྱལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དབྱུག་པ་སྔོན་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ མེ་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་དབྱུག་པ་སྔོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ གཤིན་རྗེ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མི་གཡོ་མགོན་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ སྲིན་པོ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་མི་གཡོ་མགོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ཆུ་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འདོད་རྒྱལ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ རླུང་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ གནོད་སྦྱིན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ དབང་ལྡན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོབས་ཆེན་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ས་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཟ་བྱེད་ཕ་བཅུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ཁྲོ་བོ་བཅུ་ཡི་རྣམ་རོལ་གར༔ མི་སྲུན་གདུག་པ་འདུལ་བའི་དཔལ་དུ་ཤར༔ མངོན་སྤྱོད་ལས་མཛད་ཟ་བྱེད་ཆེན་པོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསོད་བྱེད་མ་བཅུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཁྲོ་མོ་བཅུ་ཡི་ཕྲིན་ལས་གར༔ མྱུར་མགྱོགས་སྟོབས་རྩལ་དྲག་པོའི་མངོན་སྤྱོད་གྲུབ༔ མི་སྲུན་གསོད་བྱེད་ཕྲ་མེན་ཆེན་མོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྲ་ཐབས་སྲས་མཆོག་ཉེར་གཅིག་ལས༔ དང་པོ་སྐུ་ཡི་སྲས་བདུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གཉིས་མེད་སྙོམས་འཇུག་རོལ་པའི་ཆོ་འཕྲུལ་ལས༔ ཕོ་གདོན་ཟིལ་གནོན་སྐུ་ཡི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསུང་གི་སྲས་བདུན་ཐོགས་ལ༔ ཧཱུྃ་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གསང་སྒྱུ་འཕྲུལ་རོལ་པའི་གར་དབང་པོ༔ མོ་གདོན་ཟིལ་གནོན་གསུང་གི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུགས་ཀྱི་སྲས་བདུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་གསང་མཉམ་ཉིད་རོལ་པའི་སྒྱུ་འཕྲུལ་གར༔ ཀླུ་གདོན་ཟིལ་གནོན་ཐུགས་ཀྱི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡེ་ཤེས་སྒོ་མ་རྣམ་བཞི་ཐོགས་ལ༔ ཧཱུྃཿདཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཚད་མེད་རྣམ་བཞི་ཕྲིན་ལས་དཔལ་དུ་ཤར༔ འགུག་འཆིང་སྡོམ་མྱོས་ལས་བྱེད་སྒོ་མ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཛཿཧཱུྃ་བྃ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕུར་སྲུང་བཅུ་དྲུག་གི་དང་པོ་ཤྭ་ན་མ་མཆེད་བཞི་ཐོགས་ལ༔ ཧཱུྃ་༔ དབྱིངས་ཀྱི་རྗེ་མོའི་ཐུགས་ཀྱི་རྣམ་རོལ་གར༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ རབ་འཇིགས་གཏུམ་མོ་ཤྭ་ན་མཆེད་སྡེ་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ མ་མོ་དམ་ཅན་སྐུ་ལ་དབང་བསྒྱུར་ནས༔ མངོན་སྤྱོད་ལས་ཀྱི་གདུག་པ་འདུལ་བར་ཤོག༔ རྩ་སྔགས༔ ཤྭ་ན་སྲི་ཀ་སྲི་ལ་ཀུ་ཀུ་མུ་ཁ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བདག་ཉིད་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་སྐུ་ཡི་རྣམ་རོལ་གར༔ བསྟན་དགྲའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ སྲིད་པའི་དབང་མོ་རེ་ཏཱི་མཆེད་སྡེ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྲིད་པ་མ་མོའི་སྲོག་ལ་དབང་ཐོབ་ནས༔ ཞིང་བཅུའི་དགྲ་དཔུང་བརླག་པའི་མཐུ་ཐོབ་ཤོག༔ རྩ་སྔགས༔ པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ས་བདག་མཆེད་བཞི་བཏད་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་གསུང་གི་རྣམ་རོལ་གར༔ ལོག་པར་འདྲེན་པའི་སྲོག་གི་གཤེད་མར་གྲུབ༔ མཐུ་རྩལ་ཐོགས་མེད་ས་བདག་ཆེན་མོ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཀའ་སྡོད་མ་མོའི་སྐུ་ལ་དབང་ཐོབ་ནས༔ མངོན་སྤྱོད་དྲག་པོ་མཐུ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས༔ མ་མ་བཛྲ་ཀྲོ་དྷི་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་སྐྱེས་བུ་མཆེད་བཞི་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་གར༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཐལ་བར་རློག༔ མི་བཟད་རབ་འཇིགས་སྐྱེས་བུ་གིང་ཆེན་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ དྲག་པོ་མཐུ་ཡི་དངོས་གྲུབ་མཆོག་ཐོབ་ཅིང་༔ བརྣག་པ་ཙམ་གྱིས་ལོག་འདྲེན་སྒྲོལ་ནུས་ཤོག༔ རྩ་སྔགས༔ རཀྴ་ཡཀྴ་ཡ་མ་རཱ་ཛ་དུ་ཀ་ལ་ཀིང་ཀ་ར་བཛྲ་ཀྲོ་དྷ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་ཐོགས་ལ༔ ཧཱུྃ་༔ སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མའི༔ མི་སྲུན་ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ རྡོ་རྗེ་སྲིན་མོའི་རྣམ་འགྱུར་རོལ་པའི་གར༔ བཀའ་སྡོད་ལས་ཀྱི་དབང་ཕྱུག་ཉི་ཤུ་བརྒྱད༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མ་མོ་རབ་འབྱམས་དབང་སྡུད་དབང་ཐོབ་ཤོག༔ རྩ་སྔགས༔ མ་ཏྲི་བྷྱོ་ཛཿཧྲཱིཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ལྷ་དབང་ཟབ་མོ་བསྐུར་བའི་ཚེ༔ སློབ་མ་རྡོ་རྗེ་གཞོན་ནུ་དངོས་སུ་གསལ༔ རང་སྣང་དོན་གྱི་འོག་མིན་དབྱིངས་ཆེན་ནས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པ་ཆེ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷའི་རྣམ་པར༔ རིམ་པ་དཀྱུས་བཞིན་ཐིམ་ནས་གཉིས་མེད་ངང་༔ དབང་ཐོབ་སྒོ་གསུམ་རྡོ་རྗེར་སྨིན་གྲོལ་བསམ༔ གང་ཞིག་དཀྱིལ་འཁོར་ལྷ་དབང་བསྐུར་གྱུར་ཀྱང་༔ གདམས་པའི་གནད་འདི་མེད་ན་རྟེན་འབྲེལ་ཙམ༔ བྱིས་པའི་རྩེད་མོའི་བྱ་བར་གོ་མ་ལོག༔ མ་ཧཱ་ཡོ་ག་ལམ་ཁྱེར་ཁོ་ནར་རག༔ དེ་ཕྱིར་བསྐྱེད་རིམ་མེད་ན་དོན་མི་འགྲུབ༔ སྒྲུབ་པའི་སྙིང་མིག་སྲོག་གསུམ་བསྐྱེད་རིམ་སྟེ༔ ཤེས་པར་གྱིས་ཤིག་ཕྱི་རབས་ལས་ཅན་རྣམས༔ ནེ་ཙོའི་འདོན་པ་ལྟ་བུ་མཆོག་འཛིན་པའི༔ སྐྱེས་བུ་དེ་ལ་དངོས་གྲུབ་རྒྱང་རེ་རིང་༔ མར་འདོད་ཆུ་བསྲུབ་བྱེད་པའི་འབད་རྩོལ་མཁན༔ དམུས་ལོང་འདོད་སྲེད་ཉམ་ཐག་ཁུར་ལེན་ཁྱོད༔ རང་ཐོག་བཙན་ས་ཟིན་ན་ཅི་མ་རུང་་༔ མིན་ཀྱང་ལམ་འདིའི་གནད་དོན་མ་རྟོགས་པར༔ རང་གཞན་མགོ་འཁོར་མུན་པའི་ཁྲོད་ན་འཁྱམས༔ ད་དུས་ལུས་ངག་གཉིས་གཙོར་མི་འཛིན་པར༔ བདེ་སྡུག་འཁོར་བའི་རྩ་བར་གཞིག་མཛོད་དང་༔ ཟབ་མོའི་ཕྱོགས་ལ་ཉེ་བར་རབ་འདོག་སྲིད༔ ཨོ་རྒྱན་བདག་གིས་བརྩེ་བའི་སྙིང་གཏམ་ཡིན༔ དེ་དོན་ཡིད་ལ་ཞོག་ཅིག་ཕྱི་རབས་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སློབ་མ་ལྷ་རུ་གསལ་བ་ལ༔ དུར་ཁྲོད་ཆས་དང་ཕྱག་མཚན་དབང་བསྐུར་ནི༔ དང་པོ་དུར་ཁྲོད་ཆས་བརྒྱད་གཏད་ལ༔ ཧཱུྃ༔ བྱུག་པའི་རྫས་དང་མནབས་པའི་གོས༔ སྤྲས་པའི་རྒྱན་བཅས་དུར་ཁྲོད་ཆས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཧེ་རུ་ཀ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་རྩེ་དགུ་རྩེ་ལྔ་ལག་གཡས་སུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རྩེ་དགུས་ལོག་རྟོག་རཱུ་དྲ་འཇོམས༔ རྡོ་རྗེ་རྩེ་ལྔས་དུག་ལྔ་ཕུང་ལྔ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་དཔུང་དང་ཁ་ཊྭཱྃ་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ མེ་དཔུང་འབར་བས་མ་རིག་བག་ཆགས་སྲེག༔ ཁ་ཊྭཱྃ་རྩེ་གསུམ་ཉོན་མོངས་དུག་གསུམ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདག་རྟོག་རཱུ་དྲ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕུར་པ་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་རི་རབ་ཕུར་པ་འདིས༔ ཁམས་གསུམ་འཁོར་བ་སྐུ་གསུམ་ཀློང་དུ་སྒྲོལ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཧོམ་དང་དགང་བླུགས་གཟར་གཏད་ལ༔ ཧཱུྃ༔ ལས་ཀྱི་དགང་གཟར་མེ་ཧོམ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི༔ ལས་བཞིའི་སྲེག་བླུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བམ་དང་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ གཟུང་འཛིན་རཱུ་དྲ་ཕོ་མོའི་ཕུང་ཁམས་གཟུགས༔ འཇིགས་བྱེད་ལས་ཀྱི་མཚོན་ཐུན་ངར་ལྡན་པ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རི་རབ་དང་བྲུབ་ཁུང་གཏད་ལ༔ ཧཱུྃ༔ མི་ཤིགས་དུག་ལྔའི་ལས་ལས་གྲུབ་པ་ཡི༔ ཐར་མེད་ལས་ཀྱི་བཙོན་ཁང་ནག་པོ་རུ༔ དགྲ་བགེགས་མ་ལུས་བཀུག་ཅིང་བྲུབ་ནས་སུ༔ ལྡང་མེད་བསྐལ་པར་གནོན་པའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟོར་གཏོར་གཏད་ལ༔ ཧཱུྃ༔ དྲག་པོ་ལས་ཀྱི་གཏོར་ཟོར་འདི་གཏད་པས༔ མངོན་སྤྱོད་ཟོར་འཕེན་ལས་ལ་བརྩོན་པ་ཡིས༔ ཞིང་བཅུའི་བདུད་སྡེ་མ་ལུས་བརླག་བྱེད་པའི༔ ཐོགས་མེད་དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ནྲྀ་ཏྲི་ཀ་ལ་རཱུ་པ་མཱ་ར་ཡ་རྦད་བྷྱོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དེ་ནས་གསང་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་ཨཱཿདམར་པོ་མགྲིན་པར་བཞག་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་ས་བོན་ཨཱཿདམར་འོད་དང་བཅས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པ་ནས་ཞུགས་ཏེ༔ ངག་གི་སྒྲིབ་དག་གསང་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་གསང་ཆེན་ཡངས་པའི་བྷནྡྷ་རུ༔ གསུང་གསང་འདུས་པའི་བཅུད་ཆེན་ཨ་མྲྀ་ཏ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད་པ་ཡིས༔ གསང་བའི་དབང་ཐོབ་ལོངས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་སྙིང་པོ་སྔགས་ཀྱི་རང་སྒྲ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ་༔ དྲག་པོ་བསྙེན་པའི་ཕྲེང་བ་བརྒྱ་རྩ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བསྙེན་སྒྲུབ་ལས་སྦྱོར་སྔགས་ཀྱི་དབང་ཐོབ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེར་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཝ་བྷི་ཥིཉྩ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤེར་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་ཧཱུྃ་་ཡིག་ཐོགས་ལ༔ ཧཱུྃ་༔ རྒྱལ་བ་ཀུན་གྱི་ཐུགས་གསང་ཡི་གེ་ཧཱུྃ༔ མཐིང་ནག་འོད་ཀྱི་ཐིག་ལེ་དང་བཅས་པ༔ སློབ་མའི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ ཐུགས་ཀྱི་དབང་ཐོབ་ཆོས་སྐུར་སྨོན་གྲོལ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནམ་ལྕགས་རྡོ་རྗེ་རྩེ་དགུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་བ་ཡོངས་སུ་རྫོགས༔ མི་ཤིགས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྡོ་རྗེ་ཐེག་པའི་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་མཛོད༔ སྒྱུ་འཕྲུལ་རོལ་པ་ཡོངས་རྫོགས་སྲོག་འཁོར་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མཆོག་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧཱུྃ༔ སྟོང་པའི་བདག་ཉིད་ཤེས་རབ་དབྱིངས་ཀྱི་ཡུམ༔ བདེ་ཆེན་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདེ་སྟོང་སྙོམས་འཇུག་ཆེན་པོར་ལོངས་སྤྱོད་ཅིང་༔ དགའ་བ་བཞི་ཡི་ཡེ་ཤེས་ཉམས་སུ་མྱོང་༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་གཏད་ལ༔ ཧཱུྃ༔ ཀ་དག་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ ཉག་གཅིག་ཐིག་ལེ་སྐྱོན་དང་དྲི་མ་མེད༔ ཅིར་ཡང་འཆར་དུ་རུང་བའི་ཨ་དཪྴས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཆོས་སྐུའི་ས་བོན་ཐེབ༔ ཤེས་རབ་ཡེ་ཤེས་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚིག་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་འཇའ་ཤེལ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་ཡངས་སུ༔ ལྷུན་གྲུབ་འགགས་མེད་ལོངས་སྐུའི་ཚོམ་བུ་གསལ༔ མ་བཅོས་རང་བྱུང་རང་གསལ་འཇའ་ཤེལ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་བྲལ་ནས༔ ཀ་དག་སྐྱེ་མེད་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཨཱཿདེ་ནས་འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་བདེ་བ་ཆེན་པོའི་ཀློང་༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཤར༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ སྣང་བཞི་མཐར་ཕྱིན་འཇའ་ལུས་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་རྩལ་དབང་ནི༔ ཀྱེ་ཧོཿ རིགས་ཀྱི་བུ་ཁྱོད་ཀྱི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་ལྷོད་ཀྱིས་ཀློད་ལ་ཤིག་གེར་ཞོག་ཅིག༔ ཁྱོད་རང་གི་རིག་པའི་ངོ་བོ་ཁྱབ་བརྡལ་ཕྱོགས་མཐའ་ཐམས་ཅད་དང་བྲལ་བ་དེ་ཀ་ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ནོ༔ གདངས་མ་འགགས་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འདི་ཉིད་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོའོ༔ རྩལ་མ་འགགས་པ་རང་གྲོལ་གྱི་རོལ་པ་འདི་ཉིད་སྤྲུལ་པ་སྐུ་ཡི་དཀྱིལ་འཁོར་ཡིན་ནོ༔ དེ་ལས་གཞན་དུ་མ་ཡེངས༔ གང་དུའང་མ་འཕྱུག་པར་བཅས་བཅོས་སྤོང་ལེན་འབད་རྩོལ་བསྐྱེད་བསྒོམ་མེད་པར་རང་སར་ཞོག༔ ཨ་ཨ་ཨ་ཕཊ༔ ཅེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ༔ ཀྱེ་རིགས་ཀྱི་བུ་དེ་ལྟར་རང་རིག་རང་ངོ་འཕྲོད་པ་འདི་ཉིད་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ཏེ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་གཅིག་ཆར་དུ་རྫོགས་པ་ཡིན་པས་དགའ་སྤྲོ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ གཞི་དབྱིངས་བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ ལྷུན་གྲུབ་བཀོད་པ་རྫོགས་ལྡན་གཏོར་ཆེན་པོ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ དབང་དང་བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཀུན་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་བྱིན་གྱིས་རླབས་པའི་བཀྲ་ཤིས་རྫས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མི་མཐུན་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིང༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ཡི༔ མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མཚན་དཔེའི་ཡོན་ཏན་རྫོགས་པའི་སྐུ་ཐོབ་ཤོག༔ སརྦ་མངྒ་ལ་པུཎྱེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས་གྲུབ་པའི༔ རྒྱལ་སྲིད་ལོངས་སྤྱོད་རིན་ཆེན་སྣ་བདུན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག༔ སྭསྟི་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཨཱཿམ་ཎི་རཏྣ་སིདྡྷི་ཧཱུྃ༔ ཤེས་པ་བརྗོད་ཅིང་མེ་ཏོག་འཐོར༔ གཏང་རག་ཚོགས་ཀྱི་འཁོར་ལོ་བསྐོར༔ རྗེས་ཀྱི་རིམ་པ་རྫོགས་པར་བྱ༔ དེ་ལྟར་ལག་ལེན་གནད་ལྡན་པའི༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་མ་ལ༔ དབང་བསྐུར་རྫོགས་ནས་ཉམས་བླངས་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལྟ་ལོག་དབང་པོ་བསྣུབས༔ དམ་ལྡན་བུ་ལ་སྲུང་སྐྱོབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:22, 4 September 2025

Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: dbang chog 'khor lo'i khyab bdag: TTDL-ZABTER-05-CA-001.pdf
Location bdud 'joms gling pa zab gter
Volume 5, Text 1, Pages 1-22 (Folios 1a1 to 11b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi dbang chog 'khor lo'i khyab bdag. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 1-22. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms phur pa gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di ni khrag 'thung bdud 'joms rdo rje gro lod rtsal gyis gter nas bton te dag par phab pa'i yi ge'i ris byed yongs grub rig pa'i rdo rje'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ དབང་ཆོག་འཁོར་ལོའི་ཁྱབ་བདག་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དཀྱིལ་འཁོར་འཁོར་ལོར་དབང་བྱེད་ཀྱི༔ ཁྱབ་བདག་འདི་ནི་བླ་ན་མེད༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ སྣོད་དང་ལྡན་པའི་སློབ་མ་ནི༔ དང་པོ་དབང་གིས་སྨིན་བྱས་ཏེ༔ གདམས་ངག་ཟབ་མོའི་སྣོད་རུང་བྱ༔ དེ་ལ་དང་པོ་ལག་ལེན་ཚུལ༔ དབང་རྫས་ཚང་ཞིང་དལ་ཞལ་ཕྱེ༔ ཞག་བདུན་བར་དུ་སྒྲུབ་ལ་གཞོལ༔ དེ་ནས་སྟ་གོན་ལེགས་པར་བྱ༔ སྣོད་བརྟག་སྐྱོན་སེལ་གེགས་སེལ་མཐར༔ དབང་གི་དཀྱིལ་འཁོར་ཆེན་པོར་འཇུག༔ སླར་ཡང་སྐྱོན་བྲལ་སློབ་བུ་རྣམས༔ གྲལ་འཁོད་ཁྲུས་བྱ་བགེགས་བསྐྲད་མཐར༔ རྡོ་རྗེ་སྲུང་བའི་འཁོར་ལོ་བསྒོམ༔ དེ་དག་བླ་མའི་བྱ་བ་སྟེ༔ དེ་ནས་སློབ་མའི་བྱ་བ་ནི༔ གསེར་དང་རིན་ཆེན་མཎྜལ་བཀོད༔ ལུས་དང་ལོངས་སྤྱོད་བླ་མར་ཕུལ༔ གཏན་གྱི་སྐྱབས་གནས་མཆོག་ཏུ་བསྟེན༔ མིར་འཛིན་མཉམ་འགྲོགས་ལོག་ལྟ་སྤང༔ ཆེ་བཙན་ཐོབ་ཀྱི་དབང་བྱས་པས༔ གདུགས་དང་མཁར་བ་མཚོན་མི་ཐོགས༔ ཁྲི་མཐོན་སྡོད་དང་མགོ་བོ་གཡོགས༔ སྐྱིལ་ཀྲུང་རྐང་པ་བརྐྱང་སོགས་སྤང་༔ ངོ་ལྐོག་གཡོ་དང་སྒྱུས་མིན་པར༔ པུས་བཙུག་ཐལ་སྦྱར་གུས་པས་བཏུད༔ སྙན་པའི་དབྱངས་ཀྱིས་ཞུ་གསོལ་གདབ༔ དད་མོས་གདུང་བའི་སེམས་ཀྱིས་ཉན༔ གཞན་དུ་རྣམ་པར་གཡེང་བ་སྤང༔ སྒོ་གསུམ་བྱ་བ་གནད་དུ་ཟུངས༔ དང་པོ་དབང་བསྐུར་བར་སྙན་གསན་འབུལ་བ་ནི༔ ཀྱཻ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ བདག་ཅག་དབང་གིས་སྨིན་པར་མཛོད༔ ལན་གསུམ་ཞུས་མཐར༔ སློབ་དཔོན་གྱིས་གནང་བ་སྩལ་བ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ མི་ལུས་ཐོབ་པ་གྲངས་མང་ཡང༔ དོན་ལྡན་ཨུ་དུམ་ཝ་ར་ཙམ༔ དེ་རིང་ཁྱོད་ཀྱིས་རྙེད་ཆེན་ཐོབ༔ དགའ་དང་གུས་པའི་སེམས་ཀྱིས་ཉོན༔ སྨིན་གྲོལ་དབང་མཆོག་བསྐུར་བར་བགྱི༔ དེ་ནས་ཡང་སློབ་དཔོན་གྱིས༔ ཀྱེ་ ཧོཿ སྐལ་ལྡན་རིགས་ཀྱི་བུ༔ སྨིན་གྲོལ་ཀུན་ལ་ཡོད་མོད་ཀྱང་༔ སྐྱབས་སུ་མ་སོང་བ་ལ་མིན༔ དེ་ཕྱིར་སྐྱབས་སུ་འགྲོ་བར་གྱིས༔ དེ་ནས་སྐྱབས་སུ་འགྲོ་ཞིང་༔ ཡང་སློབ་དཔོན་གྱིས༔ ཧོཿ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ བསོད་ནམས་བསགས་པ་མང་ལགས་ཀྱང་༔ སེམས་མ་བསྐྱེད་པར་སངས་རྒྱས་མིན༔ དེ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ ཅེས་སེམས་བསྐྱེད༔ དེ་ནས་རྡོ་རྗེའི་མནའ་ཆུ་སྦྱིན་པ་ནི༔ ཀྱེ་ཧོ་རྡོ་རྗེའི་སློབ་བུ་རྣམས༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ དམ་ཚིག་གཉན་པོའི་སྲོག་ཐོབ་ཟིན༔ བསྲུང་ན་ཚེ་འདིར་སངས་རྒྱས་འཐོབ༔ ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་༔ དེ་ཕྱིར་དམ་ཚིག་གཉན་པོ་སྲུངས༔ སློབ་མས༔ ས་མ་ཡ་ན་ར་ཀན༔ རྡོ་རྗེའི་རྭ་རྩེས་མནའ་ཆུ་ལྕེ་ལ་བཞག༔ དེ་ནས་སློབ་མས་མེ་ཏོག་ཐོགས་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ མིག་དར་བཀབ་ལ༔ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ བདག་མདུན་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སློབ་མའི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བྱས༔ འབྱུང་བ་སྙིགས་མའི་སྒྱུ་ལུས་ཡེ་ཤེས་དྭངས་མ་འོད་གསལ་ཆེན་པོའི་ངང་དུ་ཞིག་པར་གྱུར༔ ཅེས་སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་དབབ་ཅིང་༔ བསྐྱེད་ཅིང་བསྟིམ་པའི་ཡེ་ཤེས་པ་དེ་རབ་ཏུ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་ཞིང་ལྷག་པའི་ལྷ་ངོས་བཟུང་བ་ནི༔ ཧོཿ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ བཛྲ་པུཥྤེ་པྲ་ཏཱིཙྪ་ ཧོཿ དེ་ནས་མིག་དར་བསལ་བ་ནི༔ ཧོཿ བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི༔ ཞལ་རས་བསྒྲིབས་པའི་བག་ཆགས་སྒྲིབ༔ མ་རིག་ལིང་ཏོག་དྲི་མ་བསལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསལ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ རང་ཞལ་མཇལ་ཏེ་འཚང་རྒྱ་ཤོག༔ ཨེ་མ་ ཧོཿ ན་མོ་ན་མ་ཧོཿ ཞེས་ཕྱག་འཚལ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྣམ་སྨིན་རིག་འཛིན་ཉེར་འགྲུབ་ཅིང༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་རྡོ་རྗེ་གཞོན་ནུ་ཆེ༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མི་ཤིགས་རྡོ་རྗེའི་གདིང་ཐོབ་ཀྱི༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒྲོལ་བའི་ཡུམ་མཆོག་གཏད་ལ༔ ཧཱུྃ༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊཱིའི་སྐུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་ཀྱི་བདག་པོའི་སྐུ་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཀ་དག་གདོད་མའི་མགོན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཉིས་སུ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བུདྡྷཱ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་གསང་བ་རྫོགས༔ ཁྲག་འཐུང་བུདྡྷ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ བུདྡྷཱ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཛྲ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་རྫོགས་དཔལ༔ ཁྲག་འཐུང་བཛྲ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རཏྣ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཡོན་ཏན་གསང་རྫོགས་དཔལ༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡོན་ཏན་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ རཏྣ་ཨ་བྷི་ཥིཉྩ་སྭཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་པདྨ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་གསུང་གི་གསང་རྫོགས་དཔལ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ པདྨ་ཨ་བྷི་ཥིཉྩ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཀརྨ་ཀཱི་ལའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཕྲིན་ལས་གསང་རྫོགས་དཔལ༔ ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱ་ཁྱུང་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་གྱི་མངོན་སྤྱོད་རོལ་བའི་རྩལ༔ ཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཁྲོཾ་ག་རུ་ཌ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྲོ་བོ་ཆེན་པོ་བཅུའི་དང་པོ་ཧཱུྃ་ཀཱ་རའི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ལྷ་གདོན་ཟིལ་གྱིས་གནོན་པའི་སྐུར་སྟོན་པ༔ ཁྲོ་རྒྱལ་ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཧཱུྃ་ཀཱ་ར་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྣམ་པར་རྒྱལ་བ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ དྲི་ཟ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་རྣམ་པར་རྒྱལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དབྱུག་པ་སྔོན་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ མེ་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་དབྱུག་པ་སྔོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ གཤིན་རྗེ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མི་གཡོ་མགོན་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ སྲིན་པོ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་མི་གཡོ་མགོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ཆུ་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འདོད་རྒྱལ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ རླུང་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ གནོད་སྦྱིན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ དབང་ལྡན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོབས་ཆེན་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ ས་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཟ་བྱེད་ཕ་བཅུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ཁྲོ་བོ་བཅུ་ཡི་རྣམ་རོལ་གར༔ མི་སྲུན་གདུག་པ་འདུལ་བའི་དཔལ་དུ་ཤར༔ མངོན་སྤྱོད་ལས་མཛད་ཟ་བྱེད་ཆེན་པོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསོད་བྱེད་མ་བཅུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཁྲོ་མོ་བཅུ་ཡི་ཕྲིན་ལས་གར༔ མྱུར་མགྱོགས་སྟོབས་རྩལ་དྲག་པོའི་མངོན་སྤྱོད་གྲུབ༔ མི་སྲུན་གསོད་བྱེད་ཕྲ་མེན་ཆེན་མོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྲ་ཐབས་སྲས་མཆོག་ཉེར་གཅིག་ལས༔ དང་པོ་སྐུ་ཡི་སྲས་བདུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གཉིས་མེད་སྙོམས་འཇུག་རོལ་པའི་ཆོ་འཕྲུལ་ལས༔ ཕོ་གདོན་ཟིལ་གནོན་སྐུ་ཡི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསུང་གི་སྲས་བདུན་ཐོགས་ལ༔ ཧཱུྃ་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གསང་སྒྱུ་འཕྲུལ་རོལ་པའི་གར་དབང་པོ༔ མོ་གདོན་ཟིལ་གནོན་གསུང་གི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུགས་ཀྱི་སྲས་བདུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་གསང་མཉམ་ཉིད་རོལ་པའི་སྒྱུ་འཕྲུལ་གར༔ ཀླུ་གདོན་ཟིལ་གནོན་ཐུགས་ཀྱི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡེ་ཤེས་སྒོ་མ་རྣམ་བཞི་ཐོགས་ལ༔ ཧཱུྃཿདཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཚད་མེད་རྣམ་བཞི་ཕྲིན་ལས་དཔལ་དུ་ཤར༔ འགུག་འཆིང་སྡོམ་མྱོས་ལས་བྱེད་སྒོ་མ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཛཿཧཱུྃ་བྃ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕུར་སྲུང་བཅུ་དྲུག་གི་དང་པོ་ཤྭ་ན་མ་མཆེད་བཞི་ཐོགས་ལ༔ ཧཱུྃ་༔ དབྱིངས་ཀྱི་རྗེ་མོའི་ཐུགས་ཀྱི་རྣམ་རོལ་གར༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ རབ་འཇིགས་གཏུམ་མོ་ཤྭ་ན་མཆེད་སྡེ་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ མ་མོ་དམ་ཅན་སྐུ་ལ་དབང་བསྒྱུར་ནས༔ མངོན་སྤྱོད་ལས་ཀྱི་གདུག་པ་འདུལ་བར་ཤོག༔ རྩ་སྔགས༔ ཤྭ་ན་སྲི་ཀ་སྲི་ལ་ཀུ་ཀུ་མུ་ཁ་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བདག་ཉིད་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་སྐུ་ཡི་རྣམ་རོལ་གར༔ བསྟན་དགྲའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ སྲིད་པའི་དབང་མོ་རེ་ཏཱི་མཆེད་སྡེ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྲིད་པ་མ་མོའི་སྲོག་ལ་དབང་ཐོབ་ནས༔ ཞིང་བཅུའི་དགྲ་དཔུང་བརླག་པའི་མཐུ་ཐོབ་ཤོག༔ རྩ་སྔགས༔ པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ས་བདག་མཆེད་བཞི་བཏད་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་གསུང་གི་རྣམ་རོལ་གར༔ ལོག་པར་འདྲེན་པའི་སྲོག་གི་གཤེད་མར་གྲུབ༔ མཐུ་རྩལ་ཐོགས་མེད་ས་བདག་ཆེན་མོ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཀའ་སྡོད་མ་མོའི་སྐུ་ལ་དབང་ཐོབ་ནས༔ མངོན་སྤྱོད་དྲག་པོ་མཐུ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས༔ མ་མ་བཛྲ་ཀྲོ་དྷི་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་སྐྱེས་བུ་མཆེད་བཞི་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་གར༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཐལ་བར་རློག༔ མི་བཟད་རབ་འཇིགས་སྐྱེས་བུ་གིང་ཆེན་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ དྲག་པོ་མཐུ་ཡི་དངོས་གྲུབ་མཆོག་ཐོབ་ཅིང་༔ བརྣག་པ་ཙམ་གྱིས་ལོག་འདྲེན་སྒྲོལ་ནུས་ཤོག༔ རྩ་སྔགས༔ རཀྴ་ཡཀྴ་ཡ་མ་རཱ་ཛ་དུ་ཀ་ལ་ཀིང་ཀ་ར་བཛྲ་ཀྲོ་དྷ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་དབང་ཕྱུག་ཉེར་བརྒྱད་ཐོགས་ལ༔ ཧཱུྃ་༔ སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མའི༔ མི་སྲུན་ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ རྡོ་རྗེ་སྲིན་མོའི་རྣམ་འགྱུར་རོལ་པའི་གར༔ བཀའ་སྡོད་ལས་ཀྱི་དབང་ཕྱུག་ཉི་ཤུ་བརྒྱད༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མ་མོ་རབ་འབྱམས་དབང་སྡུད་དབང་ཐོབ་ཤོག༔ རྩ་སྔགས༔ མ་ཏྲི་བྷྱོ་ཛཿཧྲཱིཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ལྷ་དབང་ཟབ་མོ་བསྐུར་བའི་ཚེ༔ སློབ་མ་རྡོ་རྗེ་གཞོན་ནུ་དངོས་སུ་གསལ༔ རང་སྣང་དོན་གྱི་འོག་མིན་དབྱིངས་ཆེན་ནས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པ་ཆེ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷའི་རྣམ་པར༔ རིམ་པ་དཀྱུས་བཞིན་ཐིམ་ནས་གཉིས་མེད་ངང་༔ དབང་ཐོབ་སྒོ་གསུམ་རྡོ་རྗེར་སྨིན་གྲོལ་བསམ༔ གང་ཞིག་དཀྱིལ་འཁོར་ལྷ་དབང་བསྐུར་གྱུར་ཀྱང་༔ གདམས་པའི་གནད་འདི་མེད་ན་རྟེན་འབྲེལ་ཙམ༔ བྱིས་པའི་རྩེད་མོའི་བྱ་བར་གོ་མ་ལོག༔ མ་ཧཱ་ཡོ་ག་ལམ་ཁྱེར་ཁོ་ནར་རག༔ དེ་ཕྱིར་བསྐྱེད་རིམ་མེད་ན་དོན་མི་འགྲུབ༔ སྒྲུབ་པའི་སྙིང་མིག་སྲོག་གསུམ་བསྐྱེད་རིམ་སྟེ༔ ཤེས་པར་གྱིས་ཤིག་ཕྱི་རབས་ལས་ཅན་རྣམས༔ ནེ་ཙོའི་འདོན་པ་ལྟ་བུ་མཆོག་འཛིན་པའི༔ སྐྱེས་བུ་དེ་ལ་དངོས་གྲུབ་རྒྱང་རེ་རིང་༔ མར་འདོད་ཆུ་བསྲུབ་བྱེད་པའི་འབད་རྩོལ་མཁན༔ དམུས་ལོང་འདོད་སྲེད་ཉམ་ཐག་ཁུར་ལེན་ཁྱོད༔ རང་ཐོག་བཙན་ས་ཟིན་ན་ཅི་མ་རུང་་༔ མིན་ཀྱང་ལམ་འདིའི་གནད་དོན་མ་རྟོགས་པར༔ རང་གཞན་མགོ་འཁོར་མུན་པའི་ཁྲོད་ན་འཁྱམས༔ ད་དུས་ལུས་ངག་གཉིས་གཙོར་མི་འཛིན་པར༔ བདེ་སྡུག་འཁོར་བའི་རྩ་བར་གཞིག་མཛོད་དང་༔ ཟབ་མོའི་ཕྱོགས་ལ་ཉེ་བར་རབ་འདོག་སྲིད༔ ཨོ་རྒྱན་བདག་གིས་བརྩེ་བའི་སྙིང་གཏམ་ཡིན༔ དེ་དོན་ཡིད་ལ་ཞོག་ཅིག་ཕྱི་རབས་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སློབ་མ་ལྷ་རུ་གསལ་བ་ལ༔ དུར་ཁྲོད་ཆས་དང་ཕྱག་མཚན་དབང་བསྐུར་ནི༔ དང་པོ་དུར་ཁྲོད་ཆས་བརྒྱད་གཏད་ལ༔ ཧཱུྃ༔ བྱུག་པའི་རྫས་དང་མནབས་པའི་གོས༔ སྤྲས་པའི་རྒྱན་བཅས་དུར་ཁྲོད་ཆས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཧེ་རུ་ཀ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་རྩེ་དགུ་རྩེ་ལྔ་ལག་གཡས་སུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རྩེ་དགུས་ལོག་རྟོག་རཱུ་དྲ་འཇོམས༔ རྡོ་རྗེ་རྩེ་ལྔས་དུག་ལྔ་ཕུང་ལྔ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་དཔུང་དང་ཁ་ཊྭཱྃ་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ མེ་དཔུང་འབར་བས་མ་རིག་བག་ཆགས་སྲེག༔ ཁ་ཊྭཱྃ་རྩེ་གསུམ་ཉོན་མོངས་དུག་གསུམ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདག་རྟོག་རཱུ་དྲ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕུར་པ་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་རི་རབ་ཕུར་པ་འདིས༔ ཁམས་གསུམ་འཁོར་བ་སྐུ་གསུམ་ཀློང་དུ་སྒྲོལ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཧོམ་དང་དགང་བླུགས་གཟར་གཏད་ལ༔ ཧཱུྃ༔ ལས་ཀྱི་དགང་གཟར་མེ་ཧོམ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱི༔ ལས་བཞིའི་སྲེག་བླུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བམ་དང་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ གཟུང་འཛིན་རཱུ་དྲ་ཕོ་མོའི་ཕུང་ཁམས་གཟུགས༔ འཇིགས་བྱེད་ལས་ཀྱི་མཚོན་ཐུན་ངར་ལྡན་པ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རི་རབ་དང་བྲུབ་ཁུང་གཏད་ལ༔ ཧཱུྃ༔ མི་ཤིགས་དུག་ལྔའི་ལས་ལས་གྲུབ་པ་ཡི༔ ཐར་མེད་ལས་ཀྱི་བཙོན་ཁང་ནག་པོ་རུ༔ དགྲ་བགེགས་མ་ལུས་བཀུག་ཅིང་བྲུབ་ནས་སུ༔ ལྡང་མེད་བསྐལ་པར་གནོན་པའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟོར་གཏོར་གཏད་ལ༔ ཧཱུྃ༔ དྲག་པོ་ལས་ཀྱི་གཏོར་ཟོར་འདི་གཏད་པས༔ མངོན་སྤྱོད་ཟོར་འཕེན་ལས་ལ་བརྩོན་པ་ཡིས༔ ཞིང་བཅུའི་བདུད་སྡེ་མ་ལུས་བརླག་བྱེད་པའི༔ ཐོགས་མེད་དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ནྲྀ་ཏྲི་ཀ་ལ་རཱུ་པ་མཱ་ར་ཡ་རྦད་བྷྱོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དེ་ནས་གསང་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་ཨཱཿདམར་པོ་མགྲིན་པར་བཞག་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་ས་བོན་ཨཱཿདམར་འོད་དང་བཅས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པ་ནས་ཞུགས་ཏེ༔ ངག་གི་སྒྲིབ་དག་གསང་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་གསང་ཆེན་ཡངས་པའི་བྷནྡྷ་རུ༔ གསུང་གསང་འདུས་པའི་བཅུད་ཆེན་ཨ་མྲྀ་ཏ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད་པ་ཡིས༔ གསང་བའི་དབང་ཐོབ་ལོངས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྩ་སྔགས་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་སྙིང་པོ་སྔགས་ཀྱི་རང་སྒྲ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ་༔ དྲག་པོ་བསྙེན་པའི་ཕྲེང་བ་བརྒྱ་རྩ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བསྙེན་སྒྲུབ་ལས་སྦྱོར་སྔགས་ཀྱི་དབང་ཐོབ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེར་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཝ་བྷི་ཥིཉྩ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤེར་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་ཧཱུྃ་་ཡིག་ཐོགས་ལ༔ ཧཱུྃ་༔ རྒྱལ་བ་ཀུན་གྱི་ཐུགས་གསང་ཡི་གེ་ཧཱུྃ༔ མཐིང་ནག་འོད་ཀྱི་ཐིག་ལེ་དང་བཅས་པ༔ སློབ་མའི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ ཐུགས་ཀྱི་དབང་ཐོབ་ཆོས་སྐུར་སྨོན་གྲོལ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནམ་ལྕགས་རྡོ་རྗེ་རྩེ་དགུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་བ་ཡོངས་སུ་རྫོགས༔ མི་ཤིགས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྡོ་རྗེ་ཐེག་པའི་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་མཛོད༔ སྒྱུ་འཕྲུལ་རོལ་པ་ཡོངས་རྫོགས་སྲོག་འཁོར་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མཆོག་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧཱུྃ༔ སྟོང་པའི་བདག་ཉིད་ཤེས་རབ་དབྱིངས་ཀྱི་ཡུམ༔ བདེ་ཆེན་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདེ་སྟོང་སྙོམས་འཇུག་ཆེན་པོར་ལོངས་སྤྱོད་ཅིང་༔ དགའ་བ་བཞི་ཡི་ཡེ་ཤེས་ཉམས་སུ་མྱོང་༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་གཏད་ལ༔ ཧཱུྃ༔ ཀ་དག་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ ཉག་གཅིག་ཐིག་ལེ་སྐྱོན་དང་དྲི་མ་མེད༔ ཅིར་ཡང་འཆར་དུ་རུང་བའི་ཨ་དཪྴས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཆོས་སྐུའི་ས་བོན་ཐེབ༔ ཤེས་རབ་ཡེ་ཤེས་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚིག་དབང་ཟབ་མོ་བསྐུར་བ་ནི༔ དང་པོ་འཇའ་ཤེལ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་ཡངས་སུ༔ ལྷུན་གྲུབ་འགགས་མེད་ལོངས་སྐུའི་ཚོམ་བུ་གསལ༔ མ་བཅོས་རང་བྱུང་རང་གསལ་འཇའ་ཤེལ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་བྲལ་ནས༔ ཀ་དག་སྐྱེ་མེད་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཨཱཿདེ་ནས་འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་བདེ་བ་ཆེན་པོའི་ཀློང་༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཤར༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ སྣང་བཞི་མཐར་ཕྱིན་འཇའ་ལུས་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་རྩལ་དབང་ནི༔ ཀྱེ་ཧོཿ རིགས་ཀྱི་བུ་ཁྱོད་ཀྱི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་ལྷོད་ཀྱིས་ཀློད་ལ་ཤིག་གེར་ཞོག་ཅིག༔ ཁྱོད་རང་གི་རིག་པའི་ངོ་བོ་ཁྱབ་བརྡལ་ཕྱོགས་མཐའ་ཐམས་ཅད་དང་བྲལ་བ་དེ་ཀ་ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ནོ༔ གདངས་མ་འགགས་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འདི་ཉིད་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོའོ༔ རྩལ་མ་འགགས་པ་རང་གྲོལ་གྱི་རོལ་པ་འདི་ཉིད་སྤྲུལ་པ་སྐུ་ཡི་དཀྱིལ་འཁོར་ཡིན་ནོ༔ དེ་ལས་གཞན་དུ་མ་ཡེངས༔ གང་དུའང་མ་འཕྱུག་པར་བཅས་བཅོས་སྤོང་ལེན་འབད་རྩོལ་བསྐྱེད་བསྒོམ་མེད་པར་རང་སར་ཞོག༔ ཨ་ཨ་ཨ་ཕཊ༔ ཅེས་ཕྱིར་མི་ལྡོག་པའི་རྒྱས་གདབ་བོ༔ ཀྱེ་རིགས་ཀྱི་བུ་དེ་ལྟར་རང་རིག་རང་ངོ་འཕྲོད་པ་འདི་ཉིད་རིག་པ་རྩལ་གྱི་དབང་ཆེན་ཐོབ་པ་ཡིན་ཏེ༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་གཅིག་ཆར་དུ་རྫོགས་པ་ཡིན་པས་དགའ་སྤྲོ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ གཞི་དབྱིངས་བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ ལྷུན་གྲུབ་བཀོད་པ་རྫོགས་ལྡན་གཏོར་ཆེན་པོ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ དབང་དང་བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཀུན་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་བྱིན་གྱིས་རླབས་པའི་བཀྲ་ཤིས་རྫས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མི་མཐུན་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིང༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ཡི༔ མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མཚན་དཔེའི་ཡོན་ཏན་རྫོགས་པའི་སྐུ་ཐོབ་ཤོག༔ སརྦ་མངྒ་ལ་པུཎྱེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས་གྲུབ་པའི༔ རྒྱལ་སྲིད་ལོངས་སྤྱོད་རིན་ཆེན་སྣ་བདུན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག༔ སྭསྟི་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཨཱཿམ་ཎི་རཏྣ་སིདྡྷི་ཧཱུྃ༔ ཤེས་པ་བརྗོད་ཅིང་མེ་ཏོག་འཐོར༔ གཏང་རག་ཚོགས་ཀྱི་འཁོར་ལོ་བསྐོར༔ རྗེས་ཀྱི་རིམ་པ་རྫོགས་པར་བྱ༔ དེ་ལྟར་ལག་ལེན་གནད་ལྡན་པའི༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་མ་ལ༔ དབང་བསྐུར་རྫོགས་ནས་ཉམས་བླངས་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལྟ་ལོག་དབང་པོ་བསྣུབས༔ དམ་ལྡན་བུ་ལ་སྲུང་སྐྱོབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།